གནས་ཚུལ་གཏོང་མཁན། ཟིན་བྲིས་ཚོགས་ཆུང་།
བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཐོག་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན་དེ་བཞིན་སྤྱི་ལོ་༢༠༡༦ ཟླ་༡༠ ཚེས་༣ ནས་༦ བར་འཚོགས་རྒྱུ་ཡིན་ཞིང་། དེ་ཡང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱི་གོ་སྒྲིག་འོག་མཐོ་སློབ་དེའི་དཔལ་ཨ་ཏི་ཤཱ་ཚོགས་ཁང་ཆེན་མོའི་ནང་དུ་ཟླ་འདིའི་སྤྱི་ཚེས་༣ པའི་ཞོགས་པ་ཆུ་ཚོད་༠༨:༣༠ ནས་དབུ་འཛུགས་གནང་ཞིང་། ཚོགས་ཆེན་དེའི་སྐུ་མགྲོན་གཙོ་བོ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་བསམ་གཏན་མཆོག་དང་། རིགས་དྲུང་ཌོག་ཊར་དེ་ཝ་རཱཇ་སིང་མཆོག དེ་བཞིན་རྒྱ་གཞུང་དང་རང་གཞུང་གི་རིགས་སྡེ་འགན་འཛིན་ཌོག་ཊར་བཀྲ་ཤིས་ཚེ་རིང་མཆོག་དང་། རྒྱ་གཞུང་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་མཆོག་བཅས་ཕེབས་ཡོད་ཅིང་། ཚོགས་ཞུགས་པ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གདན་ས་ཁག་ནས་དམིགས་བསལ་ཚད་མའི་གཞུང་ལུགས་ལ་མཁས་པའི་དགེ་བཤེས་དང་མཁན་པོ་རྣམས་དང་། མཐོ་སློབ་འདི་ནས་རྒྱ་གཞུང་དང་རང་གཞུང་དགེ་རྒན། དེ་བཞིན་དཔེ་མཛོད་སྡེ་ཚན་དང་། ལོ་ཙཱ་བའི་སྡེ་ཚན་བཅས་ཀྱི་ཚོགས་མི་དང་། བསྟན་བཅོས་དང་སློབ་དཔོན་འཛིན་གྲྭའི་སློབ་གཉེར་བ་བཅས་ཚོགས་བཅར་པ་༢༥༠ ལྷག་འདུས་ཡོད་པ་རེད།
ཚོགས་འདུའི་མཛད་སྒོ་ཐོག་རྒྱ་གཞུང་སྡེ་ཚན་གྱི་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་། ཁོང་གིས་ཐོག་མར་གནས་ཁྱད་པར་ཅན་ཡུལ་ཝཱ་རཱ་ཎ་སཱི་ནི་སངས་རྒྱས་ཀྱི་སྐུའི་སྐྱེ་རབས་མང་པོ་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་སྟོན་པ་ཉིད་ཀྱི་ཆོས་འཁོར་དང་པོ་བསྐོར་ཅིང་། ཕྱིས་སུ་ནང་པའི་མཁས་གྲུབ་དགྲ་བཅོམ་པ་མང་པོ་ཡང་བྱོན་པའི་གནས་ཡིན་པ། གནས་འདིའི་མཚན་དྲང་སྲོང་ལྷུང་པ་རི་དྭགས་ཀྱི་ནགས་ཞེས་པར་ཐེག་པ་ཆེ་ཆུང་གིས་འགྲེལ་ཚུལ་མི་འདྲ་ཅི་རིགས་ཡོད་ཚུལ་གསུངས། དེ་བཞིན་ཁོང་གིས་ད་ལན་གནས་འདིར་ཚད་མའི་བགྲོ་གླེང་འཚོགས་པ་ནི་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བརྟག་ཅིང་དཔྱད་པའི་སྲོལ་བཟང་རྒྱུན་གནས་ཕྱིར་ན་དམིགས་བསལ་གྱི་ཁྱད་དུ་འཕགས་པ་ཞིག་ཡིན་པ། དེ་བཞིན་ཁོང་གིས་འབོད་སྐུལ་དང་འབྲེལ་ཕྱི་ནང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་པ་རྣམ་གྱིས་བགྲོ་གླེང་གཏམ་བཤད་དང་དྲི་བ་དྲིས་ལན་གང་གནང་ཐམས་ཅད་སྒྲུབ་པ་ཉམས་ལེན་ལ་དམིགས་ཤིང་སྦྱོར་ཐུབ་པ་ཞིག་དགོས་གལ་ཆེ་ཚུལ་སོགས་གསུངས།
དེ་རྗེས་ཚོགས་འདུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་ཡར་འཕེལ་མཆོག་ནས་བགྲོ་གླེང་ཚོགས་འདུའི་ལུས་རྣམ་གཞག་གི་གསུང་བཤད་གནང་། དེ་ཡང་ཁོང་གིས་ཚད་མ་རིག་པ་འདི་ནི་སྔོན་གྱི་འཕགས་ཡུལ་གྱི་ལྟ་གྲུབ་ཀྱི་ནང་ནས་ཆ་ཤས་གལ་ཆེ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ཆ་ནས་དམིགས་བསལ་རྣམ་གཞག་འདི་ཉིད་ཕྱི་ནང་གཉིས་དབར་འབྲེལ་ཐག་ཉེ་ཤོས་དང་གནད་དོན་མང་པོ་ཞིག་ལ་གཉིས་ཀས་ཐུན་མོང་དུ་ཐ་སྙད་གཅིག་གྱུར་གྱིས་ཚད་མཐོའི་བགྲོ་གླེང་བྱ་སའི་རིག་གནས་གལ་ཆེ་ཞིག་ཡིན་པ། དཔེར་ན་གཏན་ཚིགས་དང་བསྒྲུབ་བྱ། དེ་ལ་ཡང་དག་དང་ལྟར་སྣང་། བློ་དང་ཡུལ། ཚད་མ་དང་ཚད་མིན། བདེན་པ་དང་རྫུན་པ་སོགས་དང་། གཞལ་བྱ་ལ་བསླུ་མི་བསླུ་སོགས་ཀྱི་ཐ་སྙད་མང་པོ་གཅིག་མཚུངས་སུ་ཡོད་པ། དེ་འདྲ་ལྟ་གྲུབ་གཞན་རྣམས་སུ་ཐུན་མོང་གི་སྤྱི་སྐད་ཅིག་མེད་ཅེས་དང་། དེ་བཞིན་རྒྱ་གར་དུ་ཕྱི་ནང་གི་ཚད་མ་རིག་པ་ཇི་ལྟར་དར་འཕེལ་བྱུང་ཚུལ་ལས། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་གནད་མང་པོ་ཞིག་གསར་གཏོད་མཛད་ཡོད་པ་དང་། དེ་རྗེས་སློབ་དཔོན་ཆོས་གྲགས་ཀྱིས་ཚད་མའི་གནད་ཞིབ་རྒྱས་གསལ་པའི་གཞུང་ལུགས་ཚད་མ་རྣམ་འགྲེལ་སོགས་མཛད་པ། ཚད་མ་རྣམ་འགྲེལ་གྱི་ལེའུ་རེ་རེའི་གནད་དོན་དང་དྭོགས་གནད་ཅི་ཡོད། སྔར་རྟོག་གེ་བ་རྣམས་ཀྱི་འདོད་ཚུལ་སྤྱི་དང་། ཁྱད་པར་གཞན་སེལ་གྱི་རྣམ་གཞག་ལས་འཕྲོས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་ཕྱི་རོལ་པའི་ཚད་རིག་སྨྲ་བ་རྣམས་ལ་དགག་པ་མཛད་ཅིང་། དེ་ལ་ཕྱི་རོལ་དཔྱོད་པ་པའི་སློབ་དཔོན་གཞོན་ནུ་མ་ལེན་སོགས་ཀྱིས་སྐྱོན་འཕངས་མཛད་ཚུལ། དེར་སློབ་དཔོན་ཆོས་ཀྱི་གྲགས་པས་དྲི་མ་མེད་པའི་རིགས་པའི་ལམ་ནས་དགག་ལན་རྒྱས་པར་མཛད་པ། སློབ་དཔོན་ཆོས་གྲགས་ལ་སླར་ཡང་རིགས་པ་ཅན་པ་དང་། བྱེ་བྲག་པ་སོགས་ཀྱི་སློབ་དཔོན་དག་གིས་དགག་པ་བྱུང་བ་སོགས་ཀྱི་ལོ་རྒྱུས་དང་། སློབ་དཔོན་ཆོས་གྲགས་ཀྱི་གཞུང་ལ་རྒྱ་གར་གྱི་ཕྱིས་བྱུང་སློབ་དཔོན་ལྷ་དབང་བློ་སོགས་ཀྱིས་འགྲེལ་པ་ཁག་མཛད་ཚུལ་བཅས་དང་། དེ་བཞིན་བོད་དུ་ཚད་མའི་བསྟན་པ་དར་འཕེལ་རིམ་བྱུང་བརྒྱུད་ཚད་མའི་ལུགས་གཉིས་སུ་རྒྱུན་འཛིན་ཟམ་མ་ཆད་པར་གནས་དང་གནས་མུས་ཡིན་པ་སོགས་གསུངས།
དེ་རྗེས་རིགས་སྡེ་འགན་འཛིན་ཌོག་ཊར་བཀྲིས་ཚེ་རིང་མཆོག་གིས་གསུང་བཤད་གནང་ཞིང་། ཁོང་གིས་ཚད་མའི་བསྟན་པ་དར་འཕེལ་དང་གཞུང་ལུགས་རྣམས་སུ་སྔ་ཕྱི་མཁས་པའི་བཞེད་ཚུལ་ཅི་བྱུང་ཞིབ་ཚགས་གསུངས་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཕེབས་ནས་རྒྱ་གར་ནང་ཆོས་དང་ལྟ་གྲུབ་ཀྱི་གསར་བརྗེ་ཆེན་པོ་གཉིས་བྱུང་ཡོད་པ། དེ་ཡང་སྟོན་པས་ཆོས་ཀྱི་སྡོམ་བཞི་བསྟན་གནང་སྟེ་རྒྱ་གར་གྱི་ཆོས་དང་ལྟ་གྲུབ་ཀྱི་བསམ་ཚུལ་དང་སྒྲོམ་གཞི་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཚུལ་། དེ་བཞིན་ནང་པའི་ཚད་མ་རིག་པས་ཕྱི་རོལ་པའི་ཚད་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ། ནང་པའི་ཚད་མའི་མཁས་གྲུབ་རྣམས་ཀྱི་གཞུང་ལུགས་དག་ནི་སེམས་ཅན་གྱི་རང་རྒྱུད་མ་དག་པ་སྟེ། མ་རྟོགས། ལོག་རྟོག། ཐེ་ཚོམ་སེལ་ཕྱིར་ཡིན་སྟབས། རང་གི་རྒྱུད་ཐོག་ཏུ་སྦྱར་རྒྱུ་གལ་ཆེན་ཚུལ། དེ་བཞིན་ནང་པའི་གཏན་ཚིགས་རིག་པ་དང་ཚད་མ་རིག་པའི་བསྟན་པ་ཕུལ་དུ་བྱུང་བ་དར་འཕེལ་གཏོང་ཕྱིར་སྒོ་དང་སྒེའུ་ཁུངས་གསར་པ་མང་པོ་ཕྱེ་དགོས་གལ་ཆེན་པ། ལྷག་ཏུ་ནང་པས་གཞན་སེལ་གྱི་རྣམ་གཞག་བསྟན་པས་གཏན་ཚིགས་དང་ཚུལ་གསུལ་འཇོག་ཚུལ་སོགས་ཕྱི་ནང་གི་ཚད་མ་རིག་པའི་གནད་མང་པོ་གཞན་སེལ་དང་འབྲེལ་བ་ཡོད་པ། དེང་སྐབས་ཀྱང་གཞན་སེལ་གྱི་སྐོར་དེ་ཤར་ནུབ་ཀྱི་མཁས་པ་ཚོས་གཏམ་གྱི་གླེང་གཞིར་གྱུར་ཡོད་ཚུལ་ཞིབ་རྒྱས་གསུངས། ཕྱག་ཚོད་༡༠:༡༠ཐོག་མཛད་དབུ་འབྱེད་མཛད་སྒོ་མཇུག་ལེགས་པར་གྲུབ་བོ།།
འཚོགས་བཞིན་པའི་བགྲོ་གླེང་ཐད་གཏོང་གི་དྲ་ཐག། http://www.ustream.tv/channel/Rg57VmxXRZg
ཟིན་བྲིས་ཚོགས་ཆུང་ནས།
དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།(༠༨༩༥༣༡༢༣༣༠)
ཉམས་ཞིབ་པ་བློ་བཟང་དོན་ལྡན།
ཉམས་ཞིབ་པ་བཀྲ་ཤིས་དགེ་ལེགས།
ཉམས་ཞིབ་པ་རིག་འཛིན་ལྷུན་གྲུབ།(༠༩༡༥༡༦༢༣༣༣༦)
ཡི་རང་ཡོད།
འོན་ཏེ། གང་ལྟར་ཚད་མའི་ལྟ་གྲུབ་ཅེས་བརྗོད་གཞི་དང་ཐད་ཀར་འབྲེལ་བ་ཡོད་པའི་སྐད་ཆ་ཤོད་མཁན་བྱུང་མེད་ཚོད་དུ་གདའ། ལར་ནས་ཚད་མའི་ལྟ་གྲུབ་ཅེས་པ་གང་འདྲ་ཞིག་ལ་གོ་བོ་ལེན་དགོས་མིན་ཐད་ཁ་གསལ་དགོས།
དེ་མིན་ཚིག་འདྲ་ཆགས་པོ་ཙམ་རེད། དཔེར་ན། དགེ་ལུགས་པའི་ཕྱོགས་ནས་ཚད་མ་རྣམ་འགྲེལ་ལྟ་བུ་ནི་མདོ་སེམས་ཐུན་མོང་བའི་གཞུང་དུ་འདོད་མཁན་མང་བ་དང་། ཚད་མའི་ལྟ་གྲུབ་ཅེས་པའང་དེའི་ཐོག་ནས་གླེང་མི་དགོས་སམ། ཡང་ན་ནི། དབུ་ཚད་སེང་གེའི་མཇིང་སྣོལ་ཞེས་པའི་ཐོག་ནས་དབུ་ཚད་ཟུང་དུ་འབྲེལ་ནས་དབུ་མའི་ལྟ་བའི་ཐོག་ལ་སྐད་ཆ་ཤོད་དགོས་སྙམ།
དེང་སང་ཐ་སྙད་ཛིག་ཛིག་བེད་སྤྱོད་མཁན་ཇེ་མང་རེད།
གོང་དཀར་ངག་རྣམ་ལགས་ཀྱི་གསུངས་པ་ཅི་མི་བདེན། ཚད་མའི་ལྟ་གྲུབ་ཅེས་པ་དེ་ཅི་འདྲ་ཞིག་ལ་གོ་བ་ལེན་དགོས་མིན་ཐད། ང་ཡང་མགོ་རྙོག་སོང་། ཚད་མའི་ལྟ་གྲུབ་ཅེས་པ་ལེགས་སྦྱར་དུ་བསྒྱུར་ན་པྲམཱཎདཱར་ཤན་ཞེས་འབོད་དགོས་ལ། དེ་འདྲ་ཞིག་ངས་ད་བར་གོ་མ་མྱོང་། ཐ་སྙད་ལ་ཆོ་ལོ་རྫིག་རྫིག་བཏགས་པ་ཙམ་ཡིན་གྱི་རེད།
གོང་གི་བསམ་འཆར་ལ་ང་ཡང་རྒྱབ་སྐྱོར་ཡོད། ཚོགས་འདུ་མང་པོ་ཞིག་ཚོགས་གྲོས་ཆོད་མང་པོ་ཞིག་བཞག ལག་ཏུ་ལེན་མཁན་གཅིག་ཀྱང་མེད་དུས་རྒྱུ་གྲོན་ཆེ་རོགས་རང་རེད་བསམ། ཚད་མའི་ལྟ་གྲུབ་ཟེར་དུས་ཚད་མའི་གཞུང་དེ་དག་གི་ལྟ་བ་གང་ཡིན་དང་གྲུབ་མཐའ་གང་གི་ཁོངས་གཏོགས་ཡིན་མིན་བསྒྲུབ་རྒྱུ་ལ་གོ་ཡོང་གི་འདུག དེ་འདྲ་ཡིན་ན་དབུ་འབྱེད་ཀྱི་མཛད་གོའི་གཏམ་བཤད་སོགས་ཀྱི་ནང་དུ་གང་ཡང་གསལ་མི་འདུག དེ་ལས་ཆོས་རྒྱུད་རེ་རེ་ནས་འཐུས་མི་རེ་ཡར་ཚོགས་ལང་གིས་སློབ་སྤྱི་དམ་བཅའ་ལ་བཞུགས་ནས་རྟགས་བསལ་སྐར་ཆ་བཅུ་རེ་ཚད་མའི་སྐོར་ལ་རྩོད་པ་ཞིག་བྱས་པ་ཡིན་ན་ཡག་མོ་ཡོད་ཀྱི་རེད་བསམ།
དངོས་གནས་ཚད་མའི་སྐོར་ལ་བགྲོ་གླེང་འཚོགས་འདོད་ན་རྣམ་འགྲེལ་ལེའུ་གཉིས་པས་སྐྱེ་བ་སྔ་ཕྱི་ཇི་ལྟར་སྒྲུབ་ཚུལ་སོགས་དང་། དབུ་མའི་ལྟ་བ་དང་ཚད་མ་རིག་པའི་གཏན་ཚིགས་དབར་གྱི་འབྲེལ་བ། ཡང་ན། སེམས་ཙམ་པའི་ལྟ་བ་དང་ཚད་མ་རིག་པའི་དབར་གྱི་འབྲེལ་བ། ནུབ་ཕྱོགས་པའི་གཏན་ཚིགས་རིག་པ་Epistemologyདང་འདི་གཉིས་དབར་གཤིབ་སྡུར། རྗེས་དཔག་ལོང་བ་བརྒྱུད་པ་ཞེས་གསུངས་པ་ལྟར་རྗེས་དཔག་དང་མངོན་སུམ་གཉིས་ཡུལ་ལ་འཇུག་ཚུལ་མི་འདྲ་བ་ཡོད་སྟངས་སོགས་ཀྱི་ཐོག་གནད་དུ་སྨིན་པའི་བགྲོ་གླེང་གནང་ན་མི་དགའ་འམ།
ལྷག་པར་སྐུ་མགྲོན་གཙོ་བོས་ནང་པའི་ཚད་མ་རིག་པའི་བསྟན་པ་ཕུལ་དུ་བྱུང་བ་དར་འཕེལ་གཏོང་ཕྱིར་སྒོ་དང་སྒེའུ་ཁུང་གསར་པ་མང་པོ་ཕྱེ་དགོས་ཚུལ་གསུངས་འདུག
ཁོ་བོས་བལྟས་ན་ནང་པའི་ཚད་མ་རིག་པར་ད་ལྟར་དར་འཕེལ་གཏོང་དགོས་རྒྱུའི་གནད་དོན་གང་ཡང་ཡོད་མ་རེད། ང་ཚོས་ཚད་མའི་བརྗོད་བྱ་བརླིང་པོ་ཆ་ཚང་བ་ཞིག་ཤེས་མི་ཤེས་ཀྱི་མཚམས་ལ་སླེབས་པ་ལས་དེར་དར་འཕེལ་གཏོང་དགོས་རྒྱུའི་བློ་སྟོབས་ཤིག་ག་ལ་སྐྱེ་འོས་སྙམ།
སངས་རྒྱས་རྦ་རྦ། ས་དོ་རྦ་རྦ། ས་ཡིན་རྦ་རྦ། འདི་ཚོ་ལ་ནུས་བ་ག་རེད་ཡོད་དམ། སངས་རྒྱས་ཟེར་བ་དེ་ལ་ནུས་བ་ཡོད་དང་མེད་ཡོད་ན་ག་རེད་ཡོད་དམ། ཆོས་ཟེར་བ་དེའི་ནུས་བ་ག་རེད་ཡིན་ནམ།
སློབ་དཔོན་ཆོས་གྲགས་ཀྱིས་ཚད་མའི་གནད་ཞིབ་རྒྱས་གསལ་པའི་གཞུང་ལུགས་ཚད་མ་རྣམ་འགྲེལ་སོགས་མཛད་པ༽
སློབ་དཔོན་ཆོས་གྲགས་ཅེས་བྱ་བས་ཚད་མ་རྣམ་འགྲེལ་ཞེས་བྱ་བའི་དཔེ་ཆ་མཛད་པའི་དཔང་རྟགས་ཚད་ལྡན་གང་འཇོག་རྒྱུ་ཡོད་དམ།
། གལ་ཏེ་ཆོས་ཀྱི་གྲགས་པ་ཡི །
། སྨྲ་ བ་ ཉི ་མ ་ནུས ་པ ་ ན །
ཆོས་རྣམས་གཉིད་ལོག་ཡང་ན་ཤི །
ཆོས་མ་ཡིན་རྣམས་ད་གཟོད་ལོངས །།
ཞེས་དཔལ་ལྡན་ཆོས་གྲགས་ནི་ཡུལ་ཏྲི་མ་ལ་ཡར་བྲམ་ཟེའི་རིགས་སུ་འཁྲུངས ཐོག་མ་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་ཞིང རྗེས་སུ་སློབ་དཔོན་དབང་ཕྱུགས་སྡེ་ལས་ ཚད་མ་ཀུན་བཏུས ་ ཐེངས་གསུམ་དུ་གསན་ཏེ སྐབས་ཤིག་ལ་ཝྭ་རྭ་ཎ་སྭིར་ནས་བརྩད་པས མུ་སྟེགས་པ་ཤཾ་ཀ་རྭཙརྱ་ལ་སོགས་ཚར་བཅད་པས མཐར་སངས་རྒྱས་པའི་བསྟན་པར་མངོན་སུམ་ཚད་མ་འོ རྗེས་དཔག་ཚད་མ་ནི་ཡུལ་ཝྭ་ཎ་དེ་མུ་སྟེགས་པས་སོ མདོ་ན་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དེ་བགྲོ་གླེང་གནང་ན་མི་བཟང་འམ །།
གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །
སྨྲ་བའི་ཉི་མ་ནུབ་པ་ན། །
ཆོས་རྣམས་གཉིད་ལོག་ཡང་ན་ཤི །
ཆོས་མ་ཡིན་རྣམས་ད་གཟོད་ལོངས ། །
རྒྱ་གར་གྱི་པཎ་གྲུབ་དཔལ་ཆོས་ཀྱི་གྲགས་པའི་སྐོར་ལ།
https://www.youtube.com/watch?v=wpo3V-if7j4
བོད་ཡུལ་དུ་བྱུང་པའི་ཚད་མའི་རྣམ་བཞག་འདི་ལྟ་བུ་སྔོན་རྒྱ་གར་ཡུལ་ལ་དར་མྱངས་བའི་ལོ་རྒྱུས་མི་འདུག་ཟེར་བ་ཞིག་ཐོས། །
བོན་པོ་Bonpo ཞུ་བ་དེས་ནང་པར་ཀླན་ཀ་ཤ་སྟག་བཙལ་ནས། དོན་མེད་ནང་པ་ཚོ་བོན་གྱི་མཆན་འགོད་པ་རྣམས་ལ་བསུན་བཅུག་གི དོན་ངོ་མ་ཁྱེད་ཀྱི་ཀླན་ཀ་དེས་བོན་པོར་ཕན་མི་ཕན་བསམ་བློ་ཐོངས།
བོན་ཆོས་ལ་སྙིང་ནས་ཤ་ཚ་ན། དོན་མེད་གཞན་གྱི་སེམས་ལ་རྨ་མ་བྱིན། རྒྱུ་མཚན་དང་གུས་ཞབས་བྱས་ན་བོན་པོར་ཕན།
ད་བྱུས་གཏོགས་མང་པོ་མ་བྱེད་ཨ་་་་་
བོན་པོ་མུང་ཅན་གྱི་གང་ཟག་དེ་ཚད་མའི་སྐོར་མ་བཤད་ན་ཡག གང་ལ་ཟེར་ན་བོན་པོ་ལ་ཚད་མའི་རྣམ་གཞག་དེ་འདྲ་མཇལ་རྒྱུ་ག་ལ་ཡོད། ཚད་མ་གཟིགས་མ་མྱོང་བ་ཞིག་གིས་དེ་སྔོན་རྒྱ་གར་ནང་བྱུང་མེད་པའི་དོགས་སློང་དོན་མེད་ཀྱི་སྐད་ཆ་འདྲ་བཤད་པ་འདི་སྙིང་རྗེའི་ཡུལ་དུ་བཟུང་། ངས་བསམ་པར་བོན་པོ་ལགས་ཚད་མའི་ཐ་སྙད་ཙམ་བརྗོད་རྒྱུ་ཡོད་པ་དེ་ང་ཚོ་ནང་པ་ཚོའི་བཀྲིན་ལ་བརྟེན་ཡིན་པ་ཤེས་དགོས། དགོངས་པ་མ་ཚོམ་རོགས། ཁྱེད་ཀྱིས་མ་མཐོང་ན་མེད་པའི་མ་ཁྱབ། རྒྱ་གར་ནང་ཚད་མ་དར་ཡོད་པ་མ་ཟད་ཚད་མའི་མཁས་པ་དེང་གི་དུས་སུའང་མཐོང་ཆོས་ཡོད། རྒྱ་གར་སྐད་དུ་ཞེས་པ་དེ་ག་རང་གིས་གསལ་སྟོན་ཡོད་རེད། དོན་མེད་ཧམ་བཤད་བྱེད་པ་དེ་འདྲ་མ་རེད། ཞེ་སྡང་རྒྱུ་རུ་ཕྱིན་ན་ཐོལ་ལོ་བཤགས།།།།།།
བཀའ་སློབ་འདི་ཐང་མ་གཅིག་ཉན་ནས་བསམ་བློ་ཡག་པོ་ཐོངས། དྲི་བ་ཕུལ་བ་དང་ཀླན་ཀ་འདོགས་པ་གཉིས་ཁག་ཁག་རེད། བགྲོ་གླེང་བྱས་པ་ཡིན་ན་རང་གཞན་ཚང་མ་ལ་ཕན་གྱི་རེད་མ་གཏོགས་གནོད་པར་མི་འགྲོ། རྩ་བ་ནས་གླེང་མི་ཆོག་པ་ཞིག་ཡིན་ན་དེ་ལ་སྐྱོན་ཞིག་ཡོད་པའི་རྟགས་རེད། དགེ་ཕྲུག་རྒན་པ་རྒྱ་ནག་ཚང་ལ་ཚད་མའི་རྣམ་བཞག་རྩ་བ་ནས་མཐོང་རྒྱུ་མེད་པ་ལ་དགེ་ཕྲུག་གཞོན་པ་བོད་ལ་འདི་འདྲ་མང་པོ་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ་ལགས།
https://www.youtube.com/watch?v=wz2imIHqx9A
བསམ་ཤེས་ལགས་ཀྱི་གསུང་པར་མངོན་པར་བསྟོད་བོན་པོས་དུས་རྟག་ཏུ་ནང་ཆོས་ལ་ཀླད་ཀ་ཟུར་ཟ་མང་ནི་རེད་ཁོ་པར་ཕྱོགས་འཛིན་གྱིས་མུན་པའི་སྒྲུབ་ནས་ག་དུས་ཡིན་ན་ངུ་སྐད་ཡོད་ཡོད་པ་རེད།
བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་མཆོག་ནི།
ཕྱི་ལོ་༡༡༩༣ལོར་སྐུ་འཁྲུངས། ཁོང་གིས་་་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་་་ཅེས་པ་ཞིག་མཛད།
ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ཕྱི་ལོ་༡༡༨༢-ལོར་སྐུ་འཁྲུངས་ནས་༡༢༥༡ལོ་སྐུ་མྱ་ངན་ལས་འདས།
ཁོང་གིས་་་ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ་་་ཞེས་པ་ཞིག་མཛད།
ཚད་མའི་སྐོར་ནས་སྐད་ཆ་ཤོད་འདོད་ན་བོན་དང་ས་སྐྱ་གཉིས་ངར་ལེ་འདྲ་ཞིག་ཡིན་ས་གདའ།
དུས་རབས་བཅུ་གཉིས་པའི་ནང་བྱུང་བའི་བོན་གྱི་ཚད་མ།
ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད། ཕབ་ལེན་གནང་འདོད་ན་འདིར་འདུག
http://www.himalayabon.com/ebooks/ebook/2013-10-27/24.html
བདུད་ཀྱི་ངུ་ངག་ཐམས་ཅད་རྨིང་མེད་དུ་ཞི་བའི་སྨོན་ལམ་འདེབས་པ་ཡིན། །
ཧ་ཧ་ཧ་ཧཧཧཧཧཧ།།།།ད་འོ་ན་ཁྱེད་ཀྱིས་ཚད་མ་དེ་བོན་ནས་བྱུང་བ་སྒྲབ་འདོད་པ་རེད་བས་་་་་་་་་་་དེ་ལྟར་ཡིན་ན་དེ་ཤེས་བྱ་མི་སྲིད་པ་རེད་་་་ངས་བསམ་པར་སྔོན་བྱུང་བོན་མཁས་གྲུབ་རྣམས་ཀྱིས་ཚད་མ་དེ་བཞིན་སོགས་ལ་སློབ་སྦྱོང་གནང་། དེ་བཞིན་གཞུང་བརྩམས་པ་དེ་འདྲ་ཡོད་རེད། རྒྱ་གར་ནས་ཕེབས་པའི་ནཱ་ལེཎྡྲཱའི་མཁས་དབང་དེ་བཞིན་བོད་ཀྱི་མཁས་དབང་ཚོའི་ཞབས་ལ་བསྟེན་ནས་སྦྱངས་མཁས་དབང་གྱུར་བ་དག་གི་རྩོམ་དེ་དག་རྟགས་སུ་བཀོད་ནས་བོན་ལ་ཚད་མ་དང་རྫོགས་ཆེན་སྔོན་ནས་ཡོད་པ་སྒྲུབ་ཚུལ་འདི་ཏག་ཏག་ཨེ་ཡིན། ལོ་རྒྱུས་ནང་བོན་གྱི་བླ་མ་ཚོས་ནང་པའི་བླ་མ་བསྟེན་པ་ཡོང་གྲགས་སུ་ཡོད་ནང་པའི་བླ་མས་བླ་མས་བོན་གྱི་བླ་མ་བསྟེན་པ་ལོ་རྒྱུས་སྔ་ཕྱི་གང་དུའང་མི་གསལ། ངས་མ་མཐོང་བ་ཡིན་སྲིད། རྫོགས་ཆེན་གྱི་བདག་པོ་བོན་པོ་ཡིན་བྱེད་ཧམ་བཤད་ཀྱི་སྐད་ཆ་དེ་འདྲ་ཐོས་མྱོང་དེ་ཚོ་གང་འདྲ་རེད། གསུང་མཁན་རྣམ་པ་མཁས་དབང་ཡིན་མི་སྲིད། མཁས་དབང་གིས་དེ་འདྲ་ནམ་ཡང་གསུང་དོན་མེད། མཁས་དབང་ཡིན་ན་སེམས་དྲང་པོ་ཡོད་པའི་ཁྱབ་ཟེར་ནའང་མི་འགྲིག་པ་མེད། ངས་དོན་གྱི་མཁས་པར་སྦྱར། གལ་སྲིད་བོན་རང་ལ་མཚན་ཉིད་ཀྱི་གཞུང་དང་མཁས་སོགས་གཞན་ལ་རེ་མ་དགོས་པར་ཡོད་ན་མཚན་ཉིད་དགེ་རྒན་སོགས་གདན་ས་སོགས་ནས་ཞུས་དགོས་དོན་ཅི། ངས་བོན་ནམ་ཡང་བོན་པོར་ཁ་གཏོང་བ་སོགས་རྨི་ལམ་ཚུན་ཆད་ལའང་བྱས་མྱོང་། མདོར་ན་ཞུ་དོན་ནི་དོན་མེད་ཀྱི་གཞན་ནོར་བདག་གི་ཡིན་ཞེས་རྩོད་པ་ལས་རང་ནོར་གཅེས་འཛིན་བྱེད་དེ་སྤེལ་གང་ཐུབ་གནང་དེ་ལས་བཟང་བའི་ཞལ་འདེབས་གང་། བསམ་ཚུལ་ཡིན།།།།།།།།
ངས་ནམ་ཡང་བོན་པོར་ཁ་གཏོང་བ་སོགས་རྨི་ལམ་ཚུན་ཆད་ལའང་བྱས་མ་མྱོང་། ནོར་བཅོས་ཡིན་དགོངས་དག
སྤྱིར་ན་ངས་ཚད་མའི་སྐོར་ཕྲན་བུ་ལས་མི་ཤེས། བོད་ལ་ཚད་མའི་བསྟན་བཅོས་ཅི་འགྱུར་བསྟན་འགྱུར་དཀར་ཆག་བུ་སྟོན་ཆོས་འབྱུང་དང་སྡེ་དགེའི་བསྟན་འགྱུར་དཀར་ཆག་སོགས་ལས་ཤེས་ནུས། བོད་ལ་ཚད་མ་རིག་པ་ཆེས་ཆེར་དར་བ་ནི་བོད་སྔ་རབས་པའི་རིང་གསང་ཕུ་དང་སྣར་ཐང་། ས་སྐྱ་སོགས་སུ་གསར་མའི་དགེ་བཤེས་ཚད་མ་ལ་ཤིན་ཏུ་མཁས་པ་མང་པོ་བྱོན་པ་དང་། དེ་རྗེས་ཕྱི་རབས་པའི་ཁྲོད་དུ་གོ་ཤག་སྟག་གསུམ་སོགས་ས་སྐྱ་པ་དང་། རྒྱལ་ཚབ་མཁས་གྲུབ་དགེ་འདུན་གྲུབ་སོགས་དགེ་ལྡན་པའི་ཕྱོགས་སུ་ཚད་མའི་སྟོན་ཆེན་མང་པོ་བྱོན་ཏེ་ཚད་མའི་གཞུང་ལུགས་མང་པོ་བརྩམས་པའི་རྐྱེན་གྱིས། བར་སྐབས་ཤིག་ནས་ཁ་ཚད་མ་སྣ་ཚད་མ་ཟེར་བའི་ལུགས་སྲོལ་ཞིག་བྱུང་བ་རེད། བན་ལུགས་ཚད་མའི་མགོ་ཁུངས་གཏུགས་ས་ན་ལེན་དྲའི་མཁས་པ་ཚོ་ཡིན་པ་དང་། ཕྱོགས་གླང་ཆོས་གྲགས་སོགས་ཚད་མའི་མཁས་པ་བྱོན་པ་རྒྱ་གར་ནང་བསྟན་ཁྲོད་ཡོངས་གྲགས་ཡིན་པས། འདི་ལ་ཁས་ལེན་མི་བཟོད་པ་ཅི་ཡང་མི་འདུག
ཚད་མ་རྣམ་འགྲེལ་རྒྱ་གར་དང་བལ་བོའི་ཕྱི་ནང་གི་མཁས་པའི་ཁྲོད་ཧ་ཅང་གྲགས་ཆེ་ཞིང་། དགེ་འདུན་ཆོས་འཕེལ་བལ་ཡུལ་དུ་བྱོན་དུས་བལ་པོའི་རྒྱལ་པོའི་བླ་མ་མུ་སྟེགས་པའི་མཁས་པ་ཆེན་པོ་དེས་ཀྱང་དགེ་ཆོས་དང་མཉམ་དུ་རྣམ་འགྲེལ་སྐོར་གླེང་ལུགས་བྲིས་འདུག་པས། རྣམ་འགྲེལ་དང་སྡེ་བདུན་སོགས་བན་དེའི་ཚད་མའི་མགོ་ཁུངས་གཏུགས་སའི་མཁས་པ་དེ་དག་རྒྱ་གར་དང་བལ་བོའི་ཚད་མའི་ལོ་རྒྱུས་ཁྲོད་ཀྱི་དངོས་ཡོད་མི་སྣ་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཉེ་ཆར་མཁས་པ་སྟོང་སྐོར་ཚེ་རིང་ཐར་གྱིས་བོན་པོའི་གཞུང་ལུགས་སྐོར་འཆད་ཁྲིད་ཅིག་བྱས་འདུག་པའི་ཁྲོད་དུ་བོན་པོའི་གཞུང་བཀའ་པོད་ལྔའི་འཆད་ཉན་གྱི་མགོ་ཁུངས་གཏུགས་ས་དེ་བན་དེའི་གཞུང་ལུགས་ཡིན་པ་འདྲ་བོ་ཞིག་གསུངས་འདུག་པར། བོན་གྱི་མཁས་པ་རྣམ་པས་ལན་འདེབས་ག་འདྲ་ཞིག་གནང་རྩིས་ཡོད། སྔོན་ཆད་ནམ་མཁའི་ནོར་བུས་ཀྱང་དེ་འདྲ་བོ་ཞིག་གསུངས་པ་མཇལ། ཡིན་ཡང་རྣམ་པ་གཉིས་ཀས་རྫོགས་ཆེན་གྱི་ཁུངས་བོན་ཆོས་ཡིན་ལུགས་སྒྲུབ་བཞིན་པ་བཞིན་ཞིག་ཀྱང་མཇལ།
ང་ལ་མཚོན་ན་བོད་ཀྱི་ཚད་མ་རིག་པའི་མགོ་ཁུངས་གང་ནས་ཡིན་ཡང་ཁྱད་པར་ཅི་ཡང་མེད། གཙོ་བོ་དེ་ནི་ཚད་མ་རིག་པ་འདིས་བོད་ཀྱི་ཤེས་རིག་ལ་ཕན་ཐོགས་ཅི་ཙམ་ཡོད་མེད་དེ་ཡིན།
སྔོན་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་གིས་མཛད་གནང་བའི་་དཔེ་དེབ་དེ་ཚོ་ཡག་པོ་བཀླགས་པ་ཡིན་ན་རྫོགས་ཆེན་གྱི་ཁུངས་བོན་དང་གཤེན་རབ་མི་བོ་ལ་བཏུགས་ཡོད་པ་རེད། ཡིན་ནའང་དེང་སང་མི་བུ་ཁ་ཤས་ཀྱིས་ནམ་མཁའི་ནོར་བུ་མཆོག་ལ་འུ་ཐུག་ཟུར་མཇལ་ཞུས་ནས་ཁོང་གིས་ཅི་གསུངས་ཀྲེབ་ཐག་ནང་ཕབ་ཡོད་ལུགས་ཀྱིས་ཞེ་བོ་སྟོན་རྒྱུ་ཡོད་མདོག་མདོག་བྱེད་མཁན་ཡང་མཆིས་སོ། དངོས་གནས་བྱས་ན་ག་རེ་བྲིས་འདུག་ཏན་ཏན་བྱས་ནས་བཀླག་ན་ཡག་བར་སེམས། ཁོང་ལ་འདི་འདྲ་འབྲི་རོགས་ཟེར་ནས་རེ་བསྐུལ་ཞུ་མཁན་ནི་སུ་ཡང་ཡོད་ཀྱི་མ་རེད། བྲིས་གནང་བ་དེ་ཚོ་ནི་ཁོང་རང་གི་མཁྱེན་སྟོབས་ཀྱིས་མཛད་གནང་བ་ཞིག་ཡིན་པར་སེམས་སོ། །
འོ་ཡ་ཡ། ཆོས་གྲོགས་ཁྱོད་ཀྱིས་ཆོས་གྲོགས་ལྟ་བུའི་ལན་འདེབས་གནང་བར་དགའ་བསུ་ཞུ། འོ་ཁྱོད་ཀྱིས་གསུངས་པ་ལྟར་ན་འཇིག་རྟེན་འདིའི་སྟེང་ཐོག་མར་རྫོགས་ཆེན་ཉམས་ལེན་གནང་ནས་སྤེལ་མཁན་དེ་སུ་རེད། རྙིང་མིའི་གཞུང་ལུགས་ལྟར་ན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནས་ཤྲི་སིངྷ་སོགས་ནས་བརྒྱུད་པ་གསུངས་ཡོད་འདུག དེ་ཡང་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཡིན་པ་གསུངས་ཡོད་པ་དེ་མི་བདེན་ནམ། གལ་སྲིད་༡ བདེན་ན་དེའི་སྤྲུལ་གཞི་ལོང་སྐུ་རྡོ་རྗེ་སེམས་དཔའ་དེ་རེད། ཆོས་སྐུ་ཀུན་བཟང་ལ་ཡ་ཐུགས། སྟོན་པ་པོ་དེ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཁོ་ན་གསུངས་ཏེ་གསང་བའི་ནང་ཆེས་གསང་བས་སོ། སྟོན་པ་ཤཱཀྱ་ཐུབ་པ་སྟོན་པར་ཁས་བླངས་སུ་སོང་བས་ཁྱེད་ཚོའི་སྐྱབས་་འགྲོོའིོ་བསླབ་བྱ་དང་མི་འགལ་ལམ། ༢ བདེན་པ་མིན་ན་བྱུང་ཚུལ་ཞིག་གསུང་རོགས། ཆོས་གྲོགས་བློ་ལ་ཕྱོགས་ཞེན་གྱི་ལྷད་མེད་པའི་ཐོག་ནས་ལན་འདེབས་གནང་རོགས་ཕྱོགས་གཉིས་ལ་ཕན་པས་དགེ་མཚན་ཆེའོ།
བཀའ་རྙིང་འདྲེས་མ་ཡོད་པ་ལྟར། བོན་རྙིང་འདྲེས་མ་ཡོད་ཆོག རྫོགས་ཆེན་པ་ནམ་མཁའི་ནོར་བུའི་མཆོག་གིས། རྫོགས་ཆེན་དེ་དགའ་རབ་རྡོ་རྗེ་ལ་ཁུངས་གཏུགས་ཀྱང་།
བླ་བརྒྱུད་འགའ་རེ་ནང་བོནགྱི་རྫོགས་ཆེན་པ་ཡོད་པར་བཞེད་དམ་སྙམ་ཡང་། ཡག་པོ་ཞིག་མི་ཤེས། ཁོང་ད་ལྟ་ཞལ་བཞུགས་ཡོད་པས། ཅིག་གིས་བཅར་འདྲི་ཞུས་ན་ཡང་མི་ཆོག་པ་མེད་སྙམ་མོ།།
ང་རང་རིས་མེད་ཅིག་ཡིན་ཙང་། མཁས་དབང་ནམ་མཁའི་ནོར་བུ་མཆོག ཁོང་གི་ཕྱི་རྒྱལ་དགེ་ཕྲུག་མཉམ་དུ། གསུང་ཆོས་ཞུ་གར་ཐང་མ་གཉིས་ཙམ་བཅར་བ་ཡིན། ཐང་མ་དང་པོར་དད་པ་མེད་པའི་ཐོག་ནས་ཉན་དུས། སྔོན་འགྲོའི་ཆོས་བཤད་ནང་བདེན་བཞི་གསུངས་སོང་བར་བརྟེན་དད་པ་རང་དབང་མེད་པར་སྐྱེས་བྱུང་།
གསུང་ཆོས་གཉིས་ཀ་རྫོགས་ཆེན་ཆོས་ཚོགས་ཀྱིས་ཞུས་ཙང་། རྫོགས་ཆེན་ཡིན་ངེས་ཀྱང་། ང་ལ་གོ་བའི་རྫོགས་ཆེན་ནི། སེམས་གསལ་རིག་གི་སྐོར་ལ་རྒྱས་ཙམ་གསུངས་པ་ཙམ་ལས། གསང་སྔགས་ཀྱི་ཆོས་ཟབ་མོ་ཅིག་གནང་སོང་སྙམ་པ་མ་བྱུང་བ་དེ་ཡང་ང་རང་གིས་ལན་པར་འདོད་དོ།།
གོང་དུ་ཀླུ་སྨྱོན་ལགས་ཀྱིས་མགོ་ཁུངས་གཏུགས་ས་དེ་ཙམ་གལ་ཆེད་མིན་པ་འདྲ་གསུངས་འདུག ཕྱོགས་གཅིག་ནས་བདེན་མོད། འོན་ཀྱང་འབྱུང་ཁུངས་གསལ་པོ་མེད་ན་མགོ་སྙོག་གི་གཞི་མང་པོ་ཆག་པ་སོགས་ཀྱི་སྐྱོན་ཡོད། མ་ཟད་དེ་སུའི་ཡིན་མ་ཡིན་རྩོད་གླེང་གི་སྐབས་ཡིན་སྟབས་འབྱུང་ཁུངས་གསལ་པོ་མེད་པ་ཁུངས་སྐྱེལ་ར་སྤྲོད་གང་གང་འདྲས་ཡོང་ཐུབ་ཀྱི་རེད། སྥྱིར་ཁྱེད་ཀྱི་བསམ་བློ་གང་ཡིན་ངས་ཤེས་སོང་དགའ་བསུ་ཞུ། ཡིན་ནའང་གནད་དོན་མང་པོ་ཞིག་སྤྱི་ཙམ་དུ་བཞག་པས་མི་ཆོག་ལྟ་བུ་རེད། འདི་ཕྱོགས་རིས་བྱེད་པའི་དོན་མ་རེད། ཕན་ཚུན་རྩོད་པའི་ལམ་ནས་བདེན་པ་གང་ཡིན་གཏན་འབེབས་ཆེད་དོ།
དཀའ་རྙིང་འདྲེས་མ་ཡོད་ད་ཡོད་དཀའ་བརྒྱུད་པ་དེ་གསང་སྔགས་གསར་རྙིང་གཉིས་ཀྱི་གསར་མ་དེ་རེད། བུ་སྤུན་རྒན་གཞོན་ལྟ་བུ་རེད། ནང་པ་ནང་ཁུངས་འདྲེས་མ་ཡོད་མ་ཡོད་རྩོད་པའི་སྐབས་མ་རེད་རབ་འབྱམས་ལགས། བོན་དང་ནང་པའི་སྐོར་གྱི་རྩོད་པ་རེད། འདིར་ནང་པ་ཞེས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ནང་པ་ཞེས་པའི་ཐ་སྙད་ཀྱིས་བརྒྱན་པའི་ལ་ཟེར། འདིར་རྫོགས་ཆེན་ཞེས་རྩོད་རྫོགས་ཆེན་དེ་ངའི་ངོ་ནས་སྟོན་པ་ཤཱཀྱ་ཐུབ་པ་ནས་མར་དར་བ་འདིའི་བླ་བརྒྱུད་ནང་བོན་པོ་ཡོང་མི་སྲིད་དེ་སྟོན་པ་ཁ་ཁ་ཡིན་པའི་ཕྱིར། བོན་གྱི་སྐྱབས་འགྲོའི་བསླབ་བྱ་ནང་སྟོན་པ་ཤེས་རབ་གཞན་པའི་ལྷ་ལ་སྐྱབས་སུ་འགྲོ་མི་ཆོག་པ་གསུངས་ཡོད་ངེས། རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས་མི་འགྲིག་པར་རྩོད་བཞིན་ཡོད་རེད། གང་ཟག་གཅིག་གིས་དུས་གཅིག་ལ་སྟོན་པ་གཉིས་ཀྱི་རྗེས་སུ་འགྲོ་བ་ཡོང་མི་སྲིད། རིམ་པས་འགྲོ་བར་རྩོད་པ་མེད། གལ་སྲིད་དང་པ་བོན་པོ་བྱས་དུས་ཕྱིར་རྫོགས་ཆེན་ཆོས་ལ་ཡོན་ཏན་མཐོང་བའི་སྒོ་ནས་དད་པ་སྐྱེས། དད་དེར་བརྟེན་ནས་འདུན་པས་ཆོས་སྒོར་ཞུགས་པའི་གང་ཟག་དེ་ནམ་སྔོན་འགྲོ་ནས་བཟུང་ཉམས་ལེན་གནང་བ་ནས་བཟུང་ནང་པར་གྱུར་ཟིན་པ་རེད། དེ་ལྟ་བུའི་གང་ཟག་དེ་ནང་པ་རེད་མ་གཏོགས་བོན་པོ་མ་རེད་དོ།
ཞུ་ཡ་ཞིག་བརྗེད་འདུག རིས་མེད་ཡིན་ཟེར་ནས་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་གནང་རོགས། གླེན་པ་འགས་རིས་མེད་ཡིན་ཟེར་ནས་སྟོན་པ་སྐྱབས་སུ་འགྲོ་ཉེན་གདའ།
#29 སེང་ཕྲུག་བརྟན་པ། ་ལགས་ཀྱིས་སྤེལ་དོན།:
October 6th, 2016 at 1:25 am
དཀའ་རྙིང་འདྲེས་མ་ཡོད་ད་ཡོད་དཀའ་བརྒྱུད་པ་དེ་གསང་སྔགས་གསར་རྙིང་གཉིས་ཀྱི་གསར་མ་དེ་རེད། བུ་སྤུན་རྒན་གཞོན་ལྟ་བུ་རེད། ནང་པ་ནང་ཁུངས་འདྲེས་མ་ཡོད་མ་ཡོད་རྩོད་པའི་སྐབས་མ་རེད་རབ་འབྱམས་ལགས། ་་་་་ཟེར།
དིང་སང་གི་བོན་པོ་ཚོ་ཡང་། ནང་པ་ཡིན། སངས་རྒྱས་པ་མིན་ཟེར་བགྱིད་འདུག ང་ལ་ནི་་་་་་་
ཨ་ལེ།།།།
བོན་གྱི་ལུགས་ནས་སངས་རྒྱས་པ་མེད་པ་འདྲ། ཧཧཧཧ
སྤྱིར་བོན་པོ་ནང་པ་ཡིན་མ་ཡིན་ལ་དགག་བྱ་གང་ཡང་མེད།
ད་ལྟ་ང་རང་ཚོའི་སྟོན་པ་བཀྲིན་ཅན་ལ་སྐྱབས་སུ་འགྲོ་མཁན་གྱི་ནང་པ་དེ་མ་རེད་ཟེེར་གྱི་ཡོད་རེད་མ་གཏོགས་སྤྱིར་ནང་པ་ཡིན་མིན་རྩོད་དགོས་ཡ་ཡོད་མ་རེད། དེ་ང་ཚོའི་ལས་སུ་གྱུར་པ་དེ་འདྲ་མ་རེད།
ཆོས་ལུགས་ཀྱིས་བཟི་ནས་ཡོད་པའི་ཡུལ་ལུང་ཁག་ལ་བདེ་སྐྱིད་མེད། དཀྱུས་ཤར་ཨེ་ཤེ་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་དང་བོད་ལྟ་བུའི་ཆོས་ལུགས་ཀྱིས་བཟི་ནས་ཡོད་པའི་ཡུལ་ལུང་ཁག་ཏུ་བདེ་སྐྱིད་མེད། བདེ་སྐྱིད་མེད་པའི་རྩ་བ་གཅིག་མི་དམངས་ལ་རང་དབང་མེད་པས་ཡིན། ཆོས་ལུགས་ཀྱིས་རང་གི་སེམས་ཁམས་སུ་དབང་སྒྱུར་ཚར་དུས་རང་ཉིད་ཀྱི་རང་དབང་ཤོར་ཟིན་པར་རེད།
ཆོས་ལུགས་ཀྱི་གནོད་ཤུགས་འོག་ཏུ་དཔལ་འབྱོར་ཡར་རྒྱས་འོང་མི་ཐུབ། ཡང་དག་པའི་དམངས་གཙོའི་ལམ་དུ་བསྐྱོད་མི་ཐུབ། ཆབ་སྲིད་སྲ་བརྟན་འོང་མི་སྲིད། སྲིད་འབྱོར་གཉིས་ཀ་ཡག་པོ་མེད་དུས་མི་བསད་ཁྲག་སྦྱར་དང་རང་ཤི་བརྒྱབ་པ། ནད་དང་མུ་གེ ནང་འཁྲུག་དང་ཕྱིའི་བཙན་འཛུལ། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་དུ་ཁྱོད་ཤི་ང་གསོན་གྱི་འཁྲུག་འཛིང་སོགས་སྡིག་རིགས་ཉེས་ཚོད་འོང་གི་ཡོད།
དཔེར་ན། དཀྱུས་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་ཁ་ཆེ་བའི་ཆོས་རྒྱུད་གཉིས་ཀྱི་བར་དུ་ནང་འཁྲིག་བརྒྱབ་དུས་ཁ་ཆེ་བའི་ལ་རྒྱ་བརྗེད་ཟིན་པ་དང་། བོད་པའི་བླ་མའི་ཆོས་ལུགས་ཀྱི་ཆོས་རྒྱུད་ནང་ཁུལ་དུ་འཁྲུག་འཛིང་བྱས་དུས་ནང་པའི་ལ་རྒྱ་ཟེར་བ་དང་བྱམས་སྙིང་རྗེ་ཟེར་བ་ལྟ་བུ་རྩ་བ་ནས་མེད།
ཆོས་ལུགས་འདི་སྨན་ལྟ་བུ་ཡིན་པའི་དབང་ཐོངས། སྨན་ཡིན་ནའང་བཟའ་མང་དྲག་ན་མི་ཤི་འགྲོ་གི་རེད། ཕན་ལས་གནོད་ཆེ་ཡི་རེད། ཆོས་ལུགས་ཡིན་ནའང་བྱས་མང་སོང་ན་ཕན་ལས་གནོད་ཆེ་བ་ཡོད། དཔེར་མཚོན་བོད་དང་དཀྱུས་ཤར་ཨེ་ཤེ་ཡའི་ནང་གི་ཁ་ཆེའི་རྒྱལ་ཁབ་ཁག་ལྟ་བུ་རེད། རང་རང་གི་བསྟན་པའི་ཆེད་དུ་ཅིག་བྱས་ཀྱི་ཡོད་ཟེར་གི་རེད། རང་ཉིད་ཀྱི་སྟོན་དང་བསྟན་པ་དེ་ཉིད་རྩ་བ་ཆེ་ཤོས་ཡིན་ཟེར་གི་རེད་་་་ཧཧཧ སྙིང་རྗེ་བའི་ཡུལ་རང་རེད།
རང་ཉིད་ཆོས་ཀྱི་བྲན་གཡོག་གྱུར་ཉིན་མོར།
རང་གི་བདེ་སྐྱིད་སྟོང་བསམ་སྣང་བ་ཙམ།
རང་ཉིད་སྨན་གྱི་ངན་གོམས་བྱང་ཉིན་མོར།
རང་གི་བདེ་སྐྱིད་བཟི་སྨན་ཚོར་བ་ཙམ།
ལུས་ཁམས་སྨན་གྱིས་བཟི་ཀྱང་དྭངས་དུས་ཡོད།
སེམས་ཁམས་ཆོས་ཀྱིས་བཟི་ན་དྭངས་དུས་དཀོན།
ལུས་ཁམས་སྨན་གྱིས་མ་བཟི་བོད་མི་ཚོ།
སེམས་ཁམས་ཆོས་ཀྱིས་མ་བཟི་ལས་ངན་ཚོ།
ཆོས་མེད་སྨྲ་བ་གུན་ཁྲན་ཏང་ཡ་ཚོའི་བདེ་སྐྱིད་ཆེ་བ་འདུག་གམ་་་ཆོས་ལུགས་པ་བོད་མི་ཚོའི་བདེ་སྐྱིད་ཆེ་བ་འདུག་་་་འདི་དྲི་བ་ཡིན་་་་སེམས་ཅན་ཐམས་ཅད་བདེ་སྐྱིད་ཀྱི་ས་ལ་འགོད་ཀྱི་ཡིན་ཟེར་མཁན་ཚོས་ལན་ཁ་ཐུག་ཡོད་ན་གནང་རོགས་བྱོས།
ཆོས་ལུགས་ཀྱིས་རིས་དང་བྲལ་བ། མི་རིགས་ཀྱི་ལ་རྒྱ་དང་ལྡན་པ། རང་ཡུལ་ལ་བརྩེ་སེམས་ཕྱོགས་པ། རང་ལུགས་ཡིན་ཞེས་ཤི་ཐམ་རོ་ཐམ་གྱི་ནད་ངན་དང་བྲལ་བ། རང་ཆོས་ཡིན་ཞེས་ཁྱོ་ཤི་ང་གསོན་གྱི་ཆགས་སྡང་བྲལ་བ། རང་རིགས་ལ་ཤ་ཞེན་ཡོད་པ། རང་གི་མེས་པོའི་རིག་གཞུང་ལ་དགའ་ཞེན་ཡོད་པ། ཨང་གསར་གྱིས་བཟི་གཏམ་མི་ཤོད་པ། དེ་དག་ཐམས་ཅད་དང་ལྡན་པའི་མི་བུ་སྟག་འདྲ་བའི་གྲོགས་ཅོ་རིས་ཙཤད་པ་དེ་ཚོར་དོན་སྙིང་དང་ལྡན་ཡོད་འདུག་པས་རྒྱབ་སྐྱོར་ཡོད། དེ་མིན་བྱམས་སྙིང་རྗེ་ཅན་གྱི་རྒྱུད་འཛིན་ཡིན་རབས་བཤད་ནས་གཞན་གྱི་ལྟ་གྲུབ་དང་ཆོས་ལུགས་དང་དེའི་རྒྱུད་འཛིན་དང་བཅས་པར་ངན་དགུས་ཚིག་གིས་བྲིས་ཤིང་གནག་དགུས་སེམས་ཀྱིས་དཀྲུགས་ཤིང་བྱེད། རང་ཉིད་ཀྱི་ཡོད་ཚད་གཞན་ལ་བཅོལ་ནས་ད་ལྟ་བོད་ཀྱི་སྨན་གྱི་རིག་གནས་ཟེར་བ་དེའི་ས་མཚམས་གང་ཞིག་ལ་སླེབས་འདུག་གམ། ཐམས་ཅད་གཞན་ལ་རེ་བ་བྱས་པའི་འབྲས་བུ་རེད། ངས་ཁ་སང་བཤད་ཡོད། བོད་ཀྱི་སྣོད་ཀྱི་ཡུལ་ཁམས་ཐམས་ཅད་རྒྱ་ནག་པོས་འཕྲོགས། བོད་ཀྱི་བཅུད་རིག་གཞུང་ཐམས་ཅད་དགེ་རྒན་རྒྱ་གར་ལ་ཕུལ། ད་སྣོད་བཅུད་སྟོང་པའི་དུས་ལ་བབས་ཡོད་པར་མ་ཤེས་སམ།
རྒྱ་གུན་ཁྲན་ཏང་གིས་དྲག་ཤུགས་ཀྱི་ཐོག་ནས་བོད་མིའི་རང་དབང་འཕྲོག་གི་ཡོད། བོད་ཀྱི་བླ་སྤྲུལ་ཚོས་ཆོས་ལུགས་ཀྱི་ནུས་ཤུགས་ཀྱི་ཐོག་ནས་བོད་མིའི་རང་དབང་འཕྲོག་གི་ཡོད། ནུས་ཤུགས་དེ་གཉིས་ཟུང་འབྲེལ་བྱས་ནས་བོད་ཁམས་མུན་ནག་གི་ཡུལ་དུ་བསྒྱུར་ཡོད། དོན་དངོས་པོའི་ཐོག་ནས་ཉམ་ཐག་པའི་བོད་མི་དམངས་ཀྱི་རང་དབང་དང་བདེ་སྐྱིད་བསམས་པའི་མི་ཞིག་ཡིན་ན་ནུས་ཤུགས་དེ་གཉིས་ཀྱི་འོག་ནས་བོད་མི་དམངས་ཐར་ཐབས་བྱ་དགོས་ངེས་རེད་འདོད་དོ།
བན་དེས་ཆོས་རྒྱལ་མེས་དབོན་རྣམས་གསུམ་དེ་མེས་པོ་ནང་ནས་བཀའ་དྲིན་ཆེ་བའམ་གཙོ་ཆེ་སུ་འདོད། བོན་པོས་རྒྱལ་པོ་གླང་དར་ལ་བཀའ་དྲིན་ཆེབའམ་གཙོ་ཆེ་སུ་འདོད། དེ་བཞིན་རྫོགས་ཆེན། བཀའ་འགྱུར། བསྟན་འགྱུར། འདུལ་བ། མདོ་སྡེ། མངོན་པ། ཚད་མ་སོགས་ཐ་སྙད་འདྲ་འདྲ་མང་ཡང་དོན་ལ་ནི་སྟོན་པ་སོ་སོ་རེད། བན་དེས་མདོ་སྔགས་གཉིས་ཀྱི་སྟོན་པའི་བདག་པོ་དེ་བཅོམ་ལྡན་འདས་དང་གུ་རུ་རིན་པོ་ཆེ། བོན་པོས་སྟོན་པ་གཤེན་རབས་སྟེ་བསྟན་པ་འདོད་ཚུལ་འདྲ་ཡང་སྟོན་པ་འདོད་ཚུལ་ནི་ཁག་ཁག་སོ་སོ་རེད། དེས་ན་ཆགས་སྡང་གི་ཚད་མ་མི་རྩོད་པར་རང་རང་གི་སྟོན་པའི་གསུང་ཚད་མ་གཅིག་ཡིན་ཀྱང་རྒྱུན་གྱི་ཉམས་ལེན་ལ་ཁྱེར་ཨེ་ཐུབ་ལྟོས་དང་ཁེ་ཕན་མི་ཆེའམ།
སེང་ཕྲུག་བརྟན་པ་ལགས་ཀྱིས་་་་དེ་ལྟ་བུའི་གང་ཟག་དེ་ནང་པ་རེད་མ་གཏོགས་མི་མ་རེད་་་་ཀྱང་གསུངས་ཉན་འདུག །
ཧཧཧཧ གོང་དུ་སྤུན་གྲོགས་འགས་སྐད་ཅོར་ཚ་པོའི་ངང་གཏམ་ཚ་པོ་འདྲ་གླེང་ཁུལ་གནང་འདུག ཡིན་ནའང་ ” ཁྱི་རྒན་ཀུ་ཅོ་འདོན་པས་ན། རྒྱུ་མཚན་མེད་ཀྱང་གཞན་དག་རྒྱུག” ཟེར་བ་ལྟ་བུ་གཅིག་གིས་གཅིག་ལ་ལེགས་སོ་ཕུལ་བའི་སྒོ་ནས་རྒྱབ་སྐྱོར་གནང་སྟངས་འདི་ལ་བལྟས་ན་སྙིང་རྗེ་ཡ་ཞིག་འདུག བདེ་སྐྱིད་རྩ་བ་མི་ཤེས་མཁན་ཡིན་པོ་རེད། དེ་ལ་ལན་འདེབས་བྱས་པས་ཕན་ཐོག་གང་ཡང་མེད་དེ་ལས་གཉིད་ཉལ་ན་སྐྱིད།
ཆོས་གྲོགས་བོན་པོ་ལགས་ངོ་ལེན་ཞུས་པ་ལྟ་བུ་ཆག་མ་རེད་དམ། གང་ལྟར་ཁྱེད་དང་མཉམ་བརྗོད་གཞི་གང་ཡང་ཐོག་བགྲོ་གླེང་གི་གོ་ཐོབ་པ་དགའ་བསུ་ཞུ། རྗེས་སུ་མཇལ་ཡོང་། བཀྲིན་ཆེ།
གོ་སྐབས་ཐོབ་པར་དགའ་བསུ་ཞུ།
སེང་པགས་གྱོན་མཁན་གྱི་སྤུ་སོབ་སོབ་ནག་རིལ་རིལ་འདི་སུ་རེད་་་ཨ གཏན་ཚིགས་དང་རིག་པ་མེད་ན་སོ་སོའི་ཉལ་ས་རྩྭ་སོབ་སོབ་དེའི་ནང་ཉོལ་སྡོད།
རྟ་དཔར་པོས་རི་རྩྭ་བཟའ་ཉིན་མོར། ཕག་ནག་པོའི་མཆིན་པ་ན་ཀྱང་ཅང་ཕན་མི་འོང་་་ཧཧ
ཧཧཧཧཧཧ
གཏན་ཚིགས་རིག་པ་རྐང་ཆག་གཅིག་གིས།
དེང་དུས་རིག་པ་ཆུང་ཡང་མི་རྒྱལ།
རང་ལ་རྒྱལ་བའི་གདེང་ཞིག་ཡོད་ན།
རྩོད་ར་ཆེན་པོའི་ནང་ལ་ཕེབས་ཤོག
ཤེས་བྱ་སྒོག་་རྫོག་ཤེས་པ་ཙམ་གྱིས།
དོན་གྱི་མཁན་པོ་ཡིན་མདོག་མ་གནང་།
གོམ་པ་གཉིས་སྤོས་ཕྱི་རུ་ཐོན་དང་།
ཁྱོད་ཀྱི་དགེ་རྒན་སྒོ་དྲུང་བསླེབས་ཡོད།
གནད་དོན་མ་རྟོགས་དོན་མེད་གཏམ་ལ།
ལན་འདེབས་བྱེད་པའི་འདོད་པ་མེད་ནས།
རང་སར་བཞག་པར་གོ་ལོག་མ་ལོན།
ཁྲོན་སྦལ་རྒྱ་མཚོ་མཐོང་ན་ཤི་ཡོང་།
རྩོད་ར་ཆེན་མོའི་སྣེ་ཡང་འདྲེན་མྱངས།
གཏན་ཚིགས་རིག་པའི་མདའ་ཡང་འཕེན་མྱངས།
མཁས་པ་བརྒྱ་ལ་འཁོར་གསུམ་བསྐོར་མྱངས།
བླུན་པོ་སྟོང་གི་སྨྲ་སྒོ་བཀག་མྱངས།།
ཅོ་རིའི་གཏན་ཚིགས་རིག་པའི་མདའ་ལ།
ཕག་པ་བཞིན་དུ་རྐང་ལག་མི་ལྡན།
དེང་དུས་རིག་པའི་ཕག་པ་ཁྱེད་ལ།
རྐང་ལག་ཡོད་ན་སེང་པགས་མ་གྱོན།
རང་ལུགས་རྒྱལ་བའི་གདེང་སྤོབས་ཡོད་ནས།
སེང་པགས་གྱོན་ནས་སྒོ་ལ་ཐོན་མེད།
རང་གིས་རང་ལ་གདེང་སྤོབས་མེད་ན།
སེང་པགས་གྱོན་ཀྱང་སྙིང་པོ་ཅི་ཡོད།
རྩྭ་སོབ་སོབ་ཀྱི་ཉལ་སའི་ནང་དུ།
ཤེས་བྱ་ཐབས་ཅད་འདུས་ཡོད་མ་བསམས།
སྤྱི་ཚོགས་རིག་པའི་དྲ་རྒྱའི་སྟེང་དུ།
རྟོག་གེ་སྨྲ་བ་མི་འདུག་མ་བསམས།
ཅང་ཤེས་རྟ་ཕོས་ལ་མོ་རྒྱབ་དུས།
སྐྱག་ཟན་ཕག་པ་དགེ་རྒན་མི་དགོས།
ཁྲི་གདུགས་ཉི་མ་དགུང་དུ་ཤར་དུས།
སྲིན་འབུ་མེ་ཁྱེར་དགེ་རྒན་མི་མཁོ།་་་་་་་ཧཧཧ
སྲིན་འབུ་མེ་ཁྱེར་འོད་ཀྱང་མི་ལྡན།
ད་དུང་རང་ལ་ཉི་མའི་མིང་བཏགས།
མྱངས་མྱངས་ཐམས་ཅད་ཕྱོགས་སུ་སྤུངས་དང་།
སྟོན་རྒྱུ་སྤར་གང་འདི་ལས་མེད་ལྟོས།
བླུན་པོ་བརྒྱ་ཡི་སྣ་འདྲེན་བྱས་པས།
ཨ་ཧོ་མཁས་པར་རློམ་པའི་ཅོ་རི།
མདུན་གྱི་མེ་ལོང་ནང་ལ་ལྟོས་དང་།
མཁས་པའི་མཚན་མ་གང་འདུག་ཤོད་དང་།
ལག་རིང་རྐང་ཐུང་རེ་བོང་མགོ་ལ།
རྭ་ཆུང་མེད་པ་བསྒྲུབས་ཐུབ་ཙམ་གྱིས།
རྟོག་གེ་སྨྲ་བ་རང་བཀྱགས་སྐྱག་རྐུབ།
རླང་འཁོར་འབབ་ཚུགས་ཁྱེད་འདྲ་མང་མཐོང་།
ཁ་ནས་ཅ་ཅོ་འདོན་ཤེས་ཙམ་ལ།
ཧང་སང་ཧོན་འཐོར་མ་་གནང་ཅོ་རེ།
ཨ་ཁུ་ནེ་ཙོས་མ་ཎི་བཏོན་པར།
ཡ་མཚན་འཛིན་དགོས་གང་ཡང་མི་གདའ།
བླུན་ཚོགས་མདུན་ན་མཁས་ཉམས་ལྡན་ལྡན།
མཁས་ཆོགས་མདུན་ན་མགོ་སྒུར་ཞུམ་ཞུམ།
བདེན་མིན་རྩོད་རྩོད་བདེན་པར་འཛིན་འཛིན།
ཁ་རྒྱགས་མཁྲེགས་འདྲེད་དོན་གྱིས་སྟོང་སྟོང་།
མིག་ཤེལ་དྲི་མ་ཅན་ལ་གང་སྣང་བ།
དྲི་མ་ཅན་དུ་མཐོང་བ་ཆོས་ཉིད་ཡིན།
གླང་ཆེན་མཐོང་ཚེ་མི་རྒྱལ་ངེས་མོད་ཀྱང་།
སྐད་ངན་འབྱིན་པ་ཁྱི་ཡི་རང་བཞིན་ལགས།
“ལྟོ་འགྲངས་ཉི་མས་དྲོ་ཚེ་ཆོས་པའི་གཟུགས།
རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ།” དེ་འདྲ་མ་གནང་ལོ།།།།
ནང་གི་ཚོན་ལ་འགྱུར་བ་མ་མཆིས་ན།
ཕྱི་ཚོན་ཙམ་གྱིས་ཐར་པ་ཐོབ་པ་མེད།
དེས་ན་མིང་དང་ཚོན་གྱི་ལས་སྤངས་ཏེ།
ཡང་དག་ཆོས་པའི་རྗེས་འགྲོ་སྙིང་ནས་བསྐུལ།།
བྱིས་པ་རྣམས་དང་ཇི་ཙམ་རྩོད་ཀྱང་ཕན་པའི་འབྲས་བུ་སྟོང་ཉིད་ཡིན།
དཔེར་ན་བྱེ་མ་ཇི་ཙམ་བཙིར་ཡང་སྣུམ་ཞིག་འཐོན་པ་ག་ལ་སྲིད།
ཡ་ད་ཅོ་རི་ཉི་མ་ལ་དགོངས་པ་ཚོམ་ཡོད་ས་རེད། དེ་འདྲ་ཡིན་ན་དགོངས་དག་ཞུས་པརགསན་རོགས།
༅༅། རྒྱུས་མེད་ས་མཐའི་ཡུལ་ན། མགོན་མེད་ད་ཕྲུག་འཁྱམས་པོར།
རེ་བའི་ཕྱག་ཐལ་སྦྱར་མཁན་། བོད་ལྗོངས་ཕ་མ་སུ་ཡིན།
འབངས་ཀྱི་བདེ་སྡུག་དགོངས་ནས། ནུབ་ནས་ཟས་གོས་བསླངས་སྟེ།
བོད་མིའི་སློབ་གཞིས་གཞིས་བསྐྲུན་མཁན། ཡིད་བཞིན་ནོར་བུ་ཁོང་ཡིན།
ཞི་བདེའི་དེད་དཔོན་མཆོག་ཡིན། བཀའ་དྲིན་ཅན་པོ་ཁོང་ཡིན།