མཚོ་བྱུང་ལྷ་མོ།
སེམས་ཀྱི་ན་ཟུག་ཁོ་ན་ལས།
བརྩེ་བའི་དུངས་པ་ཞིག་གང་ན་ཡང་མི་ཕྱོགས་པས
རྒྱན་དུ་ཁ་པར་གྱི་སྐུད་མེད་སྣེར་ལུས་པའི་ངས
ཁྱོད་ཀྱི་རྒྱབ་གཟུགས་ལ་བཅངས་པའི་འདུན་པ་དེ་ཡང
གཏན་དུ་ཨ་གསར་མེད་པ་དེ་ཅི
ཁྱོད་རང་བྲེལ་འཚུབ་ཀྱིས་ཡོད་སྐབས
སེམས་ལ་འཕང་སེམས་ཀྱི་སྣང་བ་ཞིག་གིས
ཁྱོད་ཀྱི་རྒྱབ་གཟུགས་དེ་མ་མཐོང་བར་དུ།
ངའི་སེམས་པ་དེ་ཁེར་རྐྱང་གིས་གཅུན་པར་བྱེད
ཆེས་མཐའ་འབྲས་ཤིག་གིས་སྣང་བ་བསམ་ན
ཐག་གཅོག་ཀྱི་འཆར་གཞི་དེ་སླ་མོ་ཞིག་ཏུ་སྣང
ཧོལ་རྒྱུག་ཅིག་གིས་ལམ་སྣེ་འཇུས་ན་ཡང
དུངས་པ་དེས་སྔར་བཞིན་ང་ལ་ཕོག་ཐུག་བཟོ་བཞིན
ངའི་སེམས་པ་འདི་རྒྱབ་གཟུགས་ཁོ་ནོར་ཕྱོགས
ཁྱོད་ཀྱིས་ང་ལ་བསྐྲུན་པའི་རྒྱབ་གཟུགས་དེ
སུ་དང་གང་གིས་མི་ཤེས་ངེད་གཉིས་ཀྱིས
ཡོད་ཚད་འཇིག་རྟེན་པའི་སྣང་བར་སྒོམ་སྟེ
མངའ་སྐྱུར་གྱི་འཚོ་བ་ཡུན་གྱིས་འཐུང་ན་ཡང
ནམ་ཞིག་རྒྱབ་གཟུགས་ཀྱིས་ང་ལ་ན་ཟུག་སློང་སྲིད