གངས་ཅན་ནས།
༢༠༡༠ ལོའི་ཟླ་༤ པའི་ཚེས་༢༨ ཉིན་དང་། ཧོར་ཟླ་གསུམ་པའམ་ནག་ཟླའི་ཚེས་བཅོ་ལྔའི་དུས་བཟང་ཚེས་བཟང་དང་བསྟུན་ཏེ། རོང་པོ་དགོན་ཆེན་གྱི་སྤྱི་ལོ་༢༠༡༠ ལོའི་ཟླ་༤ པའི་ཚེས་༡༤ ཉིན་ཡུལ་ཤུལ་ཚད་རིམ་༦་༩ ཅན་གྱི་ས་ཡོམ་བརྒྱབ་སྟེ། རང་རིགས་གཙོས་པའི་མི་ཁྲི་སྟོང་མང་པོ་གོད་ཆག་ཚད་ཆེན་བྱུང་བ་རྣམས་ཀྱི་ཆེད་དུ་ཚོགས་ཆེན་འདུ་ཁང་གོ་སྒོ་ཁྱམས་སུ་སྣང་གསལ་མར་མེ་རྒྱ་ཆེ་སྒྲིག་གཤོམ་གྱིས་ཕུལ་བ་དང། སྐྱ་སེར་ཚང་མ་ཆོས་ར་ནང་འཛོམས་ནས།ཐེངས་འདིའི་ཡུལ་ཤུལ་གྱི་ཚེ་འདས་རྣམས་ཀྱི་སྒྲིབ་པ་ཐམས་ཅད་བྱིང་ཞིང་དལ་རྟེན་རིམ་ཐོབ་ཀྱི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་པ་དང། ཤུལ་ལུས་རྨས་མ་དང་། ཉམ་ཐག དྭ་ཕྲུག་རྣམས་མྱུར་དུ་སྡུག་བསྔལ་ལས་གྲོལ་ཏེ། ཚེ་མཇུག་བདེ་སྐྱིད་ལྡན་ཞིང་ཆོས་བཞིན་སྤྱོད་པའི་འཚོ་བའི་སྨོན་ལམ་སྐྱབས་འཇུག་གནང་ཡོད་འདུག
(པར་འདི་དང་གནས་ཚུལ་རྣམས་རེབ་གོང་རོང་པོ་དགོན་པ་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་ལྟར་བསྐུར་བ་ལགས།
པར་གྱི་སྟེང་ཟླ་༥ པའི་ཚེས་༢༩ ཐེབས་ཡོད་ནའང། ཡིན་པ་ཚེས་༢༨ ཧོར་ཟླ་གསུམ་པའི་ཚེས་༡༥
ཉིན་ཡིན་ཟེར།
པར་ཆ་ཚང་གཤམ་གྱི་དྲ་ཐག་འདིའི་སྟེང་ན་འདུགhttp://hi.baidu.com/duodan456/album/%C2%A1%CE%F1%B4%F3%CB%C2%D3%F1%CA%F7%C6%ED%B8%A3)