ཆབ་བྲག་ཕོ་ཉ།
ཁོང་གིས་ཁོ་རང་གི་ནམ་དུས་ཀྱི་ཚད་གཞི་ཞིག་གི་ངོས་ནས་ཡར་ལངས་ཏེ་རང་ཉིད་ལ་ཞོགས་དུང་ཞེས་པའི་མིང་ཞིག་བཏགས་ཤིང། དེ་ནས་བཟུང་ཞོགས་པ་རེ་རེ་ནས་དུང་བུས་ཏེ་བོད་མི་མང་པོ་ཞིག་ལ་འདྲོགས་བསླངས།
ཏག་ཏག་དུང་འབུད་ཀྱིན་པའི་ཉིན་གུང་ཞིག་ལ། ཁོང་གི་བསམ་ཡུལ་ལས་འདས་པའི་ཞི་བའི་རུ་དཔུང་རྔམ་བརྗིད་ཅན་ཞིག་གིས་རྔ་རྡུང་བཞིན་སྐྱོད་པ་མཐོང་བྱུང། ཁོ་རང་ཡིད་ཆེས་དཀའ་བའི་རྔ་སྒྲ་དེར་ཉན་བཞིན་ཉན་བཞིན། བསམ་བཞིན་བསམ་བཞིན་དུ། དགའ་ཚོར་དང་སྐྱོ་སྣང། འཇིགས་སྣང་དང་བཅས་པའི་ཚོར་བ་ཞིག་གིས་སྦྲིད་པར་གྱུར་ཏེ། མུ་མཐུད་དེ་ཤུགས་ཀྱིས་དུང་འབུད་ཀྱིན་རུ་དཔུང་དེའི་རྗེས་སུ་སྙེགས།
ཁོང་གིས། རུ་དཔུང་དེ་ལས། གསར་བརྗེ་ཞིག་གི་དོན་སྙིང་དང་། ཤུགས་རྐྱེན། དམིགས་ཡུལ། བདེན་མཐའ་གསལ་རྟགས་བཅས་མཐོང་བའི་མོད་ལ་དུང་སྐད་དང་རྔ་སྒྲ་ལྷན་དུ་འདྲེས་པའི་ཚོར་སྣང་ཞིག་གིས་ཁོང་ཉིད་ལྷག་པར་སྤྲོ་བས་ཁེངས། མདུན་ཕྱོགས་ན་སྒེར་གཅོད་དཔུང་དམག་གིས་ལྕགས་སྒྲོག་དང་མེ་མདའ་བསྟར་དུ་ངོམ་པར་ཡང་ཅི་མི་སྙམ་པར་དུང་བུས། གནམ་ས་གོ་འབྱེད་པའི་དུང་བུས།
སྐབས་འདིར་ཀུན་གྱི་བསམ་ཡུལ་ལས་འདས་པ་གཞན་ཞིག་ལ། ཡུལ་ཤུལ་གྱི་སྐྱེ་རྒུ་དུ་མ་ཞིག་དོང་ནང་དུ་ཟགས། མང་པོ་ཞིག་འུ་ཐུག་ནས་གནམ་ས་གཉིས་ལ་ལེ་ལན་བདའ་དུས། ཁོང་གིས་དོང་ཆེན་ཕྱི་ནང་གི་རྣམ་ཤེས་མང་པོའི་ཆེད་དུ། སླར་ཡང་སྒེར་གཅོད་པར་ཡིད་རྟོན་མི་རུང་བའི་དུང་ཞིག་བུས།
དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་དུང་སྐད་དེ་ཧི་མ་ལ་ཡིའི་ཕར་ཚུར་ཀུན་ལ་ཁྱབ། འོན་ཀྱང་དུང་འབུད་མཁན་དོང་གཞན་ཞིག་གི་ནང་ལ་བཅུག་སོང། སྙུག་ཐོགས་པ་མི་ཉུང་བ་ཞིག་གིས་སླར་ཡང་ལེ་ལན་བདའ་འགོ་ཚུགས། དོན་ངོ་མར་ང་ཚོས་སུ་ལ་ལེ་ལན་བདའ་འམ། ལེ་ལན་བདས་པས་དོང་ནང་གི་ཁོང་ཚོ་སྐྱོབ་ཐུབ་བམ།
མ་གཞི་ནས། བོད་མི་ཚང་མ་དོང་ཆེན་ཞིག་གི་ནང་ལ་ལྷུང་ཡོད་པ་མིན་ནམ། དུང་འབུད་མཁན་ཁོང་ཡང་དོང་ནང་གི་ང་ཚོའི་ཆེད་དུ་དུང་བུས་ནས་སླར་ཡང་དོང་ཟབས་ཤིག་ལ་ལྷུང་བ་མིན་ནམ། དེས་ན། ང་ཚོས་སུས་སུ་སྐྱོབ་བམ།
ང་ཚོས་རང་ཉིད་སྐྱོབ་མི་ཐུབ་ཀྱང། ང་ཚོ་ལ་སྐྱོབ་མཁན་གཞན་ཞིག་མེད་ནའང། ང་ཚོས་གཅིག་སེམས་གཅིག་ལ་སྦྲེལ་ནས། ང་ཚོས་འཆི་ཕོད་པའི་སྙིང་སྟོབས་ཤིག་དང། ང་ཚོས་གསོན་ཐུབ་པའི་རེ་བ་ཞིག་གིས། ང་ཚོས་ང་ཚོ་ལ་སེམས་གསོ་དང། ང་ཚོས་ང་ཚོ་ལ་ཡིད་ཆེས་ཀྱིས། ང་ཚོར་སྐྱིད་སྡུག་མཉམ་གནས་ཀྱི་འདུ་ཤེས་གཡོ་མེད་ཅིག་ཡོད་ན། ནམ་ཞིག་དོང་ལས་ཐར་བའི་སྐལ་བ་ལྡན་ངེས།
ཁོང་གིས་དེ་ལྟར་དུང་བུས་ནས་ཆས་སོང། དགའ་སྤྲོའི་ངང། སྤོབས་པའི་ངང། རེ་བའི་ངང། རྒྱལ་ཁའི་ངང། གཟི་བརྗིད་ངང། ཆས་སོང། དེ་བས། ང་ཚོ་དགའ་ན་འོས། ང་ཚོ་ངར་ན་འོས།
ཞོགས་དུང། ཁྱོད་ཀྱིས་ཞོགས་པའམ་ཉིན་གུང། ས་སྲོད་གང་ཞིག་ལ་དུང་བུས་མིན་ལ་ཁྱད་པར་མེད། གང་ལྟར་ཁྱོད་རང་དོང་ནང་གི་མི་རིགས་འདིའི་ཆེད་དུ་དཔའ་ངར་ཞུམ་མེད་ཀྱི་དུང་འབུད་མཁན་ཞིག་ཡིན་པ་ཚང་མས་ཚོར་ཡོད་ངེས་ལ། ཁྱེད་ལ་སྔར་ལྷག་གི་གདེང་འཇོག་དང། ཅི་ཐུབ་ཀྱི་བསྡོངས་གྲོགས་ཀྱང་བྱེད་ངེས།
འོན་ཀྱང། རྔ་སྒྲ་དང་དུང་སྒྲ་ལ་འཇིགས་པའི་ཏང་ལགས། ཁོང་གིས་ཏཱ་ལའི་བླ་མའི་དུང་བུས་མེད། ཁོང་གིས་ཡུལ་གྱུར་སྲིད་གཞུང་གི་དུང་བུས་མེད། ཁོང་གིས་བོད་རང་བཙན་གྱི་དུང་བུས་མེད། ཁོང་གིས་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་རྔ་སྒྲ་ལ་ཉན་སྟངས་གཞན་ཞིག་གིས་སླར་ཡང་དུང་ཞིག་བུས་པ་དེས། ཁོང་གིས་ཏང་ཡོན་རུལ་སུངས་པ་དུ་མ་ཞིག་ལ་ཡིད་ཆེས་བྲལ་བའི་དུང་ཞིག་བུས་པ་དེས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་དུང་འབུད་མཁན་ཞེས་དོང་དུ་འཇུག་མི་འོས། དེ་ལས་ཁོང་གིས་ཏང་ལ་ནོར་འཁྲུལ་ཡོ་བསྲང་གི་གསལ་འདེབས་ཀྱི་དུང་ཞིག་བུས་པར་ངོས་བཟུང་ན་ཆེས་འོས།
༢༠༡༠།༤།༣༠།
དངོས་གནས་དུང་ཞིག་བོས་པ་དང་འདྲ། དེ་དེ་བཞིན་ནོ། མུ་མཐུད་དུ་དུང་འབུད་མཁན་དང་དཀྲོགས་མཁན་ཡོང་བར་ཤོག
དུང་འབུད་མཁན་དེས། སྟོད་འགག་སེར་པོའི་འོག་ནས་ཆགས་སྲེད་ཀྱི་མེ་ཁ་གསོ་བའི་སྤྱང་རྒན་མང་པོ་ཞིག་གི་སེམས་པ་མེ་ལ་བསྲེགས་ཤིང་། གླེན་འཐོམས་ལུག་ཀླད་ཅན་མང་པོ་ཞིག་ལ་འཇིགས་དངངས་ཤིག་བསླངས་སོང་།
དུང་འབུད་མཁན་དེས། ཁྲིམས་ལུགས་ཀྱི་དེབ་ཐེར་མཐུག་པོས་ཉམ་ཆུང་གི་མགོ་བོ་གཞོམས་པའི་སྒེར་གཅོད་པ་མང་པོ་ཞིག་གི་ཁྲག་ཤེད་སྤར་སོང་བས། དུང་འབུད་མཁན་དེར། མི་མང་གི་རྨོངས་ཞེན་གྲོགས་སུ་བསྟེན་མཁས་པའི་དགྲ་མང་།
གང་ལྟར། ཁོ་དུས་ནམ་ཡང་ཁེར་རྐྱང་དུ་ལུས་མ་མྱོང་།
མང་པོ་བཤད་ཡོད་པ་བཞིན་།ཁོང་གིས་ཉིན་གུང་ལ་དུང་ཞིག་བུས་བ་རེད་།དེ་ནི་བོད་ལ་བུ་ཞིག་སྐྱེས་བའི་རྟགས་དང་།སྔོན་གྱི་བོང་སྒྲ་དེ་ཡང་དུང་ཞིག་འགྱུར་བའི་མཚོན་རྟགས་བསྟན་པ་དེ་རེད་།དེ་མིན་གཞན་ཅི་ཡང་མི་འདུག།
ཁོང་གིས་ཞོགས་པར་དུང་ཞིག་ནམ་ཡང་བུས་མེད་ལ་།བོད་ཀྱི་རྣམས་ཀྱིས་ཀྱང་ཁོང་གི་ཞོགས་དུང་གོ་མྱོང་མེད་།ཉིན་གུང་གི་དུང་དེ་ཞོགས་དུང་དུ་བསྒྱུར་འདོད་པའི་བསམ་པ་དེ་ནི་ལོ་རྒྱུས་ལ་མཁྱོག་བཤད་བྱས་བ་དང་།བདེན་པ་ལ་ངོས་ལེན་མེད་པའི་བོང་བུའི་མགྲིན་སྒྲ་ཞིག་རེད་།
ཉིན་གུང་གི་དུང་སྒྲ་ཞོགས་པའི་དུང་ལ་འཕྲུལ་བའི་རྨོངས་སེམས་དང་།ཞོགས་པའི་དུང་དངོས་བོང་བའི་སྒྲ་ལ་བསྒྱུར་བའི་ལོག་སེམས་ཅན་གྱི་དམར་སྲུང་དམག་མི་དེ་དག་ལ་།བདེན་པ་ཟེར་བ་དང་།གནས་ལུགས་མཐར་ཐུག་ཟེར་བ་རྩ་བ་ཉིད་ནས་བློ་ངོར་མི་ཤོངས་ཞིང་།ཁོ་ཚོའི་སེམས་པའི་ཕུགས་སུ་ད་དུང་ཡང་རྒྱབ་ཤ་དམར་པོ་ཅན་གྱི་དཔེ་དེབ་ཆུང་ཆུང་ཞིག་རེད།
རྒྱ་ནག་ཉམས་ཞིབ་པ་ཁྱོད་ཀྱང་་་་་་་་ གོང་དུ་ངས་བཤད་པའི་མི་དེའི་རིགས་ནང་གི་གཅིག་ཡིན་ནམ། སྐད་ཆ་དྲང་མོར་བཤད་ན། ང་ནི་སེམས་གཏིང་ནས་ཞོགས་དུང་ལ་དགའ་ཞེན་བྱེད་མཁན་ཞིག་ཡིན། ཁོང་གིས་བཤད་པའི་སྐད་ཆ་བརྒྱ་ཆའི་བརྒྱ་ལ་མོས་མཐུན་མེད་ཀྱང་། ཁོང་གི་རིགས་སྟོབས་དང་ལར་ཞེན་ལ་ནམ་ཡང་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། ད་དུང་། ཁོང་ནི་སེམས་གཏིང་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་གཅེས་འཛིན་བྱེད་མཁན་ཞིག་དང་། ལག་ལེན་དངོས་ཀྱི་ཁྲོད་ནས་སངས་རྒྱས་ཆོས་ལུགས་ཀྱི་རིགས་སྟོབས་སྤྱི་ཚོགས་ཅན་དུ་བསྒྱུར་བར་རྩོམ་པའི་གསར་བརྗེ་བ་ཞིག་ཏུ་འདོད་ཀྱིན་ཡོད།
འདྲེ་རིག་ལྡན་།
ང་ཁྱེད་ཀྱིས་བཏང་བའི་ཐིག་ཁྲ་གང་གི་ནང་དུའང་འདུས་མེད་ལ།་ཞོགས་དུང་མི་ཁོང་ལ་དགའ་སྡང་གང་མེད་པ་ཞིག་ཡིན་ལ།རིག་གཞུང་གླེང་བའི་སྐབས་སུ་རྩོམ་པ་པོ་ལ་དགའ་དང་མི་དགའ་བའི་རྣམ་འགྱུར་སྟོན་མཁན་གང་ཡང་སྟོན་མཁན་ཞིག་མིན་།
ལྟ་བའི་ཁོ་ནས་བཤད་ན་།ངས་རྒྱུ་མཚན་གཉིས་བཤད་ཀིན་ཡོད་།
༼༡༽ཞོགས་དུང་གི་རྙིང་གཏོར་གྱི་ལྟ་བ་དེ་རིག་གསར་གྱི་ནང་དུ་བྱུང་བའི་དམར་སྲུང་དམག་གི་ལྟ་བ་ཞིག་ལས་གཞན་་ཅི་ཡང་མི་འདུག་ཅེས་བཤད་ཀིན་ཡོད་།
༼༢༽ཞོགས་དུང་གིས་བོད་པ་རྣམས་གཉིད་ལས་སློང་བའི་ཞོགས་དུང་ཞིག་ནམ་ཡང་བུས་མེད་ཅེས་བརྗོད་བཞིན་ཡོད།དེ་གཉིས་ནི་ངའི་རྩ་བའི་དམ་བཅའ་ཡིན་།
སྔོན་ནས་ལ་རྒྱ་དང་སྙིང་སྟོབས་ལ་དོགས་པ་གཅིག་ཀྱང་ཟོས་མ་མྱོང་ལ་།ཕྱིས་སུ་ཟ་འདོད་མེད་།རིག་གཞུང་གི་སྐད་ཆ་བཤད་དུས་ཆབ་སྲིད་ཀྱི་སྐད་ཆ་དྲུད་མ་ཡོང་ན་བཟང་།
དེ་མིན་གཞན་ཅི་ཡང་གླེང་གིན་མེད།ཨུ་ཚུགས་དང་རྨོངས་དད་བཤད་ནས་སུ་ལའང་ཕན་ཐོགས་ནས་མ་རེད་།དེ་བས་རྒྱུ་མཚན་ཡོད་པ་།གནས་ལུགས་ཡོད་པའི་སྐད་ཆ་ཤོད་ཟེར་བ་དེ་ཡིན།
རིག་གནས་བཤད་སར་ཆབ་སྲིད་འཁྱེར་མ་ཡོང་ཟེར་བ་ནི་ཅི་འདྲའི་དགོད་སྤྱད། ཆབ་སྲིད་མ་འདྲེས་པའི་རིག་གནས་ཟེར་བའི་རིག་གནས་དེ་ཅི་འདྲ་ཞིག་ཡིན་ནམ།
ཡ ཡ ཡག་པོ་རེད། རྒྱ་ནག་ཉམས་ཞིབ་པས་སྐད་ཆ་བཤད་སྟངས་དེར་རྩ་བའི་ཆ་ནས་རིག་གནས་པ་ཞིག་གི་ཚིགས་ཀ་འདུག་པས། མུ་མཐུད་ནས་ཁྱེད་ལ་སྐད་ཆ་ཚིག་འགའ་ཞུ་འདོད་བྱུང་།
དང་པོ། རིག་གནས་གསར་བརྗེའི་སྐབས་ཀྱི་རྙིང་གཞི་རྩ་གཏོར་ཟེར་བ་ནི། མའོ་ཕྱོགས་གཏོགས་ཀྱིས་རྒྱ་ནག་གི་ལོ་རྒྱུས་ཐོག་ནས་འབྱོར་ལྡན་པའི་ཁོངས་སུ་གཏོགས་ཤིང་། ཤེས་ལྡན་པའི་མིང་དོན་གཉིས་ཀ་ཡོད་པའི་ཚོགས་ཁག་ཅིག་་་་་་་ མའོ་རུ་ཚོགས་ཀྱི་མ་འོངས་པའི་དབང་འཛིན་ལམ་ལུགས་དེར་གཏོར་བརླག་གཏོང་བར་དོགས་པའི་འཇིགས་སྐྲག་འོག་ནས་རྩ་མེད་གཏོང་འདོད་ཀྱིས་་་རིག་གནས་གསར་བརྗེ་་་ཞེས་པའི་དར་ཆ་བསྒྲངས་དེ་མི་དེའི་རིགས་རྩ་མེད་གཏོང་འདོད་ཁོ་ནས་བསླངས་པའི་ཡ་ང་བའི་ཆབ་སྲིད་ཀྱི་དམག་འཐབ་ཅིག་རེད།
ངོ་བོ་དེའི་ཐོག་ནས་བྱུང་བའི་ཆབ་སྲིད་ཀྱི་དམག་འཐབ་དེའི་ཁྲོད་དུ་ཞུགས་པའི་སྐབས་དེའི་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་བརྒལ་བའི་དབུལ་འཕོངས་(བསམ་པ་དང་འབྱོར་བ་གཉིས་ཀའི་ཆ་ནས་དབུལ་བ་) ཚོས་འཐབ་རྩོད་འདིའི་ངོ་བོ་ངོ་མ་མ་རྟོགས་པའི་དབང་གིས་འདིའི་རྣམ་པ་ཡང་ཕྱོགས་མང་པོ་ཞིག་འགྱུར་བ་རེད། གང་ལྟར། མའོ་རུ་ཚོགས་ལ་མཚོན་ན་དེ་ནི་ཅི་ཡང་མ་རེད། ཁོང་ཚོར་དགོས་པ་ནི་དབུལ་འཕོངས་དང་བསམ་པའི་གླེན་རྨོངས་ཀྱིས་ཁེངས་པའི་སྤྱི་ཚོགས་འདིའི་”ཞན་ཆ་”བེད་སྤྱད་ནས་རང་ཉིད་ཀྱི་སྲིད་དབང་འཛིན་རྒྱུ་ལས་ཁོང་ཚོ་དབུལ་འཕོངས་ལས་འགྲོལ་འདོད་མེད་པ་རེད། དེ་ལྟར་ཊིན་ཞོ་ཕིན་གྱི་དབར་དུ་བསྡད་པ་ཡང་ལྷག་སོང་བ་ཞིག་མ་ཡིན་པར། བསམ་གཟས་ནས་བཞག་པའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་རེད།
ཞོགས་དུང་གིས་མཚོན་པའི་དུས་རབས་ཉེར་གཅིག་པའི་བོད་ཀྱི་བསམ་བློ་བ་མང་པོ་ཞིག་གིས་ནི། རྒྱ་ནག་གི་དབང་བསྒྱུར་འོག་ནས། མཐའ་ན་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་རྣ་བས་མ་ཐོས་ཤིང་དེའི་རིན་ཐང་ལ་བསམ་གཞིགས་གཏོང་མ་མྱོང་བའི་བོད་མི་རིགས་འདིའི་ད་ལྟའི་འཚོ་གནས་དང་། འབྱུང་འགྱུར་གྱི་ལས་དབང་སོགས་ལ་བསམ་གཞིགས་ཀྱིས། ཕྱི་ནང་གི་དབང་བསྒྱུར་འོག་ནས་བཅིངས་འགྲོལ་གཏོང་འདོད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་སྐད་ཆ་བཤད་པ་རེད། དེ་ཡང་། ཆོས་ལུགས་ཀྱི་མིང་ཐོག་ནས་མི་མང་ལ་མགོ་སྐོར་གཏོང་མཁན་མང་དག་ཅིག་ཡོད་པ་དེ་དག་དང་། ཆོས་མིན་ཆོས་སུ་རློམ་ནས་རང་ཉིད་ཀྱང་བོར་བཞིན་པའི་བོད་རིགས་སྤྱི་མང་གི་འབྲེལ་བར་བསམ་གཞིགས་གནད་དུ་ཐིངས་པ་བཏང་ནས། བོད་ཅེས་པའི་ཐ་སྙད་འདི་གསོན་གནས་དགོས་ན་ང་ཚོས་ངེས་པར་དུ་རང་ཉིད་ནས་འགོ་འཛུགས་ཀྱིས་བཙན་གནོན་དང་དབང་བསྒྱུར་ཡོད་ཚད་རྒོལ་ལན་སློག་དགོས་པའི་ངར་སྐད་བསྒྲགས་པ་རེད།
དེ་བས། འདི་གཉིས་ཕྱོགས་གང་བལྟས་ཀྱང་གཅིག་མཚུངས་སུ་མཐོང་ཐབས་མེད་པ་ཞིག་རེད། ཁྱེད་རང་གིས་འདིའི་ཐད་ལ་བསྐྱར་དུ་བསམ་གཞིགས་གཏོང་དགོས་འདུག
གཉིས་པ། ཞོགས་དུང་གིས་བོད་མི་རྣམས་ལ་ཞོགས་དུང་ཞིག་ནམ་ཡང་འབུད་མེད་ཅེས་པ་འདིར་ཡིན་མིན་གྱི་སྐད་ཆ་གང་ཡང་བཤད་དགོས་མི་འདུག གོང་དུ་ངས་གསལ་བཤད་ཕྲན་བུ་བྱས་ཡོད། གང་ལྟར། རིག་གནས་སྣང་ཚུལ་ཞིག་གམ། སྤྱི་ཚོགས་ལ་དབྱེ་ཞིབ་གང་འདྲ་ཞིག་བྱེད་པའི་སྐབས་སུ་ཡང་། ཁྱེད་ཀྱིས་དགེ་འདུན་པ་ཚོས་མཚན་ཉིད་རྩོད་རྩོད་ཀྱིས་་་་འདི་ངའི་རྩ་བའི་དམ་བཅའ་ཡིན་་་་ཟེར་ན། དེ་ནི་སྤྱི་ཚོགས་ཚན་རིག་གི་རྩ་བའི་དགོངས་དོན་དང་ཡོངས་སུ་བརྒལ་འདུག་པ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་རྩོད་ལུགས་འདི་ལ་ཡང་དོན་མེད་དུ་ཉེས་འཛུགས་བྱས་པ་རེད། དེ་བས། སྐུ་ཉིད་ནས་བསྐྱར་དུ་བསམ་གཞིགས་བྱེད་དགོས་འདུག
འདྲེ་རིག་ལྡན།
༼༡༽ངས་སྔོན་ཆད་མང་པོ་བཤད་ཡོད་།ད་དུང་ཡང་འདི་ནི་ཚིག་འགའ་བཤད།སྙིང་བོ་འདི་ལྟ་བུ་ཞིག་རེད་།སྐད་ཆ་མང་ནས་ཕན་ཐོགས་ཅི་ཡང་མ་རེད་།རྩ་བའི་གནད་དོན་དེ་གླེང་བ་གལ་ཆེ།དེ་བས་འདི་ལ་ལྟོས་།འདི་ན་ཁྱོད་ཀྱི་བཀོད་པའི་དྲི་ཚིག་ཚང་མ་ལན་བཏབ་འདུག་།
http://www.khabdha.org/?p=7758#more-7758
༼༢༽ཆོས་ལུགས་ལ་མིང་བཏགས་ནས་།མགོ་སྐོར་བ་ཡོད་པ་རེད་ལ་།དེ་བཞིན་དམངས་གཙོ་བ་ཁ་གཡར་ནས་མགོ་སྐོར་བ་ཡོད་པ་རེད་།འདོར་ན་།བོད་བརླག་མཁན་ཆོས་མ་རེད་།བོད་ཀྱི་རིག་གནས་།མ་རེད་།དེ་བཞིན་བོད་མི་མ་རེད་།རྒྱ་གཞུང་གིས་བཙན་འཛུལ་བྱས་པ་དེ་རེད་།
༼༣༽ལྟོས་དང་།ཁྱེད་ཀྱིས་ཚིག་འདི་འདྲ་ཞིག་བྲིས་ནའང་རྒྱ་དམར་གྱི་ཁྱིམ་ཕྱགས་ནང་གི་ཚིག་དང་ནུབ་ཀྱི་གྲུབ་མཐའ་མགོ་ཚོས་ལ་མ་ཚོས་བ་འགའ་དྲུད་ཡོང་ནས་དཔྱད་པ་ཞིག་གཏོང་ཁུལ་བྱས་པ་ནི་།རྒྱ་གཞུང་སློབ་གྲྭ་སེམས་ནད་ཁང་གི་བྱུང་བའི་འབྲས་བུ་ལས་གཞན་ཅི་ཡང་མ་རེད་།
༼དེ་ནི་སྤྱི་ཚོགས་ཚན་རིག་གི་རྩ་བའི་དགོངས་དོན་དང་ཡོངས་སུ་བརྒལ་འདུག་པ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཉིད་རྩོད་ལུགས་འདི་ལ་ཡང་དོན་མེད་དུ་ཉེས་འཛུགས་བྱས་པ་རེད། དེ་བས། སྐུ་ཉིད་ནས་བསྐྱར་དུ་བསམ་གཞིགས་བྱེད་དགོས་འདུག༽
སྤྱི་ཚོགས་ཚན་རིག་དང་རབ་བྱུང་གི་ཚན་རིག་ཟེར་བའི་དབྱེ་སྟངས་ནུབ་ཀྱི་ལྟ་གྲུབ་ཅིག་རེད།
བོད་བརྒྱུད་ནང་བསྟན་ཟེར་བའི་རྒྱ་མིས་ཚུར་ལ་བཏགས་པའི་ཚིག་ཅིག་རེད་།
སྤྱི་ཚོགས་ཚན་རིག་གི་སྐོར་གླེང་བསམ་གིན་འདུག་གམ་།ཡ་ཤོད་དང་ཞོགས་དུང་གི་རིག་གནས་གསར་བརྗེའི་ལྟ་གྲུབ་དེ་སྤྱི་ཚོགས་ཚན་རིག་གང་གི་ལྟ་བ་ཡིན་།
ཧ ཧ ཧ ད་རྒྱ་ནག་ཉམས་ཞིབ་པ་ཅུང་ཁྲོས་སོང་པ་འདྲ། ཡ་ཡ། ངས་ཁྱེད་ཀྱིས་མཁོ་འདོན་བྱས་པའི་དྲ་ཐག་དེར་བསྣུན་མེད། དྲི་བ་དེར་ལན་སྟབས་བདེ་ཞིག་རྒྱག
༡ བོད་བརྒྱུད་ནང་བསྟན་ཟེར་བ་དེ་རྒྱ་ནག་གིས་ཚུར་བཏགས་པའི་སྐད་ཆ་ཞིག་མ་རེད། དེ་ནི་་་་ རྒྱལ་སྤྱིའི་ཐོག་ནས་ང་ཚོར་ཚུར་ཐོབ་པ་ཞིག་རེད།
༢ “བོད་འཕོངས་པ་ཆོས་ལུགས་ཀྱིས་མ་རེད།” འཐད་པ་ཡིན། “བོད་འཕོངས་པ་རིག་གནས་ཀྱིས་མ་རེད།” རིག་གནས་ཟེར་བ་འདི་སྤྱི་མིང་ཞིག་རེད། འདི་ལ་ད་དུང་དབྱེ་གསེལ་མ་བྱས་པར་ཡིན་མིན་གྱི་ལན་མི་རྒྱག
༣ “སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ཟེར་བ་འདི་ནུབ་ཕྱོགས་ནས་ཐོན་པའི་ཐ་སྙད་རེད་”ཟེར། འདི་ཕལ་ཆེར་འཇིག་རྟེན་གྲགས་པའི་རྗེས་སུ་རྒྱུགས་རྒྱུ་མང་སོང་བས་ལན་པ་རེད། ང་ཚོས་ཡུ་རོབ་ནུབ་ཕྱོགས་སུ་མི་བརྩི། ད་དུང་ར་ཤི་ཡ་ཡུ་རོབ་ལ་ཡང་མི་བརྩི། ཚན་རིག་ཐ་སྙད་འདི་ཚོ་་་་་ མང་ཆེ་ཤོས་ཤིག་ས་གནས་དེ་དག་ལས་བྱུང་བ་རེད། ད་དུང་རྒྱ་གར།
༤ ད་སྐད་ཆ་དངོས་གཞིར་འབབ་ན། སྤྱི་ཚོགས་ཚན་རིག་ཟེར་བ་དེ་བརྗོད་གཞིའམ་་་་ ཡང་ན་བརྡ་དེའི་འཇུག་ཡུལ་ཧ་ཅང་གིས་ཁྱབ་ཆེ་བ་ཞིག་རེད། ཞོགས་དུང་གིས་བཤད་ཀྱིན་པའི་སྐད་ཆ་དེ་དག་་་ མདོར་བསྡུས་ན་སྤྱི་ཚོགས་ཚན་རིག་གི་རྩ་བའི་དབྱེ་བ་གསུམ་(་་རགས་བཤད་རང་ཡིན་་་)གྱི་ཡ་གྱལ། འཚོ་གནས་(ཡང་ན་གསོན་གནས་)ཀྱི་དགོས་མཁོ་་་གཙོར་བཟུང་བྱས་འདུག་པ་རེད། འདི་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་བསམ་བློ་གསར་བའི་ཤིང་རྟའི་སྲོལ་འབྱེད་པ་མེ་སལོ་སི་ཡི་་་མིའི་དགོས་མཁོའི་གོ་རིམ་་་་ ཟེར་བ་དེའི་གཞི་རྩའི་རིམ་པ་དང་པོ་ནས་བཞི་པའི་དབར་གྱི་བརྗོད་གཞི་རེད། འདི་ནི་ཆེས་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་གྲུབ་ཆ་དེ་རེད་ལ། ཆེས་གཞི་རྩར་གྱུར་བའི་སྤྱི་ཚོགས་ཀྱི་གྲུབ་ཆ་དེ་ཡང་རེད། དེ་བས། སྐུ་ཞབས་ཞོགས་དུང་གིས་གནད་འགག་འདི་གནད་འགག་ཏུ་གཟིགས་ནས་སྐད་ཆ་བཤད་སོང་བ་དེ་ནི་་་་ དོན་དམ་པའི་ཞོགས་དུང་ཆགས་པ་རེད།
འདྲེ་རིག་ལྡན་།སྔོན་དུ་དྲ་ཐག་དེ་ལ་གཅིག་གཟིགས་།དེ་ནས་མཐའ་ཡང་ངས་ག་རེད་ལབ་བཞིན་ཡོད་པ་ཧ་གོ་།དེ་ནས་བགྲོ་གླེང་བྱས་ན་རྒྱུ་མཚན་དང་ལྡན།ང་ཁོང་ཁྲོ་རྩ་བ་ཉིད་ནས་ཟོས་མེད་།
༼༡༽གྲོགས་པོ་ལགས་།ཁྱེད་ཀྱིས་དབྱིན་ཇིའི་སོགས་ནུབ་ཀྱི་ཡི་གེ་ཧ་གོ་གིན་མེད་པ་འདྲ་།དབྱིན་ཇིའི་ཡི་གེ་ལ་Tibetan Buddhism་དེ་ནི་བོད་ཀྱི་ནང་བསྟན་ཟེར་བའི་དོན་རེད་།རྒྱ་ཡིག་藏传佛教ཟེར་བ་དེ་བོད་ཡིག་ཏུ་བསྒྱུར་ན་བོད་བརྒྱུད་ནང་བསྟན་ཞེས་འདོགས་གིན་ཡོད་པ་རེད་།
༼༢༽གྲོགས་པོ་།རང་བྱུང་ཚན་རིག་དང་།སྤྱི་ཚོགས་ཚན་རིག་ཅེས་རིག་པའི་གཞུང་ལུགས་ཐམས་ཅད་་ཐམས་ཅད་གཉིས་སུ་ཕྱེ་ནས་གླེང་བའི་ལྟ་གྲུབ་འདི་ནི་བཟོ་ལས་གསར་བརྗེ་དང་།ཧྥ་རན་སུའི་གསར་བརྗེ་རྗེས་སུ་བྱུང་བའི་དབྱེ་བ་ཕྱེ་ཚུལ་ཞིག་རེད་།
http://en.wikipedia.org/wiki/History_of_the_social_sciences
༼༣༽སྤྱིར་གཏང་གི་ཁྱེད་ཀྱི་ནུབ་ཕྱོགས་ཀྱི་ལོ་རྒྱུས་དང་ལྟ་གྲུབ་སོགས་ཤེས་བའི་བཟོ་མི་འདུག་།རྩོད་བསམ་ན་དངོས་ནས་དྲང་གནས་ཀྱི་རྩོད་།ཞོགས་དུང་གི་ལྟ་བ་་”ནུབ་ཕྱོགས་ཀྱི་སྤྱི་ཚོགས་བསམ་བློ་གསར་བའི་ཤིང་རྟའི་སྲོལ་འབྱེད་པ་མེ་སལོ་སི་ཡི་་་་མིའི་དགོས་མཁོའི་གོ་རིམ་”
འདི་སུ་རེད་དམ་།མཁས་བ་འདི་མིང་དབྱིན་ཇིའི་ཐོག་དང་།རྒྱ་ཡིག་གི་ཐོག་ནས་ཇི་མ་ཇི་བཞིན་དུ་དྲོངས་དང་།དེ་ནས་ཞོགས་དུང་གི་ལྟ་བ་།དམར་སྲུང་དམག་དང་སློབ་དཔོན་ལྟ་གྲུབ་གང་མཐུན་ལ་བལྟ་།དེ་མིན་མཁས་བ་མིང་ཡང་གསལ་བོ་མི་ཤེས་བ་ཞིག་གི་མིང་དྲངས་ནས་།ཀློག་མཁན་གཞན་པ་ཚོ་ལ་སྐྲག་མ་སློང་།ཁྱེད་ཚོ་རྒྱ་དམར་སེམས་ནད་ཁང་ནས་བྱུང་བའི་སློབ་ཕྲུག་དག་ལ་འདི་ལྟ་བུ་བཤིས་ཤིག་གོམས་འདུག་མོད།འདི་བཅོས་མ་དང་།རྫུན་བཤད་པའི་ས་མ་རེད།
ལགས་སོ། ཁྱེད་རང་གིས་མེ་སལོ་སི་ངོ་ཤེས་ཀྱིན་མེད་ན་འདིར་གཟིགས། http://www.businessballs.com/maslow.htm ད་ང་དགོང་ཟས་བཟའ་རན་ལ་ཐོན་འདུག ལབ་བརྒྱབ་ནས་འདུག་ཁོམ་མི་འདུག་པས་རྗེས་སུ་མཇལ
ཧ་ཧ་།
སྙིང་རྗེ།་ཞོགས་དུང་གི་རྗེས་མཇུག་པ་ཁྱོད་འདྲ་བ་འགའ་ཤིག་ཏུ་མཐོང་བས་།ངས་ཞོགས་དུང་གི་ལྟ་བ་ནི་དམར་སྲུང་དམག་གི་ལྟ་བ་དང་།ཁོ་དང་ཁོའི་རྗེས་མཇུག་བ་རྣམས་དམར་སྲུང་དམག་རེད་ཅེས་ལབ་པ་ཡིན།
ལྟོས་དང་།
Abraham Maslow ག་རེ་ལབ་གིན་འདུག་།
མིའི་སེམས་ཀྱི་དགོས་བ་མཐར་ཐུག་ནི་།
བདེན་པ་ཁས་ལེན་པ་།བཟང་ངན་གྱི་ཁྱད་ཤེས་བ་།གཞན་གྱི་མ་ཐོན་པའི་རིགས་པ་གསར་བ་གཏོང་ཐུབ་པ་།བཅོས་མ་མ་ཡིན་པ་།གནད་དོན་སེལ་ནུས་བ་།ཕྱོགས་ཞེན་གྱི་སྡང་བ་མེད་པ་སོགས་བཤད་འདུག་པས་།
འདི་ཞོགས་དུང་གི་རྙིང་གཏོར་གྱི་ལྟ་བ་དང་འབྲེལ་བ་ཅི་འདུག་།དེ་མིན་ནང་བའི་ཆོས་དང་འདྲ་བོ་འདུག་།མི་འདུག་གམ་།
དངོས་གནས་མི་འདི་ཚོས་སེམས་ཁམས་འདི་ཡ་མཚར་བོ་འདུག་།རྒྱུ་མཚན་ཅི་ཡང་མི་ཤེས་བར་སྐད་ཆ་འདི་འདྲ་ཆེན་པོ་ཤིག་ལབ་དགོས་བའི་བཅོས་བའི་བསམ་པའི་ཁྱེར་སྟངས་དེ་གང་ནས་བྱུང་བ་ཡིན་ནམ།
http://en.wikipedia.org/wiki/Maslow's_hierarchy_of_needs
འདི་ལ་ལྟོས་།
འཛམ་བུ་གླིང་འདིའི་སྒང་ཇི་འདྲའི་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པ་རེད་ཨང་།
སྤྱི་ཚོགས་མི་འདྲ་བ། ལོ་རྒྱུས་མི་འདྲ་བ། དུས་རབས་མི་འདྲ། ཁོར་ཡུག་མི་འདྲ་བའི་ནང་ལྟ་གྲུབ་ཀྱང་དེ་ལ་དེ་མཐུན་གྱི་མང་པོ་ཞིག་བྱུང་ཡོད་པར་འདོད། གང་ལྟར་ལྟ་གྲུབ་དེ་ཚང་མ་དངོས་ཡོད་ཀྱི་གནས་སྟངས་ཤིག་ལས་བྱུང་བའི་ཐོན་དངོས་ཤིག་ལས་གཞན་གང་ཡང་མིན་པར་འདོད།
གནས་དུས་མ་འདྲ་བ་ཞིག་ནང་བྱུང་བའི་ལྟ་གྲུབ་དེ་གནས་དུས་མ་འདྲ་བ་གཞན་ཞིག་དང་སྦྱར་ཡོང་ན་དེ་ནི་དངོས་གནས་ར་མགོ་ལུག་སྦྱར་རང་རེད།
ད་ལྟ་ནུབ་ཕྱོགས་པའི་སྤྱི་ཚོགས་ལ་མཚོན་ན། རང་ལ་རྒྱལ་ཁབ་ཡོད། ཁྲིམས་ཡོད། དམངས་གཙོ་ཡོད། མཁོ་དགུའི་དངོས་པོ་ཇི་འདོད་འདོད་དུ་ཡོད། མེད་པ་ནི། འདོད་པ་མ་ཁེངས་པ། སུན་སྣང་། སེམས་ཀྱི་བདེ་སྐྱིད་སོགས་མདོར་དེད་ན་གང་ཟག་སྒེར་བའི་སེམས་ཀྱི་གནས་སྟངས་ཀྱི་དཀའ་ངལ་རེད། དེ་ལ་མཚོན་ན་དངོས་གནས་ནང་ཆོས་འདི་ཁོ་ན་ཁོ་ཚོའི་འཚོ་བའི་དགོས་མཁོ་དང་ཤིན་ཏུ་ནས་ཀྱང་འཚམས།
ང་ཚོར་མཚོན་ན། ད་རུང་མར་ལྷུང་བསྡད་ཡོད་པ་རེད། ལྷུང་ས་ནས་ཡར་ལངས་ཐུབ་ཀྱི་ཡོད་པ་མ་རེད། ཡར་ལངས་དགོས་ན། ལངས་སྟངས་དེ་ཡིན་གཅིག་མིན་གཅིག་ལྟ་གྲུབ་ཅིག་ལ་གཏུགས་དགོས་ན། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་མཚོན་པའི་རྒྱལ་ཁབ་གཞན་དང་གཞན་པ་དེ་ཚོ་ཇི་ལྟར་ཡར་ལངས་པའི་ལོ་རྒྱུས་དང་ལྟ་གྲུབ་དེ་ཚོ་ཤིན་ཏུ་ནས་ཀྱང་མཁོ། དེ་ཡིན་ན། ཞོགས་དུང་གིས་བཤད་བཞིན་པའི། ཤར་ནུབ་ཀྱི་གསར་བརྗེ་མང་པོའི་གྲངས་འདྲེན་དེ་ཚོའི་ནང་ང་ཚོར་ལེན་རྒྱུ་ཏན་ཏན་ཡོད་པ་རེད། ཁོའི་སྐད་ཆ་དེ་ཚོའང་འདས་པའི་བྱུང་རབས་དང་མཉམ་ཡལ་ཚར་བ་རྐྱང་རྐྱང་ཡིན་ནའང་། བོད་སྤྱི་ཚོགས་ལ་མཚོན་ན། ཁ་ཚ་དགོས་གཏུགས་ཞེ་ཅིག་ཏུ་མཐོང་།
ང་ལ་མཚོན་ན་ནུབ་ཕྱོགས་ན་ཡོད། ནུབ་ཕྱོགས་པ་གཞན་པ་ཚོ་ནང་བཞིན།ལས་ཞོར་དུ། ནང་ཆོས་སོགས་ཆོས་ཀྱི་ཉམས་ལེན་གང་ཐུབ་ཐུབ་ཀྱིས་བྱས། སྒོམ་འདྲ་རྒྱབ། སེམས་ཁམས་ལ་ཞི་བདེ་ཡོང་ཐབས་ཤིག་ལ་འབད་ན་ལེགས་ཆ་ཆེ་བར་མཐོང་། ཡིན་ནའང་། དེ་ནི་ང་ལ་འཚམས་ཀྱི་མི་འདུག་ལ་ངའི་མི་རིགས་འདི་ལའང་འཚམས་ཀྱི་མི་འདུག མ་མཐའ་ཡང་། གང་ཐུབ་ཐུབ་ཀྱིས་དྲ་ཐོག་ཡོང་ནས། ཇི་ལྟ་ཡར་ལངས་སྟངས་སྐོར་རྩོད་པ་མང་ཟིག་རྒྱབ་ན་དེ་ནི་དངོས་ཡོད་དང་འཚམས་པར་མཐོང་།
ང་ལ་མཚོན་ན། ཕར་ཕྱོགས་སུ་ཁྲག་གི་རྒྱུན་སྐམ་མ་ཐུབ་པར་ཡོད་པའི་སྐབས་འདིར། ད་རུང་། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་ན་སྐྱེས་པ་དང་། སྐྱེས་པ་ཉམས་པ་མེད་པར་ཤོག ཟེར་བ་འདི་སྐྱོར་འདོད་མེད་ལ། འདི་སྐྱོར་བ་ཡིན་ན་ངས་ང་རང་རྫུན་མ་དང་བཅོས་མ་འདྲ་བོ་ཞིག་ཏུ་མཐོང་གི་འདུག
དུས་ཡུན་ངེས་ཅན་ཞིག་ལ་ཁ་བརྡའི་ཐོག་ནས་དོན་སྙིང་ཅན་གྱི་རྩོད་པ་མཐོང་དཀའ་བའི་དུས་འདིར་ཁྱེད་རྣམ་གཉིས་ཀྱིས་རྩོད་གླེང་ཡག་པོ་ཞིག་མགོ་འཛུགས་བཞིན་པ་དེར་དགའ་མོས་ཆེན་པོས་ད་སྔོན་གྱི་མཆན་ཡོངས་རྫོགས་བཀླགས་ཟིན། རིག་ལྡན་གྱིས་ཇ་མཐུང་ཟིན་ཡོད་ན་མགྱོགས་ཙམ་ཕེབས་རོགས། ཁྱེད་གཉིས་ཀྱིས་ངེས་པར་རྣམ་གཡེང་མེད་པའི་ཡིད་ཀྱིས་གནད་དུ་ཁེལ་ཞིང་སྙིང་ཉེ་བ། ངར་དང་ལྡན་ཞིང་གཟུ་བོར་གནས་པའི་བགྲོ་གླེང་ཞིག་བྱེད་རོགས་ཞུ། མུ་མཐུད་ཅིག
ཕྱི་ཚུལ་དུ། ནང་ཆོས་ལ་ཤ་ཚ་མདོག་གི་སྐད་ཆ་ཞིག་བཤད་ནས། དོན་དུ་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ནུས་པ་གཅོག་ཐབས་ཀྱི་སྐད་ཆ་འདི་དག་ལ་དམིགས་བསག་གྱིས་དོ་སྣང་དང་གཟབ་གཟབ་བྱེད་དགོས་པར་མཐོང་།
མགོན་ཕྱག་གིས་སྐད་ཆ་མདོར་བསྡུས་གོ་རྒྱུ་ཡོད་པ་ཞིག་བཤད་འདུག རྒྱ་ནག་ཉམས་ཞིབ་པས་དེ་དག་གོ་གི་མ་རེད། ཁོས་བཤད་འདོད་པའི་སྐད་ཆ་དག་མདོར་བསྡུས་ན། “གང་ལྟར། ང་རང་བོད་བརྒྱུད་ནང་བསྟན་གྱི་མིང་ཐོག་ནས་འཚོ་བ་རོལ་བཞིན་ཡོད། དེ་ལ་མི་འདོད་པའི་སྐད་ཆ་བཤད་ན་དེ་ནི་བོད་མི་རིགས་ཀྱི་དགྲ་བོ་རེད” ཟེར་འདོད་པ་དེ་རེད།
ཁོས་”ཁྱེད་ཚོ་རྒྱ་དམར་སེམས་ནད་ ཁང་ནས་བྱུང་བའི་སློབ་ཕྲུག་དག་ལ་” ཟེར་སྲོལ་དེ་ལ་བལྟས་ན། དེང་རབས་སྤྱི་ཚོགས་སློབ་གསོའི་གཞི་རྩའི་ཤེས་ཚད་དེ་ཡང་རག་མེད་པ་ལྟ་བུ་འདུག “༼༡༽ངས་སྔོན་ཆད་མང་པོ་བཤད་ ཡོད་།” ཟེར་བའི་སྐད་ཆ་དེ་དག་གི་ནང་སྙིང་ཡང་མཐོང་ཡོང་གིན་འདུག
བོད་བརྒྱུད་ནང་བསྟན་གྱི་ཡོན་ཏན་མི་ཁྱེད་རང་ལྟ་བུས་བཤད་བསྡད་པ་ཡིན་ན། དེང་སྐབས་འཛམ་གླིང་ན་གྲགས་པ་འབར་བཞིན་པའི་བོད་བརྒྱུད་ནང་བསྟན་འདི་བསྐྱལ་ས་ཞིག་ལ་སྐྱེལ་ས་རེད།
ད་དུང་བཤད་འདོད་པ་ཞིག་ནི། བོད་ནང་གི་ཤེས་ཡོན་པ་ཚོ་ཁྱོད་དང་ངེད་གཉིས་ལྟ་བུའི་གཏད་ས་མེད་པ་རྐྱང་རྐྱང་མ་རེད། བོད་ནང་རྒྱ་གར་ལ་ཐོན། རྒྱ་གར་ལ་ཕྱི་རྒྱལ་ཞིག་ལ་ཐོན་སོང་ན་ད། བོད་ནང་གི་ཚང་མར་རྗེས་ལུས་ཀྱི་འདུ་ཤེས་ཤིག་འཛིན་འཛིན་ལ་བསྡད་ན་ཆོག་པར་འདོད་པ་དེ་གཏན་ནས་ནོར་བ་རེད།
བོད་ནས་རྒྱ་གར་ལ་ཐོན། རྒྱ་གར་ནས་ཕྱི་རྒྱལ་ཞིག་ལ་ཐོན་སོང་ན་ད། ཞེས་་བཅོས
ཨོ་ད་དུང་གཅིག་ལྷག་བསྡད་འདུག ངས་བལྟས་ན་་་་ ཁྱེད་རང་གི་དབྱིན་ཡིག་གི་ཤེས་ཚད་དེ་ཡང་་་ འདིར་བྲིས་ཡོད་པའི་བོད་ཡིག་གི་ཚད་གཞི་དེ་དང་འདྲ་སེ་ཞིག་ཡོད་པ་འདྲ་བས། མེ་སལོ་སི་ཡི་ལྟ་གྲུབ་དེའི་གོ་དོན་རྟོགས་མེད་པ་འདྲ། དེ་བས་འདིར་མདོར་བསྡུས་ཤིག་བསྒྱུར་ཡ།
མེ་སལོ་སི་་ཡི་མིའི་དགོས་མཁོའི་གོ་རིམ།
༡་་་་ སྐྱེ་ལུས་དང་དབང་པོའི་དགོས་མཁོ། (འཚོ་བའི་གཞི་རྩའི་དགོས་མཁོ་སྟེ། རླུང་དང་། བཟའ་བཅའ། བཏུང་བྱ། སྡོད་གནས། ལུས་འབྲེལ། གཉིད་སོགས)
༢་་་་ བདེ་སྲུང་གི་དགོས་མཁོ། (སྲུང་སྐྱོབ། བདེ་འཇགས། གོ་རིམ། ཁྲིམས་ལུགས། ཚད་གཞི། བརྟན་ཆགས་སོགས)
༣་་་་་་་ རྒྱུ་འབྱོར་དང་ཞེ་འདང་། (ཁྱིམ་ཚང་། བྱམས་བརྩེ། འབྲེལ་བ། མཉམ་ལས་སོགས།)
༤་་་་་ རང་མཐོང་་གི་དགོས་མཁོ། (ལེགས་གྲུབ། འགན་འཁྲི། གྲགས་པ་སོགས)
༥་་་་་་་རྟོགས་པའི་དགོས་མཁོ། (ནང་སེམས་ཀྱི་འཚར་ལོངས་དང་རྟོགས་པའི་གོ་ས)
རིམ་པ་ལྔ་པ་ནི་ཆེས་མཐའ་མ་སྟེ། ཁྱོད་ལ་སྡོད་གནས་དང་ཟ་འཐུང་། བདེ་འཇགས་དང་རང་དབང་སོགས་ཀྱི་དགོས་མཁོ་མཐའ་དག་འཛོམས་པའི་རྗེས་སུ་གཞི་ནས་མཁོ་སྒྲུབ་བྱེད་དགོས་པ་ཞིག་རེད། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་། རྒྱལ་པོའི་ཕོ་བྲང་དང་རྒྱུ་ནོར་ལོངས་སྤྱོད་སོགས་ཚེ་འདིའི་དགོས་མཁོ་མཐའ་དག་དང་ལྡན་པས་ན་མཐར་ཐུག་གི་དམིགས་འབེན་ཞིག་འཛིན་ཐུབ་པར་གྱུར་བ་མ་གཏོགས། ཁྱོད་དང་འུ་གཉིས་བཞིན། གཞན་ཡུལ་ནས་ཁང་པ་གླས་དེ་རང་ཡུལ་གྱི་ཇག་ཚོགས་ལ་གཡོལ་ནས་སྡོད་མཁན་ཞིག་གཏན་ནས་མ་རེད།
མི་སོ་སོར་བསམ་ཚུལ་མི་འདྲ་བ་རེ་ཡོད་པ་དེ་ངོས་ཟིན་པའི་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་ན་འོས་འཚམས་ཡིན།
ངས་བསམས་ན་ནང་ཆོས་ལ་ཤ་ཚ་ཅི་ཙམ་་ཡོད་ན་རང་དབང་འཐབ་རྩོད་ལ་དེ་ཙམ་གྱིས་ཕན་གི་རེད་འདོད།
ཡང་། ནང་ཆོས་ལ་ཅི་ཙམ་གྱིས་སྡང་སེམས་ཡོད་ན་དེ་ཙམ་གྱིས་རང་དབང་འཐབ་རྩོད་དེ་ཡང་འབྲས་མེད་སྡོང་སྐམ་དང་འདྲ་བར་འགྱུར་གི་རེད།
ཨོ་ད་དུང་བཤད་རྒྱུ་ཞིག་ཡོད། ང་རང་ལ་མཚོན་ན། སློབ་གྲྭར་ཡོད་དུས་གུང་གསེང་ལ་འགྲོ་ས་གྲྭ་ས་ཡིན། སློབ་གྲྭ་ཐོན་ནས་ལས་གནས་སུ་ཞུགས་རྗེས་སུ་ཡང་དགེ་འདུན་པར་ཚན་རིག་སློབ་པའི་ཚན་རིག་གི་ལས་གཞིའི་ཁྲོད་ནས་དགེ་འདུན་པར་འབྲེལ་འདྲིས་ཆེན་པོ་ཡོད། དེ་བས། དགེ་འདུན་པར་འདྲིས་ཆེ་ལ་རྒྱུས་མངའ་ཡོད། དེ་ཡོད་པའི་ཐོག་ནས་གུས་བརྩི་དང་དགའ་ཞེན་ཡོད།
འོན་ཀྱང་། དགེ་འདུན་འདུས་པ་རྒྱ་མཚོའི་མིང་འཁུར་ནས་སྤྱི་ཚོགས་ནང་ར་མ་ལུག་གི་སྐྱུག་བྲོ་བའི་ཞབས་བྲོ་འཁྲབ་རྗེས་སུ་ཁ་ཕྱིར་འཁོར་ནས་་་་ མི་སྐྱ་འདི་ཚོས་གྲྭ་པར་དགའ་གི་མ་རེད། ཆོས་ལ་སྡང་གི་རེད་་་་་ཟེར་ནས་རང་གི་ནག་ཉེས་འགེབ་ཆེད་དུ་དགེ་འདུན་འདུས་པ་རྒྱ་མཚོ་དར་དུ་འཕྱར་མཁན་རེ་ཟུང་མཐོང་མྱོང་། རྒྱ་ནག་ཉམས་ཞིབ་པ་ཁྱོད་རང་དེ་འདྲ་རེད་གཏན་ནས་ཟེར་གི་མེད། གང་ལྟར། སྐད་ཆ་འདིའི་རིགས་ཀྱིས་ང་ཚོའི་བགྲོ་གླེང་གི་ཁོར་ཡུག་རྩ་ནས་མེད་པར་གཏོང་གིན་འདུག་པས་ཀུན་ལ་གསལ་འདེབས་ཙམ་ཕུལ་བ་ཡིན།
ཡ སང་གནངས་གཉིས་ཀ་གུང་གསེང་ཡིན། ལས་བྱ་མེད། ཡིག་རྒྱུགས་མེད། ལས་ཀ་མེད། དོ་དགོང་ནམ་ཕུད་ཕུད་བར་དུ་བགྲོ་གླེང་བྱེད། ལྷག་བསམ་རྣམ་དག་གིས་སྐད་ཆ་བཤད། ཀུན་ཕན་བརྩེ་ཞེན་གྱིས་དགག་སྒྲུབ་བྱེད། ད་ཤོག ཉམས་ཞིབ་པ་ལགས།
མགོན་པོ་ཕྱག་གཉིས་བ།
ཁྱོད་ཀྱི་སྐད་ཆ་ཚང་མ་ཨུ་ཚུགས་རྐྱང་རྐྱང་གི་སྐད་ཆ་རེད་།ངས་སྔོན་ནས་ཆབ་སྲིད་ཀྱི་གྲྭ་བ་ངོ་ཤེས་བ་ཞིག་གི་ལོ་རྒྱུས་ལས་དྲངས་ཏེ།སུས་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆའི་ཐོག་ལ་རྩོད་ལེན་དང་སྐད་འབོད་རྒྱག་གི་ཡོད་པ་གསལ་བོ་བཀོད་ཡོད་།
སྐད་ཆ་དེ་དག་གིས་ག་རེ་མཚོན་གིན་རེད་ཟེར་ན།
༼༡༽”ངེས་པར་ཏུ་བརྗོད་དགོས་བ་ཞིག་ལ་།ཞི་རྒོལ་ཆེན་པོ་འདི་ཐོག་དང་པོ་ནས་་ཞོགས་དུང་གིས་རང་གིས་དགག་བྱ་གྱུར་པའི་ཆོས་བ་ཉམས་ཆུང་བ་དང་།བོད་མི་མང་གིས་བསླངས་བ་ཡིན་ཞིང་།ཁོ་ཚོ་སེམས་ཀྱི་་ལྟ་བ་གཙོ་བོ།གཞན་དོན་ཁུར་ཏུ་ལེན་པའི་བྱམས་དང་།སྙིང་རྗེ་།ཞི་བདེ་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཡིན་པ་ལས་།ཞོགས་དུང་སོགས་ཀྱིས་ཡང་ཡང་སྐུལ་བའི་”བདག”༼དོན་གྱིས་རང་ཁོ་ནའི་ལྟ་བ༽གི་ལྟ་བ་དང་།”སྙིང་སྟོབས”༼དམར་སྲུང་དམག་གིས་རྙིང་བ་བཅོམ་པའི་སྙིང་སྟོབས༽བདེན་པ༼དམར་པོའི་ལྟ་བ༽རྣམས་རྩ་བ་ཉིད་ནས་མིན་པས་བོད་ཀྱི་ཞི་རྒོལ་ཆེན་མོ་འདི་ཞོགས་དུང་གི་ལྟ་བ་དང་འབྲེལ་བ་ཅི་ཡང་མེད།”ཞེས་གསལ་བོ་དག་པོ་བཀོད་ཡོད་།སྐད་ཆ་འདིས་ཞོགས་དུང་དང་ཁྱོད་ཚོས་འདོད་བཞིན་པའི་སྐད་ཆ་ཚང་མ་ལན་འདེབས་་གསལ་བོ་བྱས་ཚར་བ་རེད་།དོན་གྱིས་ཁྱོད་ཚོས་སྐད་ཆ་ཚང་མ་སྟོང་བ་ཡིན་པའི་རྒྱ་དམར་སེམས་ནད་ཁང་ནས་བཏུས་བའི་སྙིགས་རོ་ལས་གཞན་ཅི་ཡང་མི་འདུག་ཟེར་བ་དེ་རེད་།
༼༢༽མང་པོ་བཤད་པ་བཞིན་།་ཞོགས་དུང་དང་ཁྱེད་ཚོས་འདོད་པའི་རྙིང་གཏོར་གྱི་ལྟ་བ་དེ་ནི་།མཐར་གཏུག་ན་རིག་གནས་གསར་ཆེན་པོ་ཞིག་དང་།དམར་སྲུང་དམག་གི་ལྟ་བ་རེད་ཅེས་ལབ་པ་ཡིན་།མ་ཡིན་ཚུལ་སྒྲུབ་བྱེད་དང་བཀོད་།དེ་མིན་དམར་སྲུང་དམག་དག་གིས་འབོད་སྒྲ་བསྒྲགས་བཞིན་པ་འགའ་ལས་ཅི་ཡང་མི་འདུག་།
༼༣༽དོན་གྱིས་ཁྱོད་ཚོ་ལོ་མང་པོར་རྒྱ་གཞུང་གི་སློབ་གྲྭ་ཆོས་ཁང་འདྲ་བ་དག་གི་ནང་ནས་།དམར་བོ་རང་བསྟོད་ཀྱི་ལྟ་བ་དངོས་གཙོ་རྩོད་སྒྲུབ་རིང་ལུགས་པ་དང་།ཚན་རིག་སོགས་ཀྱི་མིང་བཏགས་ནས་།ཀླད་པའི་ནང་དུ་བླུགས་།མཐར་དེ་ཕྱི་རྒྱལ་སོགས་སུ་ཁྱེར་ཡོང་ནས་།རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་ཡིན་མདོག་གི་སྐད་ཆ་མང་པོ་བཤད་།དངོས་སུ་ཚིག་ལ་ཚིག་།དོན་ལ་དོན་རྩོད་ཡོང་དུས་།གནས་ལུགས་སོགས་ཅི་ཡང་མེད་པར་ཞེན་ཁོག་ཅིག་གིས་།ཞོགས་དུང་ལ་བྱུང་བའི་ཆབ་སྲིད་ཀྱི་འཇིགས་སྣང་བེད་སྤྱད་་ནས་།ད་དུང་ནུབ་ཀྱི་ཁྱིམ་ཕྱགས་ནང་ནས་བྱུང་བ་དང་།མོའི་དངོས་སུ་ལག་ཏུ་བསྟར་པའི་རྙིང་གཏོར་གྱི་ལྟ་བ་ལ་རྒྱུ་མཚན་ཤིག་ཡོད་པར་གླེང་བ་ནི་།དོན་གྱི་ཁ་ཆེ་ཆོས་ཚིག་ལས་མེད་པ་འགའ་ཤས་ལས་ཀྱང་སྡུག་པོ་ཤིག་མཐོང་།
ངས་སྔོན་ཆད་ནས་བཤད་ཡོད་པ་བཞིན་།ད་ནི་རྩོད་པའི་དུས་ལ་བབས་།
ཨོ་་་་ ད་ཡིན་དུས་་་་ རྒྱ་ནག་ཉམས་ཞིས་པས་བཤད་འདོད་པའི་སྐད་ཆ་ཚང་མ་ངས་གོ་སོང་།
༢༠༠༨ ལོའི་བོད་ནང་གི་ཞི་བའི་གྱེན་ལངས་ཆེན་པོ་འདི་བྱུང་བའི་རྒྱུ་རྐྱེན་གཙོ་བོ་་་ཞོགས་དུང་ཡིན་མིན་དེ་རེད་མོད། ཡ ཡ ད་ངས་གོ་སོང་། ངས་ཀྱང་ཞོགས་དུང་གི་བརྩམས་ཆོས་ཁོ་ནས་༢༠༠༨ ལོའི་ཞི་བའི་གྱེན་ལངས་ཆེན་པོ་དེ་བསླངས་པ་རེད་འདོད་ཀྱིན་མེད་ལ། ཁྱོད་རང་གིས་”ངེས་པར་ཏུ་བརྗོད་དགོས་བ་ ཞིག་ལ་།ཞི་རྒོལ་ཆེན་པོ་འདི་ཐོག་དང་པོ་ནས་་ཞོགས་དུང་གིས་རང་གིས་དགག་བྱ་གྱུར་ པའི་ཆོས་བ་ཉམས་ཆུང་བ་དང་།བོད་མི་མང་གིས་བསླངས་བ་ཡིན་ཞིང་།ཁོ་ཚོ་སེམས་ཀྱི་་ ལྟ་བ་གཙོ་བོ།གཞན་དོན་ཁུར་ཏུ་ལེན་པའི་བྱམས་དང་།སྙིང་རྗེ་།ཞི་བདེ་སྙིང་སྟོབས་ ལ་བརྟེན་ནས་བྱུང་བ་ཡིན་” ཟེར་བ་དེ་ཡང་་་་བལྟས་ཚོད་ཀྱིས་དགེ་འདུན་པར་བསྔགས་བརྗོད་བྱེད་བསམ་པ་ཞིག་དང་ཞིབ་ཏུ་བསམ་ནས་རྩོད་རྙོག་སློང་འདོད་ཀྱི་སྐད་ཆ་ཞིག་རེད་དྲན། གང་ལྟར། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དེ་ནི་་་་་ བཙན་གནོན་་་ བརྙས་བཅོས་་་་ བཤུ་གཞོགས་དང་རྡུང་བརྡེགས་་་་ མདོར་བསྡུས་ན་བོད་མི་རིགས་ཨ་ཆད་འུ་ཐུག་གི་གནས་སུ་ལྷུང་བས། གཞི་ནས་རང་སྲོག་འབེན་ལ་བཙུགས་ནས་ལག་དམར་གྱི་མདུན་དུ་མཆོངས་པ་ཞིག་ལས། བྱམས་པ་དང་སྙིང་རྗེ་སྐྱེས་ནས་རང་སློག་བློས་གཏོང་དེ་ལྟར་བྱེད་སྲོལ་ཞིག་ཡོད་མེད་ས་ཤེས་ཀྱིན་མེད། ཕལ་ཆེར་ཁྱེད་རང་གིས་བཤད་ཀྱིན་པའི་བྱམས་པ་དང་སྙིང་རྗེ་དེ་ཚོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནས་བསྟན་པ་དེ་དང་མི་འདྲ་བ་ཞིག་ཡིན་ས་རེད།
གོང་དུ་རྩོམ་ཡིག དུང་འབུད་མཁན་ཟེར་བ་དེ་ལས་ཞོགས་དུང་ལ་འདེང་འཇོག་ཧ་ཅང་ཚད་རན་པོར་བྱས་འདུག ཁྱེད་རང་གིས་དེར་ཞིབ་ཏུ་ཅིག་ཀློག་དང་ཤེས་ངེས་རེད།
འདྲེ་རིག་ལྡན་།
ངས་ཁྱོད་ལ་ཐོག་དང་པོ་ནས་ལབ་ཡོད་པ་བཞིན་།ཁྱོད་ཚོ་ལ་ཡོད་པ་ཞིག་ནི་ཨུ་ཚུགས་དང་།རྨོངས་ཞེན་ཁོ་ན་ལས་།བདེན་པ་ཟེར་བ་དང་།རིགས་པ་ཞིག་གཏན་ནས་མི་འདུག་།འདི་དག་ཆོས་ཀྱི་རིགས་པ་གཅིག་པོ་མ་རེད་།འཇིག་རྟེན་གང་གི་ལུགས་ལའང་མཐུན་པོ་ཞིག་རེད་།དོན་གནད་ནི་འདི་རེད་།
༼༡༽་ཞོགས་དུང་དང་ཁྱེད་ཚོ་དམར་སྲུང་དམག་མི་རྣམས་ཀྱིས་།ཆོས་དང་བོད་ཀྱི་རིག་གཞུང་རྙིང་བའི་བག་ཆགས་མ་སད་བ་བར་ཏུ་།ཆབ་སྲིད་ཀྱི་ལས་ཀ་བྱེད་ཐུབ་པ་མིན་པ་ཞིག་བཤད་ཡོད་པ་རེད།ཞི་རྒོལ་ཆེན་པོས་ལྟ་བའི་རྣམ་བཤད་དེ་གཏོར་ཚར་བ་རེད་།”འདི་ཐོག་དང་པོ་ནས་་ཞོགས་དུང་གིས་རང་གིས་དགག་བྱ་གྱུར་པའི་ཆོས་བ་ཉམས་ཆུང་བ་དང་།བོད་མི་མང་གིས་བསླངས་བ་ཡིན་ཞིང་།”སྒྲུབ་བྱེད་འདི་ཞོགས་དུང་དོང་སྤུགས་སོགས་ཀྱིས་ལྟ་གད་སྙིགས་ཙམ་ལས་ཅི་ཡང་མིན་པ་བསྟན་ཡོད་པ་རེད།ད་ཡོད་པ་ནི་་ཨུ་ཚུགས་དང་།རྨོངས་ཞེན་ཙམ་དང་།ལོ་རྒྱུས་ལ་མཁྱོག་བཤད་ཙམ་ལས་ཅི་ཡང་མ་རེད།
༼༢༽ཁྱོད་ཀྱིས་”་་བལྟས་ཚོད་ཀྱིས་དགེ་འདུན་པར་བསྔགས་བརྗོད་བྱེད་བསམ་པ་ཞིག་དང་ཞིབ་ཏུ་བསམ་ནས་རྩོད་རྙོག་སློང་འདོད་ཀྱི་སྐད་ཆ་ཞིག་རེད་དྲན། ”
ག་རེ་བཤད་གིན་ཡོད་།སྐད་ཆ་དྲང་པོ་བཤད་ན་།རྩོད་རྙོག་སློང་འདོད་ཡོད་པ་རེད་དམ་།མདོར་ན་ངས་ཁྱེད་ཅག་ལ་ལབ་ཡོད་།བོད་རྒྱལ་ཁབ་ལ་གཞན་ལག་ཏུ་ཤོར་བ་དང་།དེ་བཞིན་མྱོང་གིན་ཡོད་པ་དེ་།བོད་ཀྱི་རིག་གནས་།ཆོས་ལུགས་།དེ་བཞིན་ཆབ་སྲིད་འགྲོ་སྟངས་སོགས་ཅི་ཡང་ལན་པ་མ་རེད་།དེ་ནི་རྒྱལ་ཁབ་སྟོབས་ཆེན་ཞིག་གིས་རྒྱལ་ཁབ་ཆུང་ཆུང་ལསབཙན་འཛུལ་བྱས་པ་དེ་ལས་བྱུང་བ་ཞིག་རེད་།དེ་བས་ཁྱོད་ཚོས་ནམ་ཡང་བོད་ཀྱི་ཆབ་རིག་ཆོས་གསུམ་སོགས་བོད་ཉམས་རྒུད་དུ་སོང་བའི་རྒྱུ་རྐྱེན་ཞིག་ཏུ་བརྩིས་ནས་གླེང་བཞིན་པ་འདི་ནི།དོན་གྱི་རྒྱ་གཞུང་གིས་རྩོད་པ་ཞིག་དང་།མཐར་གཏུག་ན་དམར་སྲུང་དམག་གི་སེམས་ཀྱི་འཁྱེར་སྟངས་ཤིག་རེད་ཅེས་མང་པོ་བཤད་ཡོད་པ་མ་རེད་དམ་།
ཆོས་ནི་ཁྱོད་ཚོས་མི་ཤེས་།བོད་ཀྱི་ལོ་རྒྱུས་ནི་ཁྱོད་ཚོས་མི་ཤེས་།ནུབ་ཀྱི་ལྟ་གྲུབ་དང་།ལོ་རྒྱུས་ནི་དེ་བས་ཀྱང་ཁྱོད་ཚོས་མི་ཤེས་།ད་དུང་ཡིན་མདོག་མདོག་གིས་ཡིན་གཅིག་མིན་གཉིས་ཀྱི་གནས་ལུགས་ཅི་ཡང་མེད་པར་།ཆབ་སྲིད་དང་ལྟ་གྲུབ་ཀྱི་ཁ་གཡང་འདྲ་སྒྲོགས་བཞིན་པ་འདི་།དོན་གྱི་དམར་སྲུང་དམག་མི་མ་ཡིན་ནམ།རྩོད་པ་རྒྱག་བསམ་ན་།རྩ་བའི་དོན་རེ་རེ་ནས་ལན་ཐོབས་།དེ་ནས་སྐད་ཆ་དྲང་མོ་ཡོང་གིན་རེད།
ཨ ཨ ཨ རྒྱ་ནག་ཉམས་ཞིབ་པ་་་་ ཁྱོད་ད་ངོ་མ་གླེན་པ་ལུག་འདྲ་ཞིག་རེད། ཁྱོས་སྐད་མགོ་སུ་མཐོ་དང་། ཧམ་པ་སུ་ཆེ་འགྲན་གིན་འདུག ངས་ཐོག་དང་པོར་ཁྱེད་རང་སློབ་སྦྱོང་ཏོག་ཙམ་ཡོད་མཁན་ཞིག་དང་། གནས་ལུགས་བཤད་མཁན་ཞིག་རེད་བསམ་ནས་སྐད་ཆ་བཤད་པ་ཡིན་མོད། ད་ནི་་་ “ཁྭ་ཏས་མི་གཙང་ཟས་པའི་མཆུ། ས་གཙང་གཞན་འཕྱིད་པར་བྱེད”པ་འདི་ལས་གཡོལ་བར་བྱའོ། སྐྱེ་བོ་བསམ་སྦྱོར་ངན་པ་དང་། བླང་དོར་གནས་ལུགས་ཐམས་ཅད་གོ་ལྡོག་པའི་མུ་སྟེགས་པ་དང་གྲོགས་མི་བྱའོ།
ཧ་ཧ་ཧ་།
ད་སྐྱིད་པོ་འདུག་།མི་སུ་ཡིན་པ་ཡང་མ་ཤེས་བར་མིའི་ཀུན་སློང་གླེང་གིན་འདུག་།ཁྱད་མཚར་པོ།
སུས་ཁྱོད་ལ་སྐད་མགོ་སུ་མཐོ་དང།ཧམ་པ་སུ་ཆེ་འགྲན་གིན་འདུག་།
ག་རེ་ཡིན་ནམ།དམར་སྲུང་དམག་གི་རྗེས་སུ་མ་འབྲངས་ན་།གླེན་པོ་ལུག་འདྲ་བ་ཞིག་ཆགས་གིན་རེད་དམ་།།རིག་གསར་གྱི་སྐབས་སུའང་སྐད་ཆ་འདི་འདྲ་བཤད་ཡོད་པར་ངེས་།རིག་གནས་གསར་བརྗེ་མ་བྱས་ན།མི་རྣམས་དུད་འགྲོ་ལྟ་བུ་རེད་ཅེས་ལབ་ཡོད་ས་རེད་།
ཁྱེད་ཚོས་སྐད་ཆ་ལྟར་།བོད་ཀྱི་སྲོལ་རྒྱུན་པ་ཞིག་གིས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་པ་རེད།སྤྲེའི་ཚོགས་ཀྱིས་མི་བཟུང་ནས་།མཇུག་མ་མེད་ཅེས་བཞད་གད་བྱེད།
ཧ ཧ ཧ ད་ངས་ཁྱོད་ལ་ཁ་སྲོང་པོས་བཤད་ཡ། ཁྱེད་རང་གི་སྐད་ཆ་དེ་དག་གི་ཁྲོད་ནས། ངས་་་ཁྱོད་ཀྱི་ཐོག་ལ་བོད་མིའི་གཤིས་འཇམ་དང་། དཀྱེལ་ཡངས། གུས་བརྩི། ད་དུང་ནང་པ་སངས་རྒྱས་པ་ཞིག་གི་དྲི་ཙམ་ཡང་ཚོར་མ་སོང་བས། ཁྱེད་རང་གིས་་་བོད་ཀྱི་ཆོས་དང་བོད་ཀྱི་མི་རིགས་ཟེར་བསྡད་པ་ཚང་མ་དོན་ལ་སྟོང་གཏམ་ཙམ་རེད་ཟེར་བ་ཡིན། ཁྱེད་རང་གི་སྐད་ཆ་བཤད་སྟངས་དེ་ལས་ངས་དམར་སྲུང་དམག་དང་མའོ་རུ་ཚོགས་ཀྱི་བསྒྲགས་གཏམ་འདྲ་ཏག་ཏག་གོ་གི་འདུག
ཁྱེད་རང་གིས་ནང་ཆོས་དང་བོད་ཀྱི་རིག་གནས། ནུབ་ཕྱོགས་ཀྱི་ལྟ་གྲུབ་སོགས་མང་རབ་ཅིག་ཤེས་མདོག་བྱེད་ཀྱིན་འདུག་མོད། ང་ཡང་སྤྱི་ཚོགས་འདིའི་ཁྲོད་ཀྱི་མི་དཀར་ནག་ཁྲ་གསུམ་པོ་མཐོང་ནས་ཡོང་བའི་ལོ་ན་༢༧ ཅན་ཞིག་ཡིན་ཡ། བྱིས་པ་བསམ་མེད་ཅིག་མིན། གྲོང་གསེབ་ཀྱི་ཡིག་རྨོངས་པ་ཚོར་མགོ་གཡོག་བསླུ་བྲིད་གཏོང་སྟངས་དེ་འདིར་བཀོལ་ས་མི་འགྲོ་བས་ཁྱོད་ཤ་ཚ། ཧ ཧ ཧ ཧ ཧ
གོང་གི་སྐད་ཆ་འདི་དག་ངས་ཁྱེད་ཉམས་ཞིབ་པའི་བཤད་འགྲོས་ལ་ལད་མོ་བྱས་པ་ལས། ང་རང་སྒེར་གྱི་བཤད་ལུགས་སམ་རང་ལུགས་མིན་ལོ།
འདྲེ་རིག་ལྡན་།
ཁྱོད་རང་ལུགས་མེད་པ་ཞིག་ལ་རང་ལུགས་མཇོག་རྒྱུ་ཞིག་གང་ན་ཡོད་།སྐྱེས་མ་ཐག་ནས་རྒྱ་གཞུང་གི་དམར་བོའི་དུག་ཆུ་མཐུང་།ད་ལྟ་གང་དུ་སླེབས་ཀྱང་དེ་སེལ་ཐུབ་ཡོད་མ་རེད་།བོད་ཀྱི་མཁས་བ་སྔ་མ་ཚོ་ལ་ཆོས་དང་།དགོན་པའི་ཤན་ཞུགས་ཡོད་པ་དེ་བཞིན་དུ་།ཁྱོད་ཚོ་ཚང་མ་ནད་ཁང་དུ་བསྡད་པའི་ཉེར་ལེན་གྱི་དེའི་དུག་ཆུའི་རླངས་པ་ནི་ཏན་ཏན་ཡོད་པ་རེད་།དེ་ལོ་ཆེ་ཆུང་ལ་རྩ་བ་ཉིད་ནས་ཐུག་ཡོད་པ་མ་རེད།
སྙིང་རྗེ་།ལོ་ཆུང་གདོན་ལེན་རུ་ཁག་པ་།ངའི་མི་ཚེ་བཤད་ན་།ཁྱོད་འདྲ་བ་ཞིག་ཡོད་།ཐོག་དང་པོ་སློབ་གྲྭ་སོང་།དེ་ནས་བོད་ཀྱི་ཆོས་དང་།རིག་གཞུང་ལ་སློབ་གཉེར་བྱས་།དེ་ནས་ཡང་སློབ་གྲྭ་མགྲིམས་།ད་དུང་སློབ་གྲྭ་འགྲོ་བཞིན་པའི་མི་སྐྱ་ཆང་གི་དྲི་མ་ཅན་ཞིག་ལས་།ཆོས་བ་རྫུན་དང་།ཁྲག་གི་འཁོར་ལོ་བསྐོར་མཁན་ཞིག་མིན་།
འདོར་ན་ཞོགས་དུང་དང་།ཁྱེད་ཚོ་རྙིང་གཏོར་གྱི་ལྟ་བ་ནི་འདི་ལས་བྱུང་བ་རེད་།
http://www.youtube.com/watch?v=DIrUHVFkm9A
ཨོ ད་བྱས་དུས་ཁྱེད་རང་ཡར་ལོག་མར་ལོག་བཅོ་བརྒྱད་བྱས། ཡར་འཁྱམས་མར་འཁྱམས་ཉེར་གཅིག་བྱས་པར་མཐར། ལྟ་བ་དང་བསམ་བློ་ལ་གཏད་སོ་གང་ཡང་མ་རྙེད་པར། བོད་མི་རིགས་དང་རིག་གཞུང་གི་ཉིང་བཅུད་གད་སྙིགས་ལ་བསྲེས་མཁན་དེ་རིང་གི་འདི་འདྲ་ཞིག་ཏུ་གྱུར་པ་འདྲ།
ཨེ་་་ གལ་སྲིད་ཁྱེད་རང་རིག་གསར་སྐབས་ཡོད་རྒྱུ་ན། ཁྱེད་རང་གིས་ཨང་དང་པོར་སྟོན་པའི་སྐུ་བརྙན་གྱི་དབུ་ལ་ཞགས་པ་བསྐོན་ས་རེད། དགེ་འདུན་པའི་ཞལ་ལ་མི་གཙང་བ་བླུགས་ས་རེད། རང་གི་ཕ་མའི་ཞལ་ལ་མཛུབ་མོ་བཙུགས་ནས་་་མི་ངན་རིགས་བཞི་རུ་བགྲངས་ནས་ངོ་རྒོལ་བྱེད་ས་རེད། ཏན་ཏན་ཁྱེད་རང་རག་བསྡུས་དང་བྱམས་པ་ཕུན་ཚོགས་ལྟ་བུ་ཞིག་ཏུ་གྱུར་ཡོད་རྒྱུ་རེད་ཡ། ཧ ཧ ཧ ཧ
འདྲེ་རིགས་ལྡན་།
ད་ཁྱེད་ལྟ་བ་ལས་ལྟ་བའི་རྩོད་པ་ལས་ཕར་འདས་ནས་།གཞན་ཞིག་རྩོད་ཀིན་འདུག་།་ཁྱེད་མུ་མཐུད་དུ་འདི་ལྟར་འགྲོ་བསམ་ན་།ངས་ཡང་སྒྲ་ལ་བརྟེན་ནས་བྲོ་འཁྲབ་།
ང་ནི་དམར་སྲུང་དམག་རྣམས་ཀྱི་འགྲན་ཟླ་ག་ལ་ཡོང་།ཁྱོད་ཚོས་་ཐོག་དང་པོ་ནས་མེས་རྒྱལ་གྱིས་ཁྱེད་ཚོའི་ཕྲག་ཏུ་བཞག་པའི་ལས་ཀ་དང་དམིགས་ཡུལ་དམ་པོ་སེམས་ལ་བཞག་ནས་།རང་གི་རིག་གནས་དང་།ཆོས་ལུགས་ཚང་མ་འཕྱ་སྨོད་བྱས་།བོད་ཀྱི་མཁས་བ་རྣམས་ལ་རྒྱུ་མཚན་ཅི་ཡང་རྙིང་ཞེན་པ་ཞེས་་མཐོང་ཆུང་བྱས་།དེ་ནས་བོད་ལ་རིག་གནས་ཀྱི་གསར་བརྗེ་དགོས་ཞེས་བོད་ཀྱི་སེམས་ཀྱི་འཆར་སྟངས་གསར་བརྗེ་བྱ་དགོས་ཞེས་ལོ་དྲུག་ཅུ་ཙམ་འགྲོ་གིན་ཡོད་པ་རེད་།དེ་དག་གི་འགྲན་ཟླ་ག་ལ་འོང་།
ག་རེ་ཡིན་ནམ་།རྒྱ་གཞུང་གིས་ག་རེ་བྱས་པ་དེ་ཡང་བོད་ཀྱི་རིག་གནས་དང་།ཆོས་བ་དག་གིས་འདྲ་བ་ཞིག་ཏུ་འཁྲུལ་ནས་ཁོང་ཚོ་ཐོག་ལ་མི་བཟོད་པའི་ཁོང་ཁྲོ་སྐྱེས།
རྒྱ་ལ་ལྟོས་ནས་བོད་ཀྱི་མཁས་བ་ཡིན་ཚུལ་བཤད་།ཕོགས་ཟོས་།མགོ་སེར་རྣམས་ལ་བལྟས་ནས་བོད་ཀྱི་རིག་གཞུང་རྒྱུད་འཛིན་མཁན་ཡིན་ཞེས་བཤད་།རྫུན་བཤད་།དེ་ནས་བོད་མི་སྙོམས་ཆུང་གྲོག་མ་ཡང་གསོད་མ་ཐུབ་པ་དག་ལ་ལྟོས་ནས་།ཁྱོད་ཚོ་ཐོག་ནས་ཉིད་ནས་ཡོད་པའི་དད་པ་འགྲིག་གིན་མི་འདུག་།སྙིང་རྗེ་འགྲིག་གིན་མི་འདུག།དེ་ཚང་མ་གསར་བརྗེ་བྱེད་དགོས་ཞེས་རང་གིས་ཤེས་མདོག་མདོག་དང་།ཡིན་མདོག་གིས་སྐད་ཆ་མང་པོ་བཤད་།
ག་རེ་ཡིན་ནམ།
ང་ཚོ་ཁྲལ་པ་རྣམས་ཀྱིས་ཁྱོད་ཚོ་འཛིན་གྲྭ་དང་པོ་ནས་སློབ་གྲྭ་ཆེན་མོ་བར་གསོས་།དེ་ནས་ཁྱོད་ཚོ་མཐར་ཕྱིན་།ལས་བྱེད་པའི་་མིང་བཏགས་ནས་།བོད་ཀྱི་དཔེ་དེབ་དང་།སྐད་ཡིག་ཚུན་ཆད་ལ་དོ་དམ་བྱས་།ད་དུང་ཡིན་མདོག་མདོག་གིས་སྐད་ཆ་ཆེན་པོ་ས་སྟེང་མི་ཤོང་བ་རེ་བཤད་།་ག་རེ་ཡིན་ནམ།
མདོར་ན་།ལོ་དྲུག་ཅུ་ཙམ་ལ་བོད་ཀྱི་ཆོས་དང་།གྲྭ་བ་དང་བླ་མ་རྣམས་ལ་རྡུང་།བསད་།བཙོན་དུ་བཅུག་།ད་ལྟ་་མིང་གི་ལྷག་མ་ཙམ་ཡང་མེད་པའི་སྐབས་འདིར་།ད་དུང་སེམས་ཀྱི་ཐོག་ནས་མི་བཟོད་པ་ཞིག་ག་རེ་ཡོང་གིན་འདུག་།ཁྱེད་རང་ཚོས་གསར་བརྗེ་བྱ་འདོད་ན་།གསར་བརྗེ་བྱོས་།་དམག་འཁྲུག་རྒྱོབ།་ཟམ་པ་གཏོར་།དེ་ནས་རྒྱལ་ཁབ་ཚུགས་།དེ་མིན་སྐད་ཆ་ཚང་མ་སྟོང་བཤད་རེད་།དམར་སྲུང་དམག་གི་ལྟ་བ་ལས་གཞན་ཅི་ཡང་མི་འདུག་།
རྒྱ་ནག་ཉམས་ཞིབ་པས་ཞོགས་དུང་གི་རྩོམ་ཡིག་ཁག་ལ་སློབ་སྦྱོང་བྱས་ཡོད་མེད་ངས་མི་ཤེས། རྒྱ་ཞིབ་པས་ཞོགས་དུང་ལ་རྒོལ་གཏམ་གཏོང་ཚུལ་ལ་བལྟས་ན། ཞོགས་དུང་གི་རྩོམ་ཡིག་ཁག་གི་དོན་མ་གོ་བར་འཁྲུལ་ཤེས་ཀྱི་བསམ་བློ་འཛིན་གི་འདུག གསལ་པོར་བཤད་ན། ཞོགས་དུང་གི་རྩོམ་གྱི་ནང་དོན་མ་གོ་བས་ཁོང་ལ་ཞེད་སྣང་ལངས་གི་འདུག ཞོགས་དུང་གིས་‘‘རྒུད་པ་མཐའ་དག་གི་རྩ་བ་ནི་བག་ཆགས་རྙིང་པ་རེད་’’ཅེས་གསུངས་པ་རེད། དེར་མཐུད་ནས་‘‘ཡ་ཐོག་ལྷ་འདྲེ་བག་ཆགས’’། ‘‘ཡ་ཐོག་ཤེས་རིག་བག་ཆགས’’། ‘‘དམ་པ་ལྷ་ཆོས་བག་ཆགས་’’ཟེར་བ་ཞིག་གསུངས་གི་འདུག ‘‘དམ་པ་ལྷ་ཆོས་ཀྱི་ནང་དུ་དམ་པ་ལྷ་ཆོས་ནི་ཆོས་པའམ་ཐར་པ་སྒྲུབ་མཁན་ཚོའི་མཐོ་སྙེག་བྱ་ཡུལ་ཅིག་ཡིན་པ་ལས་འཇིག་རྟེན་པའམ་འཚོ་གནས་འབུངས་མཁན་ཚོས་དོན་དུ་གཉེར་བྱ་ཞིག་མིན’’་གསུངས་གི་འདུག ཆོས་ལ་དད་པ་ཡོད་དང་མེད་མཁན་ཞིག་གི་ངོས་ནས་བཤད་ན། འདི་ལ་རྩོད་པ་ཡོད་རུང་། སྤྱིར་ཞོགས་དུང་གིས་‘ངས་བཤད་གི་ཡོད་པ་ནི་རིག་གནས་སྐབས་ཀྱི་རྨེག་མེད་དང་བཅོམ་བརླག་ལྟ་བུ་ཞིག་ལ་གོ་གི་ཡོད། དེ་ནི་གོ་ནོར་ཆེན་པོ་ཞིག་རེད་’’ཅེས་གསལ་བཤད་གནང་གི་འདུག ཞོགས་དུང་གིས་དུངས་ཞེན་གྱི་དབང་གིས་སྤྱི་ཚོགས་འདི་གཤག་བཅོས་བྱེད་པར་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།
ཡུ་རོབ་ལ་མཚོན་ན་རྨོངས་དད་ཆོས་ལུགས་དགག་པ་གནང་མཁན་མང་པོ་བྱུང་བ་རེད། (David Hume) དང་། (Voltaire Emmanuel ) (Emmanuel Kant) (Jean Jacques Rousseau) (Jean le Rond D’Alembert) སོགས་ཀྱིས་རྨོངས་དད་ལ་དགག་པ་མཛད་པ་དང་། ཆོས་པ་ཚོས་དེ་ལ་དགག་པ་བྱས་པ་རེད། མཐར་བསམ་བློ་བ་དེ་ཚོས་སྤྱི་ཚོགས་གཤག་བཅོས་བྱས་པ་རེད། ཡུ་རོབ་ཀྱི་མི་ཚོ་རྨོངས་དད་ཀྱི་བཀག་རྒྱ་ལས་ཐར་བཅུག་པ་རེད། གསར་པ་གསར་རྐྱང་དང་འོད་སྣང་གི་སྤྱི་ཚོགས་ཤིག་ལ་མཛུབ་སྟོན་བྱས་པ་རེད། ཞོགས་དུང་གིས་ཀྱང་འོད་སྣང་གི་སྤྱི་ཚོགས་ཤིག་ལ་ལག་པ་བསྲིང་བཞིན་ཡོད་པ་རེད། འདི་ལ་གནད་འགག་ག་རེ་འདུག
སྙན་བཟང་གཡུང་དྲུང་ཚེ་རིང་།
ང་ཁྱོད་ཚོས་རྩོད་པ་དེ་དག་ལ་དངོས་གནས་དྲང་གནས་ཀྱི་དགོད་རྒྱུ་ཡོང་གིན་འདུག་།རྒྱུ་མཚན་ནི་འདི་རེད་།
༼༡༽ཞོགས་དུང་གི་ནུབ་ཀྱི་ལྟ་གྲུབ་འགའ་ཤས་ཚིག་རྒྱ་ཡིག་ཏུ་ཡོད་པ་དེ་དག་བོད་ཡིག་དུ་བཀོད་ནས་བོད་ཀྱི་ནང་ཆོས་ལ་དགག་པ་རྒྱག་བཞིན་པ་དང་།མོའི་ཡིས་མར་ལེ་རིང་ལུགས་ཀྱི་ལྟ་བ་བཀོད་ནས་བོད་ཀྱི་རིག་གནས་གསར་བྱས་པ་དོན་གྱི་ཆ་ནས་གཅིག་རེད་།
༼༢༽ངས་རྩ་བའི་དོན་གནད་ནི་འདི་ཡིན་།ཁྱོད་ཚོས་ནུབ་ཀྱི་མཚན་ཉིད་རིག་པའི་གཞི་ལམ་འབྲས་གསུམ་གྱི་ནང་དོན་ཧ་གོ་གིན་མེད་པ་བཞིན་དུ་།བོད་ཀྱི་ནང་བའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་ནང་དོན་ཡང་རྩ་བ་ཉིད་ནས་གོ་གིན་མི་འདུག་།
ནུབ་ཀྱི་ཆོས་ཀྱི་གཙོ་བོ་་ཡེ་ཤུའི་ལུགས་ལ་རྟག་བརྟན་རང་བཞན་ཅན་གྱི་དབང་ཕྱུག་གམ་།འཇིག་རྟེན་བྱེད་པ་པོ་ཞིག་ཁས་ལེན་ཞིང་།ནུབ་ཀྱི་མཚན་ཉིད་རིགས་པ་རྣམས་ཀྱིས་ཀྱང་འཇིག་རྟེན་བྱེད་པ་པོ་ཡོད་མེད་དང་།མི་རྣམས་ལ་རང་དབང་སོགས་ཅི་ཡང་མེད་པར་ལ་བྱེད་པ་པོ་ཞིག་གིས་བཀོད་པའི་འོག་ནས་འདུག་དགོས་ཚུལ་འདྲ་བ་ཞིག་བཤད་ཡོད་པ་དེ་ནི་རྩ་བའི་དགག་བྱ་རེད་།དེ་བཞིནབོད་ཀྱི་ནང་ཆོས་སུའང་རྟག་བརྟན་རང་བཞིན་ཅན་གྱི་བྱེད་པ་པོ་ཞིག་་རྩ་བ་ཉིད་ནས་ཁས་མི་ལེན་པ་མ་ཟད་།འགྲོ་བའི་སྡུག་གི་ཕྱག་གི་མི་སེལ་ལ་།ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ།འགྲོ་བ་སེམས་ཅན་གྱི་བདེ་སྡུག་གི་འབྲས་བུ་རང་རང་གིས་བསོགས་པའི་རྒྱུ་ལ་བརྟེན་ནས་བྱུང་བ་ཡིན་པར་བཤད་ཡོད་པ་རེད།
དེ་བས་སྐབས་འགག་ཞོགས་དུང་དང་།དམར་སྲུང་དམག་རྣམས་ཀྱི་་ནུབ་ཀྱི་མཚན་ཉིད་རིག་པ་འགའ་ཤས་ཀྱི་མིང་དྲངས་ཏེ་།མཁས་བ་འདི་དག་གིས་ཀྱང་རྙིང་བ་གཏོར་དགོས་བ་་བཤད་འདུག་ཅེས་བཤད་ཡོང་དུས་།དགོད་རྒྱུ་ཡོང་ནས་འདུག་མི་ཐུབ་པ་རེ་ཡོང་གིན་འདུག་།་དེ་བཞིན་ཁྱོད་ཀྱིས་དྲངས་བའི་མཁས་བ་དེ་དག་ཐམས་ཅད་ཀྱིས་རྟག་བརྟན་རང་བཞན་ཅན་གྱི་འཇིག་རྟེན་བྱེད་པ་པོ་དང་།དེའི་གྲུབ་མཐའ་འཛིན་པའི་ཆོས་བརྒྱུད་དག་ལ་དགག་ཡོད་པ་ལས་།སྟོང་ཉིད་ཀྱི་ལྟ་བ་དང་།ལས་རྒྱུ་འབྲས་།མཐར་གཏུག་གོམས་པའི་བློ་གསལ་སྣང་དུ་འགྲོ་འདོད་པའི་་ལྟ་བ་ཞིག་ནམ་ཡང་དགག་མེད་།
༼༣༽མཐར་གཏུག་ན་།བོད་ཀྱི་དམར་སྲུང་དམག་རྣམས་ཀྱི་ལྟ་གྲུབ་གྱི་གནད་འདི་ཧ་གོན་མ་རེད་།ཁོ་ཚོས་མཐོང་བ་ནི་དམར་བོ་ཐམས་ཅད་རྒྱལ་དར་དང་།རྙིང་བ་ཐམས་ཅད་གསར་བརྗེ་ངོ་ལོག་པ།ཆོས་ཟེར་བའི་མིང་ཡོད་པ་ཐམས་ཅད་གཅིག་འདྲ་ཞིག་མ་གཏོགས་མཐོང་གིན་མ་རེད་།
རྒྱ་ནག་ཉམས་ཞིབ་པ་ལགས།
ངས་ཡེ་ཤུའི་ཆོས་ལུགས་དང་ནང་ཆོས་གཉིས་ཀྱི་ལྟ་གྲུབ་ཀྱི་འགལ་ཟླའི་སྐོར་བཤད་གི་མེད། ང་ལྟ་བུ་ཞིག་གིས་བཤད་ག་ལ་ཤེས། གོང་དུ་ངས་དྲངས་པའི་ནུབ་ཀྱི་བསམ་བློ་བ་དེ་ཚོ་དཔེ་མཚོན་ཙམ་ཡིན། ནུབ་ལ་མཚོན་ནས་བཤད་ན། ཁོང་ཚོར་ཡ་ཐོག་གི་ཤེས་རིག་གིས་སྐྱེད་པའི་བག་ཆགས་ཤིག་ཡོད་པ་རེད། བོད་ལ་མཚོན་ནའང་ཡ་ཐོག་ནས་བརྒྱུད་དེ་འོངས་པའི་ཤེས་རིག་རྙིང་བ་ཞིག་ཡོད་པ་རེད། དེ་ལ་ཕྱོགས་གཉི་གའི་མི་རྣམས་ཀྱིས་གཤག་བཅོས་བཏང་བ་རེད། གཏོང་བཞིན་པ་རེད། དེ་མིན་ཡེ་ཤུའི་ཆོས་ལུགས་དང་ནང་པའི་ལྟ་གྲུབ་གཉིས་འགལ་ཟླ་ཡིན་དང་མིན་གྱི་སྐོར་བཤག་གི་མེད།
དྲང་མོར་བཤད་ན། ཁྱེད་ཀྱིས་ཞོགས་དུང་གི་བརྩམས་ཆོས་ཁག་ྐློག་ཡོད་དང་མེད། མེད་ན་ང་ལ་བཤད་རྒྱུ་མེད། ཡོད་ན། ཚིག་གྲུབ་འདི་དང་དེ་དང་། ལྟ་བ་འདི་དང་གན་ལ་འཐད་ཀྱི་མི་འདུག་ཅེས་ལུང་འདྲེན་རོགས། རེ་རེ་བཞིན་འདྲེན་རོགས། དེ་ནས་ངས་བསམ་བློ་གཏོང་གི་ཡིན། ད་དུང་ཁྱོད་ཀྱིས་ཞོགས་དུང་གིས་ནུབ་ཀྱི་ལྟ་གྲུབ་ཁག་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་རེད་ཅེས་བཤད་གི་འདུག ང་ལ་ཚིག་གྲུབ་དང་བཅས་པ་སྟོན་དགོས། ད་སྟོན་ཅིག
ཨ་ཙི།ཡ་མཚར་།
གཞན་གྱི་བྱས་ཟིན་པ་ཞིག་ང་ཚོས་ཀྱང་ངེས་པར་ཏུ་བྱ་དགོས་སམ།དེ་ན་ཐོག་དང་པོ་བོད་ཀྱི་ནང་ཆོས་རྣམས་ཡེ་ཤུ་ཆོས་སུ་བསྒྱུར་།དེ་ནས་ནུབ་ཕྱོགས་ཀྱིས་མཁས་བ་འདི་དག་གི་ལུང་དང་ཁྱེར་ཤོག་དང་།ད་ཞིབ་དཔྱད་བྱས་།དེ་མིན་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་རེད་།
ཧ་ཧ་ཧ།ང་དམར་སྲུང་དམག་མི་ཚོ་དང་འདྲ་གིན་མ་རེད།་ངས་སྐད་ཆ་ག་རེ་བཤད་ཀྱང་ཐོག་དང་པོ་གཞན་གྱི་དགོངས་བ་གཞན་གྱི་དྲི་མ་མེད་པ་དེ་ཤེས་ཅི་ཐུབ་བྱས་།དེ་ན་དེའི་དོན་གནད་སོགས་ལ་དཔྱད་པ་བྱོས་།དེ་ནས་རང་ནུས་ཀྱི་འདི་དང་འདིའི་ཞེས་སྐད་ཆ་འགའ་བཤད་ཀྱིན་ཡོད་།དེ་ལས་ལྡོག་ཏེ།དམར་སྲུང་དམག་རྣམས་ཀྱིས་ཐོག་དང་པོ་གཞན་གྱི་ག་རེ་བཤད་གིན་ཡོད་པའང་ཧ་མ་གོ་།་དཔྱད་པ་མི་གཏོང་།དེ་ནས་དུས་༤༩རྗེས་སུ་བྱུང་བའི་ལྟ་བ་རྣམས་ནི་ཚན་རིག་དང་།གསར་བརྗེ་ཡིན་པ་།དེའི་གོང་དུ་བྱུང་བ་རྣམས་ནི་རྙིང་བ་དང་།དྲི་མ་ཅན་ཡིན་པ་འདྲ་བ་དག་བཤད་ཀྱིན་ཡོད་པ་མ་རེད་དམ་།
ངས་ཞོགས་དུང་གིས་དཔེ་དེབ་ཀློག་ཡོད་མེད་ཀྱིས་ཐོག་དང་པོ་ངས་བྲིས་བ་དེ་ཚོར་ཀློག་།དེ་ནས་ལན་རྒྱོབ་།ཐོག་དང་པོ་འདི་ནས་མགོ་རྩོམས་།ཞོགས་དུང་གི་ཚིག་ལ་ཚིག་དྲངས་ནས་སྐད་ཆ་བཤད་ཡོད་།
http://www.khabdha.org/?p=7758#more-7758
ཁྱེད་ཀྱི་རྩོམ་དེར་མིག་བཤེར་ཙམ་བྱས་པ་ཡིན། ཆ་ཚང་ྐློག་མེད། རྩོམ་དེའི་ནང་དུ་ཞོགས་དུང་གི་ལྟ་བ་བཤད་གི་མི་འདུག རྗེ་གུང་ཐང་ཚང་གིས་མདེའུ་མེད་པ་མདའ་འཕེན་པ། དགྲ་བོ་སྤྱན་འདྲེན་ཕོ་ཉ་ཡིན་གསུངས་པ་རེད། དོན་དངོས་སུ་ཁྱོད་ཀྱིས་ག་རེ་བཤད་གི་ཡོད། ངས་ཁྱོད་ཀྱི་བསམ་བློ་གཏོང་སྟངས་ནི་ཇི་འདྲ་ཞིག་ཡིན་མིན་མགོ་ཚོས་ཀྱི་མི་འདུག ད་ང་ཉལ་གི་ཡིན། ཞོགས་པའི་ཆུ་ཚོད་གཉིས་པ་རེད། སང་གནངས་ཤིག་ལ་ཐུག
སྙན་བཟང་གཡུང་དྲུང་ཚེ་རིང་།
ལྟོས་དང་”ཁྱེད་ཀྱི་རྩོམ་དེར་མིག་བཤེར་ཙམ་བྱས་པ་ཡིན། ཆ་ཚང་ྐློག་མེད། རྩོམ་དེའི་ནང་དུ་ཞོགས་དུང་གི་ལྟ་བ་བཤད་གི་མི་འདུག”
ཆ་ཚང་མ་ཀློག་པར་།ཞོགས་དུང་གི་ལྟ་བ་བཤད་ཀྱིན་མེད་པ་ག་རེ་བྱས་བ་ཤེས་བ་རེད།མཁྱེན་པ་རེད་དམ།
ཧ་ཧ།
གྲོགས་པོ་ཚོས་གོང་ཞིག་ཏུ་Maslowཟེར་བ་དེས་གང་བཤད་ཡོད་མེད་ཅིག་བཤད་ཀྱིན་འདུག ངའི་སློབ་ཚན་དེ་ཆུའི་སྐོར་རེད། ངའི་སློབ་དེབ་ཀྱི་ནང་དུ་འདི་འདྲ་བྲིས་འདུག The renowned humanist psychologist, Maslow, maintains the most of human needs are those of suvival, water, food and shelter. ཞེས་ཆུ་དང་ཟས དང སྡོད་ཁྱིམ་གསུམ་པོར་བཞག་འདུག
སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
ལྕགས་མོ་འཚོའི་དྲ་བ་ལས་དྲངས།
“མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། རྔམ་གནགས་བཞིན་གྱི་སྙེར་མ་མི་སངས་པ། མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི་། དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། ”
“མི་གོ་བ་ལ་ཁ་ཏ་བྱེད་པ་ལས། ཀོ་བ་སྐམ་པོ་ལག་པས་ཕུར་བ་དགའ། ”
དེ་རིང་འདས་ལོའི་སློབ་གྲོགས་མང་པོ་ཞིག་དང་འདུ་འཛོམས་དུས་ཆད་བཏབ་ཡོད་པ་ལྟར་དེར་སོང་ནས་ཉིན་ཧྲིལ་པོ་འགོར་སོང་། ཕྱིར་ཐོན་དུས་་་་ རྒྱ་ནག་ཉམས་ཞིབ་པས་ཡང་སྐྱུག་བྲོ་བའི་ཁྱི་སྐད་འདྲ་ཞིག་བརྒྱབ་འདུག ད་ངོ་མ་གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལསདབྱུགས་པ་བཙན། ཟེར་བ་དེ་དྲན་པ་ལས་གཞན་མི་འདུག
སྐུ་ཞབས་ཞོགས་དུང་ལགས། ཁྱེད་ཉིད་བློ་བདེ་བོར་ཕེབས་ཤིག འཇིགས་དངངས་མེད་པར་ཕེབས་ཤིག ནམ་ཉི་མ་ང་ཚོ་ཁྱེད་ཀྱི་རྗེས་སུ་འབྲངས་ནས་མུན་ནག་གི་བཙོན་དུང་དེར་ཡོང་ཆོག རང་དབང་གི་ཆེད་དུ།
འདྲེ་རིག་ལྡན་ལགས།
ད་སྐད་ཆ་མང་པོ་གླེང་དགོས་ཀྱིན་མི་འདུག།ཁ་ཁོག་མེད་པར་མངོན་སུམ་དུ་རང་གི་སེམས་ཀྱི་འཆར་སྲོལ་ངོ་མ་དེ་ཕྱིར་ལ་བསྟན་་འདུག་།
མི་ལ་དབྱུག་པ་ལྡུང་བ་དང་།དུད་འགྲོའི་མིང་དུ་འབོད་པ་སོགས་ལ་ཁྱེད་ཚོ་ལས་མཁས་བ་ཡོད་པ་མ་རེད་།དེ་བས་ང་་ཁྱེད་རང་ཚོ་ལ་འགྲན་ཟླ་ཡོང་གིན་མ་རེད་།
སྐད་ཆ་བདེན་པ་ཞིག་དང་།གནས་ལུགས་ངོ་མ་དག་བཤད་ཚར་པ་ཡིན་།།དེ་མིན་དེའི་སྐོར་མུ་མཐུད་དུ་འབྲི་རྩིས་ཡོད་པ་མ་ཟད་།རྗེས་སུ་བོད་ཀྱི་དམར་སྲུང་རྣམས་ལ་ཕུལ་བ་ཞེས་བའི་ཆེད་རྩོམ་ཞིག་ཀྱང་དབྱིན་བོད་གཉིས་ཀྱི་སྟེང་ནས་འབྲི་བཞིན་ཡོད་།ད་བར་ཏུ་ཁྱོད་ཚོས་བོད་ཀྱི་རིག་གནས་དང་།དགོན་པའི་སློབ་གསོ།དེ་བཞིན་ཞིང་བ་དང་འབྲོག་པ་ཚང་མའི་སེམས་སུ་འཆར་སྟངས་ཚང་མ་མ་འགྲིག་པ་རེད་ཅེས་།དངོས་སུ་གཏོར་བཤིག་དང་།འགག་འགོག་།འཕྱ་སྨོད་།མཐོང་ཆུང་།ཟུར་ཟ་བྱས་དང་བྱེད་བཞིན་པ་རེད་།ད་ནི་ཁྱེད་ཅག་གི་སློབ་གསོ་དང་།ལས་ཀ་ངོ་མ་།སེམས་ཀྱི་འཆར་སྟངས་སོགས་ལ་ཞིབ་དཔྱད་བྱས་ཏེ་སྐད་ཆ་བཤད་པའི་དུས་སུ་བབས་།དམར་པོའི་ནད་ཡམས་དེ་དག་བཙན་བྱོལ་ནང་དུ་སྤེལ་མགོ་ཚུགས་འདུག
ང་རང་སྒེར་གྱི་ངོས་ནས་བཤད་ན།ཞོགས་དུང་ལ་མི་དགའ་བ་ཅི་ཡང་མེད་།ཁོ་འཛིན་བཟུང་མ་བྱས་པའི་སྔོན་དུ་ཁོའི་དཔེ་དེབ་དེ་མི་འདྲ་བ་ཞིག་ལ་བརྩིས་ཏེ་།བློ་དྲང་མོས་གདེང་མཇོག་གི་ཆེད་རྩོམ་ཞིག་ཀྱང་བྲིས་བ་ཡིན་།དེ་མིན་ཁོ་འཛིན་བཟུང་བྱས་ཚར་དུས་།སེམས་ཁྲལ་གྱིས་རང་གིས་ཐམས་ཤེས་སྣ་ཚོགས་བཏོན་ཏེ་འཛམ་གླིང་ཐོག་ཏུ་བརྒྱུད་བསྒྲགས་བྱས་ཅི་ཐུབ་བྱས་པ་ཡིན་།ད་བར་མི་གཅིག་གི་དོན་ལ་ལས་ཀ་འདི་འདྲ་ཞིག་བྱས་མྱོང་མེད་།ངས་མི་ཁོང་ངོ་མི་ཤེས་།ཡིན་ནའང་ཁོང་གི་བློ་ཉེ་བའི་གྲོགས་པོ་འགའ་རེས་ངོ་ཤེས་བཞིན་ཡོད་པ་མ་ཟད་།དུས་རྒྱུན་གླེང་མོའང་བྱས་གིན་ཡོད་།
མི་ཁྱོད་གནས་ལུགས་འདི་འདྲ་གོ་མཁན་ཞིག་ཡིན་བཟོ་མི་འདུག་།
མདོར་ན་།་ཞོགས་དུང་གི་ལྟ་བའི་རྗེས་སུ་འབྲངས་མཁན་དག་གིས་ཞོགས་དུང་གི་ལྟ་གྲུབ་དང་།ཞོགས་དུང་ལ་ཕོག་པའི་ཆབ་སྲིད་ཀྱི་བཙོན་ར་གཉིས་ཀྱི་ཁྱད་པར་ཤེས་བའི་བཟོ་་མི་འདུག་།དེ་བས་དམངས་གཙོ་གླེང་བ་དང་།ནུབ་ཀྱི་ལྟ་གྲུབ་སྐོར་ཅིག་གླེང་བཞིན་པ་དོན་གྱིས་།ཐམས་ཅད་ཆབ་སྲིད་དུ་འདོད་པའི་དམར་བོའི་ལྟ་བ་རང་ཏུ་འདུག།
ནུབ་ཀྱི་མཁས་བ་སུ་ཞིག་གིས་ཁྱད་པར་འདི་གསལ་བོ་ཕྱེས་ཤེས་གིན་རེད་།
འདི་ནི་ང་ཚོས་ཁོ་ལ་བཞག་པའི་སྡོམ་ཚིག་རེད་།
“In fact, Shogdung’s hyper critical attack on traditional Tibetan cultural practices was seen by many Tibetans as remnant of the Cultural Revolution and the fact that his article was published through an official channel, it was seen as resembling the view of the CCP.”
http://www.highpeakspureearth.com/
མདང་དགུང་ཞོགས་དུང་གི་གནམ་ས་གོ་འབྱེད་བཀླགས་པ་ཡིན། སྔར་བག་ཆགས་དོང་སྤྲུགས་སོགས་ཀྱང་བཀླགས་མྱོང་མཁན་ཞིག་ཡིན། ད་རེས་ཞོགས་དུང་འཛིན་བཟུང་བྱས་པ་དེ་ལ་དགའ་སྐྱོ་གཉིས་ཀའི་སེམས་ཚོར་བྱུང་། དགའ་ས་ནི་དེང་སང་གི་བོད་མི་ཤེས་ཡོན་ཅན་ཚོའི་ཆེད་དུ་རང་གི་བསམ་ཚུལ་གྱི་ཆེད་དུ་བཙོན་ཁང་དུ་འགྲོ་སྤོབས་ཡོད་པ་དེ་རེད། སྐྱོ་ས་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་གདུག་རྩུབ་དེ་རེད། འདི་ནི་ཞོགས་དུང་གི་འཛིན་བཟུང་གི་སྐོར་ཡིན།
དེ་ནས་ཞོགས་དུང་གི་བསམ་ཚུལ་གྱི་སྐོར་ལ། ཁོང་གི་རྩོམ་ཡིག་དེ་དག་ལས་འདོད་པ་མི་ཁེངས་ས་ཆེ་ཤོས་ནི། བྱེ་བྲག་ཏུ་མི་འབབ་པར་སྤྱི་བཤད་བྱེད་པ་དེ་རེད། དཔེར་ན། ཁོང་གིས་བག་ཆགས་དང་བག་ཆགས་ཞེས་བག་ཆགས་ཀྱི་གནད་དོན་བཤད་པ་མ་གཏོགས། དཔེར་ན། ༡༩༥༠ ཚུན་ལ་རྒྱ་ནག་གི་དཔལ་འབྱོར་གྱི་སྲིད་ཇུས་ཀྱི་འོག་ནས་བོད་མིའི་དཔལ་འབྱོར་འདུ་འགོད་ཀྱི་ནུས་པ་ལ་དགེ་སྐྱོན་གྱི་ཤུགས་རྐྱེན་ཅི་ཙམ་བྱུང་ཡོད་མེད་ཀྱི་དབྱེ་ཞིབ་མི་བྱེད་པ་དེ་ལྟ་བུ་ཡིན། དེ་ནི་གཅིག་བྱས་ན་ཁོང་གིས་རང་གི་བདེ་འཇགས་ཀྱི་ཆེད་དུ་མ་བཤད་པ་རེད་ཅེས་བསམ་མྱོང་ལ། ཡང་། མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན་པ་དེ་ཚོར་དྲང་མོར་བཤད་ན་སྤྱི་བཤད་ཙམ་མ་གཏོགས། རིག་ཚན་གང་ཅིའི་ཐད་ལ་ཆེད་གཉེར་གྱི་སློབ་སྦྱོང་མེད་པའི་རྐྱེན་གྱིས་མིན་ནམ་བསམ་པ་ཡིན།
ཡིན་ནའང་ད་རེས་གནམ་ས་གོ་འབྱེད་ཀློག་སྐབས། ཞོགས་དུང་གིས་བོད་ཀྱི་སྤྱི་ཚོགས་ལ་ལྟ་སྟངས་ཀྱི་མིག་དེ་ཇེ་རྣོ་ནས་ཇེ་རྣོ་དང་། བསམ་ཇེ་ཤེས་ནས་ཇེ་ཤེས་ཡིན་པའི་ཡིད་ཆེས་སྤྲད་སོང་། ལྷག་པར་དུ་ད་རེས་ཀྱི་བཙོན་འཇུག་གི་བརྒྱུད་རིམ་འདིའི་ཁྲོད་ནས་ཁོང་གི་བསམ་བློ་ལ་སྦྱོང་བརྡར་ཡག་ཐག་ཆོད་ཅིག་ཐོབ་རྒྱུའི་རེ་བ་ཡོད། བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་ཞོགས་དུང་གི་གནམ་ས་གོ་འབྱེད་ཀྱི་སྙིང་སྟོབས་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད།
ནོར་བཅོས།
དགའ་ས་ནི་དེང་སང་གི་བོད་མི་ཤེས་ཡོན་ཅན་ཚོའི་ཁྲོད་དུ་རང་གི་བསམ་ཚུལ་གྱི་ཆེད་དུ་བཙོན་ཁང་དུ་འགྲོ་སྤོབས་ཡོད་པ་དེ་རེད་ཅེས་བཅོས་རོགས་ཞུ།
རྒྱ་ནག་ཉམས་ཞིབ་པ།
ཁྱེད་ཀྱི་མཆན་མང་དག་ཅིག་བཀླགས་པ་ཡིན། ལྟ་རྒྱ་ཐོས་རྒྱ་ཡོད་མཁན་ཞིག་རེད་བསམ་བྱུང་། ཡིན་ནའང་ཕན་ཚུན་བསམ་ཚུལ་བཤད་ས་འགྲོ་མཁན་ཞིག་ཡིན་པའི་སྣང་བ་སྤྲད་མ་སོང་མོད། བསམ་ཚུལ་མཐུན་མི་མཐུན་དེ་གནད་འགག་ཆེན་པོ་ཞིག་རེད་མི་འདོད་པར། ཁྱེད་ཀྱིས་དྲ་ཐོག་ཏུ་འདི་ལྟར་དུས་ཚོད་མང་པོ་བཏང་སྟེ་བོད་ཀྱི་བདེ་སྡུག་བཤད་པ་དེ་ནི་རང་ཐོག་ལ་སྐོར་ན་ལས་སླ་མོ་ཞིག་མ་རེད་འདོད། ཁོམ་པ་ནམ་ཡོད་ལ་ཁྱེད་རྣམ་པ་ཚོའི་མཆན་རྣམས་མུ་མཐུད་དུ་ཀློག་རྒྱུ་ཡིན།
གཡུ་འབྲུག་ལགས་།
ངས་རྩ་དོན་གཉིས་སེམས་ལ་བཟུང་ཏེ་སྐད་ཆ་བཤད་ཀིན་ཡོད་།
༼༡༽གཞན་གྱི་གང་ལབ་དེ་ཧ་གསལ་བོ་ཞིག་མ་གོ་ན་།དེ་ལ་ལན་རྒྱག་རྒྱུ་མིན་པ་དང་།
༼༢༽དེ་བཞིན་རང་གིས་བྲིས་བའི་དོན་གནད་དག་ལ་ལན་མ་རྒྱབ་ན་།དོན་མེད་ཀྱི་འཆལ་གཏམ་ལ་ལན་འདེབས་མི་བྱེད་པའི་རྩ་དོན་དེ་གཉིས་ཡིན་།
ངས་ཆུ་ཚོད་ལ་སེམས་ཁུར་རྩ་བ་ཉིད་ནས་མ་བྱེད་།སློབ་གྲྭ་ཞིག་གིས་ཕྲན་སྒོར་འགའ་བྱིན་ཏེ་།རྩོམ་འབྲི་རྒྱུ་དང་མཆན་འགོད་པ།་ཞིབ་མཇུག་ཁོ་ནས་བྱས་དགོས་བའི་ལས་ཀ་ཞིག་སྤྲད་ཡོད་།དེ་བེད་སྤྱོད་ཡག་པོ་མ་གཏང་ན་ལས་དང་རྒྱུ་འབྲས་སུ་ག་ལ་རུང་།བཤད་དགོས་བ་ཞིག་།ཁྱོད་ཚོ་ལ་ལན་འདེབས་པ་ལ་ཆུ་ཚོད་རིང་པོ་མི་དགོས་།སྐར་འགའ་ཤས་ཀྱིས་ཆོག་གིན་འདུག་།ཁྱེད་ལ་བཏབ་པའི་མཆན་འདི་སྐར་མ་གཉིས་ཀྱི་་ནང་བྲིས་ཚར་འདུག་།ཡིག་ནོར་ལ་ཞིབ་བཏགས་སོགས་བྱས་ཀིན་མེད་།སེམསལ་དྲན་ནང་བཞིན་འབྲི་གིན་ཡོད་།བཀྲ་ཤིས་བདེ་ལེགས་།
བཀྲ་ཤིས་བདེ་ལེགས་།སྐར་
འོ་བརྗེད་འདུག་།ཏང་དྲིན་ཡར་འཕེར་་ཞིག་མིན་པའི་རེ་བ་ཡོད་།ཧཧ
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་།
དོན་མེད་ྐླན་ཀ་འཚོལ་བའི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། དོན་མེད་ྐླན་ཀ་འཚོལ་བའི་རིགས་ཀྱི་མཆན་མང་དུ་བཏབས་ན། མཆན་དེའི་རིགས་དང་མཆན་བུ་འདེབས་མཁན་གཉིས་ཀ་གཏན་འགོག་བྱེད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཞིང་གཤེགས་སྐུ་ཞབས་དོན་འགྲུབ་རྒྱལ་དང་ཞོགས་དུང་སོགས་བོད་ཀྱི་སྲོལ་རྒྱུན་འདུ་ཤེས་ལ་བསྐྱར་ཞིབ་བྱེད་མཁན་རྣམས་ཀྱི་དགོངས་ཚུལ་མཐའ་གཅིག་ཏུ་འགྲིག་འདུག་དང་། མི་འདུག་ཅེས་ཁ་ཚོན་གཅོད་དཀའ་ནའང་།
མའོ་ཙེ་ཏུང་གིས་བོད་ཀྱིས་སྙིང་ཁར་གྲི་རྩེ་གཏད་པ་དང་། ཁོང་རྣམ་པས་བོད་མི་རིགས་ཀྱི་མདུན་ལྗོངས་སྨྱུ་གུས་འཚོལ་སྙེག་བྱེད་པ་ཟུང་བྱེད་སྟངས་གཅིག་རེད་ཅེས་སྨྲས་ན་བདེན་པར་མ་མཐོང་།
མའོ་ཙེ་ཏུང་གི་བོད་འཆི་ལམ་དུ་དེད་པ་རེད་ལ། བོད་ཀྱི་ཡི་གེ་བར་འབོད་པ་ཁོང་ཚོས་བོད་སྐྱོབ་པའི་ལམ་ཁ་འཚོལ་ཀྱིན་པ་རེད།
བསྟན་འཛིན་བདེ་བྱེད་།
ད་ཐེངས་དྲི་ཚིག་ཡག་པོ་ཞིག་དྲིས་འདུག་།དོན་འགྲུབ་རྒྱལ་དང་དེ་བཞིན་ཞོགས་དུང་སོགས་ཀྱི་ལྟ་བ་ནི་རིག་གསར་གྱི་སྐབས་སུ་བྱུང་བའི་རྙིང་གཏོར་གྱི་ལྟ་བའི་ཤན་ཞུགས་པ་ལས་བྱུང་བ་རེད་ཟེར་བཞིན་ཡོད་པ་རེད་མ་གཏོགས་།ཁོ་ཚོས་དམིགས་ཡུལ་གཅིག་པ་རེད་ཅེས་བཤད་བཞིན་ཡོད་པ་མ་རེད་།
རྩ་དོན་འདི་རེད།
༼༡༽མོའི་དགོངས་བ་མཐར་ཐུག་ནི་རྙིང་བཞི་ “破四旧”༼གོམས་བཤིད་རྙིང་བ།རིག་གནས་རྙིང་བ་།སྤྱོད་པ་རྙིང་བ་།བསམ་བློ་རྙིང་བ་༽གཏོར་ནས་།ཁོ་རང་གི་ལྟ་བ་དཔལ་འབྱོར་སྤྱི་ཚོགས་སུ་རང་ལུགས་ཀྱི་བསྒྱུར་བསམ་པ་དང།
༼༢༽ཞོགས་དུང་སོགས་ནས་རྙིང་བཞི་གཏོར་ཏེ་བོད་རྒྱ་ནག་་གི་འོག་ནས་ཐར་ཐབས་ཚུལ་བཤད་ཀྱིན་་ཡོད་པ་རེད་།
ལྟོས་དང་།མདོར་ན་རྙིང་བཞི་གཏོར་དགོས་བ་ཡང་འདྲ་འདྲ་།ངས་དུས་སྐབས་དེའི་སྐབས་སུ་བཏོན་པའི་བོད་ཡིག་གི་ཚགས་ར་དང་དཔེ་དེབ་འགའ་ཤས་།ཧ་ལས་བ་ཞིག་ལ་ཚིག་ལ་ཚིག་དང་།དོན་ལ་དོན་ཅི་བཞིན་དུ་འདག་།ཡིན་ནའང་དམིགས་ཡུལ་རྩ་བ་ཉིད་་ཐ་དད་རེད།
དེ་འདྲ་མ་རེད་དམ་།
ཁ་བརྡ་རྩོམ་སྒྲིག་པ་ལགས་།
ཀླན་ཀ་འཚོལ་མཁན་གྱི་མི་དེ་དག་སུས་ཡིན་ནམ།དྲ་མིང་དང་བཅས་གསལ་བོ་འགོད་ཐུབ་ན་།ཕན་ཐོགས་ཆེན་པོ་འདུག་།དེ་མིན་སུ་ལ་བཤད་ཀིན་ཡོད་པ་ཧ་གིན་མ་རེད་།
ཉམས་ཞིབ་པ་ལགས་ཀྱིས་མའོ་ཙེ་ཏུང་གི་རྙིང་བཞི་གཏོར་བའི་གཞུང་ལུགས་ཞོགས་དུང་གིས་འདྲ་བཤུས་བྱས་འདུག་ཟེར།
དེས་ན། ཉམས་ཞིབ་པ་ཡི་མའོ་ཡི་རྙིང་བཞི་གཏོར་བའི་གསུང་རྩོམ་དང་ཞོགས་དུང་གི་བརྩམས་ཆོས་ཟུང་དཔེ་བསྡུར་ངོ་སྤྲོད་ཅིག་གནང་རོགས།
ཞོགས་དུང་གི་གནམ་ས་གོ་འབྱེད་ཀློག་ཁོམ་མ་བྱུང་མཁན་ཚོར་གཤམ་གྱི་ཚན་པ་འདི་མཚམས་སྦྱོར་ཞུ་འདོད་བྱུང་། འདི་ནི་ཞོགས་དུང་གིས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ནི་དབྱིན་ཇིའི་མི་སེར་སྤེལ་བའི་རིང་ལུགས་ལས་ཀྱང་ཐབས་རྡུགས་ཡིན་པའི་ངོས་འཛིན་བྱེད་སྟངས་ཞིག་རེད། ཚན་པ་འདི་ལས་ང་ཚོས་ཞོགས་དུང་གིས་སྨྲ་བརྗོད་ཀྱི་ཁ་ལྕེ་འགུལ་བ་དེས་ཁོང་ལ་དཀའ་ངལ་ཅི་ཙམ་འཕྲད་རྒྱུ་ཡིན་པ་ཤེས་བཞིན་དུ་རང་གི་བསམ་ཚུལ་སྤྱི་བསྒྲགས་བྱེད་པའི་སྙིང་སྟོབས་དེ་མཚོན་ཡོད་པར་འདོད། ཤོག་ངོས་ p154 ལས་དྲངས།
“གན་དྷིའི་སྐབས་སུ་ནི་རྒྱ་གར་དུ་སྔར་བཞིན་ཆོས་ལུགས་གྲུབ་མཐའ་མང་ཚུལ་དང་། དབང་སྒྱུར་པས་རྒྱ་གར་པ་རྣམས་ “ཀླ་ཀློ་དང། རྨོངས་རྟུལ། མུན་ནག རྗེས་ལུས” ཡིན་པར་འདོད་ཚུལ་དང་། དེ་དག་གི་འཚིར་གནོན་དང་དམ་དྲག གཏུམ་སྤྱོད་ནམ་ཡང་རྒོད་ཚུལ་བཅས་ནི་སྤྱིའི་ཆ་ནས་ད་ལྟའི་བོད་དང་གཅིག་པ་གཅིག་མཚུངས་རེད། མི་འདྲ་ས་ནི། ལྟོས་ས་ལྟོས་འཇོག་ཏུ་རྒྱ་གར་ལ་ཆབ་སྲིད་ཚོགས་པ་ཤུགས་ཆེན་ཆགས་སོང་བ་དེ་འདྲ་བོད་དུ་མ་ཆགས་པ་དང་། ལྟོས་ས་ལྟོས་འཇོག་ཏུ་རྒྱ་གར་གྱི་དབང་སྒྱུར་པ་ནི་གནས་ལུགས་རྒྱུ་འབྲས་ཅུང་ཟད་ཡོད་པའི་དབྱིན་ཇི་པ་དེ་འདྲ་བོད་དུ་མ་ཡིན་པ་དང་། ཡང་ལྟོས་ས་ལྟོས་འཇོག་ཏུ་རྒྱ་གར་ཡུལ་གཞིས་སུ་རང་དབང་སྲིད་ཀྱི་ཐོབ་ཐང་རྩོད་ཤེས་ཀྱི་་གན་དྷི་བྱོན་པ་དེ་འདྲ་བོད་ཀྱི་ཡུལ་གཞིས་སུ་མ་བྱོན་པ་དེ་སོགས་རེད། དེ་ལའང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ….. གཙོ་ཆེ་བ་ནི་ཆབ་སྲིད་ལས་འགུལ་གྱི་བྱེད་པོ་ཡིན་བཞིན་གན་དྷིས་ཇི་ལྟར་སྲིད་དོན་བཤད་ཀྱང་ཇི་ལྟར་སྲིད་གཞུང་དགག་ཀྱང་། ཐ་ན་བཙོན་དུ་བཞུགས་ནའང་སྲོག་དབུགས་འཕྲོག་པ་ལྟ་ཞོག གསུང་དང་ཕྱག་རྩོམ་གང་ཡིན་དུས་ཐོག་གསར་ལམ་དུ་འགོད་པའི་ཐོབ་ཐང་མི་རྫི་བར་བཤད་དེ། མ་མཐའི་རྒྱུ་འབྲས་བརྩི་བའི་ཆབ་སྲིད་ཁོར་ཡུག་ཅིག་ཡོད་པས་སོ།།”
དྲ་གྲོགས་ཚོས་གནམ་ས་གོ་འབྱེད་ངེས་པར་དུ་ཀློག་རྒྱུའི་འབོད་སྐུལ་ཞུ། འབྲེལ་ཐག་འདི་ནས་ཀློག་ཐུབ་ཀྱི་འདུག
འབྲེལ་ཐག་འདི་ནས་ཀློག་ཐུབ་ཀྱི་འདུག
http://www.khabdha.org/?p=7733
ངས་མཆན་ཅི་ལ་བསུབ་པ་ཡིན།
རྒྱ་ནག་ཉམས་ཞིབ་པ་ཁོ་་་་མདོར་བསྡུས་ནས་བཤད་ན་གུང་བྲན་ཏང་གིས་ཆེད་དུ་དྲ་ཐོག་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གཏོར་བར་བཏང་པའི་ཁྱི་རྒན་ཞིག་རེད། དེང་སྐབས། བོད་ནང་གི་ས་ཡོམ་དང་། ཤེས་ལྡན་པ་ཚོ་རེ་རེ་བཞིན་བཙོན་དུ་ཁྲིད་བཞིན་པའི་དུས་ངན་འདི་འདྲར། ང་ཚོས་ཕྱོགས་གཅིག་ནས་སྤུན་ཟླ་འདས་པོ་དག་ལ་མྱ་ངན་དང་། ཕྱོགས་གཅིག་ནས་ཆབ་སྲིད་བཙོན་པ་ཚོའི་རྐང་རྗེས་འཚོལ་ཞིང་ཁོང་ཚོའི་རེ་སྙེག་ལ་དཔྱད་ཞིབ་དང་འདེང་འཇོག་བྱེད་དགོས་པ་དེ་ལྟར་ཡང་། ཁོས་འདི་ནས་་་་ བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བསམ་ཕོད་པ་དང་། སྒྲུབ་ཕོད་པ། རང་ཉིད་བློས་གཏོང་གི་བསམ་རྒྱ་ཆེ་བའི་བོད་ཀྱི་བསམ་བློ་བ་ཞོགས་དུང་གིས་གཙོས་པའི་བོད་ནང་གི་ཤེས་ལྡན་པ་ཚོར་་་་་ མའོ་དང་། དམར་སྲུང་དམག་སོགས་་་ མདོར་ན་བོད་མི་རིགས་ཀྱི་ཐོད་རུས་ས་ལ་ཟག་སོང་རུང་སྙིང་ནད་བརྗེད་མི་ཐུབ་པ་དེ་ཚོར་རིགས་འགྲེས་ཀྱིས་སྐད་ཆ་བཤད་པ་འདི་། ནམ་ནམ་ཞར་ཞར་ཡང་བཟོད་མི་བཏུབ་པ་ཞིག་རེད། དེ་བས། ང་ཚོས་འདི་ནས་ཁྱེད་ཀྱི་གླང་སྤྱོད་དང་ཀླ་ཀློའི་གཤིས་ཀ་དེ་ཚོར་གང་མྱུར་དོར་དགོས་པའི་རེ་བ་ཤུགས་ཆེན་པོར་བྱེད་ཀྱིན་ཡོད་ལ། ཁ་བརྡ་ཚང་གིས་ཀྱང་འདིའི་རིགས་ཀྱི་གློག་ཀླད་དང་དྲ་གནས་ཀྱི་ས་ཁྲ་རྗེས་འདེད་ཀྱིས་ས་གནས་སོ་སོའི་བདེ་སྲུང་ལས་ཁུངས་ལ་བདེ་སྡུག་ཡར་ཞུ་བྱེད་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
ཧ་གོ་སོང་།