གཅན བཟོད་རྒྱམ།
དེ་རིང་དགོས་དབང་གིས་བརྡ་རྙིང་ངམ་ཐ་སྙད་གཉིས་ཀྱི་སྐོར་ནས་ཅུང་ཙམ་ཞུ། དེ་ནི་(ལིངས་) ཟེར་བ་དང་(སྐྱིན་) ཟེར་བ་གཉིས་ཡིན། ལིངས་ཟེར་བ་འདི་དེང་སང་གི་རྩོམ་རིགས་གང་གི་ནང་ནས་ཀྱང་མཐོང་རྒྱུ་མེད་པ་ལྟར་སྣང་། དེའི་དོན་ནི་རི་དྭགས་རྔོན་པའི་དོན་རེད། གནའ་རབས་ཡིག་ཆའི་ཁོང་ནས་རི་དྭགས་སྔོན་པའི་སྐོར་བཤད་སྐབས་རྣམས་སུ་(ལིངས་བཏང་) ཟེར་བ་ལས་རི་དྭགས་སྔོན་ཞེས་པ་མང་པོ་མི་ཡོང་སྙམ།
དེ་ནས་(སྐྱིན་) རེད། སྤྱིར་བཏང་བྱས་ན་(སྐྱིན་) ཟེར་བ་འདི་དངོས་ཟོག་གཡར་སྐྱིས་བྱས་པའི་ལན་སྐྱིན་ཚབ་དང་སྐྱིན་པ་སྤྲད་(སྐྱིན་) ཞེས་དག་ཡིག་རྣམས་སུ་འགྲེལ། འོན་ཏེ་སྐབས་འདིའི་བརྗོད་པའི་(སྐྱིན་) ཟེར་བ་དེ་སྐྱིན་ཚབ་ཀྱི་(སྐྱིན་) མ་ཡིན་པར་(རི་དྭགས་སྐྱིན་) ཟེར་བ་དེ་ཡིན།
རི་དྭགས་འདི་ནི་དཀྱིལ་ཤར་ཨེ་ཤ་ཡའི་རི་རྒྱུད་གཡང་གཟར་དང་བྲག་རོང་འབྲོག་སར་གནས་འཆའ་བཞིན་པའི་རི་དྭགས་བཟོ་ལྟ་རྭ་དང་ཧ་ཅང་འདྲ་བ་ཞིག་ཡིན་ལ། བོད་པའི་འབྲོང་ལྟར་རྩ་ཆེ་ཞིང་རྔོན་རྒྱབ་སྟེ་ཤ་ཟོས་ན་བྲོ་བ་ཆེ་ཞིང་འབྱུང་ཁམས་བདེ་པར་བཤད། མ་ཟད་(རི་དྭགས་སྐྱིན་) ཀྱི་མགོ་རྭ་ཆ་ཚང་བར་ཁང་པའི་ནང་གི་རྩིག་ངོས་དག་དང་སྒོའི་ཡ་ཐེམ་སོགས་ལ་འགེལ།
སྤྱིར་ང་ཚོའི་ཁ་རྒྱུན་དུ་རི་དྭགས་གནའ་དང་རྒོ་བའི་ཤ་ཟོས་རྗེས་ར་ལུག་གི་ཤར་བྲོ་བ་དེ་ཙམ་མི་འདུག་ཟེར་བ་ལྟར། གནའ་དུས་སུ་བོད་མངའ་རིས་ཁུལ་དང་དེའི་མཐའ་འཁོར་གྱི་མི་རིགས་དག་གིས་སྐྱིན་ལ་ལིངས་བཏང་སྟར་ཤ་ཟ་བར་ཧ་ཅང་དགའ། ར་ལུག་གི་ཤ་ལས་(སྐྱིན་) གྱི་ཤར་བྲོ་བ་ཆེ་ཞིང་། སྐྱིན་ལ་ལིངས་བཏང་ནས་ནང་མི་དང་ཉེ་འཁོར་ལ་ཤ་འགྱེད་དང་མགྲོན་འབོད་ཀྱང་བྱེད་སྲོལ་ཡོད། དེ་ནི་ཉམས་སྤྲོ་བའི་ཆེད་དུའང་བཤད།
ཕྱོགས་གཞན་ཞིག་ནས་རི་དྭགས་སྐྱིན་ལ་ལིངས་གཏོང་བ་ནི་ཁོང་ཅག་གི་ཉིན་རེའི་འཚོ་རྟེན་དང་ཡང་འབྲལ་བ་དམ་ཟབ་ཡོད་ཅིང་། སྐྱིད་བསད་རྗེས་གནའ་བོའི་ལུགས་སྲོལ་ལྟར་རང་ཉིད་ཀྱི་དགྲ་གེགས་ནད་གདོན་སོགས་ཞི་ཆེད་བསླངས་པའི་ལྷ་ཐོ་(རྡོ་རྩིག་དང་དེའུ་འབུམ་) ལ་མཆོད་པ་བྱེད་ཅིང་། དེ་ལ་ལྷ་ཕུད་ཀྱང་ཟེར།
ད་དུང་ཆེས་གལ་ཆེ་བ་ཞིག་ནི། གནའ་མི་ཚོས་རང་རང་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱ་བྱེད་རྣམས་རི་མོར་འབྲི་བ་དང་བརྐོ་བར་བྱེད་ཅིང་། རྡོ་ཕ་བོང་ཆེན་པོ་དང་བྲག་ངོས་དག་ལ་(རི་དྭགས་སྐྱིན་) དང་དེ་སྔོན་པའི་བྱ་བྱེད་དང་མདའ་གཞུ་རྒྱུབ་ཏུ་འཁུར་བ་དང་ལག་ཏུ་བཟུང་། རྟར་ཞོན་པ་སོགས་ཀྱི་རི་མོར་བརྐོས་ཡོད། བརྐོས་རིས་དེའི་རིགས་ནི་དེང་སྐབས་དཀྱིལ་ཤར་ཨེ་ཤ་ཡའི་མཐོ་སྒང་གི་རི་བྲག་གང་སར་མཐོང་རྒྱུ་ཡོད་ཅིང་། གནའ་རབས་ཞིབ་འཇུག་པ་དང་ལོ་རྒྱུས་སྨྲ་བ་དག་གིས་བརྐོས་དེ་དག་ལ་རང་བློར་འཚམས་པའི་འགྲེལ་བ་སྣ་ཚོགས་བརྩམས་དང་རྩོམ་བཞིན་མཆིས།
ང་རང་ཧི་མ་ལ་ཡའི་རི་ཁུལ་དུ་གནའ་འཆའ་བའི་ཁུ་ནུ་དང་པེ་ཏེ། གར་ཞ་དང་ལ་དྭགས་སོགས་ཀྱི་ས་ཁུལ་ཡངས་པོར་མྱུལ་ཞིབ་སྐབས་ས་གནས་དེ་དག་གི་གནའ་མི་ཚོས་རང་རང་གིས་འཚོ་བའི་ཁྲོད་ནས་བརྐོས་པའི་(རི་དྭགས་སྐྱིན་ལ་ལིངས་གཏོང་)བའི་རི་མོ་མང་པོ་གང་སར་བརྐོས་འདུག་པ་མཐོང་མྱོང་ལ། ཕྱི་རྒྱལ་མཁས་པའི་དཀྱིལ་ཤར་ཁུལ་དུ་ཞིབ་འཇུག་དཔྱད་དེབ་མང་པོར་ཡང་འཁོད་ཅིང་། རི་དྭགས་སྐྱིན་ནི་སེམས་ཅན་ཀུན་ལས་རྩ་ཆེན་དུ་བརྩིས་ཡོད་པ་ཁྱིམ་ཚང་གི་རྩིག་ངོས་དག་དང་གྲོང་དང་གྲོང་ཁྱེར་གྱི་བཞི་མདོ་དག་ཏུ་རྡོའི་ཀ་ཆེན་སྟེང་དུའང་རི་དྭགས་སྐྱིན་འགྱིངས་ཉམས་ལྡན་པའི་འདྲ་གཟུགས་བཞེངས་པར་བསམ་ན། བཤད་མི་དགོས་པར་རི་དྭགས་ཀྱི་རྒྱལ་པོ་ལྟར་དུ་གལ་ཆེན་དུ་འཛིན་པའི་སེམས་ཁམས་དེ་ཤེས་ཐུབ།
ཡིག་རིགས་གཞན་དག་དང་ལྷག་དོན་གོང་བཀོད་ཡུལ་གྲུ་དག་གི་ཡུལ་མི་ཚོར་དེ་དག་གི་སྐོར་སྐད་ཆ་ཡང་དྲིས་པའི་བརྒྱུད་རིམ་ཁྲོད་ནས། ཡུལ་མི་ཚོས་བརྐོས་པའི་(རི་དྭགས་སྐྱིན་ལ་ལིངས་གཏོང་བའི་བརྐོས་རིས་)དེ་ཚོར་ཡང་མི་རིགས་དང་ས་གནས་རང་རང་གི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་ནས་བརྐོས་སྟངས་མི་འདྲ་བ་དང་འགྲེལ་བཤད་དང་དགོས་དམིགས་མི་འདྲ་བ་རེ་ཡོད་པ་རྟོགས།
2016/09/08/
རི་དྭགས་སྐྱིན་ཟེར་བ་འདི་དང་གནའ་བ་་གཉིས་ལ་ཁྱད་པར་ག་རེ་ཡོད་རེད། རི་དྭགས་འདི་ཨ་ཧྥི་གྷན་དང་པ་ཁི་སི་ཐན་སོགས་ན་ཡང་ཧ་ཅང་མང་ཞིང་མེ་མདའ་བརྒྱབ་ཏེ་ཚད་ལས་བརྒལ་བ་གསོད་ཀྱིན་པ་ཡང་བརྙན་འཕྲིན་ལས་མཐོང་མྱོང་། སྐྱིན་ལ་དབྱིན་སྐད་དུ་idex ཟེར་བ་འདྲ་ཞིང་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་བའི་བལ་ཡུལ་དང་ལ་དྭགས་པ་སོགས་ཀྱིས་སྐྱིན་ཟེར་སྲོལ་མཆིས་བ་དེ་ཡང་ཞང་ཞུང་གི་སྐད་ཡིན་པར་ཁག་ཅིག་གིས་བཞེད། གང་ལྟར་ཁོ་བོ་བལ་ཡུལ་བརྒྱུད་དེ་བྲོས་བྱོལ་དུ་ཡོང་སྐབས་རི་དྭགས་འདིའི་རྭ་ཅོ་ཧ་ཅང་མང་པོ་མཐོང་སོང་ཡང་སྐབས་དེར་ཐམས་ཅད་ཀྱིས་གནའ་བའི་རྭ་ཅོ་རེད་ཟེར་བ་ལས་སྐྱིན་ཟེར་བ་ཞིག་ཤེས་མཁན་མེད།
Ibex འདི་ཡིན། ད་དུང་blue sheep ཟེར་བ་ཞིག་ཡོད་མོད་གནའ་བའམ་གང་ཡིན་ཆ་འཚལ།
སྐྱིན་པོ་རུ་རིང་། ཟེར་གྱི་ཡོད་ས་ཡོད། ཞང་ཞུང་མེས་པོའི་མིང་ཚིག་ཡིན་པར་སྨྲ་མཁན་མངས། །
ཞིབ་འཇུག་གནང་སྟངས་འདི་ཡག་པོ་རེད་དྲན་གྱི་ཡོད། བོན་ཁམས་བཙན་པོའི་རྒྱལ་ཁབ་ཀྱི་རིག་གནས་ཟེར་དུས་རྒྱ་ཆེ་སས་ཅིག་ཡིན་ལེ་རེད། འགོ་སྟག་གཟིག་ཕྱོགས་ནས་བཙུགས་ནས་ཤར་དཀྱིལ་གྱི་ཡུལ་ལུང་དེ་རྣམས་ཀྱི་མི་རིགས་རིག་གནས་དང་བཅས་པ་ལ་རྟོག་ཞིབ་ཡག་པོ་གནང་དགོས་ས་རེད། ཧ་ཅང་འཕྱི་བཅུག་མི་ཉན། ག་དུས་ཡིན་ནའང་དབུས་ཕྱོགས་ཀྱི་དགོན་པ་རེ་གཉིས་ཅིག་ལ་མགོ་འཁོར་ནས་བསྡད་བཞག་ན་སྔོན་གྱི་འོ་ཅག་གི་མེས་པོ་གོང་མིའི་ཞབས་རྗེས་ཆ་ཚང་སུས་ཀྱང་མི་ཤེས་པའི་མུན་པའི་རྒྱར་ལྷུང་འགྲོ་ཉན་ཆེ། བོད་རིགས་གཞོན་སྐྱེས་ཚོས་ཁྱེད་ཅག་གི་རྣམ་དཔྱོད་ཀྱི་དཔལ་འབར་བའི་བློ་རྒྱ་དེ་ཆེ་ཙམ་གནང་ནས། རང་ཉིད་མི་གྲལ་ཡོད་པའི་འདུ་ཤེས་བཟུང་སྟེ་བདག་ཚོའི་མེས་པོ་གོང་མའི་མངའ་ཐང་གི་ཞབས་རྗེས་ཆ་ཚང་བར་འཚོལ་ཞིབ་ལ་འབད་འབུངས་གནང་དགོས་པར་སེམས་སོ། །
ཉམས་ཞིབ་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་།
ལིངས་ཟེར་ན་རི་དགས་རྒྱག་མཁན་རྔོན་པ་ལ་ཟེར་།
ལིངས་མདམ་།
ལིངས་རྙིད་།
ལིངས་ཁྱི་།
སྐྱིན་ཟེར་ན་དངོས་པོ་གཡར་པའི་ཚབ་སྤྲོད་པ་ལ་
སྐྱིན་ཚབ་ཟེར་།
སྔ་མོ་རི་དགས་གནའ་བ་དང་རྩོས་རྒོ་པ་རྙན་སྐྱིན་
ཟེར་བ་དེ་ཚོའི་ར་ཅོ་ཁང་པའི་སྒོ་ཆེན་སོགས་ལ་འདོགས་པ་ནི་སྤྱོད་ངན་ངོམས་གསོ་མིན་ན་གང་རེད་།
སྐྱིན་ནི། ར་དང་འདྲ་བའི་རི་དྭགས་ཤིག སྐྱིན་གོར་ཡང་། སྲོག་ཆགས་ཤིག་གི་མིང་རེད། གཡར་བའི་ཚབ་ལ་སྐྱིན་ཚབ་ཀྱང་ཟེར།
རྔོན་པ་ནི། རི་ལ་རི་དྭགས་རྔོན་མཁན་ལ་ཟེར། རྔོན་པའི་ཤ་ཁྱི་ལ་ལིངས་ཁྱི་ཡང་ཟེར། ལིངས་ནི། བྱ་རྒྱའམ། རྙི་དང་། ལིངས་བཙུགས་པ་ལ་གོ རྔོན་པའམ། ཁྱི་ར་བའི་རི་དྭགས་སླུ་བྱེད་ཀྱི་སྒྲ་སྙན་དུང་ངམ། གླིང་བུ་ལ་ལིངས་དུང་ཟེར།
རི་དྭགས་སྐྱིན་ལ་ལིངས་གཏོང་བ་ནི། རི་དྭགས་སྐྱིན་ལ་ལིངས་བཙུགས་པའམ། རྙི་བཙུགས་པའི་དོན་རེད།
༅༅། གཅན་བཟོད་རྒྱམ་ནས་དཔེ་རིས་དང་བཅས་ཤིན་ཏུ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
ཡིན་ཡང་རི་མོ་དེ་ཚོ་རྕ་ཆེན་པོ་ཡིན་པར་ངས་ཡིད་ཆེ་མེད།
རྨོངས་ཞེན་དང་ཡང་ན་རྨོངས་དད་ཟེར་བ་དེ་རེད་འདུག་་་་སྔ་མོ་བོད་ལ་དེ་འདྲ་བ་མང་པོ་ཡོད་ས་རེད། ཡིན་ཡང་རིགས་པའི་གཞུང་ལུགས་ནས་དཔྱད་པ་བྱེད་ན་རྒྱུ་མཚན་དང་ཕན་ཐོགས་སོགས་ཅི་ཡང་ཡོད་
ས་མ་རེད། རྨོངས་དད་མ་བྱེད་ཅེས་༧གོང་ས་མ་མཆོག་ནས་ཡང་སེ་གསུངས་ཀྱི་འདུག་
དོན་དངོས་གཏན་ནས་མ་རྟོགས་པར་རྨོངས་དད་ཤ་སྟག་བྱེད་པར་དུས་ཚོད་འཕྲོ་བརློག་རེད།།
བཀྲིས་བདེ་ལེགས་།
སྐྱིན་ཟེར་བ་བོད་སྐད་རང་རེད། གཞུང་པ་ཚེ་དབང་བསོད་ནམས་ལགས་ཐུགས་དག། མི་ཁ་ཤས་ཤིག་ལ་བརྡ་ཡིག་ལྟར་འབབ་བཞིན་པའི་ཞང་ཞུང་གི་ཡི་གེ་དང་སྐད་ཟེར་བ་དེ་མ་རེད་དོ། མི་ཁ་ཤས་ཀྱིས་དངོས་གནས་ཅི་བཤད་བཞིན་པ་མགོ་ཚོས་མ་སོང་།
བོད་ཡིག་ཏུ་བཀའ་བསྟན་ཡོད་པ་ལ་ཡང་ཞང་ཞུང་ཅིག་ཅིག་ཟེར་ནས་བཀའ་བརྟེན་ཟེར་བའི་འདྲ་བོ་ཞིག དེ་བཞིན་སྒྲོལ་མ་ལ་བྱ་མ། འབྲི་ཚ་ལ་ཁྲ་ཆུང་ཡིན་ནམ་ཅིག་ཟེར། བརྡ་སྤྲོད་པའི་གཞུང་ཡང་དེ་བཞིན་བོན་གྱི་ཅིག་ཟེར་བ་ཞིག་འདུག
མ་གཞི་འདི་དག་ངན་པ་ཅང་མ་རེད་དེ་བཤད་སྟངས་བྱེད་སྟངས་འདིའི་ནང་ཁ་ཕྲལ་གྱི་བྱ་སྤྱོད་ཅིག་ཡོང་གི་འདུག དེ་ལ་བོན་ཁ་འཁྱེར་རྣམས་ཀྱིས་གཟབ་འོས།
འབྲུ་ཚ་ལ་ཁྲ་ཆུང་ཟེར་མཁན་སུ་འདུག འབྲུ་ཚ་དང་ཁྲ་ཆུང་རྦད་དེ་ཁ་ཁ་རེད། འབྲུ་ཚ་མ་གཏོགས་མཐོང་མ་མྱོང་བའི་ནང་རྟགས་སྟོན་མ་ཡོང་ཨ། ཁྲ་ཆེན། ཁྲ་ཆུང་། སྟ་རེ། སྒོ་ཧྲང་སོགས་ཡིག་གཟུགས་རྙིང་པ་མང་པོ་ཡོད་རེད།
དཔའ་ཆེན་དོན་གྲུབ་ལགས།
སྐྱིན་བུ་རུ་རིང་་་བོད་སྐད་ཡིན་ན་དང་པོ་རུ་བཞི་བོད་ཀྱི་ས་སྐོར་དུ་རི་དྭགས་འདི་འཚོ་གནས་བྱེད་མཁན་ཞིག་ཡིན་དགོས་པ་རེད། དེ་མ་ཡིན་པ་ཡིན་ན་སྐྱིན་བུ་་་བོད་སྐད་ཡིན་ཟེར་ནས་ཨུ་ཚུགས་རྒྱག་མི་ཉན། དེང་སང་མདོ་ཁམས་ཀྱི་སྐད་དང་སྟོད་མོན་གྱི་སྐད་སོགས་ཚང་མ་བོད་སྐད་ཡིན་ཟེར་སྲོལ་འདི་ནི་མི་རིགས་ཆིག་སྒྲིལ་གྱི་རྣམ་པ་མཚོན་པར་བྱེད་པ་ཙམ་མ་གཏོགས་དངོས་པོའི་གནས་ལུགས་ལ་བསམ་ན་དངོས་གནས་དེ་འདྲ་ཞིག་ཨ་ཡིན་ན། །
ཞང་ཞུང་གི་ལོ་རྒྱུས་ཡོད་ལ་ཞང་ཞུང་གི་རྒྱལ་ཁབ་ཡོད། ཞང་ཞུང་གི་མི་རིགས་ཡོད་ལ་ཞང་ཞུང་ག་ི་སྐད་རིགས་ཡོད། ཞང་ཞུང་གི་ཆོས་ལུགས་ཡོད་ལ་ཞང་ཞུང་གི་རིག་གནས་ཡོད། དངོས་གནས་བྱས་ན་བོད་གངས་རིའི་ལྗོངས་ཀྱི་སྐད་རིགས་ཀུན་གྱི་ཨ་མ་དེ་ཞང་ཞུང་གི་སྐད་ཡིན་ཟེར་ན་ལོ་རྒྱུས་དོན་ལ་གནས་པ་ཞིག་དང་དངོས་ཡོད་ཚན་རིག་དང་མཐུན་པ་ཞིག་ཡིན་པར་མ་ཟད་བོད་རང་ལ་རང་རྐང་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད། །
བོན་ལ་སྟོན་པ་ཡོད་དུས་དེས་གསུངས་པའི་བཀའ་དང་བཀའ་བརྟེན་ལོས་ཡོད་ཆོག མི་རིགས་ཅིག་གིས་མི་རིབས་མང་པོར་རང་ཡུལ་དུ་རང་རྐང་ཐོག་ལ་ལངས་ནས་ཆོས་དང་རིག་གནས་ཀྱི་གཞི་རྩ་བཏིངས་བ་རེད། མི་རིགས་ཅིག་ལ་རྒྱལ་ཁབ་ཀྱི་རྨང་གཞི་ཡང་བཙུགས་ནས་རྒྱལ་རབས་ཞེ་གཉིས་ཀྱི་ལོ་རྒྱུས་ཡོད་པ་འདི་བཟོས་པ་རེད། ཁྱེད་ཚང་གི་ཆོས་གདན་འདྲེན་མཁན་ཆོས་རྒྱལ་ཟེར་བ་དེ་དག་ཀྱང་། ཡབ་བླ་བདལ་དྲུག་གི་མི་བརྒྱུད་བོན་རྒྱལ་བཙན་པོའི་གདུང་རབས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་དེ་ངེས་པར་དུ་མཁྱེན་དགོས་པ་རེད་ད། ཁྱེད་ཚོ་བཀའ་དྲིན་ངོ་ཤེས་མཁན་ཞེ་བ་ཞིག་ཡིན་ཟེར་ནས་ལབ་ཀྱི་འདུག་བ། ད་དུང་དེས་མ་ཚད་ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་དུ་སྲུང་བརྩི་བྱེད་མཁན་ཡིན་ཟེར་ནས་རྫིག་མདོག་ཞེ་བོ་སྟོན་གྱི་འདུག་བ། དེ་འདྲ་ཡིན་དུས་འཐུད་ཞིམ་པོ་མར་གྱི་བཀའ་དྲིན་པ་བརྗེད་མི་ཉན་ནོ། །
ཁ་ཕྲལ་གྱི་བྱ་སྤྱོད་ཅིག་ཡོང་གི་འདུག་་་ཨེ། དགོངས་པ་ཡག་པོ་བཞེས་ཨ། ཁ་ཕྲལ་དངོས་ནི་རང་ཚུགས་ཡོད་པའི་བོད་ཀྱི་ལོ་རྒྱུས་རིག་གནས་དང་བཅས་པའི་མགོ་ཁུངས་གཞན་ལ་བཏུགས་འགྲོ་མཁན་དང་བོད་རྒྱལ་ཁབ་རྩ་གཏོར་བཏངས་མཁན་དེ་ཚོ་རེད། གཞན་གྱི་ཆོས་དོན་ཞིག་ལ་བསམས་ནས་རང་མི་རིགས་ཀྱི་རྣམ་དཔྱོད་ཆ་ཚང་ནག་བསུབ་གཏོང་མཁན་དེ་ཚོ་ཁ་ཕྲལ་མ་ཡིན་ནམ། བོད་མི་རིགས་ལ་བསམ་ན་བོད་རྒྱལ་ཁབ་རྩ་གཏོར་བཏངས་མཁན་དེ་ཚོ་ལས་གཞན་པའི་ཕ་ཕྲལ་དང་ནག་ཉེས་ཅན་ཞིག་འཛམ་གླིང་འདི་ན་ཁྱོད་ལ་འཇོག་རྒྱུ་་ཡོད་དམ། །
་་་་་་་་་ བོན་ལ་སྟོན་པ་ཡོད་དུས་དེས་གསུངས་པའི་བཀའ་དང་བཀའ་བརྟེན་ལོས་ཡོད་ཆོག ་་་་་་་་་
་་་་་་་་ མི་རིགས་ཅིག་ལ་རྒྱལ་ཁབ་ཀྱི་རྨང་གཞི་ཡང་བཙུགས་ནས་རྒྱལ་རབས་ཞེ་གཉིས་ཀྱི་ལོ་རྒྱུས་ཡོད་པ་འདི་བཟོས་པ་རེད། ་་་་་་་
བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཨེ་མ་ཧོ། མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་སྨོན་ལམ་ཡོད། །
https://www.youtube.com/watch?v=D4zORDKauGE
དང་པོ་མཁས་མཆོག་ཐུ་མིའི་སྔོན་ལ། བོད་ཡིག་ཡོད་པ་བསྒྲུབ་དགོས། དེ་ནས། བོན་གྱི་བཀའ་བསྟན་ཡོད་མེད་སྐོར་དེ་རེད།
རྒྱ་གར་སྐད་དུ། ཟེར་དུས་རྒྱ་གར་ན་ཡི་གེ་ཡོད་པ་མཚོན་ཐུབ་པ་མངོན་གསུམ་གྱིས་གྲུབ་ཀྱང་། ཞང་ཞུང་སྐད་དུ། ཞེས་བྲིས་ཡོད་པ་ཙམ་གྱིས། ཞང་སྐད་ཡོད་པ་ལ་རྩོད་པ་མེད་ན་ཡང་། ཞང་ཡིག་ཡོད་པའི་ཁུངས་དེ་ད་ལྟའི་བར་རྙེད་མེད།།
ཐུ་མི་་་དང་་་ཐོན་མི་་་ཟེར་བ་འདི་ཡང་་་སད་མི་་་ཟེར་བ་འདྲ་པོ་ཡིན་ས་མ་རེད་དམ། བོད་ཡིག་བཟོས་པ་མ་རེད། དབུ་ཅན་གྱི་ཡིག་གཟུགས་འདི་བཟོས་པ་རེད་ཟར་ནས་ཁས་ལེན་ཟིན་མཚམམས་འདྲ་བྱས་ནས་འགྲོ་བསྡད་ཡོད་རེད། དེ་ཡང་བདེན་པ་དངོས་གནས་ཅིག་ཨ་ཡིན་ན། རྣམ་དབྱེའི་སྐོར་ནི་ས་པན་གྱིས་བཟོས་པ་ཡིན་པར་སྨྲ་མཁན་མང་དུ་འགྲོ་བཞིན་འདུག
བོན་དཔེ་རྙིང་པ་མང་པོར་་་བོད་ཀྱི་མཁས་པ་སེ་ཤ་རི་དབུ་ཆེན་་་ཞུ་བ་ཞིག་གིས་བོད་ཡིག་གི་རྣམ་བཞག་མཁྱེན་གྱི་ཡོད་པར་བྲིས་ཡོད་པ་རེད། ངས་བསམ་ན་བོད་ཀྱི་མཁས་དབང་ཚོས་འདིའི་སྐོར་ལ་ཞིབ་འཇུག་ཡག་ཙམ་གནང་དགོས་པར་སེམས།
རྒྱ་གར་གྱི་བྲམ་ཟེའི་མཁས་དབང་དེ་ཚོ་དང་འབྲེལ་ལམ་སྔོན་བོན་པོའི་དུས་ནས་ཡོད་བསྡད་པ་ཞིག་རེད་མ་གཏོགས། དུས་ཕྱིས་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ནས་གཞི་ནས་འབྲེལ་ལམ་གསར་དུ་བྱུང་བསྡད་པ་དེ་འདྲ་གང་ཡང་མ་རེད། ལྷག་དོན་དུ་དཔེ་རྙིང་དེ་ཚོར་བལྟས་པ་ཡིན་ན་གྲུབ་ཆེན་མང་པོའི་མཚན་གཞུང་གསལ་ཡོད། །
་་་་་་་ རྒྱ་གར་གྱི་བྲམ་ཟེའི་མཁས་དབང་དེ་ཚོ་དང་འབྲེལ་ལམ་སྔོན་བོན་པོའི་དུས་ནས་ཡོད་བསྡད་པ་ཞིག་རེད་མ་གཏོགས། དུས་ཕྱིས་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ནས་གཞི་ནས་འབྲེལ་ལམ་གསར་དུ་བྱུང་བསྡད་པ་དེ་འདྲ་གང་ཡང་མ་རེད། ལྷག་དོན་དུ་དཔེ་རྙིང་དེ་ཚོར་བལྟས་པ་ཡིན་ན་གྲུབ་ཆེན་མང་པོའི་མཚན་གཞུང་གསལ་ཡོད། ། ་་་་་་་་་་ འདི་ཚོ་ཁ་རྒྱུན་རག་བཤད་ཙམ་ལས། ཁུངས་འཕེར་བའི་དཔྱད་གཏམ་ཅིག་མེད་པ་གསལ་པོ་རེད་འདུག་སྙམ་མོ།།
ཁ་རྒྱུན་རག་བཤད་ཙམ་དེ་འདྲ་ཡང་ནས་སྐྱར་དུ་བཤད་པ་ལ་དགོས་པ་ཡོད་མ་རེད། དེ་འདྲའི་ཐབས་སྡུག་ཅིག་ད་ཨ་ཡིན་ན། མ་རྒྱུད་ཀྱི་བོན་སྐོར་དང་རིག་འཛིན་གྱི་བོན་སྐོར་དེ་ཚོ་ལྟོས་དང་ཤེས་ཡོང་། བོན་གྱི་བྱམས་མའི་སྒྲུབ་གཞུང་དེ་ཚོ་ལྟོས་དང་བྲམ་ཟེའི་སྐོར་མང་པོ་འདུག ཁ་ཤས་ནང་ལ་རྣམ་ཐར་སྙན་པོ་དེ་འདྲ་ཡང་ཡོད་པ་རེད། །