འདྲེ་གླེན་པ། ཨོ་གླིང་།
དེ་རིང་།
ཁྱེད་ཀྱི་མིག་ཆུ་མདུན་གྱི་གཙང་བོ་ལ་བསྒྱུར་ཚེ།
ཆུ་ལོག་གིས་ཡུལ་ཁམས་གང་བར་ངེས །
དེ་རིང།
ཁྱེད་ཀྱི་སྡུག་བསྔལ་རྒྱབ་ཀྱི་བྲག་རི་ལ་བཞག་ཚེ །
བྲག་ཕུག་གཏིང་ནས་འགད་པར་ངེས །
དེ་རིང་།
ཁྱེད་ཀྱི་སྐྱོ་བ་དགུང་གི་ཉི་མ་ལ་བཤད་ཚེ །
ཉི་མ་ཐང་ལ་ལྷུང་བར་ངེས །
2/10/2016
དངོས་གནས་གསེར་རྟ་སྒར་གཏོར་སོང་འགྲོ་བ་འདི་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། ཡིན་ཡང་གསེར་རྟ་ཚང་གི་མཁན་བླ་དེ་ཚོས་བྱེད་ལས་ལ་ལྟས་ན་ཡག་པོ་རྩ་བ་ནས་མི་འདུག། རང་ཁེ་གཞན་ཕལ་ང་བཟང་ཁྱོད་སྡུག་གི་ལས་ཀ་ཁོ་ན་ལས་ལུང་རིགས་གཙོ་བཟུང་གི་འགྲོ་འདུག་མི་ཤེས་མཁན་ཞིག་རེད།
པན་ཆེན་རིན་པོ་ཆེ་སྐུ་གོང་མ་བཞུགས་ཡོད་ན་བླ་རུང་སྒར་ལ་ཚོད་འཛིན་འདི་འདྲ་བྱེད་སྲིད་དམ། དེ་ཕལ་ཆེར་སྲིད་པ་རེད། ངེད་ཀྱི་བསམ་ན་དགོན་པའི་ལས་སྣེ་ཚོའང་མ་འཇོན་པ་རེད་སྙམ། གང་ཡིན་ཟེར་ན་མཁན་པོ་ཚུལ་བློ་སོགས་གཙོ་བྱས་ནས་དགོན་པ་གཏོར་བཤིག་གཏོང་གི་ཡོད་པ་ཁྱབ་བསྒྲགས་བྱེད་ཀྱིན་སྐྲག་ཀི་འདུག དེར་མ་ཟད་མཁན་པོས་འདི་འདྲ་ཞིག་གསུང་གི་ཡོད་པ་ཐོས། ཁོང་ཚོས་བཤིག་བཞག་ན། ང་ཚོས་ཡང་སྐྱར་ལས་ཆོག་གི་རེད། ཡང་བཤིག་བཞག་ན། ཡང་ལས་ཆོག་གི་རེད་ཟེར་གྱི་འདུག དཀའ་ལས་རྒྱག་མཁན་དང་འགྲོ་སོང་གཏོང་མཁན་སུ་རེད། དེ་མི་མང་ཡིན་པ་ལས་བླ་མ་ཚོ་མ་རེད། བླ་མ་ཚོས་སྐྱིད་ཟ་སྐྱིད་འཐུང་བྱས་ནས་སྡོད་པ་ལས་གཞན་ཅི་ཤེས། །
བླ་སྒར་གཏོར་ཡ་རྒྱུ་རྐྱེན་གཙོ་བོ་དེ་མཁན་བླ་ཚོས་བྱ་ལས་མང་དྲག་པའི་སྐྱོན་རེད། རྒྱུ་མཚན་ཤོད་ན་ཕྲག་དྭོགས་རེད་ཟེར་གྱི་འདུག་ཨང་། ཡིད་མ་ཆེས་ན་སི་ཁྲོན་ཞིང་ཆེན་ཆོས་ལུགས་དོ་དམ་ཁང་ལ་སྐད་ཅ་བྲིས་དང་གསལ། ལས་ཁང་འདི་དར་མདོ་ན་ཡོད་རེད་དོ།།
དུས་སྐབས་འདིར་བོད་མི་རིགས་ཀྱི་ཤི་གསོན་ལ་ཐབས་དང་ཤེས་རབ་ཀྱིས་གྲུབ་འབྲས་ཤིག་ལེན་མ་ཐུབ་ཚེ་གཞན་མེད ། དེའི་ཕྱིར ། བླ་རུང་གི་ལས་ཀྱི་སྣེ་མོ་བ་དག་གི་བྱེད་སྒོ་རྣམ་གསུམ་འདི་ཧ་ལས་པ་ཟིག་རེད ། ལམ་ཁ་འདི་ལས་གཞན་ཞིག་མེད་པ་ཕྱི་ནང་གི་བློ་ལྡན་སུས་བལྟས་ཀྱང་གསར་བོ་རེད ། དེ་མིན་སྐད་འབོད་འུར་འདྲོགས་བྱས་ཚེ་རྒྱ་ནག་དམར་ཕྱོགས་ཡིན་པ་ལས་དམངས་གཙོ་མིན་པ་ཀུན་གྱིས་ཤེས་ཚོད་ཡིན ། གལ་སྲིད་དྲྭ་གྲོགས་ཚོར་བླ་རུང་གི་སྐྱེ་འཆིའི་སྐོར་ནས་གོ་རིམ་ལྡན་པའི་ལམ་སྟོན་དག་བསམ་ཚུལ་ཡོད་ཚེ་གསུངས་རོགས ། དེ་མིན་མ་འགྲིག་རནས་དང་མ་འཇོན་རབས་རྐྱང་གིས་ཅི་ཡང་བཤད་རྒྱུ་མེད་ཚེ་ཁ་བཙུམས་ནས་འདུག་རོགས ། འགྲེལ་མེད་རེད། དོན་མེད་རེད ། སྟོང་ཟད་རེད ། འ
༅༅། བློ་ཡུལ་མ་ཤོང་བའི་
རྒྱ་དམར་པོ་ཆོས་མེད་ཀླ་ཀློ་ནས་ཆོས་ཀྱི་ལྟེ་གནས་བླ་རུང་སྒར་གཏོར་བཤིག་ཚད་མེད་བཏང་པ་ནི་
བོད་མི་རིགས་ཀྱི་བློ་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་འདི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད།
པཎ་ཆེན་རིན་པོ་སྐུ་འཚོ་བཞུགས་ཡོད་ཀྱང་དམར་པོའི་གཞུང་གི་གཏོར་བཤིག་གཏོང་རྒྱུ་ལ་འགྱུུར་བ་
གནས་ཡོང། དཔེར་ན་པཎ་ཆེན་རིན་པོ་ཆེ་དང་པོ་ཡར་བཀྱགས་་་དེ་ནས་མར་གཡུགས་དམར་གཞུང་
ནས་ལོ་ངོ་ ༡༤ ཉེས་པ་གང་ཡང་མེད་པར་བཙོན་ལ་ལོ་ངོ་ ༡༤ བཅུག་པ་དེ་ལ་ལྟོས།
མཁན་པོ་ཚུལ་བློ་ལའང་བྱེད་ཐབས་མེད་པའི་དམར་གཞུང་ནས་གནོན་ཤུགས་བྱས་པ་དེ་ཤུགས་ཀྱི་རྟོགས་ཐུབ་པ་ཞིག་རེད།
༅༅། མ་བྱེད་མ་བྱེད་དམར་པོའི་གཞུང་ལ་ཡིད་ཆེས་མ་བྱེད།
མ་བཅོལ་མ་བཅོལ་དམར་པོའི་གཞུང་ལ་བློ་མ་བཅོན།
མ་བཤད་མ་བཤད་མགོ་གཙོར་སྙིང་གཏམ་མ་ཤོད་ཨང།
མ་འདོར་མ་འདོར་བོད་རྒྱལ་ཞེན་པ་མ་འདོར་ཨང།
་་་་་་་་ གལ་སྲིད་དྲྭ་གྲོགས་ཚོར་བླ་རུང་གི་སྐྱེ་འཆིའི་སྐོར་ནས་གོ་རིམ་ལྡན་པའི་ལམ་སྟོན་དག་བསམ་ཚུལ་ཡོད་ཚེ་གསུངས་རོགས ། དེ་མིན་་་་་་་་་་་
རྒྱ་གཞུང་གིས། མི་བདག བདག་ཏུ་བཟུང་། བདག་པོ་སྒོ་ཁྱིར་ཕུད། ཟེར་བའི་གཏམ་དཔེ་ལྟར། བྱེད་བཞིན་ཡོད་རེད། ང་ཚོ་བོད་མི་ཚོས། སེམས་ཤུགས་མ་ཆག་པར་ཐབས་མཁས་ཀྱིས། རྒྱ་ཡི་ལས་བྱེད་པ་ཚོར། སློབ་གསོ་ཡག་པོ་སྤྲད་དགོས་རེད།
ཁང་ཆུང་རེ་རེའི་ནང་དུ་གསང་སྤྱོད་དང་། སྦུག་གུ་བརྒྱུད་རྒྱུགས་ཆུ་དང་། གློག་འོད་ཡོད་དམ། དགོན་པ་ཉམས་དགའ་བ་མཆིས། དེ་ལྟར་ཆོས་སྒྲུབ་པ་པོ་ཀུན་ཀྱང་ཆོས་དང་མཐུན་པར་བཞུགས་པའི་རེ་འདུན་མཆིས་སོ།
གནས་བརྟན་སྡེ་པའི་ཆོས་མངོན་པ་ན།
་
སེམས།
སེམས་བྱུང་།
བེམ་པོ།
མྱང་འདས།
་
ཞེས་ཤེས་བྱ་འདི་དག་ལ་ཐོས་བསམ་སྒོམ་གསུམ་བྱེད་པར་དགོས་པར་བཤད། དགོན་པ་འདིར་ཆོས་ཀྱི་ཉམས་ལེན་མཛད་པ་པོ་ཡོངས་ཀྱིས་ཀྱང་འདི་ལྟར་མཛད་ངེས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅས་ཀྱང་། སེམས་དང་། སེམས་བྱུང་གི་ནང་དུ་བསྡུས་པར་སེམས་སོ།
བླ་རུང་ལ་ཆག་འཇིག་བསླེབས་པ་དེ་བོད་སྤྱི་བའི་ཆག་འཇིག་རེད་སྒོམ་ཡོད། ང་ནི་ཆོས་བརྒྱུད་གང་ཡིན་ལ་ལྟོས་བ་མེད། ཚུལ་ཁྲིམས་བློ་གྲོས་ཀྱི་ཕྱོགས་མང་པོ་ཞིག་ལ་ཡིད་ཆེས་དང་དགའ་མོས་ཡོད། དེ་མིན་གཞན་དག་མི་ཤེས། གང་ལྟར་ང་རང་བོད་ཅིག་ཡིན་རྐྱེན་ངའི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཡོད།