རྔ་བ་ཀུན་བཟང་།
སུ་ཞིག་གིས་མཐོང་མ་མྱོང་པའི་ང་།
སུ་ཞིག་གིས་བདག་དབང་མ་བྱས་པའི་ང་།
འདི་ལྟར། མི་ཡུལ་གྱི་གྲུ་ཟུར་ཆུང་ཆུང་ཞིག་ནས།
སྙན་པའི་ཚིག་འགར་འགོག་མེད་ངང་ཤོར་ཞིང་།
འཚར་ལོངས་འབྱུང་བཞིན།
ད་རྒས་སོང་ཐལ།
རྒས་པ་དང་འཕྲ་ཤུགས་རེ་རེའི་ན་ཟུག་འདི།
སུ་ཞིག་གིས་རྟོགས་ངེས།
མི་ཡུལ་ན་གོམ་པ་སྤོ་ཤེས་པ་ནས་བཟུང་།
ངའི་རྣམ་ཤེས་ལ་འཐིམ་པའི་སུ་ཡང་མེད་ན།
ཡོད་ཚད་ནས་ཡོད་ཚད།
ཟླ་བའི་རྨི་ལམ་བཞིན་ཇི་འདྲའི་ཡིད་འོང་དང་བདེ་སྐྱིད་ཞིག།
ནས་གདུག་རྩུབ་དང་མནར་གཅོད་མྱོང་འདོད་མེད།
གང་ལྟར།
དགུར་གསུམ་གྱི་འཁྱག་གྲང་དང་།
དབྱར་གསུམ་གྱི་ཚ་གདུང་།
སྟོན་གསུམ་གྱི་རླུང་འཚུབ།
ཀྱག་ཀྱོག་གི་འཕྲང་ལམ་རེ་རེ་ནས།
ད་གཟོད།
རྨི་ལམ་དུ་རོལ་བའི་དུས་ཞིག་བྱུང་།
འཇིག་རྟེན་དུ་འཁོར་བའི་སང་ཉིན་ཞིག་བྱུང་།
༢༠༡༦ ་༩ ་༩