སྐྱོ་བྲག་དགའ་དབང་།
ང་ཚོའི་ཡུལ་མིས་ཉར་ཚགས་བྱས་པའི་དུད་འགྲོ་ནི། རྟ་ནོར་ར་ལུག་བྱ་ཁྱི་ཙམ་ཡིན། ཁོ་ཚོ་འཁྲིག་དུས་ལ་སླེབ་པ་དང་ཟས་ཀྱི་ཆེད་དུ་འཁྲུག་པ་ཤོར་བ་མང། འཁྲུག་མཁན་ཕལ་མོ་ཆེ་ནི་ཕོ་དང་ལྷག་ཏུ་འོག་ཅན་དག་རེད།
ཁོ་ཚོའི་འཁྲུག་སྟངས་ནི་མི་འདྲ་བ་སྟེ། རྟ་ཡིས་སོས་འབྲད་པ་དང་རྐང་ལག་གི་རྨིག་པ་རྒྱག་ཅིང་། ནོར་གྱིས་ཐོད་གཏུགས་ནས་འབུད་ཀྱིན་རྭ་ཅོས་རྡུང་བ་དང་། ལུག་མཆོང་རྒྱུག་གིས་མགོ་ཐོད་རྡེབ་པ་དང་། ར་རྐང་ལང་གིས་མགོ་ཐོད་རྒྱག་པ་དང་། ཁྱིམ་བྱས་མཆུ་ཏོས་འབིག་ཅིང་སྦར་ཤད་བྱེད་པ་དང་། ཁྱི་ཡིས་སོས་འབྲད་ནས་འཐེན་གྱི་རེད། ཉེན་ཁ་ཆེ་ན་ཤི་ཉེན་ཀྱང་ཡོད།
ཁོ་ཚོ་འཁྲུག་འདུམ་བྱེད་པ་ན། ཐ་སྙད་མི་འདྲ་བ་སྟེ། རྟ་ལ་སྡོད་ཤེ་དང་། ནོར་ལ་ཧོ་མེ་དང། ར་ལུག་ལ་ཐོ་མེ་དང། བྱ་ལ་ཕའོ་དང་། ཁྱི་ལ་ལྟོས་ར་ཞེས་ཡང་སེ་ལབ་དགོས།
ཐ་སྙད་འདི་ཚོ་མཐོ་སྒང་གི་འབྲོག་པ་རི་གསེང་ན་ཡོད་པ་ཚོས་བེད་སྤྱོད་བྱ་བཞིན་ཡོད་པས་བོད་སྐད་དག་མ་ཡིན་ངེས་ནའང་། འདོད་རྒྱལ་དང་རྗེས་སྒྲུབ་གང་ཡིན་ནི་མ་འཚལ། དོན་ལ་མ་འཛིང་མ་རྩོད་ཟེར་བ་རེད། ད་དུང་ཕེ་འོ་ནི་ཕར་རྒྱུགས་ཤིག་ལའང་གོའོ། །
རྟ་ལ་སྡོད་ཤེ་དང་། ནོར་ལ་ཧོ་མེ་དང། ར་ལུག་ལ་ཐོ་མེ་དང། བྱ་ལ་ཕའོ་དང་། ཁྱི་ལ་ལྟོས་ར་ཞེས་ཡང་སེ་ལབ་དགོས་པ་འདི་དག་ཆོལ་གསུམ་གང་གི་ཁོངས་ཀྱི་ཐ་སྙད་རེད་དམ། སྐྱོ་བྲག་དགའ་དབང་ལགས།