—རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
སྐྱེ་འཆིའི་འཁོར་ལོ་འདི་དོན་ལ་ཅི་ཞིག་ཡིན། །
བྱས་བྱས་སྒྲུབ་སྒྲུབ་ཀྱི་མཐའ་དེ་ཅི་ཞིག་ཡིན། །
ཡུན་རིང་ངལ་དུབ་ཀྱི་སོ་ཚིས་ཅི་ཞིག་ཡིན། །
དུར་སའི་རྡོ་རིང་འདི་དོན་ལ་ཅི་ཞིག་ཡིན། །
ཡོད་ཡོད་ཡིན་ཡིན་གྱི་འཁོར་བ་ཐེར་ཟུག་པོ། །
སེམས་ཀྱི་ཟབ་ས་དང་དམར་སར་བཞག་ན་ཡང་། །
ནམ་ཞིག་མར་ནང་གི་སྤུ་བཞིན་ཐོན་ཉིན་མོ། །
ཁྱོད་ལ་འབྲེལ་ཡིད་ཀྱི་དངོས་པོ་གང་ཞིག་འདུག །
མཐོན་པོའི་གོ་ས་དང་བཟང་པོའི་བྱས་པ་སོགས། །
ལོ་རྒྱུས་ལེའུ་ཡི་བམ་ཁ་མཐུག་ན་ཡང་། །
བྱས་པ་མི་ཡུལ་ལ་བཞག་པའི་དབང་ཐང་ཡང་། །
ཤི་བའི་དུར་ཁུང་ན་རྡོ་ཡི་གླེགས་བུ་ཙམ། །
ནང་མི་ཉེ་དུ་ཡི་ཆེད་དུ་མི་ཚེ་བཏང་། །
རྒྱལ་ཕམ་འཐབ་རྩོད་ཀྱི་ཆེད་དུ་མི་ཚེ་བཏང་། །
དོན་ཆུང་མནོག་ཆུང་གི་བྱ་བས་མི་ཚེ་བཏང་། །
སྡུག་བསྔལ་ཆུ་གཉེར་གྱི་ཀློང་ནས་མི་ཚེ་བཏང་། །
རོ་རུས་བང་སོ་རུ་འཇུག་པའི་ཉིན་མོ་དེར། །
མེ་ཏོག་རྐང་གཅིག་གི་སྐྱེལ་མ་ཆུང་ཚད་ཙམ། །
བཀོད་ལེགས་རྒྱས་སྤྲོས་ཀྱི་མལ་ས་ཆེ་ཚད་ཙམ། །
ཐ་མའི་འབབ་ས་དེ་རྡོ་ཡི་སྒམ་ཆུང་ཞིག །
དུར་ས་དུར་ས་དག་འཕྲོ་རིམ་འཕྲོ་རུ་བསྟར། །
ཁྱིམ་ཚང་ནང་མི་དག་གཡས་དང་གཡོན་དུ་བསྒྲིགས། །
སྔ་རབས་སྔོན་སོང་དང་ད་རབས་རྗེས་ཡོང་ཀུན། །
ཐ་མའི་འཛོམས་དུས་དེ་དུར་ཁང་གཅིག་གི་འགྲམ། །
དུར་ས་འགའ་ཞིག་ནི་ཧ་ཅང་ལོ་མང་སོང་། །
བང་སོ་བང་སོ་ཡི་ས་ནས་རྒས་ཤིང་འཁོགས། །
ཞིག་ནས་ཁོག་སྟོང་དུ་ལུས་པ་གང་མང་སྟེ། །
ཆག་ནས་གཏིང་བསྡིབས་སུ་གྱུར་ཀྱང་བདག་པོས་དབེན། །
འཁོར་བའི་ཞེན་ཆགས་ལ་ཧ་ཅང་ཟུར་ཟ་ཞིག །
སྲིད་པའི་ཕུན་ཚོགས་ལ་ཧ་ཅང་ཉེན་བརྡ་ཞིག །
ཐར་པའི་འདུ་ཤེས་ལ་ཧ་ཅང་སྐུལ་མ་ཞིག །
དུར་ཁྲོད་ཆེན་པོ་འདི་ང་ཡི་སློབ་དཔོན་ཞིག །
ཡེ་ཤུའི་འཕགས་མ་ཡི་ཞི་དུལ་སྐྱབས་སྦྱིན་དང་། །
ལྷ་ཡི་ཕོ་ཉ་ཡི་མཛེས་པའི་གཤོག་ཟུང་སོགས། །
ད་དུང་ཆོས་འཁོར་རྩིབ་བརྒྱད་ཀྱི་རྩེ་ཏོག་ཀྱང་། །
དུར་ས་འདི་ཉིད་ཀྱི་དད་པའི་རེ་སྙེགས་ལགས། །
འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་འདྲ་མིན་ནས། །
ཨོ་གླིང་སྐམ་ས་ཡི་བདེ་ཐང་བསྙེགས་མི་དག །
པུར་སྒམ་ཆུང་ཆུང་གི་སྔས་འགོ་གཏོད་ས་དེ། །
མཐའ་ཡས་མུ་མེད་ཀྱི་ཞི་བདེ་རྒྱ་མཚོ་ལགས། །
ལུས་ཀྱི་གྲུ་བོ་དེས་གླིང་ཆེན་བརྒལ་ན་ཡང་། །
སེམས་ཀྱི་གཡོར་མོ་ཡི་ཁ་ཕྱིགས་ལྡོག་གིན་བསྐྱོད། །
ཐ་མའི་དུར་ས་དེས་ཕ་ཡུལ་དྲན་པ་འདྲ། །
ཐག་རིང་མཚོ་ངོགས་དེས་འདས་དོན་གླེང་བ་འདྲ། །
ང་ཡང་ནམ་ཞིག་ན་ཁྱོད་དང་འདྲ་བ་ཡིན། །
རང་གི་ཡོང་ཁུངས་དེ་ཕྱིར་དྲན་བྱེད་པ་ཡིན། །
གྲག་མེད་འགུལ་མེད་ཀྱི་ས་གཞི་ཆེན་པོ་འདིས། །
ལུས་ཀྱི་འབྱུང་རྡུལ་དག་བགས་ཀྱིས་ཟ་བ་ཡིན། །
འཁོར་བའི་འཁོར་ལོ་ལ་ཐོག་མཐའ་མེད་དོ་གསུང་། །
སེམས་ཀྱི་འགྲུལ་བཞུད་དེ་ད་དུང་རིང་ངོ་སྐད། །
དགེ་བའི་འདུན་མ་རང་ཕྱི་མའི་ཟླ་གྲོགས་ཏེ། །
ཐར་པའི་ལམ་སྣེ་ཞིག་རྐང་པས་མནོན་པར་ཤོག །
(པར་བ་རྫ་ཚེ་རིང་བཀྲ་ཤིས།)
ཞེས་པ་འདི་ཡང་། སྤྱི་ལོ་༢༠༡༦ཟླ་༩་ཚེས་༩ ཉིན། ཨོ་སི་ཁྲི་ལི་ཡིའི་གྲོང་ཁྱེད་སི་ནི་ཤར་རྒྱུད་ཀྱི་མཚོ་ངོགས་ཤིག་ཏུ་ཁ་རྒྱ་མཚོ་རུ་གཏད་པའི་དུར་ས་ཆེན་པོ་ཞིག་ཏུ་བང་སོ་ཧ་ཅང་མང་པོ་མཐོང་བའི་རྐྱེན་གྱིས་འབྲི་བ་པོ་ནི་རྫ་ཚེ་རིང་བཀྲ་ཤིས་སོ། །
གདུང་བརྟེན་དང་བང་སོ། །
དུར་ས་དང་དུས་ཁྲོད། །
གསོན་པ་དང་ཤི་རྗེས། །
ཡོད་དུས་དང་མེད་དུས། །
་
འཛིག་རྟེན་པའི་རྨི་ལམ། །
མཁས་དཔོན་ཚོའི་བྱས་རྗེས། །
བླུན་རྨོངས་ཚོའི་སྡིག་གསོག །
བགོད་བྲོ་དང་ཡིད་སྐྱོ། །
་
ང་རང་གི་འཆི་དུས། །
དུར་མེ་ཡི་དུར་ཐལ། །
ག་དུས་ལ་འོངས་སམ། །
ཡང་ཡང་དུ་སོམས་ཤིག །
བསྐྱར་དུ་དག་བཅོས་ཟིན་པ་་་་
དུར་ཁྲོད་ཀྱི་བཞིན་རས་ཞེས་པའི་སྙན་མགུར། རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
སྐྱེ་འཆིའི་འཁོར་ལོ་འདི་དོན་ལ་ཅི་ཞིག་ཡིན། །
བྱས་བྱས་སྒྲུབ་སྒྲུབ་ཀྱི་མཐའ་དེ་ཅི་ཞིག་ཡིན། །
ཡུན་རིང་ངལ་དུབ་ཀྱི་སོ་ཚིས་ཅི་ཞིག་ཡིན། །
དུར་སའི་རྡོ་རིང་འདི་དོན་ལ་ཅི་ཞིག་ཡིན། །
ཡོད་ཡོད་ཡིན་ཡིན་གྱི་འཁོར་བ་ཐེར་ཟུག་པོ། །
སེམས་ཀྱི་ཟབ་ས་དང་དམར་སར་བཞག་ན་ཡང་། །
ནམ་ཞིག་མར་ནང་གི་སྤུ་བཞིན་ཐོན་ཉིན་མོ། །
ཁྱོད་ལ་འབྲེལ་ཡོད་ཀྱི་དངོས་པོ་གང་ཞིག་འདུག །
མཐོན་པོའི་གོ་ས་དང་བཟང་པོའི་བྱས་པ་སོགས། །
ལོ་རྒྱུས་ལེའུ་ཡི་བམ་ཁ་མཐུག་ན་ཡང་། །
བྱས་པ་མི་ཡུལ་ལ་བཞག་པའི་དབང་ཐང་ཡང་། །
ཤི་བའི་དུར་ཁུང་ན་རྡོ་ཡི་གླེགས་བུ་ཙམ། །
ནང་མི་ཉེ་དུ་ཡི་ཆེད་དུ་མི་ཚེ་བཏང་། །
རྒྱལ་ཕམ་འཐབ་རྩོད་ཀྱི་ཆེད་དུ་མི་ཚེ་བཏང་། །
དོན་ཆུང་མནོག་ཆུང་གི་བྱ་བས་མི་ཚེ་བཏང་། །
སྡུག་བསྔལ་ཆུ་གཉེར་གྱི་ཀློང་ནས་མི་ཚེ་བཏང་། །
རོ་རུས་བང་སོ་རུ་འཇུག་པའི་ཉིན་མོ་དེར། །
མེ་ཏོག་རྐང་གཅིག་གི་སྐྱེལ་མ་ཆུང་ཚད་ཙམ། །
བཀོད་ལེགས་རྒྱས་སྤྲོས་ཀྱི་མལ་ས་ཆེ་ཚད་ཙམ། །
ཐ་མའི་འབབ་ས་དེ་རྡོ་ཡི་སྒམ་ཆུང་ཞིག །
དུར་ས་དུར་ས་དག་འཕྲོ་རིམ་འཕྲོ་རུ་བསྟར། །
ཁྱིམ་ཚང་ནང་མི་དག་གཡས་དང་གཡོན་དུ་བསྒྲིགས། །
སྔ་རབས་སྔོན་སོང་དང་ད་རབས་རྗེས་ཡོང་ཀུན། །
ཐ་མའི་འཛོམས་དུས་དེ་དུར་ཁང་གཅིག་གི་འགྲམ། །
དུར་ས་འགའ་ཞིག་ནི་ཧ་ཅང་ལོ་མང་སོང་། །
བང་སོ་བང་སོ་ཡི་ས་ནས་རྒས་ཤིང་འཁོགས། །
ཞིག་ནས་ཁོག་སྟོང་དུ་ལུས་པ་གང་མང་སྟེ། །
ཆག་ནས་གཏིང་བརྡིབས་སུ་གྱུར་ཀྱང་བདག་པོས་དབེན། །
འཁོར་བའི་ཞེན་ཆགས་ལ་ཧ་ཅང་ཟུར་ཟ་ཞིག །
སྲིད་པའི་ཕུན་ཚོགས་ལ་ཧ་ཅང་ཉེན་བརྡ་ཞིག །
ཐར་པའི་འདུ་ཤེས་ལ་ཧ་ཅང་སྐུལ་མ་ཞིག །
དུར་ཁྲོད་ཆེན་པོ་འདི་ང་ཡི་སློབ་དཔོན་ཞིག །
ཡེ་ཤུའི་འཕགས་མ་ཡི་ཞི་དུལ་སྐྱབས་སྦྱིན་དང་། །
ལྷ་ཡི་ཕོ་ཉ་ཡི་མཛེས་པའི་གཤོག་ཟུང་སོགས། །
ད་དུང་ཆོས་འཁོར་གྱི་རྩིབ་བརྒྱད་རྩེ་ཏོག་ཀྱང་། །
དུར་ས་འདི་ཉིད་ཀྱི་དད་པའི་རེ་སྙེགས་ལགས། །
འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་འདྲ་མིན་ནས། །
ཨོ་གླིང་སྐམ་ས་ཡི་བདེ་ཐང་བསྙེགས་མི་དག །
པུར་སྒམ་ཆུང་ཆུང་གི་སྔས་འགོ་གཏོད་ས་དེ། །
མཐའ་ཡས་མུ་མེད་ཀྱི་ཞི་བདེ་རྒྱ་མཚོ་ལགས། །
ལུས་ཀྱི་གྲུ་བོ་དེས་གླིང་ཆེན་བརྒལ་ན་ཡང་། །
སེམས་ཀྱི་གཡོར་མོ་ཡི་ཁ་ཕྱོགས་ལྡོག་གིན་བསྐྱོད། །
ཐ་མའི་དུར་ས་དེས་ཕ་ཡུལ་དྲན་པ་འདྲ། །
ཐག་རིང་མཚོ་ངོགས་དེས་འདས་དོན་གླེང་བ་འདྲ། །
ང་ཡང་ནམ་ཞིག་ན་ཁྱོད་དང་འདྲ་བ་ཡིན། །
རང་གི་ཡོང་ཁུངས་དེ་ཕྱིར་དྲན་བྱེད་པ་ཡིན། །
གྲག་མེད་འགུལ་མེད་ཀྱི་ས་གཞི་ཆེན་པོ་འདིས། །
ལུས་ཀྱི་འབྱུང་རྡུལ་དག་བགས་ཀྱིས་ཟ་བ་ཡིན། །
འཁོར་བའི་འཁོར་ལོ་ལ་ཐོག་མཐའ་མེད་དོ་གསུང་། །
སེམས་ཀྱི་འགྲུལ་བཞུད་དེ་ད་དུང་རིང་ངོ་སྐད། །
དགེ་བའི་འདུན་མ་རང་ཕྱི་མའི་ཟླ་གྲོགས་ཏེ། །
ཐར་པའི་ལམ་སྣེ་ཞིག་རྐང་པས་མནོན་པར་ཤོག །
ཞེས་པ་འདི་ཡང་། སྤྱི་ལོ་༢༠༡༦ཟླ་༩་ཚེས་༩ ཉིན། ཨོ་སི་ཁྲི་ལི་ཡིའི་གྲོང་ཁྱེར་སི་ནི་ཤར་རྒྱུད་ཀྱི་མཚོ་ངོགས་ཤིག་ཏུ་ཁ་རྒྱ་མཚོ་རུ་གཏད་པའི་དུར་ས་ཆེན་པོ་ཞིག་ཏུ་བང་སོ་ཧ་ཅང་མང་པོ་མཐོང་བའི་རྐྱེན་གྱིས་འབྲི་བ་པོ་ནི་རྫ་ཚེ་རིང་བཀྲ་ཤིས་སོ། །
ཨོ་གླེང་དུར་སར་ངེས་འབྱུང་སྐྱེ་བ་དང་། །སི་ཌི་ནིའི་ཁྲོམ་དུ་འདོད་པ་འཕེལ་བ་དང་། ཁ་བརྡ་གླིང་དུ་ཁ་བཤད་བྲིས་པ་སོགས །འདོད་པ་ཁམས་པ་རྣམས་ཀྱིས་རང་མཚང་ངོམས།།
སྙན་པོ་བྲིས་འདུག