གནས་ཚུལ་གཏོང་མཁན། སོག་མདའ།
ཚོགས་འདུ། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་ལྔ་བ།
དུས་ཚོད། ༢༠༡༧་ཟླ་གསུམ་པའི་ཚེས་༡ ༢ ༣་བཅས་ཉི་གསུམ།
ས་གནས། བལ་ཡུལ་གྱི་རྒྱལ་ས། ཀ་ཏི་མན་ཏུ།
དྲ་གནས། www.sorigcongress.org
རྒྱལ་སྤྱིའི་བོད་གསོ་རིག་ཁང་གིས་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་ཚོགས་འདུ་བསྐང་ནས་ལོ་ལྔ་འགོར་ཞིང་། དེ་ནི་ཕྱི་ལོ་༢༠༡༠་ལོ་ནས་ལོ་རེར་ཆད་མེད་སྒྲུབ་བཞིན་པ་དང་། ད་ལོའི་ཟླ་བ་བཞི་བའི་ཚེས་གཅིག་ནས་གསུམ་བར་ཡོ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཨེ་སི་ཏོ་ཉི་ཡ་ནས་ཚོགས་ཆེན་བཞི་བ་ལེགས་གྲུབ་བྱུང་བ་དང་། ཕྱི་ལོ་༢༠༡༧་ལོའི་ཟླ་གསུམ་པའི་ཚེས་གཅིག་ནས་གསུམ་བར། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཐེངས་ལྔ་བ་བལ་ཡུལ་གྱི་རྒྱལ་ས་ཀ་ཏི་མན་ཏུ་ནས་འཚོགས་རྒྱུ་ཡིན་ལ། དེ་ནི་རྒྱལ་སྤྱིའི་གསོ་རིག་ཁང་དང་དེའི་ཡན་ལག་བལ་ཡུལ་གསོ་རིག་ཁང་གིས་གྲྭ་སྒྲིག་གནང་བཞིན་ཡོད་། འདི་ནི་ཤར་ཕྱོགས་རྒྱལ་ཁབ་ཏུ་འཚོག་་ཐེངས་གཉིས་པ་ཡིན་པས། བལ་ཡུལ་གསོ་རིག་ཁང་ལ་ཚོགས་འདུ་བསྐོང་བའི་ཉམས་མྱོང་བཟང་བོ་ཡོད་སྟབས་སྔར་ལྷག་གི་གྲ་སྒྲིག་གནང་བཞིན་པའི་སྒང་ཡིན། ཐེངས་འདིའི་བརྗོད་བྱ་གཙོ་བོ་ནི་་ནད་ཐོག་ལག་ལེན་སྐོར་གཙོ་གཉེར་བྱ་རྒྱུ་ཡིན་པས། སྨན་པ་ཉམས་མྱོང་ཅན་ཚོས་ནད་ཐོག་ལག་ལེན་གྱི་བགྲོ་གླེང་དང་གཏམ་བཤད་གནང་རྒྱུ་དང་། ཕན་ཚུན་གྲོས་བསྡུར་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུ་ཡིན་པས། སྨན་པ་དང་ནད་གཡོག སྨན་སློབ་དང་ཞིབ་འཇུག་པ་རྣམས་ལ་ཕན་ཐོག་ངེས་ཅན་ཡོང་རྒྱུའི་གདེང་ཚོད་ཡོད་ལ། སྔར་གྱི་ཚོགས་ཆེན་ལྟར་ཤར་ནུབ་གྱི་རྒྱལ་ཁབ་སུམ་བཅུ་ལྷག་གི་མི་སྣ་འཛོམ་རྒྱུའི་ཚོད་དཔག་དང་། ཁྱད་པར་བདག་ཅག་གི་གསོ་བ་རིག་པའི་མགོ་ཁུང་བོད་ཆོལ་ཁ་གསུམ་ནས་སྨན་པ་རྣམས་ཕེབས་ཐུབ་རྒྱུའི་རེ་བ་དང་། གཞན་འབྲུག་ཡུལ། བལ་ཡུལ། རྒྱ་གར། སོག་པོ། ཀོ་རེ་ཡ་དང་དང་འཇའ་པན་སོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དང་། ཡོ་རོབ་དང་བྱང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་གྱི་ཆེད་མཁས་སྨན་པ་དང་ཞིབ་འཇུག་པ་སོགས་དང་། གཞན་ཡང་ཨ་ཧེ་རི་ཀ་དང་ལ་ཏེན་ཨ་རི་བཅས་གླིང་ཆེན་ལྔ་ནས་ཆེད་ལས་པ་དང་སློབ་མ་སོགས་ཕེབས་རྒྱུའི་རེ་འབོད་དང་། མཐར་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཆབ་སྲིད་དང་ཚོང་ལས་དང་གཞུང་སྒེར་ཕྱོགས་ཞེན་སོགས་ལས་རྒལ་ནས། མི་ཉམས་གོང་འཕེལ་གྱིས་འགྲོ་བ་ནད་པ་མཐའ་དག་ལ་མི་ན་བ་གནས་པ་དང་ན་བ་གསོ་བའི་ཕན་བདེ་བླ་མེད་སྒྲུབ་རྒྱུའི་རེ་སྨོན་དང་བཅས།
རྒྱལ་སྤྱིའི་བོད་གསོ་རིག་ཁང་དང་བལ་ཡུལ་གསོ་རིག་ཁང་གི་ཚོགས་ཆེན་ལྔ་བ་གྲྭ་སྒྲིག་ལས་མི་རྣམས་ནས།
http://www.rfa.org/tibetan/society/discussion-on-recognizing-the-causes-and-conditions-of-mental-disorder-in-general-10152016133714.html
་
depreesion = སེམས་ངལ། དང་། སེམས་ཞུམ་པ། ཡིད་ཐང་ཆད་པ། གང་ཐད་པ་ཡིན་ནམ། ལགས།
བདག་ཅག་གི་གསོ་བ་རིག་པའི་མགོ་ཁུང་བོད་ཆོལ་ཁ་གསུམ་ནས་སྨན་པ་རྣམས་ཕེབས་ཐུབ་རྒྱུའི་རེ་བ་དང་། གཞན་འབྲུག་ཡུལ། བལ་ཡུལ། རྒྱ་གར། སོག་པོ། ཀོ་རེ་ཡ་དང་དང་འཇའ་པན་སོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དང་། ཡོ་རོབ་དང་བྱང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་གྱི་ཆེད་མཁས་སྨན་པ་དང་ཞིབ་འཇུག་པ་སོགས་དང་། གཞན་ཡང་ཨ་ཧེ་རི་ཀ་དང་ལ་ཏེན་ཨ་རི་བཅས་གླིང་ཆེན་ལྔ་ནས་ཆེད་ལས་པ་དང་སློབ་མ་སོགས་ཕེབས་རྒྱུའི་རེ་འབོད་དང་། མཐར་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཆབ་སྲིད་དང་ཚོང་ལས་དང་གཞུང་སྒེར་ཕྱོགས་ཞེན་སོགས་ལས་རྒལ་ནས། མི་ཉམས་གོང་འཕེལ་གྱིས་འགྲོ་བ་ནད་པ་མཐའ་དག་ལ་མི་ན་བ་གནས་པ་དང་ན་བ་གསོ་བའི་ཕན་བདེ་བླ་མེད་སྒྲུབ་རྒྱུའི་རེ་སྨོན་དང་བཅས།
རྒྱལ་སྤྱིའི་བོད་གསོ་རིག་ཁང་དང་བལ་ཡུལ་གསོ་རིག་ཁང་གི་ཚོགས་ཆེན་ལྔ་བ་གྲྭ་སྒྲིག་ལས་མི་རྣམས་ནས།
རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐང་མ་་ལྔ་པའི་སྐོར་ལ།
་
https://www.youtube.com/watch?v=ANYD1JHqdtg