ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྦེལ་ཇམ་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྦེལ་ཇམ་ཁུལ་གྱི་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་གནང་དོན། ངས་བཀའ་ཤག་སྐབས་ ༡༥ ཚབ་བྱས་ཏེ་རྣམ་པ་ཚོ་ཚང་མར་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་དཔལ་ལྡན་ཚོགས་གཙོ་མཆོག་ཕེབས་ཡོད། ངེད་གཉིས་འདིར་བཅར་དགོས་དོན་ནི། སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཚོགས་པ་རེད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་འཛམ་གླིང་རྒྱབ་ཁབ་ཁག་ ༥༠ ནས་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་ ༢༥༠ ཕེབས་ཏེ་ཉིན་གྲངས་གསུམ་རིང་ཚོགས་འདུ་ཚོགས་པ་རེད།
ཉིན་དང་པོར་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་གི་ཡར་ལགས་ཀྱིས་གཙོས་སྲིད་སྐྱོང་གིས་ལམ་སྟོན་ཞུ་རྒྱུ་ཆ་ཚང་ཞུས་པ་རེད། ཉིན་གྲངས་གསུམ་རིང་གི་ཚོགས་འདུའི་ནང་བོད་དོན་རྒྱབ་སྐྱོར་བ་རྒན་གཞོན་དར་གསུམ་ཚང་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་གཞིར་བཟུང་དེ་སྔ་ཡིན་ནའང་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཡོད། མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་མ་ཐུབ་བར་དང་། བོད་ནང་བོད་མིར་རང་དབང་སླར་གསོ་མ་བྱུང་བར་དུ་ཁོང་ཚོ་ཚང་མས་སྐུ་ལས་བསྐྱོན་གྱི་ཡིན། མུ་མཐུད་རྒྱབ་སྐྱོར་ཡོད། ཅེས་རྒྱབ་སྐྱོར་ཚད་མཐོ་བོ་གནང་བར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ༧གོང་ས་མཆོག་ཉིན་གྲངས་གཉིས་ལྷག་རིང་ཆིབས་སྒྱུར་བསྐྱངས་དགོས་དོན་གཙོ་བོ་ནི། ཡོ་རུབ་སེམས་དང་སྲོག་གི་ཚོགས་པའི་གོ་སྒྲིག་ལྟར་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་ཡོད་པའི་བྷོ་ཛར་སྒྱུ་རྩལ་བསྟི་གནས་ཁང་དུ་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུར་ནུས་པ་དང་གཅེས་སྐྱོང་གི་བརྗོད་གཞིའི་ཐོག་ཆེད་ལས་མཁས་པ་དང་ཚན་རིག་པ། དཔལ་འབྱོར་རིག་པ་བ། ཆོས་ལུགས་པ་སོགས་ཀྱི་མི་སྣ་དང་ལྷན་བཀའ་བསྡུར་མཛད་ཡོད། ངེད་ཉིན་ཕྱེད་ཀའི་རིང་བཅར་རྒྱུའི་གོ་སྐབས་བྱུང་། ཚན་རིག་མཁས་པ་ང་ཡིན་ཟེར་མཁན་ཚོ་ཡིན་ནའང་ནང་ཆོས་ནི་ཧ་ཅང་གཏིང་ཟབ་པོ་རེད་འདུག
ནང་ཆོས་ནས་སློབ་གསོ་བླང་དགོས་རྒྱུ་ཧ་ཅང་མང་པོ་འདུག ཚན་རིག་ཐོག་ནས་ཞིབ་འཇུག་གཏིང་ཟབ་པོ་བྱས་ཏེ་མཐའ་མ་བསྡོམས་བརྒྱག་རྒྱུ་ནི་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་དེ་སྔ་ལོ་ཉི་སྟོང་ལྷག་གོང་ནས་ནང་ཆོས་མཁས་པ་ཚོས་གསུངས་པ་དེ་ག་རང་ཆགས་ཀྱི་འདུག ཅེས་ཚན་རིག་མཁས་པ་ཚོས་གསུང་བཞིན་ཡོད་སྟབས། ཧ་ཅང་སྤོབས་པ་སྐྱེ་དགོས་རྒྱུ་ཞིག་རེད་འདུག རྩ་བའི་ཚོགས་འདུར་མི་སྟོང་ཕྲག་གཉིས་ལྷག་ཙམ་བཅར་འདུག འོན་ཀྱང་ཉིན་རེ་བཞིན་དྲ་རྒྱའི་བརྒྱུད་ལམ་ཁག་ནས་ལྟ་མཁན་འབུམ་བཞི་ཙམ་ཡོད་འདུག ༧གོང་ས་མཆོག་གིས་ང་ཚོ་བོད་པ་ཡིན་བསམ་པའི་སྤོབས་པ་བྱེད་དགོས། ཞེས་བཀའ་སློབ་སྩལ་བ་བཞིན་ང་རང་ག་དུས་ཡིན་ནའང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་དཔེར་ན། བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས་མཁན་ཚོ་ཧ་ལས་པའི་དཀའ་ལས་མྱངས་པ་རེད། ཅེས་ང་ཚོ་སེམས་འགུལ་དང་མིག་ཆུ་ཤོར་དགོས་པ་བྱུང་བ་དེ་འདྲ་མང་པོ་གསུང་རྒྱུ་ཡོད་རེད། དངོས་གནས་དཀའ་ལས་ཡོད་རེད། འོན་ཀྱང་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་ལོ་ཙཱ་བ་ཚོས་བོད་ནས་རྒྱ་གར་དུ་ཕེབས་པ་དང་། དཔལ་ནཱ་ལེནྡྲར་ཕེབས་ཏེ་ནང་ཆོས་གཟིགས་པ་དང་ལེགས་སྦྱར་སྐད་ཡིག་སྦྱངས། དེ་དག་ཚང་མ་བོད་ཡིག་ཐོག་བསྒྱུར་བར་བརྟེན། འཛམ་གླིང་སྤྱི་ཡོངས་ནས་ནང་ཆོས་ཟེར་དུས་སྤུས་དག་ཤོས་བོད་ཡིག་ནང་ཡོད་པ་འདི་སྐབས་དེ་དུས་ཀྱི་ལོ་ཙཱ་བ་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་རེད། ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་གཞོན་སྐྱེས་ཚོས་ཤེས་ཡོན་དང་། མཐོང་རྒྱ། མཐུན་རྐྱེན་ཐོག་ནས་ཡིན་ནའང་རེད།
དུས་རབས་བདུན་པ་དང་བརྒྱད་པ་ལས་ལྷག་ཡོད་སྟབས། གོ་སྐབས་འཛིན་པའི་ཐོག་ནས་ཤེས་ཡོན་ཐོག་དོ་སྣང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་འདུག་ཅེས་རེ་འདུན་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། བོད་མི་ས་ཡ་དྲུག་རེད། རྒྱ་ནག་ཐེར་འབུམ་གཅིག་དང་ས་ཡ་སུམ་བརྒྱ་རེད། རྒྱ་ཧན་མི་རིགས་གཅིག་པུ་ས་ཡ་ཆིག་སྟོང་ཉིས་བརྒྱ་ཡོད། བོད་པ་དང་ཧན་མི་རིགས་བརྒྱ་ཆ་བགོས་པ་ཡིན་ན་ང་ཚོའི་མི་འབོར་བརྒྱ་ཆ་ཕྱེད་ཀ་རེད། ཧན་རིགས་བརྒྱ་དགུ་བཅུ་གོ་དགུ་དང་ཕྱེད་ཀ་རེད། གྲངས་ཀར་བགོས་པ་ཡིན་ན། བོད་མི་རེེ་རེར་རྒྱ་མི་གྲངས་བརྒྱ་དང་དགུ་བཅུ་གོ་དགུ་ཡོད། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཕྱེད་ཀ་ཡོད། བོད་ནང་བོད་མི་ས་ཡ་དྲུག་ཡོད། བརྒྱ་ཆ་བགོས་པ་ཡིན་ན་བཙན་བྱོལ་ནང་བརྒྱ་ཆ་གཉིས་དང་ཕྱེད་ཀ་ལས་མེད། བོད་ནང་བརྒྱ་ཆ་དགུ་བཅུ་གོ་བདུན་དང་ཕྱེད་ཀ་ཡོད་རེད།
བཙན་བྱོལ་ནང་ཡོད་པའི་བོད་མི་རེེ་རེས་རྒྱ་མི་སྟོང་ཕྲག་བརྒྱད་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། ང་ཚོ་ཞི་བའི་ཐོག་ནས་རྩ་དོན་རྩོད་ཀྱི་ཡོད་སྟབས། ང་ཚོ་ཤེས་ཡོན་ཡར་རྒྱས་གཏང་སྟེ་ནུས་པ་གཅིག་ཏུ་སྒྲིལ་ནས་བདེན་པ་བརྩོད་རྒྱུ་གལ་ཆེན་པོ་ཡིན་པར་བརྟེན། དེ་སྔ་བཀའ་ཤག་སྐབས་ ༡༤ ངོས་ནས་ཤེས་ཡོན་གལ་ཆེ་ཤོས་རེད་ཞུས་ཡོད། དེ་བཞིན་བཀའ་ཤག་སྐབས་ ༡༥ ངོས་ནས་ཀྱང་ཤེས་ཡོན་གལ་ཆེ་ཤོས་རེད་ཅེས་ཞུ་གི་ཡོད། ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་ཚོ་དཔལ་འབྱོར་གནས་སྟངས་བཟང་བ་ཡོད་སྟབས། སོ་སོའི་ཕྲུ་གུར་ཤེས་ཡོན་ཚད་མཐོ་བོ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག དེ་ནས་ཐུབ་པ་ཡིན་ན་རྒྱ་གར་དང་བོད་ནང་སོ་སོའི་སྤུན་མཆེད་ཡོད་པ་ཡིན་ན། ཁོང་ཚོར་རོགས་དངུལ་གཏང་གནང་སྟེ་ཤེས་ཡོན་ཡར་རྒྱས་གཏང་རྒྱུ་དང་ཚད་མཐོ་བོའི་ཆེད་ལས་པ་ཆགས་རྒྱུར་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ང་རང་བདུན་ཕྲག་གཉིས་གསུམ་གོང་ཨ་རིར་གཞོན་སྐྱེས་ཚོགས་འདུར་ཕྱིན་པ་ཡིན། གཞོན་སྐྱེས་ ༡༥༠ ཙམ་འདུག དེའི་ནང་ནས་འབུམ་རམས་པ་མཐོ་བོ་བྱེད་མཁན་དང་། ཚན་རིག་ཐོག་ནས་མེ་ཤུགས་འཕུར་མདའ་བཟོ་མཁན། ཨིན་སྐད་སློབ་སྦྱོང་བྱེད་མཁན་སོགས་དེ་དང་དེ་འདྲ་བའི་ཧ་ཅང་ཚད་མཐོ་བོ་སློབ་སྦྱོང་བྱེད་མཁན་ཡོང་བཞིན་འདུག
སྦེལ་ཇམ་དང་ནེ་དར་ལེན་ཌི། པེ་རི་སིར་ཡོད་པའི་བོད་མི་ཚོས་ཡིན་ནའང་ཤེས་ཡོན་ཐོག་སྐུ་ལས་བསྐྱོན་རོགས་གནང་། མཐའ་མ་དེར་ནུས་པ་བསྒྲིམས་རྒྱུ་ནི་ཤེས་ཡོན་རང་ཆགས་ཀྱི་ཡོད། ཅེས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། ལྷན་ཁང་ཁག་གི་བྱེད་སྒོ་རྣམ་གསུམ་ངོ་སྤྲོད་གནང་རྗེས་མུ་མཐུད་གསུང་དོན། ཉེ་ཆར་༧གོང་ས་མཆོག་གིས་བོད་མི་ནང་ཁུལ་གཅིག་སྒྲིལ་དགོས་པའི་བཀའ་སློབ་རིམ་པ་ཕེབས་ཡོད། ཉེ་ཆར་འོས་བསྡུའི་སྐབས་སུ་ཆོལ་ཁའི་འཐེན་འཁྱེར་གྱི་གནས་ཚུལ་ཆགས་པ་རེད། བློ་ཕམ་པའི་གནས་ཚུལ་རེད། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་མ་སུ་རི་དང༌། ཡང་ཕྱི་ལོ་ ༡༩༦༠ ཟླ་ ༧ ཚེས་ ༡ ཉིན་ཌ་ལ་ཧོ་སི་ཁུལ་དུ་༧གོང་ས་མཆོག་གིས་བོད་མི་རྣམས་ལ་ང་དབུས་གཙང༌། ང་ཁམས་པ། ང་ཨ་མདོ་ཞེས་ཆོལ་ཁའི་འཐེན་ཁྱེར་བྱས་ན་ནོར་འཁྲུལ་དང་ཉེན་ཁ་ཆེ་བས། བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་གནས་དགོས་པའི་བཀའ་སློབ་རླབས་ཆེན་སྩལ་བ་མ་ཟད། དེང་དུས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པ་སོགས་ཐུགས་བརྩེ་བ་ཆེན་པོས་དབུ་ཁྲིད་ལམ་སྟོན་གནང་ཡོད། ལོ་དེའི་ནང་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་གི་འགོ་ཁྲིད། སྲི་ཞུའི་ལས་བྱེད་བཅས་གནས་མཆོག་རྡོ་རྗེ་གདན་དུ་འདུ་འཛོམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བློས་གཏད་ཡིད་ཆེས་ཡོད་པ་དང༌། བོད་ཀྱི་རྩ་དོན་བསྒྲུབ་རྒྱུར་ཆོལ་ཁ་ཆོས་བརྒྱུད་དང་བཅས་པ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་བོ་ཆེ་ཕུལ་ཡོད།
བོད་ཀྱི་རྩ་དོན་སྒྲུབ་མཁན་སྤྱི་སེམས་ལྡན་པའི་འགོ་ཁྲིད་སྐྱེད་སྲིང་ཡོང་ཐབས་སུ་ཆོལ་ཁ་གསུམ་གྱི་ན་གཞོན་བུ་ཕྲུག་རྣམས་ཀྱི་ཆེད་དུ་སློབ་གྲྭ་ཟུར་འཛུགས་དང༌། དེ་མཚུངས་ཆོལ་ཁ་དང་ཆོས་བརྒྱུད་གང་གི་ཁོངས་སུ་གཏོགས་མིན་དབྱེ་བ་འབྱེད་མེད་པར་བོད་མི་རྣམས་མཉམ་གནས་བྱ་ཡུལ་གཞིས་ཆགས་ཁག་གསར་འཛུགས་མཛད། ཆོས་བྱེད་དགེ་འདུན་དང་བཙུན་མ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། དེང་དུས་ཀྱི་ཤེས་ཡོན་སློབ་གཉེར་གནང་ཡུལ་དགོན་སྡེ་གྲྭ་ཚང་གསར་འཛུགས་ཀྱིས་ཆོས་བརྒྱུད་ནང་ཁུལ་མཐུན་བསྒྲིལ་ཡོང་བའི་དགོངས་བཞེད་མཛད་ཡོད། དེར་བརྟེན་ཕྱི་ལོ་ ༡༩༥༩།༡༩༦༠ ནས་བཟུང་ལོ་དྲུག་ཅུ་མ་ཟིན་བར་དུ་༧གོང་ས་མཆོག་གིས་ཆོལ་ཁ་གསུམ་ཆིག་སྒྲིལ་དགོས་པ་དང་། ཆོལ་ཁའི་འཐེན་འཁྱེར་བྱེད་རྒྱུ་མེད་པའི་བཀའ་སློབ་རབ་དང་རིམ་པ་ཕེབས་པ་རེད། འོན་ཀྱང་ཉེ་ཆར་འོས་བསྡུའི་སྐབས་སུ་ཆོལ་ཁའི་འཐེན་འཁྱེར་བྱུང་བ་དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དམ་སད་རྐྱེན་བྱུང་ཡོད། ང་ཚོའི་སྤྱི་ཚོགས་ནང་གཅིག་པུ་མིན་པར་བོད་ནང་གི་བོད་མི་ཚོ་ཏན་ཏན་བློ་ཕམ་བྱུང་ཡོད། ཆོལ་ཁའི་འཐེན་འཁྱེར་ནི་ཧ་ཅང་ཉེན་ཁ་ཆེན་པོ་རེད། དེར་བརྟེན་ཆོལ་ཁའི་འཐེན་འཁྱེར་མི་ཡོང་བའི་ཆེད་དུ་རྒན་པས་གཞོན་པར་སློབ་གསོ་གནང་རོགས་ཞེས་ནན་ཏན་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོལ་ཁ་གསུམ་གྱི་མིང་བཀོད་ནས་ཆོལ་ཁའི་མིང་ལབ་ཆོག་གི་མེད་ན་བཅའ་ཁྲིམས་ལ་བསྐྱར་བཅོས་འགྲོ་དགོས་པ་མ་རེད་དམ་།
མ་གཞི་ནས་ཆོལ་ཁ་ཟེར་བའི་ཐ་སྙད་དེ་སོག་པོའི་བོད་དུམ་བུར་གཏོང་རྒྱུའི་བསམ་ངན་གྱི་ཆབ་སྲིད་མ་རེད་དམ་བོད་ཀྱི་མཁས་པ་ཚོའི་ཆོལ་ཁ་ཟེར་བའི་ཐ་སྙད་འདིར་ཞིབ་འཇུག་དགོས་པ་མཐོང་།
་་་་་་་་ ཆོལ་ཁའི་འཐེན་འཁྱེར་ནི་ཧ་ཅང་ཉེན་ཁ་ཆེན་པོ་རེད། དེར་བརྟེན་ཆོལ་ཁའི་འཐེན་འཁྱེར་མི་ཡོང་བའི་ཆེད་དུ་རྒན་པས་གཞོན་པར་སློབ་གསོ་གནང་རོགས་ཞེས་ནན་ཏན་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།། ་་་་་་
བོད་པའི་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་གྱི་ནད་ཡམས་དེ་རྒན་པ་ས་ནས་འགོས་རེད་མ་གཏོགས་གཞན་པ་ཚོ་ལ་ན་ཚ་དེ་ཡོད་མ་རེད། སྲིད་སྐྱོང་མཆོག་འདས་ལོ་ལྔ་ནང་གང་ཐུབ་བྱས་ཡོད་པས་ཡང་བསྐྱར་ལོ་ལྔ་རིང་དམངས་ཀྱིས་བསྐོས་ཟིན་ལ་ལས་རྒྱུན་རིང་གང་ནུས་གྱིས་ཤོག་་་་་་ལས་དུས་རྫོགས་རྗེས་ནང་མི་མཉམ་དུ་ཨ་རིར་འཚོ་བ་སྐྱིད་པོ་ཅིག་སྐྱེས་ན་དགའ་རེད་མ་གཏོགས་ལྷག་བསམ་རྣམ་དག་དང་དྲང་པོ་བདེན་ཐུབ་འགྲོ་ས་མེད་པར་གཟིགས་སོང་སྙམ། བཀའ་བཀོད་རྒྱུན་འཛིན་རིང་ལུགས་ཀྱིས་བོད་པའི་ལས་དབང་ལ་ད་དུང་ཐར་པ་གཏོང་ས་མ་རེད་དོ།།
ཕོ་ལ་ཁྲག་རྩ་མེད་ན་བསམ་མེད་དུད་འགྲོ་འདྲ་།
ཕོ་ལ་རྒལ་ཚིག་མེདན་བྱང་ཐང་གི་ཨ་ཅི་ཝ་མོ་འདྲ་།
རྨོངས་པ་ཚེ་བསོད་ལགས།
ཀ༼ མི་ལ་ཁྲག་རྩ་མེད་ན་འཚོ་ཡི་མ་རེད།
ཁ༽དུད་འགྲོ་ཚང་མ་བསམ་མེད་མ་རེད། དུད་འགྲོ་འགའ་ཤས་ཁྱེད་རང་ལས་སྤྱང་གི་རེད།
ག༽ ཁྱེད་རང་ལ་རྒལ་ཚིག་ཡོད་མེད་མ་ཤེས་ཏེ་ཝ་མོ་ལ་རྒལ་ཚིག་ཏན་ཏན་ཡོག་རེད།
ལེགས་བཤད་བྱིས་པ་དག་ནས་ཀྱང་ལེན་ཟེར་བ་བཞིན། ལུས་ཀྱི་དབང་པོ་དང་སེམས་ཅན་རི་དྭགས་སོགས་ཀྱི་སྐོར་ཕྲུ་གུའི་སྔོན་འགྲོའི་སློབ་དེབ་ནང་ཡོད་པས་ཀློགས། དེ་མིན་ན་མ་ཎི་འདོན།
ཆོལ་ཁ་འདི། ཕྱོགས་ཁག་གི་མ་དག་རྒྱུན་འབྱམས་སུ་གྱུར་པ་འདོད་མཁན་ཡང་ཡོད།
མེ་ཤུགས་འཕུར་མདའ་བཟོ་མཁན་ཟེར་བ་དེ
ཨ་ཡ་མ་ཁེ་ཚ་བ་ལའོ ཨཱོཾ་མཎི་པདྨེ་ཧཱུཾཿ
༅༅། སྲིད་སྐྱོང་ནས་གསུང་བཤད་ཡག་པོ་གནང་སོང། ཐུགས་རྗེ་ཆེ།
སྡུག་དཀའ་ལས་མྱོངས་པ་ང་ཚོའི་སྔོན་བསགས་ལས་དབང་རེད།
རྙོག་གྲ་མེད་ན་བཙན་བྱོལ་སྒྲིག་འཛུག་ཆགས་མི་ཐུབ། རྙོག་གྲ་འདི་བཙན་བྱོལ་སྒྲིག་འཛུག་མཚོན་བྱེད་ཀྱི་མཚན་ཉིད་ངོ་མ་རེད། གཟིགས་དང་། ཕྱི་ལོ་ ༡༩༦༠ ནང་རྒྱལ་ལོས་སྐུ་དྲག་དང་། གློ་སྒྲིག་འཛུག་བཅོམ་པའི་རྙོག་གྲ། ༡༩༧༠ ནང་རྒྱལ་ལོས་བླ་མ་དང་ཁམས་པ་བཅོམ་པའི་རྙོག་གྲ། ༡༩༧༣ ཙམ་ལ་རྒྱལ་ལོས་འབྲུག་རྒྱལ་པོ་བཅོམ་རྩིས་བྱས་པའི་རྙོག་གྲ། ཕྱི་ལོ་ ༡༩༧༩ ཙམ་ནས་དོལ་རྒྱལ་བཅོམ་པའི་རྙོག་གྲ། ཕྱི་ལོ་ ༡༩༩༠ ནང་ཟམ་གདོང་བླ་མས་ཆུ་སྒང་གསར་རྙིང་གཉིས་སུ་ཆེད་དུ་བཟོས་པའི་རྙོག་གྲ། ༡༩༩༧ ནས་བཟུང་ཟམ་གདོང་བླ་མས་བོད་ཀྱི་དབུས་གཞོན་ནུའི་སྒྲིག་འཛུག་བཅོམ་པའི་རྙོག་གྲ། ཕྱི་ལོ་༢༠༠༠ ནང་ཟམ་གདོང་བླ་མས་དབུས་བོད་ཀྱི་ཁྲིམས་བཟོ་ལྷན་ཁང་སྟེ་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་མེད་པར་རང་བཤེད་ཀྱིས་བོད་མི་རྒྱ་ནག་གི་ཁོངས་སུ་བཙན་གྱིས་བཅུག་རྙོག་གྲ་སོགས་མང་པོ་རེད། ཚང་མ་བྲིས་བསྡད་ན་དུས་ཚོད་ཀྱི་མདང་དཀའ་བས་བསྡོམས་ཙམ་ཡིན།།
བོད་བདེན་མཐའ་གསལ་འགྱུར་ཅིག
བོད་མའི་སྲིད་སྐྱོང་རྒྱལ་འགྱུར་ཅིག
་
བློ་བཟང་སེང་གེ་ངར་དགོས་འདུག
སྲིད་སྐྱོང་གསུམ་པ་སྒྲ་གྲིག་གྱིས། །
ཆོལ་ཁ་རེད་དམ་ཕྱོགས་ཁག་རེད་ཞིབ་འཇུག་དགོས་པ་མཐོང་།
རང་དོན་བྱུང་ན། ཆ་ལུགས་ངན་ན་ངན།
རང་དོན་བྱུང་ན། ཆོལ་ཁ་གཏོར་ན་གཏོར།
ཁྱི་རྫུན་རྐྱང་རྐྱང་བཤད་ནས། བོད་སྤྱི་ཚོགས་སྡོད་གནས་ལ་ཕྱི་སྐོར་ནང་སྐོར་ག་ཚོད་བྱས་ན་ཡང་། ཁ་ལ་རྒྱགས་ཚད་ཟས། སྐྱག་པ་ཆེ་ཚད་བཏང་ནས་འགྲོ་བ་ལས། འདི་བྱས་འདི་ཡིན་གྱི་ཕན་ཉག་སྤུ་ཙམ་ཡང་ཡོད་པ་མ་རེད།