ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
མང་གཙོ་(Democracy) ཡི་ལམ་ལུགས་ནང་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་པོ་ཡིན་པ་དང་། གྲལ་རིམ་དམངས་གཙོ་(Proletarain) ཡི་ལམ་ལུགས་ནང་གང་ཟག་གི་དབང་བསྒྱུར་དེ་གལ་ཆེན་ཡིན་པ་ལྟར། འདིར་གླེང་འདོད་པ་དེ་ཁྲིམས་ཀྱི་དབང་བསྒྱུར་ལ་ང་ཚོ་ཁ་ཕྱོགས་དགོས་པ་རེད་དམ་གྲལ་རིམ་དབང་བསྒྱུར་འོག་ང་ཚོ་འཚོ་དགོས་པ་རེད། གསལ་པོ་མ་ཤེས་ན་ཤར་གླིང་ཟླ་སྒྲོན་ཐོག་མ་བཀའ་བློན་གྱི་འོས་གཞི་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མིང་འདོན་གནང་ནས་སྤྱི་འཐུས་གྲོས་ཚོགས་སུ་འོས་བསྡུའི་ལམ་ནས་བཀའ་བློན་ལ་བསྐོ་བཞག་གིས་ཆེས་མཐོའི་ཁྲིམས་ཞིབ་པའི་མདུན་བཀའ་བློན་གྱི་དམ་འབུལ་སྒྲུབ་ཟིན་ན་ཡང་། དྲ་ལམ་ནང་ཤར་གླིང་ཟླ་སྒྲོན་ལོ་༣༥་ལོན་མེད་པའི་དཔྱད་རྩོམ་ལ་སྤྱི་འཐུས་གྲོས་ཚོགས་དང་། བཀའ་ཤག་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་མང་གཙོའི་ཀ་བ་གསུམ་ནས་ཤར་གླིང་ཟླ་སྒྲོན་རང་ལོ་ ༣༥ མ་ལོན་པར་ངོས་འཛིན་གྱིས་བཀའ་བློན་ནས་ཕྱིར་འཐེན་གནང་བ་དེ་བཅའ་སྒྲིག་གཉིས་ཀྱི་དོན་ཚན་གང་གི་འོག་འགན་འཁུར་བླངས་པ་ཡིན་གསལ་པོ་ཤེས་མ་སོང་།
བཅའ་སྒྲིག་གཉིས་ཀྱི་ནང་རང་ལོ་ཧྲིལ་པོ་ལོན་པ་ཟེར་བ་ལས་རང་ལོ་ཧྲིལ་པོ་ལོན་ཡོད་མེད་ཕྱི་ལུགས་དང་། རང་ལུགས་གང་ལ་ཁ་ཕྱོགས་དགོས་མིན་གསལ་ཁ་མེད་ལ། རང་ལོ་ཧྲིལ་པོ་ལོན་ཡོད་མེད་ཆེད་ཟླ་བ་དང་ཉིན་མ་ཆུ་ཚོད་སྐར་ཆ་སོགས་རྩི་དགོས་མིན་གསལ་ཁ་མེད་ལ་རང་ལོ་ཧྲིལ་པོ་ལོན་ཡོད་མེད་ཀྱི་ཆ་བཞག་ས་དེ་སྐྱེས་ཚེས་དང་དཔྱ་ཁྲལ་ལག་དེབ། RC སོགས་ཡིག་ཆ་གང་ལ་ཆ་བཞག་དགོས་མིན་དེ་ཡང་གསལ་ཁ་མེད་ན་ཕྱི་ལོ་ ༡༩༨༡ ནས་ ༢༠༡༦ བར་རང་ལོ་ ༣༥ མིན་ན་ག་ཚོད་རེད། དབང་པོ་ནུས་ལྡན་ཞིག་ཡིན་ན་ཤེས་ཐུབ་པ་མ་ཟད་རང་ལུགས་ལ་གཞི་བཞག་ན་རང་ལོ་ ༣༦ ཡིན་པ་རང་གཞུང་སྨན་རྩིས་ཁང་གི་ལོ་ཐོ་ནས་ངོ་འཕྲོད་ཐུབ་པ་ནི་བོད་མི་རིགས་ཀྱི་རིག་གཞུང་གལ་ཆེན་དོན་ཆེན་ཡིན་པའི་ངོ་སྤྲོད་འཛམ་གླིང་ལ་ང་ཚོའི་གནམ་ས་བར་འབྲུག་སྐད་ནང་བཞིན་གྲགས་ནས་བོད་ནང་རྒྱ་མིས་བོད་མིའི་རིག་གཞུང་རྩ་མེདགཏོང་གི་འདུག་ཟེར་བའི་གཏམ་དེ་དོན་ལ་གནས་ཡོད་པ་ཡིན་ནམ།
ད་ལམ་སླར་སྲིད་སྐྱོང་མཆོག་ནས་ཤར་གླིང་ཟླ་སྒྲོན་བཀའ་བློན་གྱི་འོས་གཞི་ལ་མིང་འདོན་གནང་ནས་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་མཐུན་གྱི་དགག་ཆ་འདི་ཡིན་མེད་པར། སྤྱིར་བཏང་གྲོས་ཚོགས་ཀྱི་འགྲོ་ལུགས་དེད་ནས་དགག་ཆ་སླེབས་པར་གསང་བའི་འོས་བསྡུ་གནང་སྐབས་དེ་སྔའི་ཤར་གླིང་ཟླ་སྒྲོན་ལ་འོས་འཕེན་མཁན་ཚོ་ཡང་ལངས་ཕྱོགས་བརྟན་པོ་ཟིན་མ་ཐུབ་ནས་ཤར་གླིང་ཟླ་སྒྲོན་བཀའ་བློན་ལ་འགྲོ་མ་ཐུབ་པ་དེར་ཞིབ་ཏུ་དཔྱད་སྐབས་སྤྱི་དོན་ལས་སྒེར་གྱི་ལྟ་བ་དང་ལངས་ཕྱོགས་གལ་ཆེར་འཛིན་མཁན་དང་། ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་དེ་གལ་ཆེར་འཛིན་མཁན་གྱི་སྤྱི་འཐུས་མང་བ་གྲོས་ཚོགས་ནང་སླེབས་ཡོད་པ་གསལ་པོ་མ་རེད་དམ།
སྒེར་ནད་དང་མི་རབས་གསར་པ་རྣམས་ལ་ད་དུང་ཡང་གོ་སྐབས་སྤྲོད་འདོད་མེད་པ་མངོན་སོང་ཨང་།
མངའ་རིས་གཞུང་པའི་རྒན་འཁོགས། །
གཞུང་པ་ཚེ་དབང་བསོད་ནམས། །
རྒས་ནས་རིག་འཚོ་མ་ཟིན། །
ཁ་ནས་ལབ་རྡོབ་གང་བྱུང་། །
མངའ་རིས་ཞེན་ཁོག་ཡོད་ན། །
མངའ་རིས་བུ་མོ་ཟླ་སྒྲོན། །
སྲིད་སྐྱོང་བློ་བཟང་སེང་གེས། །
མགོ་བསྐོར་བསླུ་བྲིད་བཏང་སོང་། །
དེ་ལ་བསམ་ཚུལ་ཅི་ཡོད། །
དྲ་ཐོག་སྤེལ་ན་འགྲིག་ག །
དེ་མིན་ཁྲིམས་བཟོ་ཚོགས་མིར། །
དོན་མེད་སྐྱོན་བརྗོད་མ་གནང་། །
ཁོང་ཚོར་འགན་དབང་ཡོད་པ། །
བེད་སྤྱོད་བཏང་བའི་རྟགས་རེད།
ཁྱེད་དང་གཅུང་ལགས་གཉིས་ཀྱིས། །
སྲིད་སྤྱིའི་འོས་བསྡུའི་ཁྲོད་དུ། །
བློ་སེང་རྒྱབ་སྐྱོར་ཡོད་ཅེས། །
ཀོ་གྷལ་ཧོན་སུར་སོགས་སུ། །
འཁྲབ་སྟོན་གང་འདྲ་གནང་སོང་། །
རྫུན་གཏམ་ག་ཚོད་བསྒྲགས་སོང་། །
དེ་ནི་བློ་བཟང་སེང་གེའི། །
རང་མདོག་ངོ་མ་ཨེ་མཐོང་། །
རྒད་པོས་ཐུགས་བསམ་བཞེས་དང་། །
ཨོ་ཙི་ཐུགས་ལ་མ་ཕོག །
གཏམ་གྱི་ཀུ་རེ་རང་ཡིན། །
གཞུང་པས་རང་མིང་བཀོད་ནས་།
བཅའ་སྒྲིག་འགན་འཁུར་བླངས་ཡོད་།
ཕྱོགས་གཏོགས་མིང་རྫུན་འོག་ནས་།
ཁུངས་མེད་རྫུན་གཏམ་སྤེལ་འདུག་།
བདེན་གཏམ་ཁུངས་བསྐྱེལ་ཡོད་ན་།
རང་མིང་བཀོད་ནས་བཤོད་དང་།
མིང་རྫུན་འོག་གི་རྐྱོན་བརྗོད་།
སྤྱི་ཚོགས་དཀྲུགས་པའི་ལས་ངན་།།
ཁྲིམས་བཟོར་རང་དབང་ཡོད་པ་།
བཅའ་སྒྲིག་བརྒྱུད་ནས་ཕེབས་དགོས་།
ས་མཚམས་མེད་པའི་རང་དབང་།
མང་གཙོའི་འགྲོ་ལུགས་ཨ་ཡིན་།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།
ཤར་གླིང་ཟླ་སྒྲོན་བཀའ་བློན་ལ་འོས་པ་རེད། ཡིན་ནའང་སྤྱི་འཐུས་རྣམ་པ་ཟླ་བ་དྲུག་ནང་བསམ་བློ་བསྒྱུར་ནས་འོས་བླུགས་མི་འདུག དངོས་གནས་གྲོས་ཚོགས་ནང་ལ་ཆབ་སྲིད་ཁྱད་མཚར་ཞིག་འཁྲབ་ཀྱི་འདུག གནས་ཚུལ་གཞན་ཞིག་གོ་ཡ་ལ། ཤར་གླིང་ཟླ་སྒྲོན་གྱིས་སྲིད་སྐྱོང་པ་རྩེད་རྒྱབ་འདུག་ཟེར། རྒྱུ་མཚན་ནི་མོ་ལ་མགོ་བསྐོར་བཏང་བས་སོ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་རང་ལོ་ཧྲིལ་པོ་ལོན་ཡོད་མེད་ཀྱི་ཆ་བཞག་ས་དེ་རང་ལུགས་དང་ཕྱི་ལུགས་གང་ལ་ཚད་འཛིན་དགོས་མིན་གྱི་
གསལ་ཁ་མེད་པ་དང་གཅིག་རང་ལོ་ཧྲིལ་པོ་ལོན་ཡོད་མེད་ཀྱི་ཆེད་ཟླ་བ་དང་ཉིན་མ་ཆུ་ཚོད་དང་སྐར་མ་སྐར་ཆ་སོགས་རྩི་དགོས་མིན་གྱི་གསལ་ཁ་མེད་པ་དང་གཉིས་རང་ལོ་ཧྲིལ་པོ་ལོན་ཡོད་མེད་ཀྱི་ཆ་བཞག་ས་དེ་སྐྱེས་ཚེས་དང་དཔྱ་ཁྲལ་ལག་དེབ་R/C སོགས་ཡིག་ཆ་གང་ལ་ཚད་འཛིན་དགོས་མིན་གྱི་
གསལ་ཁ་མེད་པ་གསུམ་ཕྱི་ལོ་1981ནས་ཕྱི་ལོ་2016བར་ལོ་35མིན་ན་གང་རེད་ལ་རང་གཞུང་སྨན་རྩིས་ཁང་གི་ལོ་ཐོའི་
ནང་ལོ་36གསལ་འདུག་པ་དེ་ནོར་ཡོད་པའི་ཁུངས་སྐྱེལ་ཁྲིམས་
ཐོག་ནས་གནང་ཐུབ་མཁན་གྱི་ཨ་མས་བུ་ཡོད་ན་རང་མིང་གསལ་པོ་བཀོད་ནས་མདུ་དུ་འཐོན་དང་ཕོ་ཁྱོ་ག་རེད་དེ་མིན་མང་པོ་མ་བཤད་།་ཡག་ལེ་རེ་དོ་།
སྐད་ཆ་ལ་རྒྱུ་མཚན་འདུག
བོད་མི་ཡིས་བོད་ལོ་ལག་བསྟར་མ་བྱས་ན། དེ་ནས་སུས་བྱེད་ཀྱི་རེད།
ད་ནས་ནས་བཟུང་བོད་རྒྱལ་ལོ་དང་བོད་ཟླ་བོད་ཚེས་ཞེས་པ་དེ་དག་འབོད་མ་ཡོང་རོགས།
སྐད་ཆ་ལ་རྒྱུ་མཚན་འདུག
བོད་མི་ཡིས་བོད་ལོ་ལག་བསྟར་མ་བྱས་ན། དེ་ནས་སུས་བྱེད་ཀྱི་རེད།
ད་ནས་བཟུང་བོད་རྒྱལ་ལོ་དང་བོད་ཟླ་བོད་ཚེས་ཞེས་པ་དེ་དག་འབོད་མ་ཡོང་རོགས།
ཉེ་ཆར་ནིའུ་ཡོག་ཏུ་ཡོད་སྐབས་སྐུ་ངོ་སྤེན་ཚེ་ལགས་ནས་བཀའ་སློབ་གནང་སོང་བཀའ་སློབ་ཡག་པོ་ཞེ་དྲག་གནང་སོང་ཚིག་དོན་གནད་ལ་ཕིག་པོ་གནང་སོང་། ཁོ་རང་མི་རྐྱང་ཞིག་གཟའ་ཟླ་བུ་ཕྲུག་སོགས་མེད་པ་འདྲ། གཞུང་དོན་ཁོ་རང་བསམ་ཕྱོགས་ཤུག་ཆེན་པོ་གནང་མཁན་ཞིག་ཚོར་བ་བྱུང་། དགའ་སྤོབས་སྐྱེ་འོས་པ་ཞིག་བྱུང་། གནས་ཚུལ་གཞན་པ་ཞིག་ཚོར་བ་བྱུང་སོང་ཏེ།། དེ་ནི་ཁོ་རང་ཨ་རི་དོན་གཅོད་ཕེབས་པ་དེ་ཡང་༧ གཙོ་བོ་གོང་ས་མཆོག་ནས་བཀའ་ཕེབས་ཚུལ་དང་སྲིད་སྐྱོང་ནས་གསུང་གསུངས་ནའང་། རྣམ་འགྱུར་དང་གསུང་ཕྱོགས་གང་དུ་བལྟས་ནའང་ད་དུང་རྒྱ་ནག་གཞུང་ལྟ་ཚུལ་ལ། འོ་ད་དུང་ཏ་ལིའི་བླ་མས་བློ་བཀོད་ཇི་རྟོག་བྱེད་བཞིན་རེད་བསམ་པ་བཤད་མ་དགོས་པ་རེད་འདུག ང་ཚོས་ཀྱ་ད་དུང་དགའ་ཕོ་བྲང་གིས་བོད་པའི་ཆབ་སྲིད་ཀྱི་ལས་ཁུང་སྟངས་འཛིན་ཁ་ལོ་ག་རེ་བསྒྱུར་བསྒྱར་རེད་བསམ་པ་ཞིག་ཚོར་ཡོང་རྐྱེན་ཞིག་རེད་འདུག སྲིད་སྐྱོང་ལས་དབང་འཛིན་མང་བ་ཡིན་ན་སྙམ་པའང་བྱུང་སོང་།
སྤྱིར་ཤར་གླིང་མཆོག་ལ་གུས་པ་རྒྱབ་རྐྱོར་ཞུ་མཁན་ཞིག་ཡིན་ཡང་ད་རིང་སྤྱི་མཐུས་རྣམས་པའི་དམང་གཙོ་ལུགས་དང་མཐུན་པའི་ཐོག་བཀའ་བློན་དུ་མ་བཀོད་པ་དེར་གུས་པའི་དྲངས་པོ་ཞིག་དང་དེ་ཁྲིམས་མཐུན་དུ་རྩིས་ཀྱི་ཡོད། བཅའ་ཁྲིམས་ནང་བཀའ་བློན་ཞིག་དམ་ཕུལ་རྗེས་ལས་ཡུན་མ་བརྫོགས་སྔོན་འཕོ་འགྱུར་ཕྱིན་པ་མ་ཡིན་པ་ཞིག་དགོས་པ་དེ་གསལ་ཡོད་དམ་མེད།
འོ་ཏི་སེ་ལགས་བཙན་བྱོལ་སྒྲིག་འཛུགས་ལས་དགའ་ལྡན་ཕོ་བྲང་དབང་ཚད་ཆེ་བ་ཡོད་བཟོ་འདུག མཐོ་རིམ་སྐུ་དྲག་གི་དབང་ཤུགས་དེ་ད་དུང་ཡོད་བཟོ་འདུག་སྤྱི་འཐུས་གྲོས་ཚོགས་ནང་དུ་གཟིགས་དང་ཉེ་ཆར་འོས་བསྡུ་དང་འབྲེལ་བའི་སྐབས་བཀའ་ཟུར་ཚོགས་ཟུར་ཡིན་ན་ཅིག་དེ་ཚོས་གོང་ས་མཆོག་ལ་ཞུས་ནས་ཅི་བྱས་འདུག་གམ་ངོ་མ་དབང་བསྡུད་གཅིག་གྱུར་ཟེར་བ་དེ་ད་དུང་ཡོད་བཟོ་འདུག་ཡིན་ནའང་སྲིད་སྐྱོང་གིས་སྐྱོན་བརྗོད་བྱེད་མི་ཆོག་ཟེར། བསམ་འཆར་ཤོད་ས་ཡོད་པ་མ་རེད། སྤེན་ཚེ་དོན་གཅོད་ལ་བསྐོ་མཁན་གོང་ས་མཆོག་ནས་ཡིན་པར་བཀའ་ཟུར་ཀིར་ཏི་རིན་པོ་ཆེས་གསུངས་སོང། སྲིད་སྐྱོང་ལ་དབང་ཚད་ཡོད་ན་རྒྱ་གྲོལ་བཀའ་བློན་དོན་གཅོད་ཅིག་ལ་བསྐོ་དགོས་པ་རེད་དེ་ཡིན་ནའང་བོང་བུ་ལ་སེང་པགས་བཀོན་པ་རེད།
བཙན་བྱོལ་སྤྱི་ཚོགས་འདི་ཕྱོགས་གཏོགས་ཆབ་སྲིད་དང་འགོ་
འདྲེན་རིང་ལུགས་དང་ལུང་ཚན་ཤོག་སྒྲིལ་གྲལ་རིམ་གཅིག་བསྡུད་
ངོ་སྲུང་སྤྲེ་ལས་སོགས་ནས་ཐར་པའི་ཉི་མ་དེ་ག་དུས་ཤར་གྱི་ཡོད་དམ་???
ཞིང་པའི་ཞིང་ཁ་མི་ལས་པར་ཆབ་སྲིད་ཁྱོས་ཤེས་ལས་མ་རེད།
གོང་གསལ་མཆན་དགུ་པ་དེར་བདེན་པ་རེད། དངོས་སུ་ལག་བརྟར་གང་གི་ཐད་ལ་འགྲོ་བཞིན་ཡོད་པ་མཐོང་བཞིན་ཡོད། བོད་པའི་ནང་བཀའ་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་ལམ་ལུགས་འདི་མེད་པ་བཟོ་དགོས་ན་མི་རབས་འགའ་ཤས་ལ་འགོར་གྱི་རེད་དྲན་་་་་་དྲང་མོ་ཡིན་མ་གཏོགས་ཟུར་ཟ་འདྲ་རྩ་བ་ནས་མིན་ནོ།།
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
སྒོ་གསུམ་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
ཇུས་མེད་འགན་འཁུར་ནུས་མེད་མཆན་གཏམ་སྤེལ་།
ཕན་མེད་མཆན་གྱི་སྤྱི་ཚོགས་དཀྲུགས་པའི་ལས་།
བཅའ་ཁྲིམས་ནང་བཀའ་བློན་གང་ཞིག་དམ་འབུལ་རྗེས་ལས་ཡུན་མ་རྫོགས་སྔོན་འཕོ་འགྱུར་སོང་བ་མ་ཡིན་པ་གསལ་ཡོད་ན་ཤར་གླིང་ཟླ་སྒྲོན་བཀའ་བློན་གྱི་ལས་ཀ་འགོ་མ་རྩུགས་སྔོན་དུ་ཕྱི་འཐེན་བྱས་ཞིག་ལས་བཀའ་བློན་གྱི་ལས་ཀ་བྱས་ནས་ཕྱི་འཐེན་བྱས་པ་ཞིག་མིན་ན་ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་བ་མ་ནོར་བ་གནང་དགོས་ལ་གཡག་རྔ་དཀར་དང་གྲངས་ཀྱི་ལྔ་མ་ནོར་བ་གནང་དགོས་པ་དང་གལ་སྲིད་ཤར་གླིང་ཟླ་སྒྲོན་བཀའ་བློན་གྱི་ལས་ཡུན་མ་རྫོགས་སྔོན་འཕོ་འགྱུར་ཕྱིན་པ་ཞིག་ཡིན་གྲོས་ཚོགས་ཀྱི་ལས་རིམ་ནང་བཏང་བ་དེ་ཁྲིམས་མཐུན་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་དགོས་རེད་???