བོད ལྷ་ཀླུ་གཉན་གསུམ།
་་་་་་་་་་་་་་་་་་་་་བཙོན་དུ་འཚུད་པའི་ཞོགས་དུང་གི་གཙོ་པའི་བོད་ནང་གི་ཤེས་ལྡན་པ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ།
ལྟ་ལོག་ལྟས་ངན་ཟེར་ནས་དམོད་ན་ཡང་།།
རིགས་ཞེན་དྲི་མ་མེད་པའི་ན་ཟུག་གིས།།
ཉིས་སྟོང་བརྒྱད་ཀྱི་རྨ་ཁ་གླེང་བ་དེར།།
ཉེས་པར་བརྩིས་དེ་ཁྲིམས་ཁར་ལྷུང་བ་རེད།།
ཤུལ་དུ་ལུས་པའི་བུ་མོའི་སེམས་འཁྲལ་དང་།།
གཞུག་ན་ལུས་པའི་ཚེ་གཅིག་ཆུང་མ་གཉིས།།
གཉོར་སྐྱོང་བྲལ་བའི་ཕ་མ་རྒན་རྒོན་སོགས།།
བློས་གཏོང་འཕོད་པའི་སྙིང་སྟོབས་ཅིས་མི་མཚར།།
ཁྱིམ་ལས་མི་རིགས་འདམས་པའི་དཔྱོད་ཤེས་དང་།།
རང་ལས་གཞན་གཅེས་བསམ་པའི་ཀུན་གྲོལ་དང་།།
མི་ལ་རང་དབང་འཁོ་བའི་བསྒྲགས་གཏམ་གྱིས།།
ཚེ་སྨད་རྒྱ་ནག་དམར་པོའི་ཁྲིམས་ཁར་འཚུད།།
ཕྱི་ནང་གང་ཡིན་བརྩོད་ནས་བསྡོད་མཁན་ཚོ།།
དད་པ་ཡོད་མེད་གླེང་དེ་དམོད་མཁན་ཚོ།།
ལ་རྒྱ་ཞེན་ཁོག་བརྩད་དེ་སྨྲ་མཁན་ཚོ།།
རང་གི་ལུས་སེམས་གཉིས་ལ་དྲི་བ་གཏོང་།།
སྒེར་གྱི་ཆོས་ལ་དད་མིན་རང་དབང་རེད།།
ཆོས་ལུགས་ཅི་ཞིག་འདོད་མིན་རང་འཐད་རེད།།
མི་རིགས་བོད་ལ་སྐྱེ་བའི་ངེས་ཤེས་ཀྱིས།།
བོད་ཀྱི་སྤྱི་དོན་གླེང་མཁན་ཁོ་བོར་བསྟོད།།
གནམ་སའི་བར་ནས་རྒྱ་བོད་ཐིགས་ཤིག་བརྒྱབས།།
གནམ་སའི་བར་ནས་ཁྲིད་དེ་སོང་ཤུལ་དུ།།
གནམ་ས་མགོ་མཇུག་ལོག་པའི་མནར་གཅོད་དེར།།
བསམ་ཤེས་ཅུང་ཙམ་བྱོས་ཤིག་རིགས་གཅིག་ཚོ།།
ན་ནིང་དོ་ཚིག་གཉིས་ཀ་བོད་ནང་ནས།།
སྨྱུག་ཐོག་སྤུན་ཟླ་བོད་ཀྱི་ཤེས་ལྡན་ཚོར།།
རྒྱ་འདྲེ་ལག་པ་བརྐྱོངས་པའི་འབེན་དུ་གྱུར།།
དེ་ལ་བསམ་ནས་ང་ཚོས་འདང་ཞིག་རྒྱོབས།།
ལྦེདྣམ་གཞུང་གིས་ནང་པའི་དགེ་འདུན་པ་ཞིག་འཛིན་བཟུང།
2010-05-01
ཝདྣམ་གྱི་དམར་པོའི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཐུན་འགྱུར་གནང་མཁན་དགེ་སློང་བགྲེས་པ་ཤིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།
༄༅༎རེས་གཟའ་པ་སངས་ཕྱི་དྲོ་ ཝདྣམ་གྱི་ནང་པའི་ཆིག་སྒྲིལ་ཆོས་ཚོགས་ཀྱི་དགེ་འདུན་པ་བགྲེས་པ་ ཐིཅེ་ ཁྭོང་ ཐནྭ་ཧོ་ཆི་མིནྭ་གྲོང་ཁྱེར་གྱི་ལྷ་ཁང་ནས་ཕྱིར་ཐོན་སྐབས། སྒྲིག་ཆས་མ་གྱོན་པའི་ཉེན་སྲུང་མི་སྣ་ཁག་ཅིག་གིས་འཛིན་བྱས་ཡོད་ལུགས། ཕ་རནྶེའི་རྒྱལ་ས་པེརེསི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་འབྲེལ་མཐུད་ཁང་གིས་གནས་ཚུལ་སྤེལ་ཡོད་པ། ཨེ་ཨེཕ་པི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག ཧོ་ཆི་མིནྭ་ལྷ་ཁང་གི་དགེ་འདུན་པ་ཁག་ཅིག་གིས་བར་འདུམ་གནང་རྩིས་གནང་ཡོན་ནའང་དོན་འབྲས་སོན་མེད་པ་མ་ཟད། ད་ལྟའི་ཆར་དགེ་སློང་ ཐིཅེ་ ཁྭོང་ ཐནྭ་གང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་མེད་པ་རེད། དགེ་སློང་ ཐིཅེ་ ཁྭོང་ ཐནྭ་གྱིས་ཕྱི་ལོ་༢༠༠༧ལོར་གཞུང་གི་ལས་ཁུངས་མདུན་དུ་ཞིང་པ་ཚོར་རོགས་དངུལ་ཨ་རིའི་ཌོ་ལར་ཆིག་ཁྲི་དགུ་སྟོང་(༡༩༠༠༠)ཐམ་པ་ངལ་སེལ་གྱི་ཚུལ་དུ་བཀྲམ་སྐབས་འཛིན་བཟུང་བྱས་ཡོད་ཀྱང་མགྱོགས་པོ་གློད་བཀྲོལ་བྱས་ཡོད་འདུག།
གསར་འགྱུར་འདི་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལས་བཤུས་པ་ཡིན། འདིར་འགོད་དགོས་པའི་རྒྱུ་མཚན་ནི། འདིའི་ནང་དུ་ཀློག་མི་ཤེས་པའི་བོད་ཡིག་མང་པོ་ཞིག་འདུག དོན་ཡང་གོ་མི་ཐུབ། དེས་ན་ཁྱེད་ཚོས་བསམ་འཆར་རེ་གསུངས་དང་། ནམ་རྒྱུན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཚིགས་ལ་ཡིག་ནོར་མང་པ་ཙམ་དུ་མ་ཟད་གཏན་ནས་ཀློག་མི་བཏུབ་པའི་ཡི་གེ་ཡང་མང་དག་ཅིག་འདུག
ལྷ་ཀླུ་གཉན་གསུམ་ལགས་སྐུ་ཉིད་གི་དྲང་གཏམ་གི་ཚིག་དུམ་འགའ་བྲིས་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག་ཞོགས་དུང་གི་གནམ་ས་མགོ་འབྱེད་གི་དེབ་དེ་བསྐྱར་དུ་པར་སྐྲུན་བྱེད་མཁན་དང་བྱེད་བཞིན་པ་འདྲ་མཁྱེན་རྟོག་ཡོད་དམ་ཞེས་འདྲི་འདོད་བྱུང།
ལྷ་ཀླུ་གཉན་གསུམ་ལགས་སྐུ་ཉིད་གི་དྲང་གཏམ་གི་ཚིག་དུམ་འགའ་བྲིས་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག་ཞོགས་དུང་གི་གནམ་ས་མགོ་འབྱེད་གི་དེབ་དེ་བསྐྱར་དུ་པར་སྐྲུན་བྱེད་མཁན་དང་བྱེད་བཞིན་པ་འདྲ་མཁྱེན་རྟོག་ཡོད་དམ་ཞེས་འདྲི་འདོད་བྱུང།
གླང་དར་མ་ལགས། ཞོགས་དུང་གི་དེབ་དེ་ཡང་བསྐྱར་དཔར་སྐྲུན་བྱེད་ཀྱི་ཡོད་མེད་གོ་མ་སོང་། གལ་སྲིད་བྱས་པ་ཡིན་ན། དེབ་དེ་ཡི་བདག་དབང་ཆ་ཚང་ཞོགས་དུང་ཁོ་རང་ལ་ཡོད་པ་ཡིན་དུས། དེང་སང་ཁོ་རང་བཙོན་ནང་དུ་ལུས་ཡོད་པ་ཡིན་དུས། དེབ་དེ་བསྐྱར་དཔར་སུས་བྱས་པ་ཡིན་ན། དེ་དག་བཙོང་བའི་མ་དངུལ་ཡོད་ཚད་ཤུལ་དུ་ལུས་པའི་ནང་མིའི་དཔལ་འབྱོར་གྱི་འཚོ་བརྟེན་ཆེད་དུ་གཏོང་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་རེད་ཡ
དེ་ནི་རྩོམ་པ་པོ་ལ་གདེང་འཇོག་བྱས་པ་དང་། ཤུལ་ལུས་ནང་མི་ལ་སེམས་གསོ་བྱས་པ་ཡང་མཚོན་ཐུབ་པ་ཡིན། དེ་ནི་ང་རང་གི་ལྟ་ཚུལ་ཙམ་ཡིན། གཞུང་སྒེར་སུ་ཞིག་ནས་ཁོང་གི་དེབ་དེ་བསྐྱར་སྐྲུན་བྱས་པ་ཡིན་ན་དེ་དོན་ཐུགས་འཇག་ཡོད་པ་ཞུ།
ལྷ་ཀླུ་གཉན་གསུམ་ལགས ཞོགས་དུང་གིས་རྨ་ས་མགོ་འབྱེད་ནང་༼ཡ་ཧུ་དཱ་པ་རྣམ་ཀྱིས་མི་ལོ2000གི་རིང་ལ་གསོད་གཏུབ་དང་ ནར་གཅོད སྤྲང་འཁྱམས་ ཁ་ཐོར་ ཆག་འཇིགས་མྱངས་ཐར་1948ལོ་ལ་སླེབས་དུས་ཤར་དབུས་སུ་རྐང་ཚུགས་ཤིང་རང་དབང་དང་དམངས་གཙོའི་རྒྱལ་ས་ཟིན་ཏེ་འདུག་༽ཡ་ཧུ་དཱ་པ་ཟེར་བ་དེ་ལུང་པ་ག་རེའི་མིང་རེད་དམ།།
རྨ་ས་མགོ་འབྱེད་་་གནམ་ས་མགོ་འབྱེད།
མདང་དགོང་བོད་ནང་གི་སློབ་གྲོགས་ཤིག་ལ་ཁ་བརྡ་བྱས་པ་ཡིན།
ཁོས་ང་ལ་བོད་ནང་དུ་འཚེ་མེད་བསྟུན་མེད་ཀྱིས་ལས་འགུལ་སྤེལ་སྟངས་ཐོག་ལ་བསམ་འཆར་ཞིག་གསུངས་རོགས་ཟེར། ངས་ཁོ་ལ་གཅིག་ནས་འདིའི་སྐོར་བརྡ་བྱས་ན་ཁྱེད་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོང་ཉེན་དང་། གཉིས་ནས་ངས་ཀྱང་ད་སྔོན་འདིའི་སྐོར་ལ་བསམ་བློ་བཏང་མ་མྱོང་བས་ཤེས་ཀི་མི་འདུག་ཅེས་ལན་བཏབ་པ་ཡིན།
ཁྱེད་ཀྱིས་སློབ་གྲོགས་དེ་ལ། གོ་སྐབས་དང་སྟབས་བདེ་བྱུང་ན་མཁས་དབང་ཞོགས་དུང་ལགས་ཀྱི་བརྩམས་དེབ། [གནམ་ས་མགོ་འབྱེད་]ལ་ལྟོས་ཞེས་གསུངས་ན་འགྲིགས་པར་འདོད
མདའ་ཚན་ཚེ་རིང་ལགས།
ངའི་བོད་ནང་གི་སློབ་གྲོགས་དེས་ཞོགས་དུང་གི་གནམ་ས་གོ་འབྱེད་ལ་བལྟས་ཚར་འདུག
ངས་ཀྱང་རོབ་ཙམ་བལྟས་པ་ཡིན་དེ། འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་ཟེར་བ་ག་འདྲ་ཞིག་ཡིན་པ་འགྲེལ་བརྗོད་ལས། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དངོས་དང་སྦྱར་ནས་ལས་འགུལ་སྤེལ་སྟངས་ལམ་སྟོན་བྱས་པ་མཐོང་མ་སོང་།
གལ་སྲིད་ངས་མ་མཐོང་བ་ཞིག་ཡིན་ན། ཉིད་ནས་ཤོག་ངོས་ག་བར་འདུག་ང་ལ་གསལ་བྱེད་ཅིག་གནང་འཚལ།
གླང་དར་མ་ལགས། ང་རང་གི་ཤེས་ཚད་ཡིན་ན། ཁོ་རང་གི་བཤད་བཞིན་པ་དེ་ནི་ད་ལྟའི་འཆར་ཨེས་སུ་རལ་ཟེར་ནས་འབོད་བཞིན་པ་དེ་ལ་བཤད་ཀྱི་ཡོད་པ་འདྲ། རྒྱུ་མཚན་ནི་རྗོའི་མི་རིགས་འདི་གཞན་གྱི་བཙན་གནོན་འོག་ནས་མི་ལོ་ཉིས་སྟོང་རྗེས་སུ་༡༩༤༨ལོར་རང་བཙན་ཐོབ་པ་རེད།
བསྟན་འཛིན་བདེ་བྱེད་ལགས། ཉིད་ཀྱི་གྲོགས་པོ་དེ་ཡི་ནམ་རྒྱུན་བོད་ནང་དུ་ལས་ཀ་ག་རེ་བྱེད་མཁན་ཞིག་རེད་དམ་ལགས། དེ་ཡི་སྐོར་ཞིག་ང་ལ་གསུང་ན་འགྲིག་གི་རེད་དམ། ཉིད་ཀྱིས་དེ་གསུང་བ་ཡིན་ན་ང་རང་གི་གང་ཤེས་ཤིག་ཞུ་འདོད་བྱུང་སོང་། ཕན་མིན་དང་ཁོང་གི་ཐུབ་མིན་དེ་ནི་ཁོ་རང་ནས་ཐག་གཅོད་བྱས་པ་ཡིན་ན་ཡག་གི་རེད། དང་བོ་ཉིད་ནས་ཁོང་གི་ག་རེ་གནང་གི་ཡོད་མེད་སྐོར་ནས་ཕྲན་པུ་ཞིག་གསུང་རོགས་ཞུ་ལགས།
ཁོང་སློབ་ཆུང་གི་བོད་ཡིག་དགེ་རྒན་ཞིག་རེད།
གོང་གི་གླང་དར་གྱིས་བྲིས་པའི་མཆན་གསུམ་པའི་ལན། གོ་ཐོས་ལྟར་ན་རྒྱ་གར་ནས་གནམ་ས་གོ་འབྱེད་གཙོ་བྱས་ཆབ་སྲིད་བཙོན་མ་ཚོའི་དེབ་འགའ་བསྐྱར་པར་བྱ་རྩིས་ཡོད་ཟེར། དེའི་སྟབས་ཀྱིས་འདི་ནས་ང་ཚོ་གྲོགས་པོ་འགས་གྲོགས་པོ་ཚོར་བསྐུལ་སློང་བྱས་ནས་ཞལ་འདེབས་ཉུང་ངུ་རུ་བསྡུས་ཏེ་གང་མགྱོགས་པར་བསྐྲུན་གྱི་མཐུན་འགྱུར་དུ་གཏོང་རྩིས་ཡོད་མོད། གང་ལྟར་ད་རེས་ཚང་མ་དཔར་མ་ཐུབ་ནའང་གནམ་ས་གོ་འབྱེད་ངེས་པར་དུ་དཔར་ཐུབ་ན་བཟང་བར་འདོད།
ཤར་རལ་གྲི་ལགས ཁྱེད་གི་བསུང་པ་དེ་དངོས་བདེན་ཡིན་ན་འབྲེལ་ཡོད་མཆོག་གི་ཁ་པར་ཨང་གྲངས་ཞིག་བདག་ལ་གནང་རོགས་གནང་ དེབ་དེ་པར་སྐྲུན་ཆེད་ཞལ་འདེབས་ཏོག་ཙམ་འབུལ་ཐུབ་ན་བསམ་པའི་འབད་བརྩོན་བྱེད་ངེས་ཡིན་ སྐུ་ཉིད་ནས་བསལ་བཤད་གནང་བར་ཐུགས་རྗེ་ཆེ།།
nice poem. Thanks
བསྟན་འཛིན་བདེ་བྱེད་ལགས། ཁོང་ནི་སློབ་ཆུང་ཞིག་གི་བོད་ཡིག་གི་དགེ་རྒན་ཡིན་ན། ད་ནི་དེ་བས་ཀྱང་བོད་དོན་བྱེད་སའི་ལམ་ཁ་ཞིག་གང་ན་ཡོད། ཁོ་རང་གིས་རང་གི་སློབ་ཕྲུག་དག་ལ་རང་ཉིད་མི་རིགས་གང་གི་ཁུངས་སུ་སྐྱེ་བ་ཡིན་ན། དེ་ཡི་སྐད་ཡིག་ཐོག་མར་ཤེས་དགོས་པ་དེ་ནི་མི་རིགས་སུ་ཞིག་ལ་མཚོན་ན་ཡང་མེད་དུ་མི་རུང་བ་དང་། གལ་ཆེན་པོ་ཡིན་པ་སོགས་ཀྱི་བསླབ་བྱ་རྒྱག་པ་དང་དུས་རྒྱུན་དུ་རང་གི་སློབ་ཕྲུག་ཚོ་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དང་རང་གི་ཚེ་སྲོག་ལས་ཀྱང་རྩ་ཆེན་དུ་བཟུང་ནས་ཁོང་ཚོ་བོད་མི་རིགས་ཀྱི་ཤུལ་འཛིན་པ་ཞིག་ཆགས་རྒྱུར་དུས་རྒྱུན་དུ་ཁ་བརྡ་སློབ་གསོ་བྱེད་པ་དེ་ཡང་རྒྱའི་སྲིད་གཞུང་གི་རྩ་་ཁྲིམས་སྙན་པོ་དེ་ལས་མ་བརྒལ་བའི་ཐོག་ནས་གོམ་པ་སྤོ་རྒྱུ་དེ་ནི་བོད་མི་རིགས་ཀྱི་ལར་ཞེན་བཟུང་བ་རེད་ཅེས་ཞུ་རོགས། འདི་ནི་ང་རང་གི་བསམ་ཚུལ་ཡིན།
ཁོང་གིས་ཡིན་གཅིག་མིན་གཅིག་དེ་ཙམ་གྱིས་འཚེ་མེད་ཞི་བའི་ལས་དོན་ཞིག་ཡོང་གི་མི་འདུག་དགོངས་ཀྱི་ཡོད་པ་ཡིན་ན། འཚེ་མེད་ཞི་བའི་གྱེན་བླངས་ལས་ཀྱང་། ཉིད་ནས་བོད་རིགས་བྱིས་པ་མི་ཉུང་བ་ཞིག་བོད་མི་ཚད་ལྡན་ཞིག་ཡོང་བར་གསོ་སྐྱོང་བྱོས་དང་། དེ་ནི་འཚེ་མེད་ཞི་བའི་ནུས་ལས་ཀྱང་སྔར་ཤུགས་ལྡན་པ་དང་གཟི་བརྗིད་ཆེ་བ་ཡིན་ཞེས་ཞུ་རོགས།