ལྷ་རྒོད།
དུས་ཀུན་ཏུ་གཡམ་རྒྱུགས་ལ་དགའ་བའི་བོད་རིགས་མགོ་རུལ་ཅན་དག་གིས་ངེས་པར་ལྟོས། བོད་ཡིག་རྒྱལ་སྤྱིའི་སྡིངས་་ཆའི་སྟེང་དུ་སྤེལ་མཁན་ནི་བོད་པ་མིན་ལ་དེ་ལས་ཀྱང་འབྲུག་པ་མིན། དོན་ངོ་མའི་གནས་ཚུལ་ཤེས་འདོད་ན་གཤམ་གསལ་དྲྭ་ལམ་ནས་ཧ་གོ་བར་གྱིས། ད་དུང་སྡུག་སེམས་མ་བདེ་ན་ཉི་ཧོང་ལ་གྱོད་རྒྱོབས།
1 ཨོ་ལིམ་ཕིག་གི་མཇུག་བསྡོམས་མཛད་སྒོའི་སྐབས་སུ། ཉི་ཧོང་གི་ངོས་ནས། ཉི་ཧོང་གི་ས་ཡོམ་སྐབས་གོ་ལ་ཧྲིལ་པོས་རྒྱབ་སྐྱོར་གནང་བར་དྲིན་གཟོའི་མཚོན་དོན་དུ། ཡིག་རིགས་འདྲ་མིན་ནང་བཀའ་དྲིན་ཆེ་ཞེས་པ་སྡིངས་ཆའི་ཐོག་འཆར་རྒྱུ་ཡོད་པ་བཟོས་པ་ཡིན་ཞེས་བཤད་འདུག་པའི་གནས་ཚུལ་གྱི་ཁུངས་འདི་རེད།
2 བོད་པ་དང་འབྲུག་པ་མང་པོ་ཞིག་མ་བརྟགས་གཡམ་རྒྱུག་བྱེད་མཁན་ཡིན་པ་ཧ་ཅང་གསལ་པོ་རེད་འདུག ། གནས་ཚུལ་འདིའི་ནང་། ཨོ་ལིམ་ཕིག་གི་དར་ཆ་དེ། ཉི་ཧོང་ལ་རྩིས་སྤྲད་རྗེས། ཉི་ཧོང་གི་ངོས་ནས་སྐར་མ་བཅུའི་རིང་། དར་འཕྱར་བ་དང་། ཡི་གེ་དེ་ཚོ་འཆར་བར་བྱས་ཚུལ་གོ་རིམ་ལྡན་པ་གསལ་འདུག
3 འབྲུག་པས་འབྲུག་པ་ཨོ་རྩལ་ལ་ཡོད་པས་རྫོང་ཁ་བྲིས་པ་རེད་ཟེར་མཁན་དང་འབྲུག་ལ་ཐུགས་ཆེ་ཟེར་མཁན་ལྐུག་པ་དང་རི་བོང་ཅལ་འདྲོགས་ཅན་ཚང་མས་གསར་འགྱུར་འདི་ལ་གཟིགས། ཕྱི་ལོ། 2016 ལོའི་བྷར་ཛིལ་ཨོ་རྩལ་འགྲན་སྡུར་གྱི་མཇུག་བསྡོམས་ཐོག་ཉི་ཧོང་ས་འགུལ་བྱུང་ཡུལ་ཁུལ་གྱི་བྱིས་པ་དང་། ན་གཞོན་ཚོས་འཛམ་གླིང་སྐད་རིགས་འདྲ་མིན་ཐོག་ནས་ས་འགུལ་བྱུང་དུས་རོགས་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུས་འདུག །
4 སྐབས་དང་དུས་ཀུན་ཏུ་མདུང་རྩེ་ནང་ལ་བསྐོར་མཁན་གྱི་བོད་པའི་གཟུགས་ཅན་པ་དག་གི་ཁ་ལ་རྒྱ་གྲམ་དམར་པོ་རེ་བཀོད་འདུག
མཐའ་དོན་ངས་ཀྱང་ཉི་ཧོང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
During the segment, an image of the word “arigato” (“thank you”) formed by children and youths from areas devastated by the Great East Japan Earthquake as well as Tokyo was projected onto the field to express gratitude for global support after the disaster. Words in other languages meaning “thank you” were also projected on the field.
ང་ཚོ་སྔོན་མ། ད་ལྟ་ཉི་ཧོང་གིས་ཤིན་དུ་འཇིག་སྣང་བྱེད་ས། ཨ་རིས་དངང་སྐྲག་དང་སྐྲག་ཡུལ། ཨུ་རུ་སུས་ཕྲག་མདོག་བཟའ་ཡུལ། ཡུ་རོབ་ཀྱིས་མགོ་འབུལ་ཞུ་ཡུལ་རྒྱ་ནག་ཆེན་མོའི་རྒྱལ་སར་བཅར་ནས་རྒྱལ་པོ་ཁྲི་ལས་ཕབ། ཆབ་འབངས་ཁྲལ་ལ་བཅུག སྲས་མོའི་སྒང་ལ་རྒྱོ་ཐུབ་མཁན་གྱི་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག
ང་ཚོ་ད་ལྟ། རང་གི་ཡིག་འབྲུ་རྐང་འགའ་ཤས། རྒྱལ་ཁབ་ག་གེ་མོ་བརྒྱ་ལྷག་གི་དཀྱིལ་ལ་མཐོང་བས་ངུ་ཤོར་དགོས་པ་འདི་ཅིའི་ཕྱིར་བྱུང་ངམ། འདང་རྒྱོབས། སྐད་ཆ་ཤོད། ལག་ལེན་ཐོངས།
༅༅།་དབྱར་ཁ་སྤང་ལ་སྐྱིད་བྱུང། སྤང་ལ་མེ་ཏོག་འཁྲུངས་སོང།
སྐྱིད་པོ་ཨེ་ཡོང་བསམ་ནས། ཞིང་ལ་སྲན་མ་བཏབ་ཡོད།
སྲན་མའི་མེ་ཏོག་ཤར་དུས། ལོ་ཆུང་སེམས་པ་དགའ་སོང།།