ཁྲོ་གཏུམ།
—ཆོས་དབྱངས་སྐྱིད་ལགས་སུ་སེམས་གཏད་པ།
ཁྱོད་ཀྱི་མིག་གི་མཐའ་ལ་ཆུ་ཞིག་བབས
དེ་ནི་གངས་རིའི་འདབས་ཀྱི་དྲི་མེད་གཙང་བོ་ཞིག
འདུར་རྒྱུགས་ར་བའི་ནང་དུ་བརླན་ཐིག་ཅིག
དེ་ནི་གངས་ནས་བབས་པའི་ཆུ་མིག་ཡིན
སེམས་གསོའི་འཇམ་རླུང་གཡུགས་པའི་ཆ་འཕྲིན་ལ
ཁྱོད་ཀྱི་སེམས་པའི་དཀར་ཐིག་འཕུར་བསྐྱོད་བྱས
དེ་ནི་ཞི་བདེ་ལྷ་བྱ་དཀར་པོ་ཡིན
འདུ་ར
འདུར་རྒྱུགས
སྣ་འདུས་མི་རིགས
རྒྱུགས་རོགས་འདྲ་མིན
ཨང་རིམ་ལྔ་བ
སུ་ལའང་བློ་ཕམ་ཆེན་པོ་སྐྱེས་མི་འདུག
2016/08/20ཉིན།