བན་ཤུལ་དཔལ་མཁར་རྒྱལ། (འོས་སྦྱོར།)
དྲི་བ། ཇོ་བོ་ཤཱཀྱའི་སྐུ་དེ་བོན་གྱི་སྟོན་པ་གཤེན་རབས་ཀྱི་སྐུ་ཞིག་ཡིན་པ་གསུངས་ཀྱི་འདུག་པས། ལུང་དེ་བོན་གྱི་ཡིག་ཆ་གང་ལས་གསལ་ཡོད་པ་རེད་ལགས། འདྲི་མཁན་འཛམ་ཐང་ངེས་དོན་ཡིན།
དྲིས་ལན། དྲི་བ་འདི་ཡང་དང་བསྐྱར་དུ་ཐེངས་བརྒྱ་ཕྲག་མང་པོར་འདྲི་མཁན་བྱུང་ཡོད། གང་ལྟར་འདྲི་བ་པོ་རྣམས་ཀྱི་བསམ་ཕྱོགས་དང་དམིགས་ཡུལ་སྣ་ཚོགས་པ་ཡིན་ནའང་། རང་ངོས་ནས་ལན་དོན་མཐུན་ཕྱོགས་སུ་མ་ལྷུང་པ་ཞིག་འདེབས་པར་འབད་བརྩོན་ཞུས་ཡོད། ཡིན་ནའང་དྲིས་ལན་འདི་ངའི་སྒེར་གྱི་བསམ་ཚུལ་ཡིན་པས་ཀུན་ལ་མཐུན་པའི་ངེས་པ་མེད་པ་དང་། མ་མཐུན་པ་དེ་ཚོ་ཁྱེར་ནས་ཆོས་བརྒྱུད་ཁག་གི་བར་དང་གང་ཟག་སྒེར་པའི་བར་ལ་འགལ་རྐྱེན་བཟོ་མཁན་བྱུང་ན་བཟོ་པ་པོའི་སྐྱོན་དུ་ངོས་གཟུང་དགོས་པ་ཤེས་པར་བྱའོ།།
དེ་ལ་གཡུང་དྲུང་བོན་རྣམས་ཀྱི་ལུགས་ལྟར་ན། ཕྱི་ལོ་༩༨༠ལོར་ཟར་གྱི་སྟག་སྣ་ནས་བོན་གྱི་གཏེར་སྟོན་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་གཏེར་ནས་བཞེས་པར་གྲགས་པའི་བོན་གྱི<བྱམས་མའི་གཟུང་སྒྲུབ>ཅེས་པའི་ཡིག་ཆ་ལས་རྒྱ་ཡུལ་ནས་རྒྱ་ཟ་ཀོང་ཇོ་བླངས། རྒྱ་ནག་གི་ལྷ་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་སྤྱན་དྲངས། ར་མོ་ཆེ་ལྷ་ཁང་བཞེངས་ཞེས་འབྱུང་བ་ནི་ལུང་སྔ་ཤོས་ལ་དཔྱད་གཞིར་རུང་པ་ཙམ་དང་། དེ་ལ་ཡ་མཚར་པ་མེད་དེ་དམིགས་བསལ་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བན་བོན་སྟོན་པ་ངོ་བོ་གཅིག་ཏུ་སྒྲུབ་པ་ལྟར་དུ་རང་རང་མོས་པའི་ངོར་འདི་ལྟར་གཟུང་བར་བྱས་ཀྱང་འགལ་བ་མེད་སྙམ་ཞིང་། དུས་སྙིགས་གནད་འགག་ཅན་འདིར་ང་ཚོས་འགན་འཁྲི་ནི་རིས་ཅན་རིས་མེད་དུ་གཏོང་པ་ལས་རིས་མེད་རིས་ཅན་དུ་གཏོང་པ་མིན་པའི་ཕྱོགས་དེར་བློ་དང་ལྡན་པ་ཀུན་གྱིས་ཧ་ཅང་གཟབ་པར་རིགས་སོ།།
དེ་ལས་འཕྲོས་ཏེ་རྒྱ་བཟའ་ཀོང་ཇོས་བོད་བཙན་པོར་ལེགས་སྐྱེས་སུ་ཕུལ་པའི་ཇོ་བོ་ཤཱཀྱ་མུ་ནེ་ཡི་སྐུ་དེར་ཁུངས་དངོས་ཅུང་ཟད་འགོད་པ་ལ། ཕྱི་ལོ༡༤༣༥ལོར་སྟག་ཚང་བླ་བྲང་གི་དཔོན་ཡིག་དཔལ་འབྱོར་བཟང་པོས་མཛད་པའི<རྒྱ་བོད་ཡིག་ཚང་ཆེན་མོ>ན་ཛམ་བྷ་ལྷ་ཏྭན་ཤྲཱི་མགོན་གྱིས་བསྒྱུར་པའི་རྒྱའི་ཡིག་ཚང<ཏའི་དབེན་ཐོང་ཇིའི་དེབ་ཐེར>གྱི་དོན་བཀོད་པ་རུ་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེ་དམག་བཏང་ནས་རྒྱ་ནག་གི་ཡུལ་དུ་གདན་དྲངས་ཚུལ་འཁོད་ཡོད་པ་ནི་ཡིད་རྟོན་རུང་པའི་ལུང་དུ་ངེས་པ་དང་། དེ་བཞིན་རང་རེའི་བཀའ་ཆེམས་ཀ་ཁོལ་མར་ཡང་གོང་གི་ལུང་དོན་དེ་དེ་བཞིན་འབྱུང་པས་རྒྱ་བོད་གཉིས་ཀྱི་ཡིག་ཚང་ཕན་ཚུན་ངོ་འཕྲོད་པ་དང་། ཚུལ་འདི་ལས་མཉམ་མེད་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དེ་བློ་ལྡན་རྒྱ་ནག་ལ་གདན་དྲངས་པ་ཁུངས་བཙུན་ཡིན་པ་ཧ་ཅང་གསལ་པོར་ཤེས་ནུས་པ་དང་། དིང་སང་མ་བརྟག་པ་མང་པོ་ཞིག་ངོར་ཇོ་བོའི་སྐུ་འདིའི་གནས་ཚུལ་རྒྱ་ནག་ཡིག་ཚང་གི་ནང་དུ་མི་གསལ་ཟེར་པ་ནི་ཧ་ཅང་མི་བདེན་པའི་གཡམ་རྒྱུགས་པ་ཙམ་དུ་ཡིན་པ་ཤེས་པར་བྱའོ།།
དེ་ནས་རྒྱ་ནག་ནས་བོད་དུ་ཇི་ལྟར་གདན་དྲངས་ཚུལ་ནི། བོད་ཀྱི་ཡིག་ཚང་བརྒྱ་ཕྲག་མང་པོར་གསལ་མོད་སྐབས་སུ་སྟག་ཚང་ལོ་ཙཱ་བའི་རང་རྣམ་ན་ལུང་གིས་ཟིན་པའི་དཔོན་ཡིག་དཔལ་འབྱོར་བཟང་པོའི<རྒྱལ་རབས་གོང་མའི་ལེགས་བཤད་རྣམ་དབྱེ་ཡིད་འཛིན་ལྟ་བདེ་གོ་གསལ་རྒྱ་བོད་ཡིག་ཚངས་མཁས་པ་དགའ་བྱེད་ཀྱི་མཆོད་བརྗོད་བཞུགས>ན་ཁོང་རྣམས་རྒྱའི་བཀྲ་ཤིས་ཁྲི་སྒོར་སླེབས། ཐང་ཐའི་ཛུང་གི་རྒྱལ་པོར་ཞུས་པས། དེའི་སྲས་མོ་ཀོང་ཇོ་རྫོངས་བ་བསམ་གྱིས་མི་ཁྱབ་པ། ཡི་དམ་གྱི་ལྷ་ཤཱཀྱ་ཐུབ་པ། གབ་རྩེ་སོགས་གཡོག་ཕོ་མོ་མང་པོ་དང་བཅས་པ་གནང་བོད་དུ་ཕེབས་ཅེས་འབྱུང་པ་ནི་ཧ་ཅང་ཡིད་རྟོན་རུང་པའི་གཏམ་ཡིན་པ་དང་། དེ་བཞིན་བོད་ཀྱི་ཡི་གེ་ཁུངས་བཙུན་པ་མང་པོར་དབྱངས་གཅིག་མགྲིན་གཅིག་གིས་དེ་དེ་བཞིན་དུ་གསུངས་པ་ལ་ཁོ་བོ་ཡིད་ཆེས་ཏེ། བོད་རང་གི་ཡི་གེ་ལས་བྱུང་པའི་ལུང་ཡང་དག་རྣམས་བཞག་ནས་མི་རིགས་གཞན་པ་ཞིག་གི་ཡིག་ཚང་ལ་སྐྱབས་བཅོལ་དགོས་པ་ནི། སོ་སོའི་རྣམ་དཔྱོད་ཀྱིས་མ་ལྡིང་པ་ཙམ་ཏེ་ང་ཚོས་རིག་གཞུང་ཉམས་ཞིབ་ཀྱི་མཛད་རིམ་ཁྲོད་ཧྲིལ་གྱིས་འདོར་པ་དང་ཧྲིལ་གྱིས་ལེན་པའི་ཚུལ་དེ་རྣམ་ཀུན་སྤངས་པར་བྱ་དགོས་སོ།།
མདོར་ན་མཉམ་མེད་ཐུབ་པའི་དབང་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་གྱི་དད་རྟེན་རིན་པོ་ཆེ་འདི་རྒྱ་གར་ནས་རྒྱ་ནག་ལ་ཇི་ལྟར་སོང་ཚུལ་དང་དེ་ནས་བོད་དུ་ཇི་ལྟར་སླེབས་ཚུལ་ལ་ལུང་རིགས་བརྒྱ་ཕྲག་དང་བཅས་ཏེ་ཧ་ཅང་མང་པོ་སྨྲ་རྒྱུ་ཡོད་མོད་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ།།
དེ་ནས་ཞོར་འཕྲོས་ཙམ་ལ་འགའ་ཞིག་གིས་ད་ལྟའི་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོའི་སྐུ་དབྱིབས་དང་གཙུག་ཏོར་སོགས་ལ་དཔྱད་ནས་མུ་སྟེགས་གཅེར་བུའི་སྐུ་སོགས་དང་འདྲ་བར་དཔྱད་པའི་རྣམ་རྟོག་དེ་ནི་རྣམ་རྟོག་ཙམ་དུ་ངོས་གཟུང་བར་བྱས་ཆོག་ལ། བཅོམ་ལྡན་འདས་རལ་གྲིས་འདུས་བྱས་རྟག་པ་མེད་པའི་ཕྱིར། སྔོན་བཞིན་ད་ལྟར་གནས་པ་མེད་ཅེས་གསུངས་པ་བཞིན་ལྷ་ལྡན་ཇོ་ཤཱཀྱ་རྣམ་གཉིས་ཀྱི་སྐུ་དེ་ལ་དུས་འགྱུར་གྱི་ཉམས་ཆག་ཐེངས་བཞི་ཙམ་ལ་བྱུང་པ་ལས། བོད་རྒྱལ་ཐ་མ་གླང་དར་མའི་སྐབས་སུ་བྱེ་དོང་དུ་སྦས་པ་དང་མང་ཡུལ་བསྐྱལ་པ་སོགས་དང་། དེ་ནས་དུས་རབས་བཅུ་གསུམ་པར་ལྷ་སའི་སྤྲང་པོ་རྣམས་ཀྱི་སྤྲང་ཁུག་འགེལ་ས་བྱས་ནས་ཞལ་ལ་དྲི་མག་སོགས་བསྒོས་པ་དང་། དེའི་ཕྱིས་སུ་སོག་འདྲེ་ཇུན་གར་པ་རྣམས་ཀྱིས་བོད་མིའི་དད་རྟེན་ཉག་གཅིག་ཡིན་པ་ཧ་གོ་ནས་སྐྱིད་ཆུའི་འགྲམ་དུ་ཁྱེར་ནས་འཕྲོག་རྩིས་བྱས་པ་དང་། རིག་གསར་སྐབས་སུ་ཧ་ལས་པའི་འོ་བརྒྱལ་མྱང་པ་སོགས་ཀྱི་གོ་རིམ་དྲན་པར་བྱས་ཏེ་ཇོ་བའི་སྐུ་འདྲ་དེའི་ཆ་བྱད་སོགས་ཏག་ཏག་སྔོན་བཞིན་དུ་གནས་ཐུབ་ཡོད་མིན་ལ་དཔྱད་པ་བྱས་ཆོག་པ་ཡིན། འོན་ཀྱང་བོད་རྒྱ་ཆེའི་མི་དམངས་ཀྱི་དད་པའི་ཞིང་ཁམས་ན་དེ་ལ་དོགས་པ་ཙམ་ཡང་མེད་པར་ཇོ་བོའི་སྐུ་བརྙན་དེ་ལ་བརྟེན་ནས་མཉམ་མེད་ཐུབ་པའི་དབང་པོ་ཡི་མཛད་པ་འཕྲིན་ལ་རྗེས་སུ་དྲན་པ་དང་དེ་ཉིད་རང་གི་ཚེ་སྔ་ཕྱིའི་སྐྱབས་གནས་སུ་སྒོམ་པའི་དད་པ་བརྟན་པོ་དེ་ཞིབ་འཇུག་པ་དང་ཚན་རིག་པ་འགས་དཔྱད་པ་ཡིན་ཁུལ་གྱིས་འགྱུར་པ་གཏོང་ཐུབ་པ་ཞིག་མ་ཡིན་པས་དེ་དེ་བཞིན་དུ་བཞག་པར་རིགས་སོ།། ལན་ཧ་ཅང་མདོར་བསྡུས་ཙམ་ནི་དེ་ལྟར་རོ།།
བན་ཤུལ་དཔལ་མཁར་རྒྱལ་གྱིས། ཕྱི་ལོ༢༠༡༦/༩/༡༢/ལ་དབུས་འགྱུར་ལྷ་སར་བྲིས་པ་དགེའོ།།
བོད་ནང་ལས་བོད་ཕྱི་ན་ཕུལ་དུ་བྱུང་བའི་ལོ་རྒྱུས་མཁས་བ་མང་པོ་ཡོད། མཁར་རྨེ་བསམ་གཏན། འབྲི་གུང་སྐྱབས་མགོན། ཁང་དཀར་ཚུལ་ཁྲིམས། ནམ་མཁའི་ནོར་བུ། བཀྲ་ཤིས་ཚེ་རིང་། དངོས་གནས་དམ་པ་འདི་དག་ལ་ཞེ་གཏིང་ནས་མོས་ཞིང་དད་གུས་ལའང་ཚད་དང་ཚོད་ཅིག་མེད། སྔོན་ཆད་ང་རང་གཞི་རིམ་སློབ་གྲྭར་འགྲོ་དུས་བོད་ནང་གི་མཁས་པ་ཚོའི་ཕྱག་དཔེ་ལྟ་ཀློག་བྱ་རྒྱུ་ལས་བྱེས་ཀྱི་དྲན་དབང་ཚོའི་ཕྱག་དཔེ་ཀློག་རྒྱུར་ཁྱོན་ནས་དགའ་བོ་མེད། རྒྱུ་མཚན་ཚིག་སྦྱོར་ཙམ་ལ་བལྟ་བ་ལས་ནང་དོན་གྱི་ཆ་ནས་ཁྱོན་ནས་གོ་བ་ཞིག་ལོན་ཐུབ་ཀྱི་མེད་པ་དེས་ཡིན་ཚོད། ད་ནི་གཞི་ནས་ནོར་བུའི་ནོར་ངོ་ཏོག་ཙམ་ངོས་ཟིན་བཞིན་འདུག
བོན་འཁོགས་སྨྱོ་ཧམ་ཚ་རུ་ཚ་རུ་འགྲོ་བགྱིད་འདུག ད་ནས་བཟུང་ངས་བོན་ངན་དགག་ཀྱང་བྱེད་བགྱི་ཡིན་ནོ།།
་་་་་་་་་ ཕྱི་ལོ་༩༨༠ལོར་ཟར་གྱི་སྟག་སྣ་ནས་བོན་གྱི་གཏེར་སྟོན་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་གཏེར་ནས་བཞེས་པར་གྲགས་པའི་བོན་གྱིཅེས་པའི་ཡིག་ཆ་ལས་རྒྱ་ཡུལ་ནས་རྒྱ་ཟ་ཀོང་ཇོ་བླངས། རྒྱ་ནག་གི་ལྷ་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་སྤྱན་དྲངས། ར་མོ་ཆེ་ལྷ་ཁང་བཞེངས་ཞེས་འབྱུང་བ་ནི་ལུང་སྔ་ཤོས་་་་་་་་་་ འདི་བསྒྱུར་བོན་གྱི་ཧམ་བཤད་ཆ་ཤོས་དང་། གཏེར་རྫུན་མ་རབས་ཤོས་དེ་རེད་དོ།།
་་་་་་་་་་ ཁོང་རྣམས་རྒྱའི་བཀྲ་ཤིས་ཁྲི་སྒོར་སླེབས། ཐང་ཐའི་ཛུང་གི་རྒྱལ་པོར་ཞུས་པས། དེའི་སྲས་མོ་ཀོང་ཇོ་རྫོངས་བ་བསམ་གྱིས་མི་ཁྱབ་པ། ཡི་དམ་གྱི་ལྷ་ཤཱཀྱ་ཐུབ་པ། གབ་རྩེ་སོགས་གཡོག་ཕོ་མོ་མང་པོ་དང་བཅས་པ་གནང་བོད་དུ་ཕེབས་ཅེས་འབྱུང་པ་ནི་ཧ་ཅང་ཡིད་རྟོན་རུང་པའི་གཏམ་ཡིན་པ་དང་། དེ་བཞིན་བོད་ཀྱི་ཡི་གེ་ཁུངས་བཙུན་པ་མང་པོར་དབྱངས་གཅིག་མགྲིན་གཅིག་གིས་དེ་དེ་བཞིན་དུ་གསུངས་པ་ལ་ཁོ་བོ་ཡིད་ཆེས་་་་་་་་་་་་་་
#1 གཡག་རྒོད ་ལགས་ཀྱིས་སྤེལ་དོན།:
September 13th, 2016 at 6:38 pm
བོད་ནང་ལས་བོད་ཕྱི་ན་ཕུལ་དུ་བྱུང་བའི་ལོ་རྒྱུས་མཁས་བ་མང་པོ་ཡོད། ་་་་་་་་་ ཟེར།
སྲོང་བཙན་སྔོན་ལ་བོད་ལ་བོད་ཡིག་མེད་པ་དང་། སྲོང་བཙན་སྔོན་ལ་བོད་ནང་ནང་ཆོས་རྫོགས་ཆེན་མེད་པ་དེ་བདེན་པ་རང་ཡིན་བཟོ་འདུག་གོ། །།
འོནད་ཀྱང་། སྲོང་བཙན་སྔོན་ལ། རྒྱལ་རབས་ལོ་རྒྱུས་དང་། མི་རིགས་ལོ་རྒྱུས་དང་། བོན་ཆོས་དང་འབྲེལ་བའི་རིག་གཞུང་བཟང་པོ་དེ་འདྲ་མེད་པར་འདོད་ན་ནི། ཆད་མཐའ་དང་བསྐུར་འདེབས་སུ་གྱུར་རོ།། །།
དབལ་ཤུལ་དཔལ་མཁར་རྒྱལ་ལ་མངོན་པར་བསྟོད་དོ།
བཀའ་ཆེམས་ཁ་ཁོལ་མའི་ནང་དུ་ཇོ་བོའི་སྐུ་བཞེངས་ནས་ལོ་སྟོང་ཕྲག་ལྔ་ལྷག་བཤད་ཡོད་སྙམ། གསལ་པོ་ཞིག་དྲན་གྱི་མི་འདུག དྲ་གྲོགས་ཚོས་ནང་དུ་ཤེས་མཁན་ཡོད་ན་གསུང་རོགས་ཞུ། །
ཞང་ཞུང་བཟའ་ལིག་ཏིག་སྨན་གྱི་ལྷ་སྐལ་དུ་ཞང་ཞུང་ནས་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་གྱི་སྐུ་འདྲ་ཞིག་གདན་དྲངས་ཡོད་པར་གསལ་ཡོད། ཞང་ཞུང་བཟའ་ལིག་ཏིག་སྨན་གྱི་ཆེད་དུ་ཡང་ལྷ་ཁང་ཞིག་ཀྱང་བཞེངས་གནང་བའི་ལོ་རྒྱུས་བྲིས་ཡོད། ལྷ་ཁང་དེ་ལ་འབྲི་སྲོལ་མི་འདྲ་བ་ཁ་ཤས་ཡོད། དཔེར་ན་འདི་ལྟར། ཐེམ་བུ་ལྐོག་གི་ལྷ་ཁང་། ཐེམ་བུ་ཁོག་གི་ལྷ་ཁང་། ཐེམ་ཆེན་ལྷ་ཁང་། བཅས་ངས་ཤེས་པ་འདི་ཚོ་ཡིན། དེང་སང་ནི་ལྷ་ཁང་དེའི་ཤུལ་ཙམ་ཡང་མཇལ་ཡུལ་དུ་མེད། ཐེམ་མིང་ཅན་གྱི་ས་ཆ་དེ་འདྲ་ལྷ་སའི་སྐོར་ལ་ཡོད་ན་དྲྭ་གྲོགས་རྣམས་ཀྱིས་གསུངས་རོགས་གནོངས། ཁ་ཤས་ཀྱིས་ལྷ་སའི་ཇོ་བོའི་སྐུ་འདྲ་དེ་ལིག་ཏིག་སྨན་གྱི་ལྷ་སྐལ་དུ་ཞང་ཞུང་ནས་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་གདན་དྲངས་བ་དེ་རེད་ཅེས་ཤོད་སྲོལ་ཡོད་པར་སྣང་། །
དུས་རབས་བཅུ་བཞི་པའི་ནང་ལྷ་སའི་ཇོ་བོའི་སྐུ་འདྲ་དེ་ལ་བླ་མ་ཙོང་ཁ་པས་བཅོས་བསྒྱུར་གནང་བའི་སྐོར་དེ་མི་འབྲི་བ་གང་ཡིན་ནམ། །
ལྷ་སའི་ཇོ་བོ་ཕ་གཤེན་རབ་ཡིན་ས་རེད་ཡ། ད་ཕྱིན་ཆད་བོན་པོ་ཚོས་ཕ་གཤེན་རབ་ཀྱི་སྐུ་འདྲ་བཞེངས་དུས་དེ་འདྲ་བཞེངས་ན་ཡག་ས་རེད།
ལྷ་སའི་ཇོ་བོ་རིན་པོ་ཆེ་དེ་ཉིད་རྒྱ་གར་ནས་གདན་དྲངས་པ་དེ་ལ་ཚད་ལྡན་གྱི་ཁུངས་སྐྱེལ་ཐུབ་དཀའ། ཇོ་བོའི་སྐུ་བྱིངས་ཟངས་སམ་ཁྲོ་ལས་གྲུབ་པར་སེམས། རྒྱ་གར་དབུས་སུ་སྐུ་འདྲ་ཕལ་ཆེ་བ་རྡོ་ལ་སོགས་པར་བཟོ། སྐུ་འདྲ་ཆེན་པོ་ཟངས་ཁྲོ་སོགས་ཀྱིས་བཟོས་པ་ཞིག་མཇལ་མ་མྱོང་།
སོ་སོའི་རྣམ་དཔྱོད་ཀྱིས་མ་ལྡིང་པ་ཙམ་ཏེ། ལྡིང། ཞེས་པར་དིང་དུས་ཀྱི་འབྲི་བ་པོ་དག་གིས་གིས་ཕལ་སྐད་གང་འབྱུང་གིས། འདང་། ཞེས་འབྲི་བ་ལས་ལ་མགོ་འཐོན་པས་ཡག་པ་ཡིན་ཡང་། དག་པར་འབྲི་ན། ལྡང་། ཞེས་པ་ཡག་གོ །
མི་དམངས། མི་མངས་དང་། མི་དམངས། ད་ཡང་འཇུག་ཡོད་མེད་ཀྱི་ཁྱད་པར་ཤེས་དགོས་པ་གལ་ཆེའོ།
དགེ་བའི་བཤེས་གཉེན་ཆེན་པོ་ལ་དྭགས་པ་ལགས། ལྷ་སའི་ཇོ་བོ་སྐུའི་རྒྱུ་ཙན་དན་ལས་གྲུབ་པ་རེད་ཟེར་བ་ཞིག་ཐོས་མྱོང་། བདེན་མིན་མི་ཤེས། སྐུ་ལུས་ཚང་མ་གསེར་གྱིས་བཏུམ་ཡོད་སྟབས་རྟགས་དཔྱད་བྱ་རྒྱུ་ལས་སླ་བོ་ཡོད་ཀྱི་མ་རེད་སྙམ། ང་སྔོན་ཆད་ལྷ་སའི་ཇོ་བོ་མཇལ་སྐབས་དབུ་རྒྱན་མི་འདུག གཞན་ལ་དབུ་རྒྱན་མེད་པའི་རྒྱུ་མཚན་དྲིས་དུས་ཇོ་སྐུ་ལ་བཟོ་བཅོས་ཤིག་རྒྱག་གི་ཡོད་པ་རེད་ཟེར། །
བཤད་རྒྱུན་ལ་ལྷ་སའི་ཇོ་བོ་ཤྰཀྱ་མུ་ནིའི་འདྲ་སྐུ་འདི་ནི། རྒྱ་གར་རྒྱལ་པོ་ཞིག་གིས། རྒྱ་ནག་རྒྱལ་པོ་ཞིག་ལ་སྐྱེས་སུ་བསྐུར་བ་དང་། རྒྱ་ནག་རྒྱལ་པོས། རྒྱ་བཟའ་ཀོང་ཇོའི་ནོར་སྐལ་དུ་བོད་ལ་བརྫངས་པ་ཡོངས་གྲགས་རེད། ད་དུང་དིང་སང་ཤོད་སྲོལ་ཅིག་ལ། རྡོ་རྗེ་གདན་གྱི་མཆོད་རྟེན་ཐོག་བརྩེགས་དང་པོའི་ནང་གི་ཁང་མིག་གཅིག་གི་ནང་ལ་སྐུ་འདྲ་མེད་པ་ཁྲི་ས་སྟོང་ཅིག་ཡོད་པ་དེ། ལྷ་སའི་ཇོ་བོའི་བཞུགས་ས་དངོས་གནས་དེ། དེ་རང་རེད་ཟེར་ན་གནས་བཤད་རྒྱག་མཁན་འདུག་པས། འདི་བདེན་ནམ་མི་བདེན། ལགས།
ཀ་ཤི་མི་རིའི་བཚན་བྱོལ་བོད་མིའི་ཁ་ཆེའི་གཞིས་ཆགས་སྐོར།
https://www.youtube.com/watch?v=abe8UEUPJgw
ཁ་ཆེའི་དམར་མཆོད་ཀྱི་བརྙན་པར།
https://www.facebook.com/Channel4News/videos/10154062830171939/?hc_ref=NEWSFEED
བན་དེ་བ་རྣམས་ཀྱི་ཡོད་ཚད་རྒྱ་གར་ལ་ཁུངས་གཏུག་གི་ཡོད། ཡིན་ཡང་རྒྱ་རག་ནང་དུ་ཕར་ཞོག་འཛམ་གླིང་ཐོག་བོད་ཀྱི་ཇོ་བོ་འདྲ་བའི་ཤཀྱའི་སྐུ་བརྙན་ཞིག་མཐོང་ཡུལ་ལ་མེད། བོན་གྱི་སྟོན་པ་གཤེན་རབ་ལོངས་སྤྱོད་རྫོགས་སྐུ་ནི་ད་ལྟའི་ཇོ་བོ་དང་ཆས་ལུགས་གཅིག་མཚུངས་རེད། འགའ་ཞིག་གིས་ད་ལྟའི་ཇོ་བོ་འདི་རྗེ་བློ་བཟང་གྲགས་པས་ཞ་བསྒྱུར་གཏོང་རེད་ལབ་སྲོལ་ཞིག་ཡང་འདུག། དེ་ཡིན་མི་སྲིད་པ་ཞིག་རེད། གང་ཡིན་ཟེར་ན་ཤཀྱ་ཐུབ་འདུལ་ཆས་ཅན་ཞིག་སྔགས་འཆང་ཆས་ཅན་ལ་བསྒྱུར་མི་སྲིད་པ་ཞིག་རེད། གལ་སྲིད་དེ་འདྲ་ཡིན་པ་ཁས་བླངས་ན་བློ་བཟང་གྲགས་པས་ཤཀྱ་ལ་སྨ་ཕབས་པས་མ་ཚད། ཤཀྱའི་གཞུང་ལུགས་ལ་ཟུར་ཆ་ཙམ་ཡང་མི་རྟོགས་མཁན་ཞིག་ཡིན་པ་ཁས་ལེན་དགོས།
བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱི་་་བཤད་སྟངས་ལ་བལྟས་ན་བོད་མི་རིགས་ཀྱི་རྨོངས་དད་ཀྱི་རྟེན་དུ་གྱུར་པའི་ཇོ་བོ་ལ་བརྟག་དཔྱད་མ་བྱེད་ན་ཡག་པོ་ཡོད་པའི་ཟོལ་ཤིག་བཤད་འདུག
ཤཀྱའི་རྒྱལ་པོས་་་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་་་ལེགས་པ་བརྟག་ལ་ང་ཡི་བཀའ་་་བླང་བར་བྱ་ཡི་གུས་ཕྱིར་མིན་་་ཞེས་པ་ལྟར་་་ཤཀྱའི་རྒྱལ་པོའི་སྐུ་འདྲ་ལ་ཡང་བརྟག་དཔྱད་བྱེད་ལོས་ཆོག་འདོད། ལེགས་པར་མ་བརྟག་པར་ཕྱག་འཚལ་བསྡད་ན་གུས་པའི་ཕྱིར་དུ་ཅང་ཡིན་གྱི་མ་རེད་འདོད།
བོད་མི་རིགས་ཀྱི་དད་རྟེན་གཙོ་ཡིན་པས་བརྟག་དཔྱད་བྱེད་མི་ཆོག་ན་་བཀའ་ལ་ཡང་བརྟག་དཔྱད་བྱེད་ག་ལ་རུང་། བསམ་བློ་ཡག་པོ་ཐོངས་ཨ། བོད་མི་རིགས་ཀྱི་རྨོངས་དད་ཀྱི་དད་རྟེན་དེ་ཉིད་ཀྱི་ངོ་བོ་དང་འབྱུང་ཁུངས་བཅས་ལ་བརྟག་དཔྱད་བྱེད་ཆོག་པར་ཤཀྱའི་རྒྱལ་པོ་རང་ཉིད་ཀྱི་བཀའ་ཕབ་ཡོད་དུས་དེ་ལུགས་ཀྱིས་ཇོ་བོ་ལ་ཡང་བརྟག་རུང་དགོས་ངེས་རེད།
གྲོགས་ཅོ་རི་ལགས་ཀྱིས་རྣམ་དཔྱོད་ཀྱི་རིག་པའི་མདའ་མོ་འཕེན་པ་དེར་ཡིད་སྨོན་ཤོར་སོང། གསུང་ལ་དཔྱད་པ་བྱེད་ཆོག་དུས། སྐུ་ལ་དཔྱད་པ་ཅིས་བྱེད་མི་ཆོག སྐུ་ལས་གསུང་གལ་ཆེ་བ་ཡིན་པར་ལུང་གིས་གྲུབ་ཡོད།
དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་རྟེན་གཙོ་ཐུབ་པའི་འདྲ་སྐུ་འདི་ཡང་། སྤྲུལ་སྐུ་དགེ་སློང་གི་རྣམ་ཅན་དུ་བཞེང་ངམ་། ལོངས་སྐུ་དབུ་རྒྱན་དང་བཅས་པ་ལྷའི་རྣམ་ཅན་དུ་བཞེང་པ་གཉིས་གང་ལེགས་སམ། སྙམ་པའི་ཐུགས་དྭོགས་དང་པོ་དེ། དེའི་དུས་ཀྱི་༸སྐྱབས་གནས་༸གོང་ས་མཆོག་སོགས་ལ་ཐག་གཅོད་དཀའ་ཙམ་བྱུང་བའི་ལོ་རྒྱུས་ཀྱང་ཡོད་རེད། འདི་ངས་ཀྱང་༸གོང་ས་མཆོག་རང་ཞལ་བཞེས་དྲོ་མོ་ནས་གོ་མྱོང་བས་་་་་་་་
རྗེ་རིན་པོ་ཆེ་དང་། ཇོ་བོའི་དབུ་རྒྱན་སྐོར་ལ་ཡོངས་གྲགས་ཀྱི་རྣམ་ཐར་ལོ་རྒྱུས་ཀློག་རྒྱུ་དང་། ཐོས་ཡ་་ཡོད་རེད་དོ། དྲ་གྲོགས་ཚོ།།
ཀརྡོ་རབ་འབྱམས་པ ལགས་ལྷ་ཇོ་བོའི་ཕྱི་རིམ་ཟ་དྲུག་གིས་རྒྱན་བཞག་པ་དག་སྟོན་པ་གཤེན་རབ་མི་བོ་རྣམ་པར་རྒྱལ་བའི་གཞུང་ངན་ཁ་གསལ་བྲིས་འདུག། ཤཀྱ་ཟ་དྲུག་གི་རྒྱན་པའི་ལོ་རྒྱུད་མེད་ལ་སྔགས་ཅན་ཞིག་དེ་བས་ཀྱང་མཐོང་རྒྱུ་མེད། གལ་སྲིད་ཤཀྱའི་འདྲ་སྐུ་དེ་རྗེ་བློ་བཟང་གྲགས་པས་བཙན་གྱིས་སྟོན་པ་གཤེན་རབ་ཀྱི་འདྲ་སྐུ་ལ་བསྒྱུར་དགོས་དོན་གང་ཡིན་པ་དེ་དྲི་བ་ཞིག་རེད།
གཞུང་ནང་་་
ལྷ་སའི་ཇོ་བོའི་སྐུ་འདྲ་དེ་སྟོན་པ་གཤེན་རབ་ཀྱི་སྐུ་འདྲ་ཡིན་ནའང་འདྲ་མ་ཡིན་ནའང་འདྲ་ང་ལ་ནི་ཁྱད་པར་སྤུ་ཙམ་མེད། གཅིག་བྱས་ན་རྒྱ་ལྷའི་སྐུ་འདྲ་ཞིག་ཀྱང་ཡིན་ཆོག་པ་རེད། གཉིས་བྱས་ན་མུ་སྟེགས་པའི་སྐུ་འདྲ་ཞིག་ཀྱང་ཡིན་ལོས་ཆོག ཡིན་ནའང་སྐུ་འདྲ་དེའི་དབུ་ལ་རིགས་ལྔ་གཡོག་སྐུ་ལ་གསེར་རྩི་བྱུག་པ་སོགས་ཀྱིས་རྐྱེན་བྱས་ནས་སྐུ་འདྲ་དངོས་གནས་དེ་ཆ་ཚང་མི་མངོན་པར་བཟོས་ཡོད། དེས་རྐྱེན་པས་ལབ་ཉོག་མང་པོ་འདི་བྱུང་བ་རེད།
གང་ལྟར་ལྷའི་གཙུག་ལག་ཁང་དེ་བོན་པོ་ལ་འབྲེལ་བ་རྩ་བ་ནས་མེད་ནི་ཡིན་ས་མ་རེད། བོན་གྱི་བསྟན་སྲུང་ལྷ་མོ་སྲིད་པའི་རྒྱལ་མོ་གསོལ་མཆོད་གནང་ས་ཞིག་ཀྱང་ཡིན་འདུག་པས་དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་ངེས་ཅན་འདྲ་ཡོད་སྲིད་པ་རེད་དོ། །
༼སྟོད་ལུང་བདེ་ཆེན་རྗོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རེ་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཞིག་ཡོད་པ་དེ་ནི། གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས [རྨེའུས] ཕྱག་བཏབ་པའི་སྟོད་ལུང་ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན། དེ་གར་བོན་མདོ་སྔགས་ཀྱི་བསྟན་པའི་གནས་གཞི་བཟུང་ནས་དར་བར་མཛད། གྲི་གུམ་བཙན་པོས་བོན་བསྣུབས་སྐབས་སྨེའུས [རྨེའུས] སྟོན་གྱིམ་བུ་ཐེལ་རྒྱལ་གྱིས་བོན་གྱི་རིག་གཞུང་གི་རྩ་བ་བཀའ་བོན་སྒོ་བཞི་སྲུང་སྐྱོབ་གནང་སྟེ་རྒྱལ་སྲས་སྤུ་དེ་གོང་རྒྱལ་གྱི་རིང་ལ་བོན་གྱི་རིག་གཞུང་གོང་འཕེལ་བཏང། སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་སྨེའུ [རྨེའུ]སྟོན་གྱི་གདུང་རྒྱུད་ནས་ཇི་སྲིད་བར་ལྷ་ས་གཙུག་ལག་ཁང་གི་སྟེང་དུ་སྲིད་པའི་རྒྱལ་མོའི་བསྐང་གསོ་གཏོང་དགོས་པའི་བཀའ་གཏན་གསེར་ཡིག་བསྩལ་བ་སོགས་གཟིགས་མཐོང་ཚད་མེད་གནང། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་སྟབས་སྨེའུ [རྨེའུ] སྟོན་གྱི་རྒྱུད་པ་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་སོགས་རྗུ་འཕྲུལ་བསྟན་པས་ཁྲི་སྲོང་ལྡེ་བཙན་ངོ་མཚར་སྐྱེས་ཏེ་སྔར་གྱི་བཀའ་གཏན་སོར་གནས་བྱུང། བསྟན་པ་ཕྱི་དར་གྱི་སྐབས་བོན་ཆོས་གཉིས་ཀ་དར་བས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གསོལ་མཆོད་བསྐྱར་གསོ་བྱུང། དགའ་ལྡན་ཕོ་བྲང་བས་དབང་བསྒྱུར་སྐབས་ལྷ་སའི་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་སྦ་མའི་ལུང་སོགས་ཆེན་པོ་ཞིག་ཡོད་པ་དེར་ལོ་ལྟར་བོད་ཟླ་བཅུ་པའི་ནངསྦ་མ་ཁ་གསོ་རྒྱག་པ་དང་འབྲེལ་སྲིད་པའི་རྒྱལ་མོ་གསོལ་མཆོད་དང། གཡང་སྐྱབས་ཉིན་གསུམ་བྱེད་མི་ཞང་སྟོན་ཁུལ་ནས་ཞང་སྟོན་སྨེའུའི་གདུང་རྒྱུད་གཅིག་ཡོང་དགོས་པར་བླ་བྲང་ཕྱག་མཛོད་ནས་གཏོང་སྒོ་ལེན་རྒྱུ་ཡོད། ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་སོག་པོས་གཏོར་སྐད་ཀྱིས་དགོན་ཤུལ་གྱང་རོ་ཡིན་ཡང། སྲིད་རྒྱལ་གྱི་མགོན་ཁང་ཞིག་དང་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་དེ་ད་ལྟ་ཡོད།།། ༼མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་ནས་དྲངས།༽
བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་་་་་་་ཁ་ཅིག་གིས་ཇོ་བོའི་སྐུ་དབྱིབས་དང་་མུ་སྟེགས་གཅེར་བུ་པ་གཉིས་འདྲ་པོ་འདུག་ཟེར་བ་ནི་རྣམ་རྟོག་ཙམ་ལ་ངོས་བཟུང་བྱས་ཆོག་ཅེས་་་ཐག་ཆོད་མདོག་བྱས་ནས་བཤད་འདུག སྐད་ཆ་བཤད་སྟངས་འདི་ནི་ཨ་མར་མ་གཏོགས་མཐོང་མ་མྱངས། སྒོ་ཐེམ་མ་གཏོགས་ལ་བརྒྱབ་མ་མྱངས་བའི་མི་ཡི་སྐད་ཆ་འདྲ་པོ་རེད།
ཤཀྱའི་རྒྱལ་པོ་ནི་མུ་སྟེགས་གཅེར་བུ་པ་དེ་དག་དང་མི་རིགས་གཅིག་པ་རེད། སྤུན་ཟླ་ཡང་རེད། མུ་སྟེགས་གཅེར་བུ་པའི་སྐུ་དབྱིབས་དང་འདྲ་པོ་ཡོད་ན་ཡག་པོ་རེད། བུ་སྤུན་ཡིན་དུས་འདྲ་པོ་ཡོང་བ་ཆོས་ཉིད་རེད་པ། རྒྱ་གར་བའི་ས་རྡུང་བྷ་བྷ་གཅེར་བུ་མ་དེ་དག་དང་ཤཀྱའི་རྒྱལ་པོ་གཉིས་ཡུལ་ལུང་གཅིག་པ་རེད། མི་རིགས་གཅིག་པ་རེད།་་་་་འདི་ཙམ་ཡང་བསམ་བློ་བཏང་བའི་རྣམ་དཔྱོད་མེད་ན་མཁས་མིང་འཛིན་འདོད་ནའང་ཤེས་བྱའི་ཐང་ཆེན་གཅོད་ཐུབ་ཐབས་ག་ལ་ཡོད།
བན་ཤུལ་ལགས་ཀྱིས་་་་བཅོམ་ལྡན་འདས་རལ་གྲིས་འདུས་བྱས་རྟག་པ་མེད་པའི་ཕྱིར།་་་་ཞེས་རྟགས་ཤིག་བཀོད་མདོག་མདོག་མིན་ནམ། བཅོམ་ལྡན་འདས་རལ་གྲིས་་་་ཅེས་བྱེད་སྒྲ་བརྒྱབ་འདུག ཧཧ་་་གོ་ཡ་ག་རེ་འདུག་གམ། ཚུལ་གསུམ་བཀོད་སྟངས་ཡག་པོ་ཞིག་ཀྱང་ཤེས་མི་འདུག་ག
འགྲོ་བ་མིའི་རྣམ་དཔྱོད་ལ་མངོན་སུམ་དང་རྗེས་དཔག་གཉིས་ཡོད། ལྐོག་གྱུར་གྱི་ཡུལ་ལ་དཔྱད་དུས་ཚུལ་གསུམ་རིགས་པ་ལ་བརྟེན་ནས་ལྐོག་གྱུར་རྟོགས་པའི་རྣམ་དཔྱོད་ཀྱི་ཤེས་རབ་རྒྱུད་ལ་སྐྱེས་དགོས། རྣམ་དཔྱོད་ཀྱིས་འདང་དང་ལྡང་། ལྡིང་མིན་གྱི་སྐད་ཆ་མ་་བཤད་པའི་སྔོན་དུ་ལྐོག་གྱུར་རྟོགས་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཇི་ལྟར་མི་ཡི་རྒྱུད་ལ་འཁྲུངས་ཀྱི་ཡོད་མེད་ཤེས་པར་གལ་ཆེའོ།
ཀརྡོ་རབ་འབྱམས་པ་ལགས།
ཁྱེད་ཀྱིས་་་༼རྗེ་རིན་པོ་ཆེ་དང་།་་་ཇོ་བོའི་དབུ་རྒྱན་སྐོར་ལ་ཡོངས་གྲགས་ཀྱི་རྣམ་ཐར་ལོ་རྒྱུས་ཀློག་རྒྱུ་དང་། ཐོས་ཡ་་ཡོད་རེད་དོ། དྲ་གྲོགས་ཚོ།།༽ གསུངས་གནང་འདུག་པས་་་ཡོངས་གྲགས་ཀྱི་རྣམ་ཐར་ལོ་རྒྱུས་ཀློག་རྒྱུ་་་དེ་གང་ནས་རྙེད་ཐུབ་བམ་ཅིས་ཀྱང་མགོན་མཛད་པར་ཞུ། །
བན་ཤུལ་དཔལ་མཁར་རྒྱལ་གྱིས་བསམ་བློ་ཡག་པོ་ཐོངས་ཨ། བོད་རྒྱལ་ཐ་མ་གླང་དར་མ་ཞེས་བྲིས་འདུག ཁྱོད་རང་རྒྱལ་ཞེན་མེད་པའི་མི་ཞིག་ཡིན་པར་གསལ་བསྟན་བྱས་འདུག ཁྱོད་ཀྱི་རྩམ་ཡིག་འདི་ལ་ཞིབ་ཚ་པོའི་ངོས་ནས་བཀླགས་ཡོད། ཁྱོད་ཀྱི་རྒྱལ་ཞེན་མེད་པའི་ཚིག་འབྲི་སྟངས་དང་། རིགས་ལམ་མེད་པའི་རྟགས་བཀོད་སྟངས་སོགས་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་ལན་ཞིག་བརྒྱབ་པ་ཡིན་ད།
ཅོ་རིའི་རང་ལུགས་ཀྱི་ངོས་ནས་བྱས་ན་ཇོ་བོ་དང་ཐང་རྒྱལ་རབས་ཀྱི་གྲྭ་པ་ཐང་སྲས་བླ་མ་གཉིས་འདྲ་པོ་འདུག་ཅེས་བཤད་ཀྱི་ཡོད། མ་གཏོགས་ཇོ་བོའི་སྐུ་དབྱིབས་དང་མུ་སྟེངས་གཅེར་བུ་པ་གཉིས་འདྲ་པོ་འདུག་ཅེས་བཤད་མྱངས་མེད་ལ་བསམས་མྱངས་ཀྱང་མེད། རང་ལུགས་ཀྱང་མིན་་་་་གསལ་བཤད་ཡིན་ད།
ཐང་རྒྱལ་རབས་ཀྱི་སྲས་མོ་ཀོང་ཇོ་ལགས་དང་ཐང་གི་གྲྭ་པ་བླ་མའི་བར་གྱི་འབྲེལ་བ་བསམ་བློ་ཐོངས། ཐང་རྒྱལ་རབས་ཀྱི་སྐབས་སུ་བཟོ་བསྐྲུན་བྱས་པའི་ཤཀྱའི་རྒྱལ་པོའི་སྐུ་འདྲ་དག་དང་ཇོ་བོ་གཉིས་རྩ་བ་ནས་མི་འདྲ།
དཔལ་མཁར་ནི་ལུང་གི་རྗེས་འབྲང་ལས་ལོ་རྒྱུས་རིག་པའི་རྗེས་འབྲང་མིནཔ་་སྔ་ཚེ་ནས་ཤེས་སོང་། ད་ལན་ཡང་ཡོད་རེད་ཡིན་རེད་ཙམ་ལས་ལོ་རྒྱུས་རིག་པའི་དཔྱད་ཐབས་ཀྱིས་ཡོད་ཡིན་གྱི་རྒྱུ་མཚན་མེད་པའི་ཡིག་ཉོག་ཞིག་སྤེལ་ནས་སྤོབས་ཉམས་སྟོན་པ་ནི། བླུན་པོས་བལྟས་ན་ཡིད་འཕྲོག་པ་དང་། མཁས་པས་བལྟས་ན་རྒོད་བྲོ་བ་རང་རེད།
དཔལ་མཁར་ནི་ལུང་གི་རྗེས་འབྲང་ལས་ལོ་རྒྱུས་རིག་པའི་རྗེས་འབྲང་མིནཔ་་སྔ་ཚེ་ནས་ཤེས་སོང་། ད་ལན་ཡང་ཡོད་རེད་ཡིན་རེད་ཙམ་ལས་ལོ་རྒྱུས་རིག་པའི་དཔྱད་ཐབས་ཀྱིས་ཡོད་ཡིན་གྱི་རྒྱུ་མཚན་མེད་པའི་ཡིག་ཉོག་ཞིག་སྤེལ་ནས་སྤོབས་ཉམས་སྟོན་པ་ནི། བླུན་པོས་བལྟས་ན་ཡིད་འཕྲོག་པ་དང་། མཁས་པས་བལྟས་ན་རྒོད་བྲོ་བའི་ངན་གཤིས་རང་རེད།
༼དགའ་ལྡན་ཕོ་བྲང་བས་དབང་བསྒྱུར་སྐབས་ལྷ་སའི་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་་་སྦ་མ་་་འི་ལུང་སོགས་ཆེན་པོ་ཞིག་ཡོད་པ་དེར་ལོ་ལྟར་བོད་ཟླ་བཅུ་པའི་ནང་་་སྦ་མ་་་ཁ་གསོ་རྒྱག་པ་དང་འབྲེལ་སྲིད་པའི་རྒྱལ་མོ་གསོལ་མཆོད་དང།༽
སྦ་མ་་་་་ཞེས་པའི་དོན་གང་ཡིན་ནམ།
འཇམ་དབྱངས་མི་ཡི་རྣམ་པར་རོལ་བ་༸རྗེ་རིན་པོ་ཆེ་མཆོག་གི་མཛད་ཆེན་གཅིག་ནི། ལྷ་སའི་སྨོན་ལམ་ཆེན་པོ་གསར་དུ་བཙུགས་པ་དེ་གཅིག་རེད། དེ་དང་འབྲེལ་ནས། བླ་མ་ཙོང་ཁ་པས། རྒྱ་བཟའ་ཀོང་ཇོའི་བསྣམས་ཕེབས་པའི་ལྷ་སའི་ཇོ་བོའི་དབུ་ལ་གསེར་བཟང་གི་རིགས་ལྔ་ཕུལ་བ་ན།
ཆོས་བརྒྱུད་གཞན་པ་གཅིག་གིས། ཕྲག་དོག་གིས་མ་བཟོད་ནས། རྗེ་རིན་པོ་བདུད་ཀྱི་སྤྲུལ་པ་ཡིན་པ་དང་། དེ་ཡིན་བཏང་ཡང་། ཇོ་བོའི་དབུ་ལ་ལྕགས་གཟེར་བརྒྱབས་ནས་དབུ་རྒྱན་ཕུལ་མཁན་ཞེས་གཏེར་རྫུན་ལུང་རྫུན་གྱིས་མ་བྱས་ཁ་གཡོག་གི་ཞབས་འདྲེན་ལུངན་་གང་ཞུས་པ་ཡང་བྱུང་ཡོད་པ་རེད་།
ད་ནས་བཟུང་བོད་རིགས་ཚོས། སྒྲོ་བསྐུར་མང་པོ་མ་བྱས་ཡག་བགྱིད་རེད། མ་གཏོགས་རྫུན་རྐུབ་རྟོལ་ཐུབ་མཁན་ནང་ལ་མཁན་དད་མཁས་པ་དང་། དད་མེད་མཁས་པ་རྣམ་དཔྱོད་ཅན་མང་པོ་ཡོད་རེད་དོ།།
ཀརྡོ་རབ་འབྱམས་པ། ལགས་ཤཀྱ་འདུལ་ཆས་འཛིན་པ་ཞིག་ལ་སྔགས་ཆས་གཡོགས་ནས་བཙན་གྱིས་བོན་ལུགས་ལ་བསྒྱུར་དགོས་དོན་གང་ཡིན་ནམ། ཡང་ན་རྗེ་བློ་བཟང་གྲགས་པ་བོན་པོ་རེད་དང་། ཡང་ན་ཇོ་བོ་བོན་ལུགས་རེད།
རླུང་ཐོག་ལགས།
བོན་སྟོན་གྱི་འདྲ་སྐུ་འྡར་ཡོད་ན། ཁ་བརྡར་སྟོནད་ཤོག དེ་མིན། ཀོང་ཇོའི་ཇོ་བོ་དང་། ༸རྗེ་བླ་མ་བློ་བཟང་གྲགས་པ་སོགས་བོན་པོར་བསྒྲུབ་པར་རེ་ནས་མ་སྡོད་ཅིག བན་བོན་ཙམ་མ་ཟད། ཕྱི་པ་དང་། ལྟ་ལོག་པ་དེ་ཚོ་ཡང་བགད་མོ་འཆོར་ཉེན་ཡོད་རེད་དོ།།
ཤཀྱ་ཐུབ་པ་ཧིན་རྡུ་བ་ཞིག་ཡིན་ཆོག་ས་ལ། བློ་བཟང་གྲགས་པ་བོན་པོ་མ་ཡིན་པའི་རྒྱུ་མཚན་སྤུ་ཙམ་འཇོག་རྒྱུ་མེད་པའི་ཕྱིར། །
#35 BONPO ་ལགས།
ཤྰཀ་ཐུབ་པའམ། གཞོན་ནུ་དོན་གྲུབ་གོའུ་ཏ་མ་ནི། རྒྱ་གར་པ་ཞིག་ཡིན་ན་ཡང་། ཧིན་རྡུའམ། མུ་སྟེགས་སམ། ཕྱི་པ་ཞིག་མ་ཡིན་ཏེ། བོན་སྟོན་བཞིན་ནོ། བོན་པོ་ལགས།། །།
ཤཀྱ་ཐུབ་པ་ཧིན་རྡུ་བའི་འཇུག་པ་བཅུའི་སྐུ་གྲལ་དུ་བཞུགས་ཐུབ་ས་ལ། བློ་བཟང་གྲགས་པ་བོད་ཀྱི་བོན་པོའི་སྐུ་གྲལ་དུ་སྡོད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། །
བོད་རིག་པའི་ཉམས་ཞིབ་པ་བུ་རྒོད་པོ་དཔའ་མཁར་རྒྱལ་ལ་མངོན་པར་བསྟོད་དོ། །