མཚོ་བྱུང་ལྷ་མོ།
རང་ལམ་བོར་ནས་གཞན་ཁ་མ་འཚོལ།།
རང་སྐད་འབོར་བཞིན་གཞན་སྨོན་མ་བྱེད།།
གཞན་གཡོག་མ་བྱེད་རང་དོན་ཤེས་དགོས།།
རྒྱང་རིང་ཕ་མའི་རེ་འདུན་འཚོལ་དགོས།།
ངོ་ཚ་གླེང་བཞིན་ཟུར་ནས་ཤོར་བ།།
དོན་གྱིས་ཡོང་བའི་དམིགས་དོན་ཡིན་འགྲོ །
མ་གསང་སེམས་ཀྱི་སྐད་ཆ་གླེང་ན།།
སོ་སོའི་ཚད་ཐིག་གང་ལ་འཇོག་བདེ།།
ཕྱི་ཚུལ་བཅོས་མ་འཇའ་ཡི་སྣང་ཚུལ།།
སྐད་ཅིག་ཙམ་གྱིས་ཡལ་འགྲོ་སྙམ་ན།།
རང་སེམས་མི་དོགས་གང་ལ་བདེ་འདུག །
འདི་ནི་ཉེར་གཅིག་བུ་མོའི་འགྲོ་སྟངས།།
རང་དང་ཉེ་བའི་གསར་མོ་ཚོ་ལ།།
གཏམ་འདི་གཟན་པ་སྔོན་ནས་ཤེས་ཡང་།།
ཚེ་འདི་གཞན་རྟེན་ཡིན་འགྲོ་སྙམ་ན།།
སྔོན་ནས་དཔྱད་ན་རང་ལ་ཕན་ངེས།།
གསར་མོ་ཚོ་སྣང་བ་མཐོ་འདོགས་མ་བྱེད་མ་གཏོགས་མི་ཚེ་གང་བོར་ཁེར་རྐྱང་ལ་འདུག་དགོས་སྲིད།