འབུམ་རམས་པ་ཞིག་གིས་རྩོམ་རིག་སྐོར་གླེང་འདུག Posted on 2016-09-222016-09-22 By ཁ་བརྡ་ 29 Comments on འབུམ་རམས་པ་ཞིག་གིས་རྩོམ་རིག་སྐོར་གླེང་འདུག གློག་བརྙན་།, བགྲོ་གླེང་།
ལོངས་སྐུ་ཡིན་ནམ་ལོངས་སྤྱོད་ཡིན་ཡང་གསལ་བོ་ཞིག་གོ་མ་སོང་། སྙན་ངག་དང་བརྩམས་སྒྲུང་རྐང་གཅིག་མ་བྲིས་པའི་མི་འདི་རིགས་ལ་སྙན་ངག་དང་བརྩམས་སྒྲུང་སྐོར་བཅར་འདྲི་བྱས་པ་འདི་ལ་ཡ་མཚན་སྐྱེས་སོང་། འདི་ནི་ནམ་ཡང་བྱིས་པ་གཉོར་མ་མྱོང་བའི་མི་ལ་བྱིས་པ་གཉོར་སྟངས་བྲིས་པ་དང་། ནམ་ཡང་ཤ་བཟའ་མ་མྱོང་བའི་མི་ལ་ཤའི་བྲོ་བ་དྲིས་པ་དང་འདྲ།
ཨ་ཁུ་ཀླུ་སྨྱོན་ལགས། སྙན་ངག་བྲིས་མ་མྱོང་བའི་མི་ལ་སྙན་ངག་གི་སྐོར་ལ་སྐད་ཆ་འདྲི་མི་རུང་སྟེ། ཁོས་སྙན་ངག་འབྲི་མ་མྱོང་བའི་ཕྱིར་ཟེར་བ་ཡིན་ནམ། དེ་ལྟར་ན་ལས་དེ་རང་གིས་བྱེད་མ་མྱོང་ན་དེའི་སྐོར་ལ་ཡི་གེ་འབྲི་བ་དང་སྐད་ཆ་ཤོད་མི་ཆོག་པ་ཡིན་ནམ། དེ་ལྟར་ན་མི་ཕམ་བཙུན་པ་དང་བཙུན་པ་ཀླུ་སྨྱོན་སོགས་ཀྱིས་ཆགས་སྤྱོད་ཀྱི་སྐོར་ལ་བྲིས་པ་དེ་ཚོར་ཅི་ཞིག་ལན་འདེབས་རྒྱུ་ཡིན་ནམ། ལྷ་ཡུལ་ལ་འགྲོ་མ་མྱོང་མཁན་གྱིས་ལྷ་ཡུལ་གྱི་སྐོར་ལ་སྐད་ཆ་ཤོད་པ་དང་དེ་ཚོར་དེའི་སྐོར་ལ་དྲི་བ་འདྲི་མི་ཆོག དེ་ལྟར་ན་སངས་རྒྱས་མ་མྱོངས་བའི་ཨ་ཁུ་ཀླུ་སྨྱོན་ལ་སངས་རྒྱས་ཀྱི་སྐོར་ལ་སྐད་ཆ་ཤོད་མི་འོས་པ་དང་དགེ་ཕྲུག་མགོ་སེར་བ་ཚོས་དེའི་སྐོར་ལ་དྲི་བ་འདྲི་མི་ཆོག་པར་ཐལ། ཧཧཧཧ སྙན་ངག་པ་ལ་རྟགས་དང་རིགས་པ་རྒྱུ་མཚན་བཀོད་ན་ཁག་སེ་ཡིན་གྱི་རེད།
སྙན་ངག་ལྐུགས་པའི་ལོག་སྐད་ཡིན་ལབ་པ་རེད། ག་རེ་མཁས་པའི་ལོངས་སྐུ། མཁས་པའི་ལོག་སྐད་མིན་འགྲོ། ཧ་ཅང་ཡག་པོ་བཤད་སོང་། རྩོམ་རིག་ངོས་འཛིན་དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་རེད།
ངས་ཀླུ་སྨྱོན་ཟེར་བའི་ཀློའི་རྒན་འདི་རྩོམ་རིག་སྐོར་ལ་ཁ་ཕྱོགས་ཡོད་པ་ཞིག་རེད་བསམ་ཡོད་མོད། ད་ནི་ཅི་གང་མི་ཤེས་པའི་གླེན་རྟགས་བསྟན་སོང་། ངོ་མ་ཀློའི་ཁ་ནག་ཅིག་རེད། ཀློའི་རྒན་འདིའི་རིགས་ཁྱོད་ཕྲག་དོག་འཆི་ལེ་རེད། ཧཧཧཧ
བླ་མ་གོང་མ་༧གོང་ས་མཆོག་ལྟ་བུ་ལ། ལོག་ལྟ་བཤད་ཀི། དེང་རབས་གཞོན་སྐྱེས་ཆེ་མཐོ་མཐར་ཕྱིན་པ་བླ་མ་སྐྱབས་ལྟ་བུ་ལ། འཕྲག་དོག་བྱེད་ཀི། ལས་ངན་པོ་ཁྱོད། དགྱ་ཕྱུག་ཡུག་བཟའ་མ་རེ་མ་ཡིན་ན། དགའ་ས་གཞན་གཅིག་ལ་མེད་ནོ་ཅི་རེད། སྐད་འཕྲིན་ནང་ནས་སྨྱོ་བཤད་རྒྱག་མཁན་། ངོ་དེབ་ནང་ལ་བླུན་བཤད་འབྲི་མཁན། ཁ་བརྡ་ཚང་དུ་ཧམ་མཆན་འདེབ་མཁན། རུ་སྡེ་བར་གི་གྱོད་འདྲེ་དེ་སུ་རེད། ཤེས་ནི་ཡོད་ན། ལན་ཁུར་ཤོག།
དྲ་བདག་དགེ་རབ་ལགས་ཐུགས་དག་རེད། མི་གཤིས་དང་ཆོས་ལུགས་ལ་དམའ་འབེབས་སྐྱོན་བརྗོད་བྱེད་མཁན་གྱི་རིགས་ལ་ང་ཡང་དགའ་བོ་མེད་ཁྱེད་རྣམས་ནས་ཀྱང་བཏང་འཛིན་ཡག་པོ་གནང་རོགས། ངས་ནི་ཀླུ་སྨྱོན་ལ་དམའ་འབེབས་མ་ཡིན། རིགས་མཚུངས་ཞིག་ཕུལ་བ་ཡིན། ང་ནི་ནམ་རྒྱུན་ཀླུ་སྨྱོན་གྱི་རྩོམ་དང་རིས་མེད་ཀྱི་སྐད་ཆ་དྲང་བདེན་གྱི་ལྟ་བ་འཁྱེར་ཕྱོགས་ལ་དགའ་སྣང་ཆེན་པོ་ཡོད། སྔོན་མ་སྔོན་མར་ཁ་བརྡའི་དྲ་བར་ཀླུ་སྨྱོན་གྱིས་རྩོམ་མང་པོ་བྲིས་པར་ཧ་ཅང་གི་དོ་སྣང་ཆེན་པོས་བཀླག་མྱོངས། དེ་དུས་ཁ་བརྡའི་དྲ་བ་འདི་འཁྲུགས་པོ་ཞེ་བོ་ཅིག་ཡོད། དེང་སང་ཀླུ་སྨྱོན་གྱིས་ཀྱང་རྩོམ་མཐོང་རྒྱུ་མི་འདུག ཁ་བརྡའི་དྲ་བ་འདི་ཡང་ཁུ་སིམ་སིམ་ལ་འགྲོ་བཞིན་འདུག ཨ་ཁུ་ཀླུ་སྨྱོན་ཐུགས་ཁོམས་འདྲ་བྱུང་ན་དྲ་འབུ་འདི་ཚོ་གཉིད་ལས་སྐྲོགས་པའི་རྩོམ་རེ་འབྲི་རོགས་ཞུ་བཞིན་ཡོད།
གད་སྙིགས་འདི་མོ་འདིའི་ནང་ལ་གོང་ས་མཆོག་དྲུད་མ་ཡོང་། དེ་བས་བླ་མ་སྐྱབས་ཀྱིས་བྲིས་པའི་སྙན་ངག་ཤོ་ལོ་ཀ་གཅིག་དང་བརྩམས་སྒྲུང་ཤོག་ལྡེབ་གཅིག་ཁྱེར་ཤོག དེ་ནས་ད་ང་ཚོའི་ཉི་མ་ཇེ་རིང་དང་རྩམ་པ་ཇེ་ཞིམ་ཡིན་ནི་རེད། ཁ་ཡར་གྲག་ལ་གོང་ས་མཆོག་དང་མར་གྲགས་ལ་གོང་ས་མཆོག་ཟེར་བ་འདི་ཚོས་དོན་ངོ་མར་གོང་ས་མཆོག་རྒྱ་ལམ་ཕྱགས་སྤྱད་བྱེད་ཀི་ཡོད་ནི་རེད།
བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་ཀྱི་རིགས་འདིས་རྩམ་པ་བཟའ་མ་མྱོང་བར་རྩམ་པའི་ཞིམ་མངར་བཤད་ཀྱི་ཡོད་ནི་རེད། ངེས་པ་དོན་གྱི་བོད་ཀྱི་རྩོམ་རིགས་དཔྱད་བརྗོད་པ་ནི་དཔལ་དོན་གྲུབ་རྒྱལ་རེད། ཁོང་གིས་སྙན་ངག་དང་བརྩམས་སྒྲུང་ཆར་འབབ་བྱས་རྗེས་ད་གཟོད་རྩོམ་རིག་དཔྱད་བརྗོད་སྤེལ་བ་རེད། དེ་མིན་ཁ་གསོན་པོ་དང་ལག་ཤི་བོའི་དཔྱད་བརྗོད་པ་འདི་རིགས་ལ་བསྟོད་པ་འཐེན་པ་ནི་དཔལ་དོན་གྲུབ་རྒྱལ་གྱིས། ཨ་ཁུ་འབྲོང་གི་རུས་པ་རྣམས། །གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །རི་བོང་བློ་ལྡན་འདི་དག་གི །གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །ཅེས་པ་བཞིན་རེད། ལར་རྩོམ་རིག་དཔྱད་བརྗོད་བྱེད་དུས། ཐོག་མར་རང་གིས་འབྲི་བ་དང་འབྲི་བའི་གོ་རིམ་ཁྲོད་ངེས་པར་དུ་བརྒྱུད་དགོས་པའི་ཚོར་སྣང་དག་ཕྱོགས་སྡོམ་བྱས། དེ་དང་གཞན་གྱིས་བརྒྱུད་པའི་གོ་རིམ་ཁྲོད་ཀྱི་ཚོར་སྣང་གཉིས་གཞི་གཅིག་ཏུ་བསྲེས། དེ་རྗེས་རང་རྩོམ་དང་གཞན་རྩོམ་གྱི་སྤུས་ཚད་ཞིབ་བསྡུར་བྱས། དེ་རྗེས་སྤྱི་ཚོགས་ཀྱིས་རང་རྩོམ་དང་གཞན་རྩོམ་ལ་བཟུང་བའི་ལྟ་སྟངས་སམ་ཚུར་སྣང་ལན་ཆ་གཙུབ་བརྡར་བྱས་རྗེས། ད་གཟོད་རྩོམ་རིག་དཔྱད་བརྗོད་བྱས་ན་འཕྱི་དྲགས་ཡོད་ཀྱི་མ་རེད་སྙམ། དཔེར་ན་སྙན་ངག་པ་ལྗང་བུ་ལྟ་བུ་ཞིག་གིས་བོད་ཀྱི་སྙན་ངག་ལ་དཔྱད་བརྗོད་སྤེལ་ན་ཁྲིགས་སེ་ཡོད་པ་དང་། གཞས་མ་འཕྱོང་ཞོལ་སྒྲོལ་མས་གཞས་པར་དཔྱད་འདེམས་དང་། རྡུང་ལེན་པ་དཔལ་མགོན་གྱིས་རྡུང་ལེན་པ་དཔྱད་འདེམས་བྱས་པ་བཞིན་རེད། བླ་མ་སྐྱབས་སོགས་ནི་དེ་ལས་ལྡོག་སྟེ་རང་གིས་གཞས་གཅིག་ཀྱང་ལེན་མ་མྱོང་བར་གཞས་པ་གཞས་མར་དཔྱད་འདེམས་པའི་གོ་སར་འགྱིངས་པ་ལྟ་བུ་ཞིག་ཏུ་མཐོང་། ང་ནོར་ཡོད་སྲིད་མོད། གལ་སྲིད་ང་རང་རྩོམ་རིག་ཅེས་པ་དེ་ཡིན་ན། ངས་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་གཉིས་ངའི་དཔྱད་བརྗོད་པའི་གོ་སར་འགྱིང་དུ་མི་འཇུག་ཁོ་ཐག་ཡིན། ཁྱོད་ཚོས་རྩོམ་རིག་གི་བྲོ་བ་མི་ཤེས་པའི་རྩོམ་རིག་དཔྱད་བརྗོད་པ་འདི་ཚོར་བསྟོད་པའི་མཐེ་བོང་བསྒྲེང་དང་མི་བསྒྲེང་ངས་ཇུས་གཏོགས་མི་བྱེད།
http://www.khabdha.org/?p=9274 https://www.wolfson.ox.ac.uk/lama-jabb https://www.amazon.com/Literary-Continuities-Modern-Tibetan-Literature-ebook/dp/B01045H9IG
རྩོམ་རིག་ལ་ལག་ལེན་མ་བྱས་པར་རྩོམ་རིག་དཔྱད་བརྗོད་སྤེལ་བ་ནི་རྩོམ་རིག་ལ་བཙན་གཡེམ་བྱས་པ་རང་རེད། ཡིན་ན་ཡང་ང་ཚོར་རྩོམ་རིག་བཙན་གཡེམ་པ་འགའ་རེ་ཡོད་པ་ཡང་དགའ་འོས་པའི་བྱ་བ་ཞིག་སྟེ། བཙན་གཡེམ་མཁན་ཚོས་རྩོམ་རིག་གི་ཕྱིའི་མཛེས་སྡུག་ཙམ་མྱོང་ཐུབ་པ་མ་ཟད། ཁོ་བ་ཚོའི་ཕྱི་རོལ་ཁོ་ནས་ཚིམ་པའི་ཚོར་བ་དེས་ཀྱང་རྩོམ་རིག་གི་ལྡེབས་རིས་ཆེན་པོ་འདིར་སྐྱ་ཐིག་རེ་འཐེན་ནུས་པའོ།།
རྩོམ་པོ་དང་། རྩོང་ཡིག་འགྲེལ་པ་པོ་གཉིས་ཀྱི་ཁྱད་པར་ལ་རྩོད་བཞིན་ཡོད་པ་འདྲ། ད་དུང་ཁ་གསལ་པོ་རང་བྱུང་མ་སོང་བས་་་་་་
བདུད་ལྷ་རྒྱལ་དང་བླ་མ་སྐྱབས་སོགས་རྩོམ་རིག་སྒྱུ་རྩལ་གྱི་ཆེད་ལས་འབུམ་རབས་པ་ཞིག་གིས་སྙན་ངག་རྐང་གཅིག་མ་འཁྱོང་བ་ད་ཨ་ཡིན། འདི་དག་གིས་སྙན་ངག་ཅེས་བ་ཡང་སྙིང་ཅི་ཞིག་ཡིན་པ་ཧ་གོ་སོང་བས་རེད། དེ་མིན་སྨྱོ་ལབ་རྒྱག་མཁན་སྐོར་ཞིག་གིས་སྙན་ངག་མིན་ན་ཡང་བཙན་གྱིས་མི་སྣམ་མགོ་སྐོར་གཏོང་གི་ཡོད་རེད། དཔེར་ན་ཀླུ་སྨྱོན་ལྟ་བུ། མི་འདི་རྩ་མ་ཚང་བ་ཞིག་ཡིན་པ་སྔ་མོ་ནས་ཧ་གོ་སོང་། འདིའི་བརྩམས་སྒྲུང་དང་སྙན་ངག་ཡིན་པར་སྐད་པའི་ཡིག་ཉོག་དེ་ཚོ་ང་རང་སློབ་ཆུང་ཡིན་དུས་ནས་བཀླགས་པ་ཡིན། ཀློན་རིན་ཅང་མེད་སོང་། ད་ལྟ་བསྐྱར་དུ་གཅིག་ཀློག་རྒྱུ་ན་ཡིད་ཀ་གཏིང་ནས་ལོག་རྒྱུ་རེད།
བླ་མ་སྐྱབས་ཀྱི་ཡོན་ཏན་ཡིན་ནི། ཁོ་རང་ལ་ད་ཡོད་ཀྱི་གོ་གནས་ལས་ཤེས་ཐུབ་པ་ཞིག་རེད། ཀླུ་སྨྱོན་རང་ཡིན་ན་ཡང་། སློབ་ཆེན་དེ་འདྲ་ནས་ཁ་མར་ལ་འཁོར་ནས་ཅིག་བཤད་ན་ཆ་འཇོག་ཡོད་ནི་རེད། དེ་མིན། རང་གི་ལྟོ་ཟ་སྤྱད་ལ་སྡོམས་པ་འཆལ་བོ་ཞིག་ལ་བླ་གོས་གཙང་མ་ཤིག་བཀབ་པ་ཙམ་ཡིན་པ་དེའི་བཀའ་དྲིན་ཡིན་པ་ངོ་ཤེས་ན་བཟང་། ཡོན་ཏན་པ་དང་སྙན་ངག་པ་ཟེར་ནི་ཞིག་གི་གོ་ས་ལ་སོ་སོས་སོ་སོ་འཚང་ནས་ཅིག་བཤད་འབྲི་བྱས་བ་ཙམ་ལས། ཁྱོད་ལ་མི་རིགས་ཤིག་དང་རྒྱལ་ཁབ་ཞིག་གི་ཆེ་མཐོང་གི་རྐུབ་ཅོག་ཞིག་མི་རེག་པ་ནི་ཁྱོའི་ལོ་རྒན་ལྔ་བཅུའི་རིང་ལ་གསལ་ཆ་སྤྲད་ཚར་བ་རེད། ཁྱོས་རང་ངོ་རང་གིས་མི་རིག་རུང་། མཁས་མདོག། ཤེས་མདོག་སོགས། ཁྱོ་ལ་མདོག་ག་རེ་ཡོད་པ་དེ་ང་ཚོ་ཚང་མས་ཤེས་སོང་བ་རེད། སེམས་སྐྱོ་བ་ཞིག་ལ། དེ་རིང་ཁ་སང་གི་བྱ་སྤྱོད། བདག་པོ་མེད་པའི་ཁ་དང་། གནས་ལུགས་མེད་པའི་སྐྱོན་བཤད་དེ་ཚོ། བླ་མ་གང་ཡིན་དང་དཔོན་པོ་སུ་ཡིན་ལ་བཤད་རྐྱང་བྱེད་པ་ནི། ཁྱོས་བལྟས་ན་མཁས་རྟགས་ཞིག་ཡིན་བསམ་ན་ཡང་། ངས་བལྟས་ན། བླུན་པོས་ཇ་ལ་ཁ་ཚ་བཏབ་ལས་ཐུ་བ་འདུག་ཟེར་བ་ཡིན། སྐུ་དྲག་ལ་ཁ་ངན། རང་གཞུང་ལ་ཁ་ངན། བླ་མ་ལ་ཁ་ངན། དཔོན་པོ་ལ་ཁ་ངན། བོད་རིགས་དམངས་ལ་ཁ་ངན། ཁ་ངན་གཏོར་བརླག་པ་ཁྱོད་ལ་དགེ་ལེགས་པའི་ལམ་ཞིག་མེད་པ་ཅི་ཪེད།
བདུན་གཅིག་ལ་བསྒུགས་པ་ཡིན་ཏེ་བླ་མ་སྐྱབས་ཀྱི་སྙན་ངག་དང་བརྩམས་སྒྲུང་ཅང་སྟོན་རྒྱུ་མི་འདུག་ག ད་ད་དུང་བདུན་གཅིག་ལ་བསྒུག་རྒྱུ་ཡིན།
ཀླུ་སྨྱོན་ཟེར་བ་འདི་ལོ་རེ་བཞིན་ཇེ་སྡུག་ནས་ཇེ་ངན་རེད། རྩོམ་ཆོག་རེ་བྲིས་པ་དག་ཀྱང་ཇེ་ངན་ནས་ཇེ་བཙོག་རེད། མི་གཤིས་ཀྱང་དེ་བཞིན་རེད། སྤྱོད་པ་ད་ཡིན་ད་ཡིན། ད་ནི་ཕྲག་དོག་དང་འགྲན་སེམས། བསྐུལ་འདེབས་བྱེད་པ་སོགས་ཀྱིས་སྨྱོ་བཞིན་འདུག རང་གིས་རང་ལ་བཏགས་པའི་སྨྱོ་མིང་དེ་དོན་ལ་གནས་འདུག
སེང་རྡོར་གྱིས་བདུད་ལྷ་རྒྱལ་རྩོམ་རིག་གི་ཚད་ཤིང་མ་རེད་ཅེས་བསྟོད་པ་བསླངས་པས་དེ་བཞིན་འབྲས་སུ་སྨིན། ཀླུ་སྨྱོན་གྱིས་ཀྱང་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་གཉིས་ལ་བསྟོད་པ་སློང་བཞིན་ཡོད་པས་ཀུན་པོས་ལྷོད་ལྷོད་གནང་རོགས། དེ་མིན་ཀླུ་སྨྱོན་ལྟ་བུའི་ཡི་གེ་ཚེ་གང་ལ་བྲིས་སྡོད་མཁན་དབྱིན་ཡིག་ཐ་ཐོར་རེའང་ཤེས་ཀྱི་ཡོད་པས་འདས་པའི་ལོ་རྒྱུས་ནང་སྒྱུ་རྩལ་རྩོམ་རིག་གི་དཔྱད་བརྗོད་པ་དང་སྒྱུ་རྩལ་རྩོམ་རིག་གི་རྩོམ་པ་པོ་ལ་ཡིན་མིན་གྱི་མུ་བཞི་གྲུབ་པ་ལོས་ཤེས། དེ་ཙམ་ཡང་མ་ཤེས་ཚེ་ཡི་གེ་མང་པའི་རྩོམ་པ་པོ་ཟེར་བ་མིང་དོན་མཚུངས་པ་རེད།
དགོད་ཤོར་བའི་སྐད་ཆ་ཞིག་ལ། ༼རྩོམ་རིག་ལ་ལག་ལེན་མ་བྱས་པར་རྩོམ་རིག་དཔྱད་བརྗོད་སྤེལ་བ་ནི་རྩོམ་རིག་ལ་བཙན་གཡེམ་བྱས་པ་རང་རེད།༽ཅེས་ཟེར། འོ་ན་རྩོམ་རིག་ལ་ལག་ལེན་མ་བྱས་པར་རྩོམ་རིག་ལ་རོལ་མྱོང་བྱེད་ན་རྩོམ་རིག་ལ་ལོག་གཡེམ་བྱས་པ་རེད་དམ། ཧ་ཧ་ཧ་
འདི་ལ་མཆན་ཞིག་འབྲི་དགོས་བསམས་མོད་ལས་བྲེལ་གྱིས་ད་བར་དུ་ལྟ་ལོང་དང་འབྲི་ལོང་མ་བྱུང་། སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་ཚིག་བཙན་པོ་སྨྲས་པ་ལ་འདོད་པ་མེད་ལ། སྐུ་ཞབས་ཀླུ་སྨྱོན་ལགས་ལ་ཚིག་བཙན་པོ་སྨྲས་པ་ལའང་འདོད་པ་མེད། ཕན་ཚུན་ལ་གུས་ཞབས་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེ་ཞིང་ཡ་རབས་ཀྱི་སྤྱོད་པ་ཞིག་རེད་དྲན། བླ་མ་སྐྱབས་ལགས་ཀྱིས་བྲིས་པའི་སྙན་ངག་གཅིག་ཁ་བརྡ་ལ་བཀོད་པ་དེ་གོང་དུ་དྲངས་ཡོད། དེ་ནས་མཁྱེན་དགོས་པ་ཞིག་ལ་ཁོང་གིས་འབུམ་རམས་པའི་ཆེད་རྩོམ་དེ་ཨིན་ཡིག་ཏུ་བྲིས་ཡོད་སྟབས་རང་རྩོམ་འབོར་ཆེན་རེ་མེད་ཀྱང་རུང་བ་རེད། དེང་རབས་ཀྱི་ཆེད་ལས་སློབ་སྦྱོང་འདི་ང་ཚོ་ལ་དགོས་ངེས་པ་ཞིག་རེད། ཆེད་ལས་སློབ་སྦྱོང་གིས་བརྗོད་གཞི་བྱེ་བྲག་པ་ཞིག་ལ་ཞིབ་འཇུག་བྱས་ཡོད། དེར་བརྟེན་བླ་མ་སྐྱབས་ལགས་ཀྱིས་བརྗོད་གཞི་བྱེ་བྲག་པ་ཞིག་ལ་དེང་རབས་རྩོམ་རིག་གི་ལྟ་གྲུབ་སྤྱད་ནས་དབྱེ་ཞིབ་བྱས་ཡོད་སྟབས། ང་ཚོས་དེ་ལ་གུས་ཞབས་བྱེད་དགོས་པ་རེད་དྲན།
ང་སྨྱོས་པའི་སྐབས་ཤིག་ལ་ཁེལ་ནས་དེ་འདྲ་བྲིས་འདུག ཁོང་ལ་གུས་ཞབས་མེད་པ་བྱས་འདུག་པས་དགོངས་དག་ཞུས་པ་ཡིན། ཁོང་ལྟ་བུའི་ན་གཞོན་ཤེས་ལྡན་པ་སྐད་ཡིག་གཉིས་ལ་བྱང་ཆ་ཡོད་པས་མི་ཚད་སྐད་ཡིག་གཉིས་ཀྱི་སྒོ་ནས་དཔྱད་རྩོམ་ཚད་ལྡན་འབྲི་མཁན་དག་གི་དབུ་འཕང་བསྟོད་དགོས་པ་མ་གཏོགས་རྐང་པ་ནས་འཐེན་མི་རུང་། རྗེས་མར་ཤེས་ལྡན་པ་ཚོའི་རྐང་འོག་ལ་རྡོ་འཇོག་པ་མ་གཏོགས་མགོ་ཐོག་ནས་ཆུ་མི་བྱོ་ཐག་ཆོད་ཡིན།
ཀླུ་སྨྱོན་གྱིས་དགོངས་དག་ཞུས་པ་ཡག་པོ་རེད་དེ་བཟང་སྤྱོད་ཅིག་རེད། ནར་བ་ནོར་བ་རྒྱལ་པོའི་བུ་ལ་ཡོད། མཛར་མཛེར་བ་ཤིང་ཙཎྜན་སྡོང་པོར་ཡོད། ཟེར་བ་རེད་ནོར་ཆོག་པ་རེད།
གང་ལྟར། ཀླུ་སྨྱོན་ལ། དེང་སང་། གཟའ་ཁུལ་རྒྱལ་ཁུལ་བྱེད་རྒྱུ་མང་གི། 1992ལོའི་ནང་ཞིག་ལ། གཡག་གི་ཧུར་སྒྲ་ཟེར་ནིའི་ལོ་དེབ་བམ་ཟླ་དེབ་གང་ཡིན་ཧ་མ་གོ་ན་ཡང་། བླ་མ་སྐྱབས་ཀྱིས་བོད་ཡིག་གི་སྙན་ངག་ཡིན་ཟེར་བ། ཁ་བྱང་ལ་དུག་སྦྲང་ཡིན་པ་ཡོད། དེ་འདྲ་ཞིག་བྲིས་ཡོད་པ་རིག་མྱོང་ཡོད། དུས་དེ་ནས་ད་བར། ལོ་འདི་དུམ་ཞིག་གི་རིང་ལ་སློབ་གྲྭ་ལ་དངོས་སུ་ཞུགས་ནས་སློབ་སྦྱོང་བྱས་བ་རེད། བྱས་ཙང་། ཁྱོད་དང་ངེད་གཉིས་ལ་ཁོའི་རྐང་བ་ཡར་མར་གང་ལ་ཡང་འཐེན་ཐུབ་པའི་ནུས་བ་མེད་པ་ངས་ཤེས་བས་བཤད་པ་ཡིན། བླ་མ་ཞིག་གིས་མི་ལ་གུས་ཞབས་ཞུ་མི་ཐུབ་ན་ཡང་། བླ་གོས་བཀོལ་ནས་མི་ལ་ངན་སྨད་བཤད་པ་ནི། ང་ཅན་པོ་ལ་འདི་མོ་འདི་འགྲོ་ནི་མ་རེད། དེ་ཤེས་ན་བཟང་། སྤྱི་ཚོགས་འདི་ཅི་འདྲ་ཞིག་ཆུང་ཡང་། ཁྱོད་དང་ངེད་གཉིས་ལ་ཆེས་དགོས་བའི་སྤྱི་ཚོགས་དེ། གཡས་གཡོན་གྱི་བོད་རིགས་ཁོ་ན་ཡིན་པ་མ་བརྗེད་པ་ཞུ། ཁྱོད་ལྷ་ཞིག་ཡིན་ནམ་འདྲེ་ཞིག་ཡིན་ད་ལྟ་ཐག་གི་མ་ཆོད་པར་བསྡད་ཡོད།
བླ་མ་སྐྱབས་བུ་ངར་ཟིག་ཡིན་ཐལ། བོད་ཀྱི་བུ། ཨ་མའི་བུ། ཀླུ་སྨྱོན་ཚང་གིས་གསུངས་པ་ཡང་རྒྱུ་མཚན་མེད་པ་ཁྱོན་ནས་མ་རེད། གཞན་བར་དོ་ལ་འཁྱམས་ནས་ཉོག་བཤད་གནང་མཁན་ཚོ། སྐྱག་པ་ཟོ།
ང་ལ་དགོས་པ་ཚིག་གཅིག་མ་གཏོགས་མི་འདུག སྙན་ངག་ནི་མཁས་པའི་ལོངས་སྐུ་ཡིན། གཞན་ཚང་མ་ཉོག་བཤད་ཤ་སྟག་རེད།
ལོངས་སྐུ་ཡིན་ནམ་ལོངས་སྤྱོད་ཡིན་ཡང་གསལ་བོ་ཞིག་གོ་མ་སོང་། སྙན་ངག་དང་བརྩམས་སྒྲུང་རྐང་གཅིག་མ་བྲིས་པའི་མི་འདི་རིགས་ལ་སྙན་ངག་དང་བརྩམས་སྒྲུང་སྐོར་བཅར་འདྲི་བྱས་པ་འདི་ལ་ཡ་མཚན་སྐྱེས་སོང་། འདི་ནི་ནམ་ཡང་བྱིས་པ་གཉོར་མ་མྱོང་བའི་མི་ལ་བྱིས་པ་གཉོར་སྟངས་བྲིས་པ་དང་། ནམ་ཡང་ཤ་བཟའ་མ་མྱོང་བའི་མི་ལ་ཤའི་བྲོ་བ་དྲིས་པ་དང་འདྲ།
དྲིས
ཨ་ཁུ་ཀླུ་སྨྱོན་ལགས། སྙན་ངག་བྲིས་མ་མྱོང་བའི་མི་ལ་སྙན་ངག་གི་སྐོར་ལ་སྐད་ཆ་འདྲི་མི་རུང་སྟེ། ཁོས་སྙན་ངག་འབྲི་མ་མྱོང་བའི་ཕྱིར་ཟེར་བ་ཡིན་ནམ། དེ་ལྟར་ན་ལས་དེ་རང་གིས་བྱེད་མ་མྱོང་ན་དེའི་སྐོར་ལ་ཡི་གེ་འབྲི་བ་དང་སྐད་ཆ་ཤོད་མི་ཆོག་པ་ཡིན་ནམ། དེ་ལྟར་ན་མི་ཕམ་བཙུན་པ་དང་བཙུན་པ་ཀླུ་སྨྱོན་སོགས་ཀྱིས་ཆགས་སྤྱོད་ཀྱི་སྐོར་ལ་བྲིས་པ་དེ་ཚོར་ཅི་ཞིག་ལན་འདེབས་རྒྱུ་ཡིན་ནམ། ལྷ་ཡུལ་ལ་འགྲོ་མ་མྱོང་མཁན་གྱིས་ལྷ་ཡུལ་གྱི་སྐོར་ལ་སྐད་ཆ་ཤོད་པ་དང་དེ་ཚོར་དེའི་སྐོར་ལ་དྲི་བ་འདྲི་མི་ཆོག དེ་ལྟར་ན་སངས་རྒྱས་མ་མྱོངས་བའི་ཨ་ཁུ་ཀླུ་སྨྱོན་ལ་སངས་རྒྱས་ཀྱི་སྐོར་ལ་སྐད་ཆ་ཤོད་མི་འོས་པ་དང་དགེ་ཕྲུག་མགོ་སེར་བ་ཚོས་དེའི་སྐོར་ལ་དྲི་བ་འདྲི་མི་ཆོག་པར་ཐལ། ཧཧཧཧ སྙན་ངག་པ་ལ་རྟགས་དང་རིགས་པ་རྒྱུ་མཚན་བཀོད་ན་ཁག་སེ་ཡིན་གྱི་རེད།
སྙན་ངག་ལྐུགས་པའི་ལོག་སྐད་ཡིན་ལབ་པ་རེད། ག་རེ་མཁས་པའི་ལོངས་སྐུ།
མཁས་པའི་ལོག་སྐད་མིན་འགྲོ། ཧ་ཅང་ཡག་པོ་བཤད་སོང་། རྩོམ་རིག་ངོས་འཛིན་དེ་ཚོ་དཔེ་མི་སྲིད་པའི་ཡག་པོ་རེད།
ངས་ཀླུ་སྨྱོན་ཟེར་བའི་ཀློའི་རྒན་འདི་རྩོམ་རིག་སྐོར་ལ་ཁ་ཕྱོགས་ཡོད་པ་ཞིག་རེད་བསམ་ཡོད་མོད། ད་ནི་ཅི་གང་མི་ཤེས་པའི་གླེན་རྟགས་བསྟན་སོང་། ངོ་མ་ཀློའི་ཁ་ནག་ཅིག་རེད། ཀློའི་རྒན་འདིའི་རིགས་ཁྱོད་ཕྲག་དོག་འཆི་ལེ་རེད། ཧཧཧཧ
བརྗོད་གཞི་དང་འབྲེལ་བ་མེད་པའི་སྐྱེ་བོ་སྒེར་ཕན་ཚུན་ལ་དམོད་ཚིག་འབོད་པ་དེ་རིགས་མ་གནང་རོགས་གནང་།
བླ་མ་གོང་མ་༧གོང་ས་མཆོག་ལྟ་བུ་ལ།
ལོག་ལྟ་བཤད་ཀི།
དེང་རབས་གཞོན་སྐྱེས་ཆེ་མཐོ་མཐར་ཕྱིན་པ་བླ་མ་སྐྱབས་ལྟ་བུ་ལ། འཕྲག་དོག་བྱེད་ཀི།
ལས་ངན་པོ་ཁྱོད། དགྱ་ཕྱུག་ཡུག་བཟའ་མ་རེ་མ་ཡིན་ན། དགའ་ས་གཞན་གཅིག་ལ་མེད་ནོ་ཅི་རེད།
སྐད་འཕྲིན་ནང་ནས་སྨྱོ་བཤད་རྒྱག་མཁན་། ངོ་དེབ་ནང་ལ་བླུན་བཤད་འབྲི་མཁན། ཁ་བརྡ་ཚང་དུ་ཧམ་མཆན་འདེབ་མཁན། རུ་སྡེ་བར་གི་གྱོད་འདྲེ་དེ་སུ་རེད། ཤེས་ནི་ཡོད་ན། ལན་ཁུར་ཤོག།
དྲ་བདག་དགེ་རབ་ལགས་ཐུགས་དག་རེད། མི་གཤིས་དང་ཆོས་ལུགས་ལ་དམའ་འབེབས་སྐྱོན་བརྗོད་བྱེད་མཁན་གྱི་རིགས་ལ་ང་ཡང་དགའ་བོ་མེད་ཁྱེད་རྣམས་ནས་ཀྱང་བཏང་འཛིན་ཡག་པོ་གནང་རོགས། ངས་ནི་ཀླུ་སྨྱོན་ལ་དམའ་འབེབས་མ་ཡིན། རིགས་མཚུངས་ཞིག་ཕུལ་བ་ཡིན། ང་ནི་ནམ་རྒྱུན་ཀླུ་སྨྱོན་གྱི་རྩོམ་དང་རིས་མེད་ཀྱི་སྐད་ཆ་དྲང་བདེན་གྱི་ལྟ་བ་འཁྱེར་ཕྱོགས་ལ་དགའ་སྣང་ཆེན་པོ་ཡོད། སྔོན་མ་སྔོན་མར་ཁ་བརྡའི་དྲ་བར་ཀླུ་སྨྱོན་གྱིས་རྩོམ་མང་པོ་བྲིས་པར་ཧ་ཅང་གི་དོ་སྣང་ཆེན་པོས་བཀླག་མྱོངས། དེ་དུས་ཁ་བརྡའི་དྲ་བ་འདི་འཁྲུགས་པོ་ཞེ་བོ་ཅིག་ཡོད། དེང་སང་ཀླུ་སྨྱོན་གྱིས་ཀྱང་རྩོམ་མཐོང་རྒྱུ་མི་འདུག ཁ་བརྡའི་དྲ་བ་འདི་ཡང་ཁུ་སིམ་སིམ་ལ་འགྲོ་བཞིན་འདུག ཨ་ཁུ་ཀླུ་སྨྱོན་ཐུགས་ཁོམས་འདྲ་བྱུང་ན་དྲ་འབུ་འདི་ཚོ་གཉིད་ལས་སྐྲོགས་པའི་རྩོམ་རེ་འབྲི་རོགས་ཞུ་བཞིན་ཡོད།
གད་སྙིགས་འདི་མོ་འདིའི་ནང་ལ་གོང་ས་མཆོག་དྲུད་མ་ཡོང་། དེ་བས་བླ་མ་སྐྱབས་ཀྱིས་བྲིས་པའི་སྙན་ངག་ཤོ་ལོ་ཀ་གཅིག་དང་བརྩམས་སྒྲུང་ཤོག་ལྡེབ་གཅིག་ཁྱེར་ཤོག དེ་ནས་ད་ང་ཚོའི་ཉི་མ་ཇེ་རིང་དང་རྩམ་པ་ཇེ་ཞིམ་ཡིན་ནི་རེད། ཁ་ཡར་གྲག་ལ་གོང་ས་མཆོག་དང་མར་གྲགས་ལ་གོང་ས་མཆོག་ཟེར་བ་འདི་ཚོས་དོན་ངོ་མར་གོང་ས་མཆོག་རྒྱ་ལམ་ཕྱགས་སྤྱད་བྱེད་ཀི་ཡོད་ནི་རེད།
བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་ཀྱི་རིགས་འདིས་རྩམ་པ་བཟའ་མ་མྱོང་བར་རྩམ་པའི་ཞིམ་མངར་བཤད་ཀྱི་ཡོད་ནི་རེད། ངེས་པ་དོན་གྱི་བོད་ཀྱི་རྩོམ་རིགས་དཔྱད་བརྗོད་པ་ནི་དཔལ་དོན་གྲུབ་རྒྱལ་རེད། ཁོང་གིས་སྙན་ངག་དང་བརྩམས་སྒྲུང་ཆར་འབབ་བྱས་རྗེས་ད་གཟོད་རྩོམ་རིག་དཔྱད་བརྗོད་སྤེལ་བ་རེད། དེ་མིན་ཁ་གསོན་པོ་དང་ལག་ཤི་བོའི་དཔྱད་བརྗོད་པ་འདི་རིགས་ལ་བསྟོད་པ་འཐེན་པ་ནི་དཔལ་དོན་གྲུབ་རྒྱལ་གྱིས། ཨ་ཁུ་འབྲོང་གི་རུས་པ་རྣམས། །གསེར་ལས་གྲུབ་ཅེས་བསྟོད་མཁས་པའི། །རི་བོང་བློ་ལྡན་འདི་དག་གི །གཏམ་ལ་ཆ་འཇོག་ཅི་ཞིག་ཡོད། །ཅེས་པ་བཞིན་རེད། ལར་རྩོམ་རིག་དཔྱད་བརྗོད་བྱེད་དུས། ཐོག་མར་རང་གིས་འབྲི་བ་དང་འབྲི་བའི་གོ་རིམ་ཁྲོད་ངེས་པར་དུ་བརྒྱུད་དགོས་པའི་ཚོར་སྣང་དག་ཕྱོགས་སྡོམ་བྱས། དེ་དང་གཞན་གྱིས་བརྒྱུད་པའི་གོ་རིམ་ཁྲོད་ཀྱི་ཚོར་སྣང་གཉིས་གཞི་གཅིག་ཏུ་བསྲེས། དེ་རྗེས་རང་རྩོམ་དང་གཞན་རྩོམ་གྱི་སྤུས་ཚད་ཞིབ་བསྡུར་བྱས། དེ་རྗེས་སྤྱི་ཚོགས་ཀྱིས་རང་རྩོམ་དང་གཞན་རྩོམ་ལ་བཟུང་བའི་ལྟ་སྟངས་སམ་ཚུར་སྣང་ལན་ཆ་གཙུབ་བརྡར་བྱས་རྗེས། ད་གཟོད་རྩོམ་རིག་དཔྱད་བརྗོད་བྱས་ན་འཕྱི་དྲགས་ཡོད་ཀྱི་མ་རེད་སྙམ། དཔེར་ན་སྙན་ངག་པ་ལྗང་བུ་ལྟ་བུ་ཞིག་གིས་བོད་ཀྱི་སྙན་ངག་ལ་དཔྱད་བརྗོད་སྤེལ་ན་ཁྲིགས་སེ་ཡོད་པ་དང་། གཞས་མ་འཕྱོང་ཞོལ་སྒྲོལ་མས་གཞས་པར་དཔྱད་འདེམས་དང་། རྡུང་ལེན་པ་དཔལ་མགོན་གྱིས་རྡུང་ལེན་པ་དཔྱད་འདེམས་བྱས་པ་བཞིན་རེད། བླ་མ་སྐྱབས་སོགས་ནི་དེ་ལས་ལྡོག་སྟེ་རང་གིས་གཞས་གཅིག་ཀྱང་ལེན་མ་མྱོང་བར་གཞས་པ་གཞས་མར་དཔྱད་འདེམས་པའི་གོ་སར་འགྱིངས་པ་ལྟ་བུ་ཞིག་ཏུ་མཐོང་། ང་ནོར་ཡོད་སྲིད་མོད། གལ་སྲིད་ང་རང་རྩོམ་རིག་ཅེས་པ་དེ་ཡིན་ན། ངས་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་གཉིས་ངའི་དཔྱད་བརྗོད་པའི་གོ་སར་འགྱིང་དུ་མི་འཇུག་ཁོ་ཐག་ཡིན། ཁྱོད་ཚོས་རྩོམ་རིག་གི་བྲོ་བ་མི་ཤེས་པའི་རྩོམ་རིག་དཔྱད་བརྗོད་པ་འདི་ཚོར་བསྟོད་པའི་མཐེ་བོང་བསྒྲེང་དང་མི་བསྒྲེང་ངས་ཇུས་གཏོགས་མི་བྱེད།
http://www.khabdha.org/?p=9274
https://www.wolfson.ox.ac.uk/lama-jabb
https://www.amazon.com/Literary-Continuities-Modern-Tibetan-Literature-ebook/dp/B01045H9IG
རྩོམ་རིག་ལ་ལག་ལེན་མ་བྱས་པར་རྩོམ་རིག་དཔྱད་བརྗོད་སྤེལ་བ་ནི་རྩོམ་རིག་ལ་བཙན་གཡེམ་བྱས་པ་རང་རེད། ཡིན་ན་ཡང་ང་ཚོར་རྩོམ་རིག་བཙན་གཡེམ་པ་འགའ་རེ་ཡོད་པ་ཡང་དགའ་འོས་པའི་བྱ་བ་ཞིག་སྟེ། བཙན་གཡེམ་མཁན་ཚོས་རྩོམ་རིག་གི་ཕྱིའི་མཛེས་སྡུག་ཙམ་མྱོང་ཐུབ་པ་མ་ཟད། ཁོ་བ་ཚོའི་ཕྱི་རོལ་ཁོ་ནས་ཚིམ་པའི་ཚོར་བ་དེས་ཀྱང་རྩོམ་རིག་གི་ལྡེབས་རིས་ཆེན་པོ་འདིར་སྐྱ་ཐིག་རེ་འཐེན་ནུས་པའོ།།
རྩོམ་པོ་དང་། རྩོང་ཡིག་འགྲེལ་པ་པོ་གཉིས་ཀྱི་ཁྱད་པར་ལ་རྩོད་བཞིན་ཡོད་པ་འདྲ། ད་དུང་ཁ་གསལ་པོ་རང་བྱུང་མ་སོང་བས་་་་་་
བདུད་ལྷ་རྒྱལ་དང་བླ་མ་སྐྱབས་སོགས་རྩོམ་རིག་སྒྱུ་རྩལ་གྱི་ཆེད་ལས་འབུམ་རབས་པ་ཞིག་གིས་སྙན་ངག་རྐང་གཅིག་མ་འཁྱོང་བ་ད་ཨ་ཡིན། འདི་དག་གིས་སྙན་ངག་ཅེས་བ་ཡང་སྙིང་ཅི་ཞིག་ཡིན་པ་ཧ་གོ་སོང་བས་རེད། དེ་མིན་སྨྱོ་ལབ་རྒྱག་མཁན་སྐོར་ཞིག་གིས་སྙན་ངག་མིན་ན་ཡང་བཙན་གྱིས་མི་སྣམ་མགོ་སྐོར་གཏོང་གི་ཡོད་རེད། དཔེར་ན་ཀླུ་སྨྱོན་ལྟ་བུ། མི་འདི་རྩ་མ་ཚང་བ་ཞིག་ཡིན་པ་སྔ་མོ་ནས་ཧ་གོ་སོང་། འདིའི་བརྩམས་སྒྲུང་དང་སྙན་ངག་ཡིན་པར་སྐད་པའི་ཡིག་ཉོག་དེ་ཚོ་ང་རང་སློབ་ཆུང་ཡིན་དུས་ནས་བཀླགས་པ་ཡིན། ཀློན་རིན་ཅང་མེད་སོང་། ད་ལྟ་བསྐྱར་དུ་གཅིག་ཀློག་རྒྱུ་ན་ཡིད་ཀ་གཏིང་ནས་ལོག་རྒྱུ་རེད།
བླ་མ་སྐྱབས་ཀྱི་ཡོན་ཏན་ཡིན་ནི། ཁོ་རང་ལ་ད་ཡོད་ཀྱི་གོ་གནས་ལས་ཤེས་ཐུབ་པ་ཞིག་རེད།
ཀླུ་སྨྱོན་རང་ཡིན་ན་ཡང་། སློབ་ཆེན་དེ་འདྲ་ནས་ཁ་མར་ལ་འཁོར་ནས་ཅིག་བཤད་ན་ཆ་འཇོག་ཡོད་ནི་རེད། དེ་མིན། རང་གི་ལྟོ་ཟ་སྤྱད་ལ་སྡོམས་པ་འཆལ་བོ་ཞིག་ལ་བླ་གོས་གཙང་མ་ཤིག་བཀབ་པ་ཙམ་ཡིན་པ་དེའི་བཀའ་དྲིན་ཡིན་པ་ངོ་ཤེས་ན་བཟང་།
ཡོན་ཏན་པ་དང་སྙན་ངག་པ་ཟེར་ནི་ཞིག་གི་གོ་ས་ལ་སོ་སོས་སོ་སོ་འཚང་ནས་ཅིག་བཤད་འབྲི་བྱས་བ་ཙམ་ལས། ཁྱོད་ལ་མི་རིགས་ཤིག་དང་རྒྱལ་ཁབ་ཞིག་གི་ཆེ་མཐོང་གི་རྐུབ་ཅོག་ཞིག་མི་རེག་པ་ནི་ཁྱོའི་ལོ་རྒན་ལྔ་བཅུའི་རིང་ལ་གསལ་ཆ་སྤྲད་ཚར་བ་རེད། ཁྱོས་རང་ངོ་རང་གིས་མི་རིག་རུང་། མཁས་མདོག། ཤེས་མདོག་སོགས། ཁྱོ་ལ་མདོག་ག་རེ་ཡོད་པ་དེ་ང་ཚོ་ཚང་མས་ཤེས་སོང་བ་རེད།
སེམས་སྐྱོ་བ་ཞིག་ལ། དེ་རིང་ཁ་སང་གི་བྱ་སྤྱོད། བདག་པོ་མེད་པའི་ཁ་དང་། གནས་ལུགས་མེད་པའི་སྐྱོན་བཤད་དེ་ཚོ། བླ་མ་གང་ཡིན་དང་དཔོན་པོ་སུ་ཡིན་ལ་བཤད་རྐྱང་བྱེད་པ་ནི། ཁྱོས་བལྟས་ན་མཁས་རྟགས་ཞིག་ཡིན་བསམ་ན་ཡང་། ངས་བལྟས་ན། བླུན་པོས་ཇ་ལ་ཁ་ཚ་བཏབ་ལས་ཐུ་བ་འདུག་ཟེར་བ་ཡིན།
སྐུ་དྲག་ལ་ཁ་ངན། རང་གཞུང་ལ་ཁ་ངན། བླ་མ་ལ་ཁ་ངན། དཔོན་པོ་ལ་ཁ་ངན། བོད་རིགས་དམངས་ལ་ཁ་ངན། ཁ་ངན་གཏོར་བརླག་པ་ཁྱོད་ལ་དགེ་ལེགས་པའི་ལམ་ཞིག་མེད་པ་ཅི་ཪེད།
བདུན་གཅིག་ལ་བསྒུགས་པ་ཡིན་ཏེ་བླ་མ་སྐྱབས་ཀྱི་སྙན་ངག་དང་བརྩམས་སྒྲུང་ཅང་སྟོན་རྒྱུ་མི་འདུག་ག ད་ད་དུང་བདུན་གཅིག་ལ་བསྒུག་རྒྱུ་ཡིན།
ཀླུ་སྨྱོན་ཟེར་བ་འདི་ལོ་རེ་བཞིན་ཇེ་སྡུག་ནས་ཇེ་ངན་རེད། རྩོམ་ཆོག་རེ་བྲིས་པ་དག་ཀྱང་ཇེ་ངན་ནས་ཇེ་བཙོག་རེད། མི་གཤིས་ཀྱང་དེ་བཞིན་རེད། སྤྱོད་པ་ད་ཡིན་ད་ཡིན། ད་ནི་ཕྲག་དོག་དང་འགྲན་སེམས། བསྐུལ་འདེབས་བྱེད་པ་སོགས་ཀྱིས་སྨྱོ་བཞིན་འདུག རང་གིས་རང་ལ་བཏགས་པའི་སྨྱོ་མིང་དེ་དོན་ལ་གནས་འདུག
བློ་གྲོས་རབ་བརྟན། ཁོམ་བསྡད་ཡོད་ན་བླ་མ་སྐྱབས་ཀྱི་སྙན་ངག་དང་བརྩམས་སྒྲུང་ཁྱེར་ཤོག
འབྲི་རྩོམ་ཉུང་ཙང་། ་་་་་་་
་་་་་ ཀླུ་སྨྱོན་ངར་བགྱིད།
སེང་རྡོར་གྱིས་བདུད་ལྷ་རྒྱལ་རྩོམ་རིག་གི་ཚད་ཤིང་མ་རེད་ཅེས་བསྟོད་པ་བསླངས་པས་དེ་བཞིན་འབྲས་སུ་སྨིན། ཀླུ་སྨྱོན་གྱིས་ཀྱང་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་གཉིས་ལ་བསྟོད་པ་སློང་བཞིན་ཡོད་པས་ཀུན་པོས་ལྷོད་ལྷོད་གནང་རོགས།
དེ་མིན་ཀླུ་སྨྱོན་ལྟ་བུའི་ཡི་གེ་ཚེ་གང་ལ་བྲིས་སྡོད་མཁན་དབྱིན་ཡིག་ཐ་ཐོར་རེའང་ཤེས་ཀྱི་ཡོད་པས་འདས་པའི་ལོ་རྒྱུས་ནང་སྒྱུ་རྩལ་རྩོམ་རིག་གི་དཔྱད་བརྗོད་པ་དང་སྒྱུ་རྩལ་རྩོམ་རིག་གི་རྩོམ་པ་པོ་ལ་ཡིན་མིན་གྱི་མུ་བཞི་གྲུབ་པ་ལོས་ཤེས། དེ་ཙམ་ཡང་མ་ཤེས་ཚེ་ཡི་གེ་མང་པའི་རྩོམ་པ་པོ་ཟེར་བ་མིང་དོན་མཚུངས་པ་རེད།
དགོད་ཤོར་བའི་སྐད་ཆ་ཞིག་ལ། ༼རྩོམ་རིག་ལ་ལག་ལེན་མ་བྱས་པར་རྩོམ་རིག་དཔྱད་བརྗོད་སྤེལ་བ་ནི་རྩོམ་རིག་ལ་བཙན་གཡེམ་བྱས་པ་རང་རེད།༽ཅེས་ཟེར། འོ་ན་རྩོམ་རིག་ལ་ལག་ལེན་མ་བྱས་པར་རྩོམ་རིག་ལ་རོལ་མྱོང་བྱེད་ན་རྩོམ་རིག་ལ་ལོག་གཡེམ་བྱས་པ་རེད་དམ། ཧ་ཧ་ཧ་
བདུན་གཉིས་འཁོར་གྲབས་འདུག ད་དུང་བླ་མ་སྐྱབས་ཀྱི་སྙན་ངག་དང་བརྩམས་སྒྲུང་ཅང་འཁྱེར་ཡོང་མཁན་མི་འདུག་ག
འདི་ལ་མཆན་ཞིག་འབྲི་དགོས་བསམས་མོད་ལས་བྲེལ་གྱིས་ད་བར་དུ་ལྟ་ལོང་དང་འབྲི་ལོང་མ་བྱུང་། སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་ཚིག་བཙན་པོ་སྨྲས་པ་ལ་འདོད་པ་མེད་ལ། སྐུ་ཞབས་ཀླུ་སྨྱོན་ལགས་ལ་ཚིག་བཙན་པོ་སྨྲས་པ་ལའང་འདོད་པ་མེད། ཕན་ཚུན་ལ་གུས་ཞབས་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེ་ཞིང་ཡ་རབས་ཀྱི་སྤྱོད་པ་ཞིག་རེད་དྲན།
བླ་མ་སྐྱབས་ལགས་ཀྱིས་བྲིས་པའི་སྙན་ངག་གཅིག་ཁ་བརྡ་ལ་བཀོད་པ་དེ་གོང་དུ་དྲངས་ཡོད། དེ་ནས་མཁྱེན་དགོས་པ་ཞིག་ལ་ཁོང་གིས་འབུམ་རམས་པའི་ཆེད་རྩོམ་དེ་ཨིན་ཡིག་ཏུ་བྲིས་ཡོད་སྟབས་རང་རྩོམ་འབོར་ཆེན་རེ་མེད་ཀྱང་རུང་བ་རེད། དེང་རབས་ཀྱི་ཆེད་ལས་སློབ་སྦྱོང་འདི་ང་ཚོ་ལ་དགོས་ངེས་པ་ཞིག་རེད། ཆེད་ལས་སློབ་སྦྱོང་གིས་བརྗོད་གཞི་བྱེ་བྲག་པ་ཞིག་ལ་ཞིབ་འཇུག་བྱས་ཡོད། དེར་བརྟེན་བླ་མ་སྐྱབས་ལགས་ཀྱིས་བརྗོད་གཞི་བྱེ་བྲག་པ་ཞིག་ལ་དེང་རབས་རྩོམ་རིག་གི་ལྟ་གྲུབ་སྤྱད་ནས་དབྱེ་ཞིབ་བྱས་ཡོད་སྟབས། ང་ཚོས་དེ་ལ་གུས་ཞབས་བྱེད་དགོས་པ་རེད་དྲན།
ང་སྨྱོས་པའི་སྐབས་ཤིག་ལ་ཁེལ་ནས་དེ་འདྲ་བྲིས་འདུག ཁོང་ལ་གུས་ཞབས་མེད་པ་བྱས་འདུག་པས་དགོངས་དག་ཞུས་པ་ཡིན། ཁོང་ལྟ་བུའི་ན་གཞོན་ཤེས་ལྡན་པ་སྐད་ཡིག་གཉིས་ལ་བྱང་ཆ་ཡོད་པས་མི་ཚད་སྐད་ཡིག་གཉིས་ཀྱི་སྒོ་ནས་དཔྱད་རྩོམ་ཚད་ལྡན་འབྲི་མཁན་དག་གི་དབུ་འཕང་བསྟོད་དགོས་པ་མ་གཏོགས་རྐང་པ་ནས་འཐེན་མི་རུང་། རྗེས་མར་ཤེས་ལྡན་པ་ཚོའི་རྐང་འོག་ལ་རྡོ་འཇོག་པ་མ་གཏོགས་མགོ་ཐོག་ནས་ཆུ་མི་བྱོ་ཐག་ཆོད་ཡིན།
ཀླུ་སྨྱོན་གྱིས་དགོངས་དག་ཞུས་པ་ཡག་པོ་རེད་དེ་བཟང་སྤྱོད་ཅིག་རེད། ནར་བ་ནོར་བ་རྒྱལ་པོའི་བུ་ལ་ཡོད། མཛར་མཛེར་བ་ཤིང་ཙཎྜན་སྡོང་པོར་ཡོད། ཟེར་བ་རེད་ནོར་ཆོག་པ་རེད།
གང་ལྟར། ཀླུ་སྨྱོན་ལ། དེང་སང་། གཟའ་ཁུལ་རྒྱལ་ཁུལ་བྱེད་རྒྱུ་མང་གི།
1992ལོའི་ནང་ཞིག་ལ། གཡག་གི་ཧུར་སྒྲ་ཟེར་ནིའི་ལོ་དེབ་བམ་ཟླ་དེབ་གང་ཡིན་ཧ་མ་གོ་ན་ཡང་། བླ་མ་སྐྱབས་ཀྱིས་བོད་ཡིག་གི་སྙན་ངག་ཡིན་ཟེར་བ། ཁ་བྱང་ལ་དུག་སྦྲང་ཡིན་པ་ཡོད། དེ་འདྲ་ཞིག་བྲིས་ཡོད་པ་རིག་མྱོང་ཡོད།
དུས་དེ་ནས་ད་བར། ལོ་འདི་དུམ་ཞིག་གི་རིང་ལ་སློབ་གྲྭ་ལ་དངོས་སུ་ཞུགས་ནས་སློབ་སྦྱོང་བྱས་བ་རེད། བྱས་ཙང་། ཁྱོད་དང་ངེད་གཉིས་ལ་ཁོའི་རྐང་བ་ཡར་མར་གང་ལ་ཡང་འཐེན་ཐུབ་པའི་ནུས་བ་མེད་པ་ངས་ཤེས་བས་བཤད་པ་ཡིན།
བླ་མ་ཞིག་གིས་མི་ལ་གུས་ཞབས་ཞུ་མི་ཐུབ་ན་ཡང་། བླ་གོས་བཀོལ་ནས་མི་ལ་ངན་སྨད་བཤད་པ་ནི། ང་ཅན་པོ་ལ་འདི་མོ་འདི་འགྲོ་ནི་མ་རེད། དེ་ཤེས་ན་བཟང་། སྤྱི་ཚོགས་འདི་ཅི་འདྲ་ཞིག་ཆུང་ཡང་། ཁྱོད་དང་ངེད་གཉིས་ལ་ཆེས་དགོས་བའི་སྤྱི་ཚོགས་དེ། གཡས་གཡོན་གྱི་བོད་རིགས་ཁོ་ན་ཡིན་པ་མ་བརྗེད་པ་ཞུ།
ཁྱོད་ལྷ་ཞིག་ཡིན་ནམ་འདྲེ་ཞིག་ཡིན་ད་ལྟ་ཐག་གི་མ་ཆོད་པར་བསྡད་ཡོད།
བླ་མ་སྐྱབས་བུ་ངར་ཟིག་ཡིན་ཐལ། བོད་ཀྱི་བུ། ཨ་མའི་བུ། ཀླུ་སྨྱོན་ཚང་གིས་གསུངས་པ་ཡང་རྒྱུ་མཚན་མེད་པ་ཁྱོན་ནས་མ་རེད། གཞན་བར་དོ་ལ་འཁྱམས་ནས་ཉོག་བཤད་གནང་མཁན་ཚོ། སྐྱག་པ་ཟོ།