ཕུག་རོན། ཕ་རི་སི།
རྒྱལ་བ་རིན་པོ་ཆེ་མཆོག་ཡུ་རོབ་ཧྥ་རན་སིའི་ཁུལ་དུ་ཆིབས་སྒྱུར་བསྐྱང་རྒྱུར་བདུན་ཕྲག་གཉིས་ཙམ་ལས་མེད་པའི་སྐབས་འདིར། གུས་པ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་གནས་སྡོད་བྱེད་མཁན་བོད་མི་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས། ལྷན་རྒྱས་ལ་ལྷག་བསམ་དཀར་པོའི་སྒོ་ནས་ཡུལ་དངོས་ཀྱི་བོད་མིའི་འཚོ་བའི་གནས་སྟངས་དང་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་ཁག་ཅིག་ཐོག་སྒེར་གྱི་བསམ་ཚུལ་གནད་བསྡུས་ཤིག་སྙན་གསེང་ཞུ་འདོད་བྱུང་ལ། འདི་ནི་གུས་པས་ལོ་ཤས་རིང་ཞིབ་འཇུག་བྱས་པའི་འབྲས་བུའང་ཡིན་སྟབས། རྣམ་པ་ཚོས་དངོས་ཡོད་ལ་ཞིབ་གཟིགས་ཀྱིས་མ་འོངས་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་ཇུས་ཁག་འཐུས་ཚང་དུ་གཏོང་བའི་ནན་སྐུལ་ཞུ་གི་ཡོད།
འདས་པའི་མི་ལོ་བཅུ་ཕྲག་འགའི་གོང་ནས། རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་དགོངས་གཞི་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱ་གཞུང་གི་གྲོས་མོལ་ལ་ངང་སྒུག་བྱ་རྒྱུ་ཙམ་མིན་པར། ད་བར་འཛམ་གླིང་ཡུལ་ལུང་མང་པོ་ཞིག་གི་རྒྱ་རིགས་མང་ཚོགས་ལ་དངོས་སུ་འབྲེལ་བ་བྱས་ཏེ། བོད་མིའི་དངོས་ཡོད་དཀའ་ངལ་དང་བོད་རྒྱའི་དཀའ་རྙོག་སྐོར་ངོ་སྤྲོད་གསལ་བཤད་གནང་ཐུབ་ཡོད་པ་མ་ཟད། ལྷག་པར་དུ་ཨ་རི་དང་སུད་སི། སྦེལ་ཇམ། ཨོ་སི་ཊོ་ལི་ཡའི་གཙོས་ལུང་པ་ཁག་ཅིག་ནང་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཟུར་དུ་བཙུགས་ནས། བོད་ཀྱི་བདེན་དོན་འཐབ་རྩོད་ལ་ལྟོས་བཅོས་ཀྱིས་ནུས་པ་ཅུང་ཙམ་ཐོན་ཡོད།
ཡིན་ནའང་། གུས་པ་གནས་སྡོད་བྱེད་ས་ཧྥ་རན་སིར་རྒྱ་རིགས་གྲངས་འབོར་ཆིག་འབུམ་ལ་ཉེ་བ་ཡོད་ཚོད་འདུག་ཅིང་། དེས་ཡུ་རོབ་ཁྱོན་ཡོངས་ཀྱི་རྒྱ་རིགས་ཀྱི་གསུམ་ཆ་གཅིག་ཟིན་གྱི་ཡོད་འདུག ཧྥ་རན་སིའི་རྒྱལ་ཡོངས་སུ་ཁྱོན་རྒྱའི་ཟ་ཁང་ཁྲི་གཅིག་ཡོད་པའི་སྐད་ཆ་གོ་རྒྱུ་འདུག་ལ། ཟ་ཁང་དེ་དག་ནང་ཉུང་མཐར་བོད་པ་བརྒྱ་ཕྲག་འགས་ལས་ཀ་བྱེད་ཀྱི་ཡོད་པ་དང་། ངས་ཀྱང་ཟ་ཁང་ཁག་ཅིག་ཏུ་ལོ་ཤས་རིང་ལས་ཀའི་ཉམས་མྱོང་བསགས་པ་ཡིན།
དེ་ལྟ་ནའང་། ཧྥ་རན་སིར་གཏན་སྡོད་རྒྱ་རིགས་ཚོས་བོད་ཀྱི་གནད་དོན་སྐོར་ལ་གོ་རྟོགས་ཧ་ཅང་སྐྱོ་བོ་ཡིན་པའི་ཁར། གང་ཤེས་པ་དེ་དག་ཀྱང་རྒྱ་གཞུང་གི་དྲིལ་བསྒྲགས་ཁོ་ནར་ཡིད་ཆེས་བྱེད་པ་ལས། ང་ཚོས་བཤད་པའི་གནས་ལུགས་ལ་ཉན་འཇོག་བྱེད་མཁན་ང་འཕྲད་མྱོང་བའི་མི་བརྒྱ་སྐོར་ཅིག་གི་ནང་ཧ་ལམ་གཅིག་ཀྱང་བྱུང་མ་སོང་ལ། རྒྱའི་ཁ་ཟ་ཁང་ཚོང་ཁང་ནང་ལས་ཀ་བྱས་དང་བྱེད་བཞིན་པའི་གུས་པའི་ངོ་ཤེས་གྲོགས་པོ་ཁག་ཅིག་ལའང་བསམ་ཚུལ་གཅིག་གྱུར་བྱུང་འདུག
རྒྱ་རིགས་དེ་ཚོ་ཚང་མར་ཁ་གཅིག་མཐུན་གྱི་རྒྱའི་ཞེན་ཁོག་དང་རྒྱ་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་བས། ད་བར་བོད་སྒྲིག་འཛུགས་དང་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཁག་གིས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་དང་། ཆོས་འཁོར་རྩ་རླུང་སྒོམ་སྒུབ་པ་གཙོས་རྒྱ་གཞུང་དང་ལྟ་བ་མི་མཐུན་པ་ཁག་ཅིག་ལས་རྒྱ་རིགས་དམངས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པའི་ཚོར་སྣང་དང་འཁར་ར་ཡོང་གི་འདུག་པས། རང་གཞུང་བཀའ་ཤག་དང་དགའ་ལྡན་ཕོ་བྲང་ཐུན་མོང་ནས་དོན་གནད་འདིར་གལ་ཆེར་བརྩིས་པའི་ཐོག་དགོངས་པ་ཆེར་བཞེས་ཀྱིས། མ་འོངས་པར་གང་མགྱོགས་ཧྥ་རན་སིར་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཞིག་འཛུགས་རྒྱུར་ཧ་ཅང་གལ་ཆེར་མཐོང་སོང་།
ཡིན་ད་ཡིན། ཚོགས་གཙོ་ལ་ཁྱེད་རང་འཇོག་ངེས་ཡིན། སེམས་བདེ་མོ་བྱོས།
དེ་ཚོ་ཧྥ་རན་སི་ལ་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོ་དང་དགྱ་མི་ཚོ་ལ་ཐུག་ཡོད་པ་ཞིག་རེད།
བྱེད་ཐུབ་ན་བོད་མི་མི་རེ་ངོ་རེ་ལ་འགན་ཡོད་པ་ཞིག་ཡིན་དུས། སོ་སོས་འགོ་འཛུག་དགོས་བ་རེད། ཁྱེད་རང་གིས་གལ་ཆེན་པོ་ཡིན་པ་ཤེས་བ་ནང་བཞིན། བྱ་བ་དེ་ལ་ཁྱེད་རང་གིས་ཤུག་རྒྱག་རོགས་ཞུ།
ཡིན་ན་ཡང་། མི་ཁ་ཤས་ཀྱིས་མིང་དེ་འདྲ་ཞིག་གི་འོག་ནས་བཙན་བྱོལ་ལ་དངུལ་རོགས་ཞུ་འདོད་ལ་ཧེབ་ལངས་མཁན་མང་པོ་འདུག་པས། དེའི་རིགས་ཡག་པོ་མ་རེད།
བཙན་བྱོལ་ལ་འབྱོར་བའི་མ་དངུལ་དེ་ཚོ་རྒྱ་གར་ལ་གཏོང་ས་མང་པོ་རེད། བྱས་ཙང་། རྒྱལ་ཁབ་ཧྥ་རན་སུ་འདྲ་ཞིག་ནས་ཕར་ལ་རོགས་བྱེད་མ་ཐུབ་ན་ཡང་། ཕར་གྱི་ཧུན་སྒོར་ལ་རེ་བ་བྱེད་པ་ནི་གླེན་པ་རེད།
ཕུག་རོན་མཆོག་གི་བསམ་འཆར་བཞིན། ས་གནར་དེར། བོད་རྒྱ་མཛའ་འབྲེལ་ཚོགས་པ། ཡོད་པར་དགེ་མཚན་ཆེ། གྲུབ་འབྲས་བཟང་ངན་ནི་དེར་གནས་རྒྱ་བོད་མི་མངས་ལ་རག་ལས་སོ།
་
སྔར་གྱི་བོད་མཁས་པ་དག་གིས་བྲིས་པ་དངམི་མཐུན་་པ་ནི
སྙན་གསེང་ འཛམ་གླིང། ཡོད་པ་མ་ཟད། སོགས་ཡིན་འདུག
རྒྱ་རིགས་དམངས། ཞེས་པ་ཡང་། མངས་དང་། དམངས་ཀྱི་ཁྱད་པར་ལ་རྣམ་དཔྱོད་མ་བྱས་པའི་་འབྲས་བུར་མཐོང་། མངས་ནི། མང་པོ་དང་། དམངས་ནི་དམན་པ་ལ་འཇུག་པ་བོད་མཁས་པ་དག་གིས་བྲིས་པའི་དཔེ་གཞུང་རྣམས་ན་མཆིས་སོ།
ཧྥ་རན་སིར་བོད་རྒྱ་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུ་གལ་ལོས་ཆེ། དེ་བཀའ་ཤག་དང་དགའ་ལྡན་ཕོ་བྲང་གཅིག་པུས་གནང་དགོས་པ་ཞིག་མ་ཡིན་པར་ང་ཚོའི་ངོས་ནས་གནང་སྟེ་ཡར་སྙན་སེང་ཞུས་ཆོག་པ་ཞིག་རེད། སོང་ཙང་། མཛའ་འབྲེལ་ཚོགས་པ་འཛུགས་ཐུབ་ཀྱི་འདུག་གམ། ཆ་རྐྱེན་གང་དག་དགོས་ཀྱི་འདུག ཕར་ཕྱོགས་ཀྱི་མི་སྣ་སུ་དང་སུ་འབྲེལ་བ་བྱ་དགོས་ཀྱི་འདུག དེ་ཚོར་ཞིབ་འཇུག་བྱེད་དེ་སོ་སོའི་ལས་ཀ་དངོས་བྱ་མ་ཐུབ་ཚེ་འབྲེལ་ལམ་འཛིན་པ་དང་ཐབས་ལམ་སྙན་སེང་ཞུ་ཡ་སོགས་བྱ་དགོས་པ་རེད།
དེ་ནས་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ལ་བཀའ་འདྲི་ཞུ་རྒྱུ། ༼དམངས་ནི་དམན་པ་ལ་འཇུག་པ་བོད་མཁས་པ་དག་གིས་བྲིས་པའི་དཔེ་གཞུང་རྣམས་ན་མཆིས་སོ།༽ ཞེས་གསུངས་འདུག མཁས་པ་དག་གིས་བྲིས་པའི་དཔེ་གཞུང་གང་དག་ཡིན་པ་དང་། རབ་ན་དེར་ཇི་ལྟར་ཡོད་པ་ལམ་སྟོན་གནང་རོགས་ཞུ།
ང་དིང་སང་བོད་དཔེ་མེད་པའི་ཡུལ་ལ་ཡོད་། ང་བཙུན་ཆུང་གི་སྐབས་ན་ཐོས་པ། ས་བདག་གདོན་སྒྲོལ་ན། རྒྱལ་རིགས། རྫིའི་རིགས། བྲམ་ཟེའི་རིགས། དམངས་རིགས་གདོལ་པ་ནག་པོ། ཞེས་དང་། སི་ཏུ་པཎ་ཆེན་གྱིས། འཆི་མེད་མཛོད་ཀྱི་མིའི་སྡེ་ཡི། ཚིགས་བཅད་༡༣པ་ན། \
་
དམངས་རིགས་ཆུང་མ་དམངས་བུད་མེད།
དེ་ཡི་རིགས་ཉིད་དམངས་མོའོ། ཞེས་ཚིགས་བཅད་༡༣་པ་ན།
་
དམངས་ཀྱི་སྐད་རྒྱ་གར་སྐད་དུ། ཕོ་ལ་ཤཱུ་དྲ་དང་། མོ་ལ་ཤཱུ་དྲཱི། ཞེས་སྔར་རིགས་ངན་ནམ་རིགས་དམན་པར་རྩི། དིང་སང་རྒྱ་གར་ལ་རང་དབང་ཡོད་པ་རྩ་ཁྲིམས་ལྟར་དེ་འདྲ་མི་རུང་བ་ཡིན། རིམ་པས་མ་འོངས་པ་ན་རྒྱ་གར་ན་སྲོལ་ངན་འདི་མེད་པར་འགྲོ་བར་ངེས་སོ།
དམངས་གཙོ། མང་གཙོ། མངས་གཙོ་གསུམ་ལས་དག་ཤོས་གང་ཡིན་ནམ། ལགས།
དེ་བཞིན། གཞུང་དམངས། གཞུང་མང་། གཞུང་མངས་གསུམ་ལས། གང་དག་ཤོས་རེད། ལགས།
རྩོམ་པོ་པོས་ཡག་པོ་བྲིས་འདུག ཡིན་ནའང་ཆབ་སྲིད་ཀྱི་ཐད་ནས་རྒྱ་མི་རིགས་ལ་རེ་བ་རྒྱབ་ན་གྲུབ་འབྲས་ནམ་མཁའི་མེ་ཏོག་བཞིན་ནོ། ༸ གོང་ས་མཆོག་ནས་ནམ་རྒྱུན་གསུངས་བཤད་སྐབས་ལོ་རེ་ནས་ལོ་རེར་བོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་མི་རིགས་ཇེ་མང་རེད་གསུངས་ཡོད་ཀྱང་། བོད་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་ནི་རྒྱ་ནག་གུང་ཁྲན་ཏང་ལ་མི་དགའ་བའི་མི་ཁ་ཤས་ཤིག་རེད། རྒྱ་རིགས་ཨ་རིིར་སྐྱེ་བ་དང་ཨ་རི་ནས་ཡུན་རིང་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཚོར་སྐད་ཆ་བྱས་དུས་ཧ་ལམ་མི་གཅིག་གིས་ཀྱང་དབུ་མ་དང་རང་བཙན་གང་རུང་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག དེས་ནས་རྒྱ་ནག་སྐམ་ས་ཆེན་པོར་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཚོས་བོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་མིན་སྨོས་མ་དགོས་སོ། བོད་མི་ཚོས་གཟིགས་རྒྱ་ཆེན་པོའི་ངང་ནས་འཛམ་གླིང་གང་སར་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཚོར་ལྟོས་དང་ཤེས་སླ། ཁོང་ཚོ་རྒྱལ་ཁབ་གང་ན་ཡོད་ཀྱང་རྒྱ་རིགས་ཀྱི་གྲོང་སྡེ་ཆགས་ཤིང་སོ་སོའི་སྐད་དང་ལུགས་སྲོལ་སྲ་བརྟན་དུ་བཟུང་ཡོད། དེ་ནི་རྒྱ་མི་རིགས་ཚོར་ལ་རྒྱ་དང་ཞེན་ཁོག་ཆེན་པོ་ཡོད་པའི་མི་རིགས་ཤིག་ཡིན་པ་ཚོར་ཐུབ། དེའི་ཕྱིར་ལ་རྒྱ་དང་ཞེན་ཁོག་ཆེན་པོ་དེ་ཙམ་ཡོད་པའི་མི་རིགས་ཤིག་གིས་ཆབ་སྲིད་ཀྱི་ཐད་ནས་ཁོང་ཚོའི་མི་རིགས་ཀྱི་ཁེ་ཕན་ནམ་ཡང་དོར་མི་སྲིད། དེས་ན་བོད་པ་ཚོར་རེ་བ་གཏན་ནས་མེད་པ་རེད་དམ་ཞེ་ན། རེ་བ་ལོས་ཡོད། དེ་ནི་རྒྱ་ནག་དམངས་གཙོ་ལ་འགྱུར་རྒྱུ་དེ་རེད། དུས་ཚོད་སྔ་ཕྱི་རེད་མ་གཏོགས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ་ཡིན་མིན་ལ་ཐེ་ཚོམ་ཡོད་པ་མ་རེད། དེ་དུས་བོད་པ་ཚོར་སོ་སོའི་མི་རིགས་ཀྱི་ཐོབ་ཐང་ལེན་རྒྱུ་གོ་སྐབས་ཡོད་པ་རེད། དེ་ཙམ་ཡིན། །
རྒྱ་བོད་འབྲེལ་མཐུད་ཀྱི་ཚོགས་མི་ཡོད་དང་མེད་ཀྱིས་རྒྱ་བོད་བར་གྱི་དཀའ་ངལ་སེལ་རྒྱུའི་བསམ་བློ་དང་དམིགས་ཡུལ་དེར་གྲུབ་འབྲས་མེད་པ་ནི་ཡོ་རབ་དང་ཨ་རིའི་རྒྱ་བོད་འབྲེལ་མཐུད་པ་ཚོས་བྱེད་བབ་དང་གྲུབ་འབྲས་དེས་གསལ་སོང་བ་རེད། སྤྱིར་རྒྱ་མི་རིགས་ཡིན་ཕྱིར་རྒྱ་གཞུང་དང་མི་མཐུན་པའི་མི་སྣ་ཞིག་མིན་ཚེ་རྒྱ་བོད་བར་གྱི་དཀའ་སྙོག་སྐོར་བཤད་ས་དང་གླེང་ས་མེད་པ་ནི་འདས་པའི་མི་ལོ་ལྔ་བཅུ་དྲུག་བཅུ་རིང་ལ་འཛམ་གླིང་གང་སར་རྒྱའི་མི་སྣ་གང་དག་དང་ལྷན་དུ་ཐུག་ཕྲད་ཀྱིས་རྒྱུད་རིམ་ནས་གསལ་གསལ་དག་དག་རེད། བཙན་བྱོལ་ནང་གི་རྒྱ་བོད་འབྲེལ་མཐུད་པ་དག་ནི་མི་སྒེར་འགའི་ལྟོ་རྒྱབ་དང་མིང་གྲགས་ཙམ་ལས་དོན་དངོས་སུ་ཆེ་ས་རྒྱ་བོད་མཐུན་ལམ་ཕར་ཚད་མི་སྣ་ཁ་ཤས་ཙམ་ལ་ཡང་མཐུན་ལམ་དམ་ཟབ་ཡོང་གི་མེད། ལར་ནི་རྒྱ་མི་ཁ་ཤས་དང་རྒྱ་བོད་འབྲེལ་མཐུད་པ་ལྷན་དུ་འབྲེལ་ལམ་བྱུང་རིགས་ནི་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་རིགས་རྐྱང་པ་རེད། དེ་ཡང་གྲངས་ཀ་མང་པོ་མ་རེད་ལ། འབྲེལ་ལམ་གྱི་ནུས་པ་ཤིན་ཏུ་ཆུང་བ་དང་རྒྱུན་རིམ་གྱི་སྤུས་ཚོད་ཡང་ཚད་ལྡན་མ་རེད།
ཀརྡོ་གཉེར་ཕྱག་ནས་ཀརྡོ་རབ་འབྱམས་པ་ག་འདྲས་འགྱུར་ཕྱིན་པ་རེད་ལགས། གཅིག་གསུངས་དང། སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་རིན་པོ་ཆེས་རང་གི་ཐུགས་སྲས་ལ་མིང་གསར་པ་གནང་བ་མ་རེད་དམ་ལགས།
རྒྱ་དགའ་མ་ཞིག་རེད། ཁོས་རྒྱ་མི་ལ་རྒྱུས་ལོན་ཁྱོན་ནས་ཡོད་མ་རེད། ཁོས་རྒྱ་མི་ལ་ཡིད་ཆེས་འདྲ་བོ་ཞིག་རྒྱག་ག་བྱེད་ཀྱི་ཡོད་ས་རེད། རྒྱ་ཟེར་རྒྱུ་འདི་ལ་རྒྱལ་ཁབ་དང་མི་རིགས་ལ་ཐུག་ཚར་དུས་བཅོམ་ལྡན་འདས་ཁོ་རང་ཧྥ་རན་སིར་བསྡད་ནས་བོད་རྒྱ་མཛའ་འབྲེལ་ཟེར་བ་ད་མི་ཤེས་ཏེ། བོད་རྒྱའི་གནད་དོན་སྐོར་གོ་བསྐོན་སློབ་གསོ་རྒྱག་རྒྱུ་ན། དང་ཐོག་བཅོམ་ལྡན་ཁོ་རང་ལ་ངོ་རྒོལ་ཁ་གཏད་གཅོག་གི་རེད། ད་ནས་བཟུང་ཏེ། ང་ཚོའི་གཤེད་མ་ཞིག་ལ་མཛའ་འབྲེལ་ཅིག་ཅིག་མིག་མིག་ཟེར་བའི་མིང་འབོད་མ་ཡོང་རོགས།
#11 ཀ་བ་ཚེ་རིང་ ་ལགས་ཀྱིས་སྤེལ་དོན།:
September 3rd, 2016 at 7:28 am
ཀརྡོ་གཉེར་ཕྱག་ནས་ཀརྡོ་རབ་འབྱམས་པ་ག་འདྲས་འགྱུར་ཕྱིན་པ་རེད་ལགས། གཅིག་གསུངས་དང། ་་་་་
ལན་དུ།
ངའི་ཆོས་མིང་ལ་༸གོང་ས་མཆོག་གིས། བསྟན་འཛིན་འཇམ་དབྱངས་གནང་བྱུང་ཡང་། ད་ཆ་རབ་འབྱུང་གི་སྡོམ་པ་བླ་མ་ག་གེ་མོ་ཅིག་ལ་ཕུལ་ཟིནད་པས། མིང་འདི་ཁ་ནས་འདོན་པར་ངོ་ཚ།
ཕ་མའམ། བླ་མས་གནང་བའི་ཆུང་མིང་ལ། ཀརྨ་རྡོ་རྗེ་ཟེར། དྷ་ས་རིགས་ལམ་སློབ་གྲྭར་ལོ་བཅུ་གཉིས་ཙམ། གཞུང་ཆེན་པོད་བཞི་ལྔ་ཙམ་དང་། བྱམས་ཆོས་སྡེ་ལྔ་སོགས་ལ་སྦྱངས་ནས། ད་ལྟ་ཡོ་རོབ་ཧང་གྷ་རིའི་མཐོ་སློབ་སྙན་གྲགས་ཆེ་ཤོས་ཨེལ་ཊེ་ཞེས་པར་བོད་སྐད་དང་།ནང་ཆོས་དགེ་རྒན་གྱི་ལས་འགན་འཁུར་བཞིན་ཡོད།
དེས་ན། ཀརྡོ་ནི་ཀརྨ་རྡོ་རྗེའི་བསྡུས་མིང་དང་། གཉེར་ཕྱག་པ་ནི། རིགས་བརྒྱུད་དང་། རབ་འབྱམས་པ་ནི། ངའི་ལག་འཁྱེར་མཐོ་ཤོས་དེ་རེད། དེས་ན་འདི་གཉིས་ནི། ཁ་བརྡར་སྨྱུག་མིང་ཙམ་མ་ཡིན་པར། རང་མིང་དངོས་གནས་དང་རང་གི་ལོ་རྒྱུས་ཀྱང་འདིར་བསྡུས་ནས། རང་གཞན་གཉིས་ཕན་ཆེད་དུ་ཁ་བརྡར་མཆན་སྤེལ་བཞིན་ཡོད་ལགས། །#11 ཀ་བ་ཚེ་རིང་ ་ལགས།། །།
ཀརྡོ་རབ་འབྱམས་པ་ལགས།
ཁར་ཐུག་བཤད་ན་ཚད་ཉིད་གྲྭ་ཚང་གི་གྲྭ་ལོག་ཡིན་ཟེར་ན་སྟབས་བདེ་ཀྱི་རེད་པ་་ལགས།
#14 ཀ་བ་ཚེ་རིང་ ་ལགས་ཀྱིས་སྤེལ་དོན།:
September 5th, 2016 at 6:22 pm
ཀརྡོ་རབ་འབྱམས་པ་ལགས།
ཁར་ཐུག་བཤད་ན་ཚད་ཉིད་གྲྭ་ཚང་གི་གྲྭ་ལོག་ཡིན་ཟེར་ན་སྟབས་བདེ་ཀྱི་རེད་པ་་ལགས། ་་་་་་་་་་་་་ཟེར། ང་གྲྭ་པ་ལོག་མེད་དེ། སྡོམ་ཕུལ་བའི་ཕྱིར། ཀ་ཚེ་ཁྱོད་ཀྱི་འདུལ་བ་མི་ཤེས་པས་ལན་པ་རེད། ཧཧཧཧཧཧ། །
༅༅། ཀ་ཚེ་ལགས་ནས་ག་རེ་བཤད་ན་མ་བཤད་ན་ཁྱོད་ནང་ཆོས་མཐར་མ་ཕྱིན་པར་འཇིག་རྟེན་ནག་ལམ་དུ་མཆོང་བརྒྱབ་པ་དེ་ངོ་ཚ། ཆོས་ལ་རྒྱབ་བརྟེན་རྒྱོ་ལ་ཧབ་ཏོག་བརྒྱབ་མཁན་རེད་འདུག་པ་སྙིང་རྗེ། འཇིག་རྟེན་འཚོ་རྟེན་ག་རེ་ཡག་ཀྱང་འཕྲལ་སེལ་བདེ་བ་ཙམ་ལས་ཕུགས་ཀྱི་བདེ་བ་རྕ་བ་ནས་བརླགས་ཚར་བ་རེད། མ་རེད་པས། ཡིན་ཡང་བོད་རིགས་མ་གཏོགས་མི་རིགས་གཞན་མཉམ་འདྲེས་སྤྱོད་ཀྱི་ར་མ་ལུག་གི་མི་རིགས་མི་འདོད་དོ།།