རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་མཛད།
སིངྒ་ལའི་གླིང་ཕྲན་ལོ་རྒྱུས་སུ་འཕོ་བར་སྨྲ་བའི་སྡེ་ནི་མདོ་སྡེ་པའི་གྲུབ་མཐའི་ལུས་སྔ་མ་ཡིན་པར་འདོད་ཀྱང་། རྒྱ་ནག་གི་སྐད་དུ་བཞུགས་པའི་ཤཱ་རི་བུས་དྲིས་པའི་མདོ་ལས་དེ་གཉིས་དུས་མཉམ་དུ་བྱུང་བར་གསུངས་པ་དང་། ཐང་གི་སྡེ་སྣོད་གསུམ་པ་ཧྱང་ཙང་གིས་འཕོ་བར་སྨྲ་བའི་སྡེ་ནི་མདོ་སྡེ་པའི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བཞེད།
དབྱིག་བཤེས་ཀྱིས་མཛད་པའི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་ལྟར་ན། ཐམས་ཅད་ཡོད་སྨྲ་དར་ནས་ལོ་སུམ་བརྒྱའི་རྗེས། དཔེ་སྟོན་པའི་ནང་དུ་སློབ་དཔོན་ཆོས་མཆོག་གིས་འཕོ་བར་སྨྲ་བའི་སྡེའི་སྲོལ་བཙུགས། སློབ་དཔོན་འདིའི་བསྟན་བཅོས་ད་ལྟ་མི་བཞུགས་ཀྱང་། འདོད་པ་གཙོ་བོ་ཡིད་ཤེས་ཕྲ་མོ་ནི་འདས་མ་འོངས་ད་ལྟ་དུས་གསུམ་དུ་རྒྱུན་ཆད་མེད་པར་འཕོ་བར་འདོད་པས། འཕོ་བར་སྨྲ་བའི་སྡེ་ཞེས་གྲགས་སོ། །ཡིད་ཤེས་དེ་ལ་ཕུང་པོ་གཞན་བཞི་དང་བཅས་ཀྱང་། ཕྲ་བའི་ཕྱིར་བརྟག་པར་དཀའ་བར་འདོད།
འཕོ་བར་སྨྲ་བའི་སྡེ་དར་བཞིན་པའི་ཚེ། ཐམས་ཅད་ཡོད་སྨྲ་ནང་ཕན་ཚུན་ཡེ་ཤེས་ལ་འཇུག་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་མོ་གཉིས་གཙོ་གང་ཆེའི་རྩོད་པ་བྱུང་ཞིང་། ཁ་ཆེའི་མཁས་པ་རྣམས་ཀྱིས་བསྟན་བཅོས་དེ་གཉིས་ཀ་རྣམ་དག་ཏུ་བཞེད་ཅིང་། གནས་གཞན་དུ་ཡོད་པའི་མཁས་པ་རྣམས་ཀྱིས་དེ་ཙམ་མི་འདོད་ཅིང་། དེ་དག་ལས་ཁ་ཅིག་གིས་ནི་བསྟན་བཅོས་ལ་དགག་པ་ཆེན་པོ་བྱས་ཤིང་། མདོ་སྡེའི་རྗེས་སུ་འབྲང་བའི་ཡོད་སྨྲ་བ་དག་དང་། འཕོ་བར་སྨྲ་བའི་སྡེ་དག་ཟུང་དུ་སྦྲེལ་ཏེ་མདོ་སྡེ་པའི་གྲུབ་མཐའི་ས་བོན་རིམ་གྱིས་བྱུང་ངོ་། །
སློབ་དཔོན་གཞོན་ནུ་ལེན་གྱི་དུས། (ཀུ་མཱ་ར་ལབྡྷ། སྤྱི་ལོ་ ༢༣༠ རྗེས་སུ་འཁྲུངས། ) གྲུབ་མཐའ་འདིའི་སྲོལ་དངོས་སུ་ཕྱེ་ཞིང་། སློབ་དཔོན་འདི་ཉིད་ཐོག་མར་ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང་མོད། ཡེ་ཤེས་ལ་འཇུག་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ཁོ་ན་གཙོ་ཆེར་མི་འཛིན་པས་ཐམས་ཅད་ཡོད་སྨྲ་ལས་དཔེ་སྟོན་པའི་གྲངས་སུ་འདྲེན་ནོ། །
ཐང་གི་སྡེ་སྣོད་གསུམ་པའི་ལམ་ཡིག་ (བམ་པོ་བཅུ་གཉིས་པ་) ལས། “དེ་ནས་རྒྱལ་པོ་ཕོ་བྲང་གི་བྱང་ཤར་ཕྱོགས་སུ་སྤོས། དེའི་ཕོ་བྲང་རྙིང་པ་སློབ་དཔོན་གཞོན་ནུ་ལེན་ལ་གཙུག་ལག་ཁང་བཞེངས་པའི་དོན་དུ་ཕུལ། གཙུག་ལག་ཁང་གི་ཐེམ་སྐས་དང་བ་གམ་མཐོ་ཞིང་རྒྱ་ཆེ་ལ། སྐུ་བརྙན་རྣམས་ཀྱི་བཀོད་པ་ཤིན་ཏུ་མཛེས། སློབ་དཔོན་ནི་ཡུལ་ཏཀྵིལ་ནས་བྱུང་བ་ཡིན་ཅིང་། ཆུང་ངུ་ནས་རྣམ་དཔྱོད་གྱི་རྟོགས་པ་སད་ཅིང་། གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ་གཞུང་ལུགས་ཆེན་པོ་དག་ཞིབ་ཏུ་གསན་ནས། ཟབ་མོའི་དོན་ལ་རབ་ཏུ་སྤྲོ། ཉིན་རེར་ཚིགས་སུ་བཅད་པ་ཁྲི་ཕྲག་གསུམ་དང་ཉིས་སྟོང་ཁ་ཏོན་དུ་བྱེད་ཅིང་། ཤོ་ལོ་ཀ་ཁྲི་ཕྲག་གསུམ་དང་ཉིས་སྟོང་ཀློག་ཅིང་འབྲི་བར་ནུས། དེས་ན་དུས་དེའི་མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན་དུ་གྱུར་ནས་སྙན་པའི་གྲགས་པ་འཇིག་རྟེན་དུ་གསལ་ཞིང་། ཡང་དག་པའི་ལྟ་བ་སྒྲུབ་ཅིང་། ལྟ་བ་ངན་པའི་ཚོགས་འཇོམས་པ། རྣམ་བཤད་ཡང་དག་པ་ལེགས་པར་བསྟན་ནས། ཅི་ཞིག་དྲིས་ཀྱང་ལན་ལྡོན་མི་ནུས་པ་མེད། རྒྱ་གར་གྱི་ཕྱོགས་ལྔའི་རྒྱལ་ཁབ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར་ཅིང་། ཉིད་ཀྱིས་བརྩམས་པའི་བསྟན་བཅོས་ཀྱང་བཅུ་ཕྲག་འགའ་ལོངས་པ་ཁྱབ་བརྡལ་ཤིན་ཏུ་ཆེ་ཞིང་། དེ་དག་ལ་སྦྱངས་བརྩོན་མི་བྱེད་མཁན་ནི་མེད་དོ། །
འདི་ཉིད་མདོ་སྡེ་པའི་སྲོལ་འབྱེད་ཡིན་ཅིང་། དེའི་དུས་སུ་རྒྱ་གར་གྱི་ཤར་ཕྱོགས་སུ་རྟ་དབྱངས། ལྷོ་ཕྱོགས་སུ་འཕགས་པ་ལྷ། ནུབ་ཕྱོགས་སུ་ཀླུ་སྒྲུབ། བྱང་ཕྱོགས་སུ་གཞོན་ནུ་ལེན་ཏེ་འཇིག་རྟེན་གསལ་བའི་ཉི་མ་བཞི་ཞེས་གྲགས་སོ། །དེའི་དབང་གིས་རྒྱལ་པོ་འདིས་སློབ་དཔོན་གྱི་ཆེ་བའི་ཡོན་ཏན་ཐོས་ཏེ། དམག་གི་དཔུང་དང་བཅས་ཏེ་ཡུལ་ཏཀྵིལ་འཇིགས་ཤིང་དངངས་པར་བྱས་ཏེ་སློབ་དཔོན་བཙན་གྱིས་གདན་དྲངས་ནས། གཙུག་ལག་ཁང་འདི་བརྩེགས་ཏེ། དད་ལྡན་རྣམས་ཀྱིས་མོས་པའི་གནས་སུ་བྱས་པའོ། །” ཞེས་གསུངས་པ་བཞིན་ནོ། །
དུས་ཕྱིས་སློབ་དཔོན་འདིས་དུས་གསུམ་རྫས་སུ་གྲུབ་པ་དངོས་སུ་བཀག་པས། ཡོད་སྨྲ་ལས་ཐ་དད་དུ་གྱེས་ཤིང་། དཔེ་ཡི་ཕྲེང་བ་སོགས་ཀྱི་བསྟན་བཅོས་བཅུ་ཕྲག་ཏུ་ལོངས་པ་མཛད། དཔེ་རྒྱུན་ནི་ད་ལྟ་ཆད་ཅིང་མེད། མདོར་ན་སློབ་དཔོན་འདི་ནི་མདོ་སྡེ་པའི་གྲུབ་མཐའི་སྲོལ་འབྱེད་ཡིན་ནོ། །
སློབ་དཔོན་འདི་ལ་སློབ་མའི་གཙོ་བོ་གཉིས་བཞུགས་ཤིང་། གཅིག་ནི་དཔལ་ལེན་དང་། གཅིག་ཤོས་ནི་འཕྲོག་བྱེད་གོ་ཆ་ (སེང་གེ་གོ་ཆ་) ཡིན་ནོ། །སློབ་དཔོན་དཔལ་ལེན་ (སྤྱི་ལོ་༣༠༠ ཡས་མས་སུ་བྱོན་པའི་ཚོད་དཔག་བྱེད།) གྱིས་མདོ་སྡེ་པའི་བཤད་མཛོད་ཅེས་པ་མཛད་ཅིང་། སློབ་དཔོན་འདུས་བཟང་གིས་ཆོས་མངོན་རིགས་པའི་རྗེས་འབྲང་གི་བསྟན་བཅོས་སུ་སློབ་དཔོན་འདི་ལ་གནས་བརྟན་ཞེས་བོས་ནས་དགག་གཞག་མཛད།
ཅིག་ཤོས་སློབ་དཔོན་འཕྲོག་བྱེད་གོ་ཆས་ (སེང་གེ་གོ་ཆ་) བདེན་པ་གྲུབ་པའི་བསྟན་བཅོས་(འདི་སློབ་དཔོན་གཞོན་ནུའི་སྲོག་གིས་སྤྱི་ལོ་ ༤༡༢ ལོར་བསྒྱུར། ) བརྩམས། སློབ་དཔོན་འདིས་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་ལྟ་བ་སྦྱངས་ཤིང་། གཞུང་དེར་སློབ་དཔོན་འཕགས་པ་ལྷའི་བཞི་བརྒྱ་པའི་ལུང་ཡང་དྲངས་ཏེ། མདོ་སྡེ་པ་དང་ཐེག་ཆེན་གྱི་གྲུབ་མཐའ་ཐུན་མོང་གི་འདོད་པ་དུ་མ་བཤད་ཡོད། བསྟན་བཅོས་འདི་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་གང་དུ་གཏོགས་མིན་འདོད་ཚུལ་མི་མཐུན་པ་ཡོད་མོད། རྒྱ་ཡི་སུའི་དང་ཐང་གི་རྒྱལ་རབས་ཀྱི་རྗེས་སུ་ཐེག་དམན་གྱི་བསྟན་བཅོས་སུ་འཇོག་གོ །
སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་དུ་མདོ་སྡེ་པའི་ལུགས་སྐྱོར་བར་གྲགས་མོད། མདོ་སྡེ་པའི་སློབ་དཔོན་མཚན་ཉིད་པ་ནི་མ་ཡིན་ནོ། །སློབ་དཔོན་འདུས་བཟང་གིས་མངོན་པའི་བསྟན་བཅོས་རིགས་པའི་རྗེས་འབྲང་དུ་མདོ་སྡེ་པའི་མཁས་པ་རྣམས་དང་། ལྷག་པར་སློབ་དཔོན་དཔལ་ལེན་ལ་དགག་པ་རྒྱ་ཆེར་མཛད། དེ་རྗེས་མདོ་སྡེ་པ་རང་ཉིད་ཀྱི་བསྟན་བཅོས་མཛད་པ་ཆེར་མ་བྱུང་ངོ་། །
བོད་ཀྱི་མཁས་པ་ཁ་ཅིག་གིས་སློབ་དཔོན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་དུ་མདོ་སྡེ་པའི་ལུགས་བཟུང་བར་འདོད་མོད། དེ་དག་མདོ་སྡེ་པའི་རྣམ་གཞག་དང་མཐུན་མི་མཐུན་བདེན་པ་གྲུབ་པའི་བསྟན་བཅོས་ལ་དཔྱད་པ་ཞིབ་མོ་བྱེད་དགོས་ཤིང་། འོན་ཀྱང་བདེན་པ་གྲུབ་པའི་བསྟན་བཅོས་ལས་འབྱུང་བའི་རྣམ་གཞག་ཐམས་ཅད་ཐེག་ཆེན་དང་ཐུན་མོང་གི་འདོད་པ་ལས། མདོ་སྡེ་པའི་ཐུན་མོང་མ་ཡིན་པའི་འདོད་ཚུལ་ཡིན་པ་བརྗོད་དཀའ་སྟེ། བདེན་པ་གྲུབ་པའི་བསྟན་བཅོས་སུ་རང་རིག་ལ་དགག་པ་མཛད་ཅིང་། བོད་ཀྱི་མཁས་པ་ཕལ་མོ་ཆེས་མདོ་སྡེ་པས་རང་རིག་ཁས་ལེན་པར་འདོད་པ་ལྟ་བུའོ། །མདོར་ན་བདེན་པ་གྲུབ་པའི་བསྟན་བཅོས་ཀྱི་འདོད་ཚུལ་མཐའ་དག་མདོ་སྡེ་པ་ཁོ་ནའི་བཞེད་པར་འཆད་དཀའ་ནའང་། ད་ལྟ་བཞུགས་པའི་མདོ་སྡེ་པའི་གྲུབ་མཐའ་དང་ཤིན་ཏུ་ཉེ་བའི་བསྟན་བཅོས་ནི་འདི་ཁོ་ནའོ། །
(འདི་ནི་རྒྱལ་བ་ཀརྨ་པའི་མཚན་འཁོད་ངོ་དེབ་ལས་བཤུས་པ་ཡིན། https://www.facebook.com/17thkarmapalama/?pnref=story)
ཀརྨ་པ་མཁྱེན་ནོ།
བཀའ་དྲིན་ཆེ། བསྟན་པའི་བྱ་བ་ལགས།
ཁྱེད་ཉིད་དྲན་པ་ཙམ་གྱིས་ནི།
རྨོངས་པའི་འཆིང་བ་ཀུན་ལས་གྲོལ།
སྤྱི་འབྱིན་ཉི་མ་ཆེན་པོ་ཁྱེད།
སེམས་ཀྱི་དཀྱིལ་ན་བརྟན་པར་འཚལ།
ལེགས་བཤད་རེད། ལེགས་བཤད་རེད། མཁས་རྟགས་འདུག ཐུགས་རྗེ་ཆེ། བཀའ་དྲིན་ཆེ།།
གྲུབ་མཐའ་གང་ཡིན་ན་ཡང་། ཐོག་མའི་སྲོལ་གཏོད་པ་པོ་གཅིག་རང་ངོས་བཟུང་ན། རྩོད་གཞི་ཆེན་པོར་འགྱུར་བར་ངེས་པས་་་་་་་
༧ཀརྨ་པའི་ཡང་སྲིད་བསྟན་དོན་དུ་ཕེབས་པ་ལུས་ཡིན། འདི་དང་འདི་འདྲའི་རིགས་སུས་གནང་ཡང་བསྟན་པའི་མཛེས་རྒྱན་ཁོ་ནའོ།
ཆོས་བས་ཆོས་སྨྲ་ན་ཅི་འདྲའི་བློ་ལ་འཐད་ཅིང་མིག་ལ་མཛེས་བ་ལ་ཨང་། ཚིག་ཉུང་ཞིང་དོན་འདུས་བ་དཔྱད་པ་གནད་དུ་ཐིངས་བ་གནང་འདུག་པས་ཡི་རངས་ཞུ། XXXXX
སངས་རྒྱས་ཞལ་བཞུགས་དུས་མདོ་སྡེ་པ་འགའ་ཤས་མེད་ན། མདོ་སྡེ་པའི་གྲུབ་མཐའ་སངས་རྒྱས་ཀྱིས་མ་གསུངས་པ་ཐལ་བའི་སྐྱོན་ཡང་བབ་མི་སྲིད་པ་མིན།
གསུང་རྩོམ་འདི་ཕྲན་གྱིས་ཁ་བརྡར་བཀོད་པ་ཡིན་པས། ཚིག་རྩུབ་སྨྲ་རིགས་རྣམས་གསུབ་ངེས་ཡིན་པ་དགོངས་འཇགས་འཚལ།
མདོ་སྡེ་པའི་གྲུབ་མཐའ་འདི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞིག་ཡིན་ནམ་མིན། མ་ཡིན་ན་བཅོམ་ལྡན་འདས་ཀྱིས་གསུངས་པ་འདྲ་པོ་གྲུབ་མཐའ་བཞིའི་ཁོངས་སུ་ཅིའི་ཕྱིར་བཞག་པ་ཡིན་ནམ།
སངས་རྒྱས་པ་ལ་བཞི་པ་དང་ཞེས་པ་དེ་སྤྱི་འགྲོའི་ཚུལ་གྱིས་སངས་རྒྱས་པ་ཞེས་གསུངས་པ་ཡིན་པ་ལས། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་གྲུབ་མཐའ་ཞིག་ལ་མི་འདོད་པ་ཡིན་ནམ།
སངས་རྒྱས་པ་ལ། ཐེག་པ་གསུམ་ལས་བཞི་པ་མེད་པ་དང་། གྲུབ་མཐའ་བཞི་ལས། ལྔ་པ་མེད་པར་གསུངས་པ་རེད།
དེ་ངས་ཤེས། སངས་རྒྱས་པ་ལ། ཞེས་པའི་སངས་རྒྱས་དེ། སྟོན་པ་བཅོམ་ལྡན་འདས་ཁོ་ན་ལ་གོ་དགོས་པ་རེད་དམ། ཡང་ན་སངས་རྒྱས་སྤྱི་འགྲོའི་ཚུལ་གྱི་གོ་དགོས་པ་ཞིག་རེད། དྲི་བ་དེ་ཡིན། །
ཁ་བརྡ་དྲ་བར་ཐུགས་རྗེ་ཆེ་ཞུ། གཅོད་གཏུབ་གང་ཞིག་བྱས་ཀྱང་ཆོག མཆན་འབྲི་སྐབས་སྣང་མེད་དུ་ཀུན་ལ་གནོད་བྱེད་ཀྱི་ཚིག་ནག་བེད་མེད་དེ་འདྲ་འབྲི་ཤོར་འགྲོ་བས་ལེགས་བཅོས་དང་གང་ལ་གང་མཚམས་པ་དེ་དེ་བཞིན་དུ་བགྱི་བར་གྱིས་ཤིག
ཧ་ལས་པ་རེད། ས་དགེ་བཀའ་རྙིང་ནང་ད་བར་བྱུང་མ་མྱོང་བའི་རྩོམ་རྩལ་ཞིག་འདུག རྙིང་མ་ཡི་བླ་མ་མང་པོ་ཞིག་དགོན་པ་རྒྱག་རྒྱུ་དང་གསང་ཡུམ་ལེན་པར་བྲེལ་སྐབས། ཀརྨ་པས་ནང་ཆོས་ཀྱི་ལྟ་བའི་གཞི་མ་འཚོལ་ནས་བཞུགས་འདུག དགེ་ལུགས་པ་ཚོ་གྲ་སྐོར་ཚོགས་ལངས་ལ་བྲེལ་དུས། ཀརྨ་པས་ནང་ཆོས་རྨང་གཞི་གདིང་བར་བྲེལ་འདུག བཀའ་བརྒྱུད་པས་གཤིན་པོའི་འབུལ་རྟེན་བསྡུ་གསོག་ལ་བྲེལ་དུས། ཀརྨ་པས་བདག་ཅག་སྟོན་པའི་གསུང་ལ་དཔྱོད་བཞིན་ཞུགས་འདུག ས་སྐྱ་པས་གདུང་སྲས་ཁྲི་ལ་བསྐོ་བར་བྲེལ་དུས། ཀརྨ་དེ་ནང་པའི་ལྟ་གྲུབ་བཙལ་ནས་བཞུགས་འདུག
ཀརྨ་པ། སྟོན་པའི་སྲས་གཙང་མ་ཞིག
སྤྲུལ་མིང་འཛིན་པ་ཐམས་ཅད་ལ་བོད་ཡིག་ཡག་པོ་འདི་འདྲ་ཞིག་ཡོད་ན་ཅི་མ་རུང་།
ཀརྨ་པ་གཉི་ག་མཛད་འཕྲིན་རྒྱས་པར་སྨོན།
ཕྱག་དཔེ་ཡག་པོ་གཟིགས་ཀྱི་ཡོད་པ་གསལ་བོ་རེད་འདུག རེ་བ་ཆེ་ཤོས་ནི། གྲུབ་མཐའ་རིས་མེད་ཀྱི་གཞུང་ལ་གཟིགས་རྒྱུ་གལ་ཆེན་རེད་སྙམ། དེ་ལྟར་བྱུང་ན་མཁས་པའི་མཚན་སྙན་ཡང་རྒྱས་པ་ལ་ཐེ་ཚོམ་མེད་པ་ཞིག་རེད།
ཀློང་ཆུང་ལགས་་་རང་ཚོད་ཟིན་ན་མི་དགའ་འམ། བསྟོད་པ་ནམ་མཁའ་ལ་མི་ཤོངས་བ་བཏང་ན་གོང་དུ་བྲིས་པའི་རྩོམ་ཡིག་གི་སྐྱོན་དང་ནོར་ལ་མཛུབ་མོ་འཛུགས་དགོས་ཐུག་ས་རེད་ད། ངས་བལྟས་ན་དེར་དུས་ཁྱོད་ཚོའི་གྲལ་ལ་རིགས་པ་གཏོང་འོང་གྱི་དང་། ཚུལ་གསུམ་བཀོད་འོང་གྱི་ཅི་ཡོད་ཅོ་རིས་སེམས་ལ་གསལ་ཁུ་མོ།
ཅོ་རི་ཅན་པོ། རིགས་པ་དང་ལྡན་པའི་སྐྱོན་ཆ་འདོན་ན་དགའ་བསུ་ཡོད། ཤོག ཕོ་ཁྱོ་ཀ་ཡིན་ན་ཤོག ཉན་བསྡད་ཡོད། གཙོ་བོ་དེ་ཁྱེད་ལ་རྨུག་རྒྱུ་མ་གཏོགས་རྒྱུ་མཚན་ཤོད་ཡས་མེད་པས། རྒྱལ་བ་ཀརྨ་པའི་གཏན་ཚིགས་རྡོ་རྗེའི་རིགས་པར་རྨུག་པ་ཙམ་མ་ཡིན་པར་རྣམ་དཔྱོད་ཡངས་བའི་དཔྱོད་པའི་མཐུ་ལ་བརྟེན་ནས་བགྲོ་གླེང་བྱེད་པའི་ཆུ་ཚད་ཅོ་རི་ལ་ཨེ་ཡོད་བསམས།
རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་མཛད་པ་འདི་ཉིད་གཞན་དང་མི་འདྲ་བར་བློ་སྐྱེད་སྟེར་བའི་གསུང་རྩོམ་ལེགས་པ་ཞིག་ཏུ་མཆིས།
་
སློབ་དཔོན་གཞོན་ནུ་ལེན་མདོ་སྡེ་པའི་སྲོལ་འབྱེད་ཡིན་པ་དང་པོར་ཐོས། འདི་ལ་མདོ་སྡེ་པའི་ཤིང་རྟའི་སྲོལ་འབྱེད། ཅེས་ཆོག་གམ་མི་ཆོག་ཅེས་དྲི་བ་ཡོད། “སློབ་དཔོན་ནི་ཡུལ་ཏཀྵིལ་ནས་བྱུང་བ་ཡིན་ཅིང་།”ཏཀྵིལ། ཞེས་པའི་དོན་དག་མ་ཤེས། གཅིག་ན། ཏཀྵ་ཤི་ལཱ། སྟེ་རྡོ་འཇོག་ཅེས་པ་མ་ཡིན་ནམ།
་
བོད་ཀྱི་གྲུབ་མཐའ་སྨྲ་བ་ཡོངས་ལ་ཞུ་བ་འདི་ཉིད་ཡོད་དེ། ཕྱི་དོན་མངོན་སུམ་ཚད་མས་གྲུབ་པར་སྨྲ་བ་བྱེ་བྲག་སྨྲ་བ་དང་། ཕྱི་དོན་རྗེས་དཔག་ཚད་མས་གྲུབ་པར་སྨྲ་བ་མདོ་སྡེ་པ་དང་། ཕྱི་དོན་མེད་ཅིང་ནང་སེམས་ཙམ་དུ་སྨྲ་བ་སེམས་ཙམ་པ་དང་། ཕྱི་དོན་དང་ནང་སེམས་གཉིས་ཀ་ངོ་བོ་ཉིད་ཀྱིས་མེད་པར་སྨྲ་བ་དབུ་མ་པ། ཞེས་བསྟན་འགྱུར་གྱི་དཔེ་ཆ་ཞིག་ཡོད་པ། ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མའི་སློབ་དཔོན་སྐུ་གཤེགས་ཨེ་ལེགས་ཝེཡ་མེན་གྱིས་གཟིགས་པ་ལོ་ངོ་ཉི་ཤུ་རྩ་གྲངས་ལྷག་སྔོན་དུ་མཐོང་ཡང་། དཔེ་ཆའི་མིང་ལ་དོ་སྣང་མ་བྱུང་། གལ་ཏེ་བསྟན་འགྱུར་ན་གཟིགས་ན་དཔེ་ཆའི་མིང་འབྲི་བར་མཛད་ན། ཀུན་ལ་ཕན་པར་ངེས་སོ།
ཕྱི་དོན་ཡོད་སྟངས་དང་། ཕྱི་དོན་ཡོད་མེད་ཙམ་གྱིས་གྲུབ་མཐའ་བཞི་རུ་གྱེས་པ་ཡང་འཇོག་དཀའ་ཙམ་མི་འདུག་གམ། ལགས།
༸གོང་ས་མཆོག་གིས། ཆོས་བརྒྱུད་ཀྱི་དར་ཆ་བཟོས་པར་ངོ་རྒོལ་གནང་བ།
https://www.facebook.com/259976564335011/videos/333864733612860/?hc_ref=NEWSFEED
བྱེ་བྲག་སྨྲ་བའི་སྐད་དོད་ནི། བེབྷཥིཀ
བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་བས་སམ། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་འདོད་པས་བྱེ་སྨྲ་ཞེས་བརྗོད་ཅིང་། རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པ་དེ་དེིའི་མཚན་ཉིད་དུ་འཇོག
མདོ་སྡེ་པའམ་དཔེ་སྟོན་པ་ནི།
མདོ་སྡེའི་རྗེས་སུ་འབྲངས་ནས། རང་རིག་དང་ཕྱི་དོན་གཉིས་ཀ་བདེན་ཞེན་གྱིས་ཁས་ལེན་པའི་ཐེག་དམན་པའི་གྲུབ་མཐའ་སྨྲ་བ། འདི་ལ་ནང་གསེས་ལུང་གིས་རྗེས་འབྲངས་པ་དང་། རིགས་པའི་རྗེས་འབྲངས་པ་གཉིས་སུ་གྱེས་ནས་ཡོད་དོ།།
སྟོན་པ་བཅོམ་ལྡན་འདས་མདོ་སྡེ་པའི་གྲུབ་མཐའི་སྒོར་བཞུགས་པའི་བཤད་སྲོལ་ནི་ཡོད་ས་མ་རེད། མདོ་སྡེ་པའི་སྲོལ་གཏོད་མཁན་ནི་ཁོང་ཡིན་ས་མ་རེད། མདོ་སྡེ་པ་དང་ཁོང་གཉིས་ལ་འབྲེལ་བ་ནི་བྱུང་ཡོད་ས་མ་རེད། ད་མདོ་སྡེ་པའི་གྲུབ་མཐའ་འདི་ཕྱི་པ་ཡིན་ནམ་ནང་པ་ཡིན། ཡང་ན་ཉི་ཚེ་བའི་གྲུབ་མཐའ་ཡིན། ནང་པ་ཡིན་དགོས་ན་ཡིན་དགོས་པའི་རྒྱུ་མཚན་ཁུངས་ལྡན་ག་རེ་འཇོག་རྒྱུ་ཡོད། དེ་བཞིན་བྱེ་བྲག་སྨྲ་བ་དང་སེམས་ཙམ་པའི་གྲུབ་མཐའ་ལའང་རིགས་འགྲེས་ཤེས་པར་བྱའོ། །
Bonpoཟེར བའི་མཆན་འདེབས་མཁན་ཁོང་ལ་འདྲི་རྒྱུར། དང་པོ་ཁྱེད་ལ་བོད་པའི་མིང་ཞིག་ཡོད་ན་འབོད་བདེ་བ་འདུག
གཉིས་པ། མདོ་སྡེ་པ་ནང་པ་ཡིན་པའི་རྒྱུ་མཚན་མདོ་སྡེ་པའི་རྗེས་བྲང་ཚོའི་ལོ་རྒྱུས་ལ་གཟིགས་ན་ཤེས་ཐུབ། དུས་ཚོད་ཏོག་ཙམ་བཏང་ནས་ཀློགས་དང་མཁྱེན་ངེས། ཁྱེད་ཀྱི་མིང་ལ་བལྟས་ན་བོན་པོ་ཡིན་ཚོད་འདུག འདྲི་བ་ལ། བོན་པོའི་ལྟ་གྲུབ་ནང་ལ་ནང་པ་ནང་བཞི་་གྲུབ་མཐའ་ཁག་ཁག་དབྱེ་སྲོལ་ཡོད་དམ། ཡོད་ན་གྲུབ་མཐའ་ག་ཚོད་ལ་དབྱེ་འམ། ཁྱད་པར་ཅི།
ཁ་སང་མ་ཧ་བྷ་ར་ཏ་ཟེར་བའི་སྐད་འཕྲིན་ཚོགས་པ་ནས་བོན་པོའི་སྐོར་ལ་གསུང་བཤད་འགའ་ཤས་བསྐུར་འདུག་རུང་། གཙོ་བོ་བླ་བྲང་སྐལ་བཟང་ཁོང་ཚོ་རེད། དེའི་ནང་བོན་ཆོས་སྐོར་ཤེས་བྱ་མིན་འདུག གཙོ་བོ་སྟོན་པ་གཤེན་རབོ་རྒྱུས་ཐོག་བྱུང་ཡོད་མེད་སྐོར་རེད། དེ་ཚོ་བློ་ཕམ་གྱི་རང་བཞིན་རེད། ང་ཚོར་བོན་པོའི་ལྟ་གྲུབ་སྐོར་ཤེས་བྱ་ཕན་ཐོགས་ཆེ་བ་འདུག
དཔེར་ན་ནང་པའི་གྲུབ་མཐའ་སྦྱོང་བའི་སྐབས་ཐག་རིང་གྲངས་ཅན་དང་གཅེར་བུ་བར་མི་བརྩོད་པར་ཉེ་ས་བོན་པོ་དང་། རྒྱའི་ཏའོ་ཆོས། ཡེ་ཤུ། ཁ་ཆེ་སོགས་ཀྱི་ལྟ་བ་ལ་སྦྱངས་ནས་ནང་པའི་གྲུབ་མཐའ་སྦྱངས་ན་སྨིན་པ་ཡོང་བའི་ཚོར་སྣང་འདུག
བོ་་་་་་ཞེས་པ་འདི་ལོ་རྒྱུས་ཅེས་བཅོས་རོགས།
གྲུབ་མཐའ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཁ་ཤས་དགོས་ངེས་པས་གྲུབ་མཐའ་ཞིག་གི་སྲོལ་གཏོད་ཟེར་བ་དེ་ཆུང་ཆུང་མ་རེད། མ་མཐར་ལྟ་བ་དང་སྒོམ་པ་སྤྱོད་པ་འབྲས་བུ་བཅས་ཀྱི་ཆ་རྐྱེན་ཚང་དགོས་ངེས། བྱེ་མདོ་སེམས་གསུམ་གྱི་གྲུབ་མཐའ་འདི་བཅོམ་ལྡན་འདས་ཀྱི་གསུངས་པ་ཞིག་ནི་ཏན་ཏན་ཡིན་ས་མ་རེད། བཅོམ་ལྡན་འདས་ཀྱིས་གྲུབ་མཐའ་འདི་རིགས་སྲོལ་གཏོད་དགོས་པའི་ལུང་བསྟན་གནང་བ་དེ་འདྲ་ཡང་ཡོད་ས་མ་རེད། དེར་མ་ཚད་བཅོམ་ལྡན་འདས་ཀྱི་སྐུ་དུས་སུ་གྲུབ་མཐའ་འདི་རིགས་བྱུང་མེད་པ་གསལ་པོ་ཡིན་ས་རེད། དེ་འདྲ་ཡིན་དུས་གྲུབ་མཐའ་འདི་རིགས་བཅོམ་ལྡན་བསྟན་པའི་ནང་གྲུབ་ཀྱི་ཁོངས་སུ་ཁྱེད་རྣམས་ཀྱིས་བཞགས་དགོས་པའི་ཆ་རྐྱེན་ལུང་རིགས་འདར་སིག་སིག་དེ་འདྲ་ག་རེ་ཡོད་ནའང་སྟོན་རོགས་གནོངས་ཟེར་ནས་ཞུས་པ་ཡིན། །
དེ་ནས་ག་ལེར་དབུ་མའི་གྲུབ་མཐའི་སྐོར་ནས་ཀྱང་དྲི་བ་ཁ་ཤས་ཡོད། །
སངས་རྒྱས་པ་་་ལ་བཞི་པ་དང་། ལྔ་པ་་་ཐུབ་པའི་དགོངས་པ་་་མིན། གསུངས་པ་རེད། སློབ་དཔོན་ག་གེ་མོས་སྲོལ་ཕྱེས་པར་གྲགས་པའི་བྱེ་མདོ་སེམས་གསུམ་གྱི་གྲུབ་མཐའ་རིགས་་་ཐུབ་པའི་དགོངས་པ་་་ཡིན་ཚུལ་གྱི་འགྲེལ་བཤད་ཚད་ལྡན་ཡོད་ན་ཉན་འདོད་ཡོད། །
དྲྭ་གྲོགས་ཀློང་ཆུང་ལགས།
ངའི་མིང་ནི་བོད་རྒྱ་དབྱིན་གསུམ་སོགས་སྐད་རིགས་གང་གི་ཐོག་ལ་བྲིས་པ་ཡིན་ནའང་བོད་སྐད་དྭངས་མ་ཞིག་རང་རེད། དེ་ལ་འགྱུར་བ་ཡོད་མ་རེད། བོད་ཡིག་གི་ཐོག་ལ་བྲིས་མི་འདུག་གསུངས་ན་ཁྱེད་ཐུགས་བདེན། ངས་དགོངས་དག་ཞུ་རྒྱུ་ཡིན། ཡིན་ནའང་ད་བར་དྲྭ་གྲོགས་ཚོས་རིགས་ཀྱི་ལ་ཞེན་ཐུགས་ལ་བཅངས་ནས་ང་ལ་་་བོན་པོ་་་ཞེས་བྲིས་ནས་ལན་དང་དྲི་བ་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་འདོད་པ་ཡིན།
མདོ་སྡེ་པའི་རྗེས་འབྲངས་བ་ཚོས་གསར་དུ་སྲོལ་གཏོད་ཚད་ཐུབ་པའི་དགོངས་པ་ཡིན་པར་བསྒྲུབ་དགོས་ན་དཀའ་སས་ཡིན་གྱི་རེད། བྱེ་མདོ་སེམས་གསུམ་ཐུབ་པའི་བསྟན་པ་ཡིན་པའི་ཁུངས་ལུང་ཚད་ལྡན་སྟོན་རྒྱུ་ཡོད་ན་སྟོན་རོགས་གནོངས།
བོན་ལ་གྲུབ་མཐའ་དབྱེ་སྲོལ་མང་པོ་འདུག གཙོ་བོ་ཐེག་པ་རིམ་དགུར་དབྱེ་ནས་གཏན་ལ་ཕམ་པ་རེད། བོན་གྱི་ཞི་ཁྲོའི་སྒུབ་གཞུང་གི་ནང་དུ་ཐེག་དགུའི་བཤགས་པ་ཞེས་པའི་དཔེ་ཆ་ཞིག་ཡོད། དེ་ནི་གཤེན་རབ་མི་བོ་ཐེག་པ་རེ་རེའི་སྒོ་རུ་བཞུགས་ནས་ཕེབས་དུས་སྐྱོན་དང་ནོར་འཁྲུལ་བྱུང་བ་ཁག་ལ་བཤགས་པ་ཕུལ་བ་ཞིག་རེད་བཞག དང་པོ་ཕྱ་གཤེན་སྒོ་རུ་བཞུགས་ཙམ་ན་ཞེས་དེ་ནས་རིམ་པ་བཞིན་དུ་ཡོད་རེད། དཔེར་ན་གསང་སྔགས་ཀྱི་སྒོ་རུ་བཞུགས་དུས་གཉིད་དབང་ཆང་དབང་ལས་ལོའི་དབང་བསྒྱུར་དང་དུག་ལྔའི་དབང་བསྒྱུར་སོགས་ལ་བཤགས་པ་ཕུལ་བ་ལྟ་བུ་རེད། བོན་ལུགས་ཀྱི་འགྲོ་སྟངས་དེ་ཚོ་བརྟན་སང་སང་འདྲ་པོ་འདུག་ད།
མ་ཧ་བྷ་ར་ཏ་་་ཞེས་པའི་ཚིག་འདི་བེད་སྤྱོད་དུས་དགོངས་པ་ཡག་པོ་བཞེས། འདིའི་ནང་ལ་གངས་རིའི་ལྗོངས་ཆ་ཚང་ཁོ་ཚོའི་ཆ་ཤས་ཡིན་པའི་ལྟ་ཚུལ་ཡོད་པར་སྣང་། སྐད་འཕྲིན་ནང་ལ་ཨོ་རྒྱན་སྟོབས་རྒྱལ་མཁྱེན་བརྩེ་ནོར་བུ་བླ་བྲང་སྐལ་བཟང་་་ཟེར་བ་སོགས་ཀྱིས་བོན་དང་གཤེན་ལ་སྒྲོ་བཀུར་བཏབས་པ་འདུག་ཟེར་བ་ཐོས་སོང་། དེ་ཚོ་ཁ་ཚོགས་མ་བསགས་ལུས་སྒྲིབ་པ་མ་སྦྱང་བའི་ནང་རྟགས་བསྟན་པ་རེད། མ་གཞི་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ནི་རྒྱ་གར་ཁོ་རང་ཚོའི་ཡུལ་དུ་མུ་སྟེགས་པ་དང་ཕན་ཚུན་ལྟ་གྲུབ་མ་མཐུན་པའི་སྐད་ཆ་ཡོད་པ་མ་གཏོགས། བོད་ཀྱི་ཡུལ་དུ་བོན་དང་ལྟ་གྲུབ་མ་མཐུན་པའི་སྐད་ཆ་ཞིག་ཡེ་ནས་འཇོག་རྒྱུ་མེད། དེ་གཞི་རྩར་བཞགས་ནས་སྐད་ཆ་ཤོད་དགོས། བོད་ཀྱི་ཡུལ་དུ་ཉག་ཉོག་ཡོད་པ་འདི་ནི། བཅོམ་ལྡན་འདས་ཀྱི་དགོངས་གཞི་དགོངས་པ་མ་ཡིན་པར་བན་རྒན་ཕྲག་དོག་ཅན་ཚོས་གསར་བཟོ་བྱས་བཞག་པ་ཞིག་རེད། ཁྱེད་རང་ཚོ་དེ་འདྲ་འཇོན་སྟངས་ཡོད་མཁན་ངར་མ་ཞེ་བོ་ཞིག་ཡིན་ན་དང་པོ་བཅོམ་ལྡན་འདས་ཀྱིས་རྒོལ་ཡུལ་དེ་སུ་ཡིན་པ་ངོ་ཡག་པོ་ཤེས་པར་གྱིས། རྙོག་གྲ་མེད་ས་ལ་རྙོག་གྲ་བཟོས་ན་སྡིག་ལས་རེད་མ་གཏོགས་དགེ་བའི་བྱ་བར་མི་འགྱུར་རོ། བོན་དང་བཅོམ་ལྡན་འདས་ཀྱི་དབར་ལ་ཆོས་ལུགས་ཀྱི་རྙོག་གྲ་བྱུང་བའི་ལོ་རྒྱུས་ཤིག་བྱུང་མྱངས་མེད། བོད་ཀྱི་བོན་པོ་རྒྱ་གར་ཡུལ་ལ་སོང་ནས་བཅོམ་ལྡན་འདས་ཀྱི་་བསྟན་པ་གཏོར་བཤིགས་བཏང་བའི་ལོ་རྒྱུས་དེ་བས་ཀྱང་འཇོག་རྒྱུ་མེད། སྤྱི་སྟངས་ཕ་རྒན་དེ་ཚོས་རྒྱོ་རྒྱག་རྒྱུ་མ་གཏོགས་ལྟ་གྲུབ་དེ་ཚོ་ཕ་རིའི་སྤང་རྒྱན་རེད། མཐོང་ཚད་དང་ཐུག་ཚད་དགྲ་རུ་ལངས་ན་རང་ཉིད་ངལ་བའི་རྒྱུ་རེད་དོ། །
དགོངས་དག་་་་ལེ་ལོ་་་ཡིན་ས་རེད།
#25 BONPO ་ལགས།
སངས་རྒྱས་ཀྱིས་གྲུབ་མཐའ་བཞི་ག་གསུངས་པ་ཡིན་ཏེ། གཞི་བདེན་པ་གཉིས་གཏན་ལ་འབེབས་དུས་བློ་ཁ་མཐོ་དམན་བཞི་རུ་དབྱེ་ནས་མ་གསུངས་རང་གསུངས་ཆགས་ཙང། གྲུབ་མཐའ་བཞི་རུ་གྱེས་པ་རེད།
རྩོམ་ཡིག་འདིར་མདོ་སྡེ་པའི་གྲུབ་མཐའ་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྐོར་རྩ་བ་ཉིད་ནས་གསུངས་མི་འདུག དཔེར་ན་འདི་ལྟར།
༼མདོ་སྡེའི་རྗེས་སུ་འབྲང་བའི་ཡོད་སྨྲ་བ་དག་དང་། འཕོ་བར་སྨྲ་བའི་སྡེ་དག་ཟུང་དུ་སྦྲེལ་ཏེ་་་་མདོ་སྡེ་པའི་གྲུབ་མཐའི་་་ས་བོན་རིམ་གྱིས་་་བྱུང་ངོ་། ༽ཞེས་དང་། ཡང་དེ་ཉིད་ལས།
༼མདོར་ན་སློབ་དཔོན་འདི་ནི་མདོ་སྡེ་པའི་གྲུབ་མཐའི་་་སྲོལ་འབྱེད་་་ཡིན་ནོ།༽
གསུངས་སྟངས་བཅས་ལ་གཞིགས་ན་བཅོམ་ལྡན་འདས་ཀྱིས་བསྟན་པའི་བསྟན་པ་ནི་རྩ་བ་ཉིད་ནས་ཡིན་ས་མ་རེད་དོ།
ཀུམར་ལཏའ་
ཤྲི་ལ་ཏ་
བནཏ
བསུ་མིཏྲ
དརམ་ཏྲ་ཊ
སམག་བྷ་ཊ་ལ་སོགས་པའི་སློབ་དཔོན་རྣམས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་པ་ལ་འགལ་བ་རེ་གཉིས་ལས་མེད་ཀྱང་མདོ་སྡེ་པ་ཡིན་མིན་ལ་འགལ་བ་་མང་པོ་འདུག་
རྒྱ་ནག་གི་ཡིག་ཆ་ལ་ཞིབས་ཏུ་གཟིགས་མཁན་ཚོས་ཤེས་སྲིད་
དེང་སང་གྲུབ་མཐའ་ལ་སློབ་སྦྱོང་བྱེད་བཞིན་པའི་སྐབས་དེ་ལྟ་བུ་ཞིག་རག་ནས་དགའ་པོ་བྱུང། རབ་གསལ་ལགས། ཐུགས་རྗེ་ཆེ་ཞུ། འོན་ཀྱང་སྲོལ་གཏོད་པ་པོ་ཀུ་མཱ་ར་ལབྡྷ། ཡིན་པར་གསུངས་འདུག ཐེག་དམན་གཞུང་འགའ་ཞིག་ནང་། ཀུ་མ་ར་ལ་ཏ་ཡིན་པར་གསུངས། ཐུའུ་བཀན་གྲུབ་མཐར། ཀུ་མ་ར་ཏ། ཞེས་གསུངས།
ཀུ་མཱ་ར་ལབྡྷ། kumaralabdha ནི་ཕྱིས་སུ་བྱུང་བའི་མཁས་པ་མིང་ཆ་འདྲ་བ་ཞིག་ལ་འདོད་པ་ཡིན།
མ་ཟད་མདོ་སྡེ་པ་གྱེས་གཞི་ལའང་མི་འདྲ་བ་མང་པོ་གསུང་སྲོལ་འདུག་པས། ད་དུང་དཔྱད་དགོས་པར་གནང་།