ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་་ནམས།
འཇིག་རྟེན་གྱི་ས་ཆེན་པོ་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ལ་ཞིབ་ཏུ་དཔྱད་སྐབས་ནང་ཆོས་རིག་པའི་གཞུང་ལུགས་དང་བཟོ་ལས་རིག་པའི་གཞུང་ལུགས་གཉིས་ཀྱི་འོག་ཏུ་མི་རིགས་གསོ་སྐྱོང་བྱེད་པའི་ལམ་ལུགས་ལ་འགན་འཁུར་ནས་མིའི་སྤྱི་ཚོགས་འཚོ་གནས་ཐུབ་པ་ཙམ་ལས། ནང་ཆོས་རིག་པའི་གཞུང་ལུགས་དང་བཟོ་ལས་རིག་པའི་གཞུང་ལུགས་གཉིས་ལ་འགན་མ་འཁུར་ནས་སྤྱི་ཚོགས་ཞིག་ཟུར་དུ་འཚོ་ཐུབ་པའི་ལོ་རྒྱུས་གླིང་འདིར་གོ་མ་མྱོང་ལ་མཐོང་ཡང་མ་མྱོང་།
ང་ཚོ་བོད་མི་རིགས་ལ་ཆ་མཚོན་ན། བཀའ་དྲིན་ཅན་གྱི་ཆོས་རྒྱལ་གོང་མ་རྣམས་དང་ལོ་པཎ་ཚོའི་སྐབས་ནས་དར་བའི་རང་རེ་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་རིག་གནས་བཅུའི་འོག་ཏུ་ནང་ཆོས་རིག་པའི་གཞུང་ལུགས་བརྒྱུད་ནས་བོད་མི་རིགས་འདི་མི་ལོ་སྟོང་ཕྲག་མང་པོའི་རིང་འཇིག་རྟེན་གྱི་ས་གཞི་འདིའི་སྟེང་འཚོ་བཞིན་པ་ནས། རྒྱ་མི་བོད་དུ་སླེབས་ནས་དེང་སྐབས་བོད་ནང་རྒྱ་མིས་བོད་པའི་ཆོས་དང་རིག་གཞུང་རྩ་མེད་གཏོང་དང་གཏོང་བཞིན་པ་ལྟར། ང་ཚོས་ཀྱང་འཛམ་གླིང་མི་མང་གི་མདུན་དུ་ལོ་ནས་ལོ་བསྟུད། ཟླ་བ་ནས་ཟླ་བ་བསྟུད། ཉིན་ནས་ཉིན་བསྟུད་ནས་འཛམ་གླིང་གི་ས་ཕྱོགས་གང་སར་སྐད་འབོད་དང་ཞུ་སྙན་སྦྱར་ཡིག་སོགས་བརྒྱུད་ནས་རྒྱ་མིའི་བོད་ནང་”བོད་པའི་ཆོས་དང་རིག་གཞུང་རྩ་མེད་བཟོ་གི་འདུག བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་འདུག་ཟེར་བའི་གཏམ་དེ་དོན་ལ་གནས་དགོས་ན། དང་པོ་ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རང་གི་ཕ་མེས་ནས་བརྒྱུད་པའི་བོད་མི་རིགས་ཀྱི་རིག་པའི་གནས་བཅུ་ལ་ཚུལ་བཞིན་ཉམས་ལེན་དང་བརྩི་བཀུར་བློ་གཏད་ཡིད་ཆེས་ཞུས་ནས་བོད་མི་རིགས་ཀྱི་ཕ་མེས་ནས་དར་བའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཁ་དང་ལྕེ་ལ་ཉར་ཐུབ་པ་ཙམ་ལ་ཆོག་ཤེས་མ་གནང་བར། དོན་དངོས་ལག་བསྟར་ཐུབ་པའི་འགན་དེ་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས། ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་བོད་མི་རིགས་ཀྱིས་ཕ་མེས་ནས་དར་བའི་རྩ་ཆེའི་རིག་གཞུང་བཟང་པོ་དེ་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུའི་ཆེད་ཆོས་རིག་ལྷན་ཁང་ཟུར་བཙུགས་ཡོད་པ་ལ་འགན་འཁུར་ནས་སྔོན་ཐོན་བྱ་དགོས་པ་ལས། རང་གི་རྩ་ཆེའི་རིག་གཞུང་སྣང་མེད་དུ་དཀྱུར་ནས་དེང་རབས་ཕྱི་ལུགས་བཟོ་ལས་རིག་པའི་རིག་གཞུང་གི་རྗེས་སུ་འབྲངས་ནས་ལྐུགས་པས་ལྷ་མཐོང་བ་ནང་བཞིན་བྱ་རྒྱུ་དེ་དག་སྔ་མོ་བོད་ཀྱི་གཏམ་དཔེ་ལ་ཡོད་པ་བཞིན། “རང་གི་མེ་ལས་མིའི་སྒོ་ཐལ་དྲོ་”ཟེར་བའི་གཏམ་དེ་དོན་ལ་གནས་མ་དགོས་པའི་ཆེད། འཇིག་རྟེན་གྱི་ས་གཞི་འདི་མ་འཇིག་བར་དེ་སྲིད་དུ་ནང་ཆོས་རིག་པའི་གཞུང་ལུགས་འོག་བོད་མི་རིགས་འདི་འཚོ་ཐུབ་པའི་འགན་ད་ལྟའི་མི་རབས་འདི་ལ་ཡོད་པའི་ངོས་འཛིན་ཞུ་གི་ཡོད་ལ། གལ་སྲིད་ང་ཚོས་ནང་ཆོས་རིག་པའི་གཞུང་ལུགས་དེ་འཛམ་གླིང་མི་མང་གི་མདུན་དུ་བཟོ་ལས་རིག་པའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་ཉམས་ཆག་ཏུ་བཏང་ཚེ་དེའི་འགན་ཡང་ད་ལྟའི་ང་ཚོའི་མི་རབས་འདིས་འཁུར་དགོས་པ་དེ་བསུབ་ནས་ཟུབ་རྒྱུ་མེད་པ་ལོ་རྒྱུས་ནས་རྩིས་སྤྲོད་བྱེད་སྲིད་པ་མ་རེད་དམ་།
དེང་སང་བོད་དོན་དང་བོད་རང་བཙན་བོད་རང་དབང་བོད་རྒྱལ་ཁབ་ཟེར་བའི་ཚབ་དུ་ནང་ཆོས་དང་ནང་བསྟན་དཔལ་ཎ་ལཎྜ་ཟེར་བ་དར་ཡོང་གི་འདུག བོད་དོན་ནི་ངོ་མ་རྨི་ལམ་དུ་ཡལ་སོང། ད་ང་ཚོ་བོད་རིགས་ཚང་མ་གྲྭ་བ་དང་ཨ་ནེ་བྱས་བཞག་ན་ཡག་པོ་འདུག སྤྱི་འཐུས་ཚག་མ་ཆོས་ལུགས་སམ་བོད་རྒྱུད་ནང་བསྟན་དགོན་པའི་གཉེར་པ་དེ་ཚོ་བསྐོས་བཞག་ན་ལེགས་པོ་འདུག གྲོས་ཚོགས་ནང་དུ་འབུམ་ཚོགས་འདྲ་ཕུལ་ནས་བཞུགས་ན་ཡག་ས་རེད།
རྒྱ་མིས་བོད་པའི་ཆོས་དང་རིག་གཞུང་རྩ་མེད་གཏོང་དང་གཏོང་བཞིན་པ་
འདི།
རྒྱ་མིས་བོད་པའི་ཆོས་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པ་
དགོས།
དུས་གསུམ་ངོ་སྤྲོད་འབྲེལ་བའི་མཆན་ལ་དགའ་བསུ་ཞུ་
ཐུགས་རྗེ་ཆེ་བཀྲིན་ཆེ་།
འདི་རྩོམ་ཡིག་ཅིག་ལ་ཆ་འཇོག་བྱེད་རིན་མི་འདུག
རྒྱ་གར་བོད་དང་ས་འབྲེལ་ཡོད་པའི་ཡུལ་ལྗོངས་ཁག་ཏུ་སྐད་རིགས་རྩམ་ཟན་བཀོལ་བ་ཇེ་ཉུང་ལ་འགྲོ་བ་དེ་རྒྱ་གར་པས་བཟོས་པ་ཡིན་ནམ། ཟླ་བ་སྔོན་མར་ཁོ་བོས་རྒྱ་གར་རྒྱལ་ས་ལྡི་ལིར་ལ་དྭགས་པ་བཙུན་མ་མང་དག་ཅིག་མཐོང་། ལ་དྭགས་པ་མ་འོངས་པའི་གནས་སྟངས་སྐོར་ལ་བསམ་བློ་ཡོད་མཁན་དག་གིས། “བུ་རྣམས་དགོན་པ་རུ་སྐྱེལ། བུ་མོ་ཀུན་ཇོ་མོ་བཅོས། ཆོས་བཤད་མཁན་གྱི་རིན་པོ་ཆེའི་མཛད པ་ཡིན་ནོ། །”ཞེས་ཡིད་མ་རངས་པའི་ཚུལ་གྱིས་ལྟ་བར་བྱེད་དོ།
ཁ་ཕྱོགས་དང་གནས་ལུགས་རྟུལ་ཙམ་མེད་པར་ང་ཚོ་དང་ངའི་ཕ་མེས་ཟེར་ནས། ཉི་མ་གནམ་ཤར་ལ། ཡར་རྒྱས་དང་མདུན་སྐྱོད་མེད་པའི་སྤྱི་ཚོགས་ཞིག། ད་ལྟའི་འགྲོ་འདུག་ལ་འབྱོར་འདོད་བཤད་པ་ནི། གླུན་པོའི་ལུགས་ལས་ཅི། ཡིག་ཉོག་འདི་འདྲ་ཞིག་ཀློག་ཤོར་བ་ལ་འགྱོད་པས་གདུང་ངོ་། ཧ་ཧ་ཧ།
ནང་ཆོས་ལ་དད་གུས་དང་ཉམས་ལེན་བྱེད་པ་རྣམས་ནི་ཧ་ཅང་གི་ལས་བཟང་པོ་ཅན་རྐྱང་བ་ཡིན་པ་ལ་ཐེ་ཚོམས་མེད། ཡིན་ཀྱང་། འཇིག་རྟེན་འཁོར་བའི་ཁང་ཁྱིམ་ལ་ཆགས་པ་རྣམས་པས། བཀའ་ཆོས་ལ་དད་པ་ཙམ་ལས་ཉམས་ལེན་བྱེད་པ་ནི། ཕུག་མདུན་ལ་དབྱེ་ངོ་མ་ཆོད་པའི་བླུན་པོ་ཅི་བྱེད་མི་ཤེས་བའི་དབང་རྟུལ་ཞིག་ལས་སུ་ཡང་མ་རེད།
བོད་ཡིག་ཤེས་ལོས་དགོས། བོད་པ་ཞིག་ཡིན་ན། དེ་རང་ལ་ཚིམས་བར་བྱེད་པ་རྣམས་ལ་ནི། ལུག་རྫི་ཞིག་གི་ཡོན་ཏན་ཀྱང་མེད་ངེས་ཡིན། ཧ་གོ་བར་བྱོས།
རྩོམ་དེའི་ཀུན་སློང་ཡག་པོ་འདུག་ཀྱང་། རྩོམ་རྩལ་ཅུང་ཞན་ཙམ་འདུག་ནས་སློབ་སྦྱོང་མང་ཙམ་བྱོས།
རྩོམ་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ།
དེང་སང་གི་བོད་པའི་ན་གཞོན། རང་གི་མེས་པོས་བཞག་པའི་རིགས་གནས་ལ་མི་དགའ་བ། དེ་ནི་རྗེས་ལུས་སུ་བལྟ་བ། དེང་གི་ཚན་རིགས་ཀྱིས་བཟོས་པའི་དངོས་པོ་ལ་རང་གིས་བཟོས་པ་ལྟ་བུའི་ངོམ་སོ་འཁྱེར་བ། འོན་ཀྱང་རང་ཉིད་ཀྱི་ངོས་ནས་གསར་བཟོ་གང་ཡང་མེད་པར་རང་ཉིད་བཟོ་མཁན་ཕ་མ་དང་རྒན་རབས་རྣམས་ཀླད་པ་ལྗང་ཁུ་ཟེར་བ། རང་ལ་ཡོད་པའི་རང་གི་སྐད་ཡིག་ལ་མཐོང་ཆུང་དང་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཟ་སྐད་མཐུང་སྐད་ཙམ་ལ་མ་ཤེས་པར་དེང་དུས་དེང་དུས་ཟེར་ནས་འགྲོ་བ་སྟེ་ཧ་ཅང་ཡ་ང་བའི་གནས་སྟངས་རེད་འདུག་སྙམ་མོ།
མཁས་མང་དགྱེས་པའི་མཆོད་སྤྲིན་འདི་ན་མེད་།
རང་གི་ཕུགས་དམིགས་གསལ་སྟོན་བྱས་འདིའི་།
ཟུར་གནས་མཁས་པའི་ཐུགས་དང་འགལ་ཡོད་ཚེ་།
དགོང་པར་མ་འགག་བཟོད་སྲོལ་ཐུགས་སུ་ཆུབ་།
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
ནརང་རང་བསམ་ཚུལ་གླེང་སའི་བརྒྱུད་ལམ་མང་།
དགེ་སྐྱོན་མཛུབ་སྟོན་ཟུར་གནས་མཁས་པའི་འགན་།
ལྷག་བསམ་དཀར་པོ་དྲི་མེད་འདི་རུ་སྤེལ་།
བཅུ་ཕྲག་རིག་གནས་སྦྱངས་པའི་སྤོབས་བ་ཆུང་།
དེང་རབས་ཤེས་བྱའི་གོ་འཕང་དེ་བས་མེད་།
མང་དུ་ཐོས་པའི་གཏམ་གྱི་བསླབས་བྱ་ནས་།
རང་གི་བསམ་པ་ཇི་བཞིན་འདི་ན་བཀོད་།
གཞུང་པས།
གཞུང་པས་དཀའ་རྩོམ་སྤེལ་སོང་། །
གཞུང་པས་མཆན་བུ་བཏབ་སོང་། །
གཞུང་པས་ཆེད་རྩོམ་སྤེལ་བགྱིད། །
གཞུང་པས་སེམས་ཤུགས་སྤེལ་བགྱིད། །
ཀོ་ལི་གྷལ་གྱི་གཞུང་པ་། །
གཞུང་པ་གཞིས་ཆགས་མཁན་པོ། །
གཞུང་པ་ཚེ་དབང་བསོད་ནམས། །
མུ་མཐུད་ཁ་བརྡར་ཕེབས་ཤོག །
་
བོད་མིར་སྐྱེས་པ་ལས་རེད། །
གཞུང་པར་སྐྱེས་པ་དཔལ་རེད། །
ཀ་ཕྲེང་སྤེལ་བ་བསྐྱེད་རེད། །
ཁ་རྡུང་གཟེད་དགོས་ཆོས་རེད། །
་
ངས་ཀྱང་ཁ་རྡར་འཛུན་ཡིན། །
ཆེད་རྩོམ་སྤེལ་སོགས་བྱས་མེད། །
མཆན་བུ་མང་པོ་བཏབ་ཡིན། །
ཁ་རྡུང་མང་པོ་བཟེད་ཡོད། །
་
མཆན་བུ་བཏབ་དགོས་ལས་འགན་རེད། །
ཁ་རྡུང་ཉན་དགོས་ལས་ངན་རེད། །
སྤྱི་དོན་བསམ་རྒྱུ་ནང་ཆོས་རེད། །
སྤྱི་དོན་ཤོད་རྒྱུ་ལས་འགན་རེད། །
་
དེས་ན་སེམས་ཤུགས་མ་ཆག་པར། །
ཁ་བརྡར་ཆེད་རྩོམ་གང་མང་དང་། །
མཆན་བུ་གང་མང་བཏབ་ཞོར་དུ། །
ཐུ་མིའི་བསྟན་པ་སྤེལད་ཅིག་ཀྱེ། །
ཀརྡོ་རབ་འབྱམས་བསྐུལ་བའི་ངོར་།
མཁས་ཚུལ་མིན་པའི་ཀ་བཤད་འདི་།
གང་བསམ་ཡིག་ཐོག་བཀོད་ནས་བྲིས་།
ང་རྒྱལ་མེད་པའི་ཆོས་ལ་འཇུག་།
ཅོལ་ཆུང་གཏམ་དང་རི་འགོའི་དར་།
ཆ་འཇོག་ཡིད་ཆེས་མ་གནང་རོགས་།
ཇ་ཆང་ངོ་སོ་ཟས་ཀྱི་འདྲེན་།
ཉོན་མོངས་དུག་ལྔ་ལས་ཀྱི་སྦྱིན་།
ཏ་ཐ་ག་ཏའི་བསྟན་པ་ལ་།
ཐོས་བསམ་སྒོམ་གྱི་རིག་རྩལ་ཟབ་།
དམ་ཆོས་བསླབས་གསུམ་ནོར་བུ་ལ་།
ནག་ནོག་མེད་པའི་ཉམས་ལེན་དགོས་།
དཔོག་པར་དཀའ་བའི་ནང་ཆོས་རིག་།
འཕགས་ནོར་བཞིན་དུ་རྩད་ནས་སྲུངས་།
བོད་འབངས་བསོད་ནམས་ནང་བསྟན་རིག་།
མ་འཕྱུགས་མ་ནོར་བོད་རིགས་སྤུན་།
རྩ་བ་མི་ལུས་རིན་ཆེན་འདི་།
ཚ་གྲངས་འབྱུང་བ་བཞི་ལས་སྒྲུབ་།
རྫུ་འཕྲུལ་རྣམ་ཤེས་རིག་སྟོང་འདི་།
ཝ་སྤྱང་རྗེས་ལ་ཤོར་མི་ཉན་།
གཞན་ཕན་བྱ་བ་བྱང་ཆུབ་སེམས་།
ཟབ་ལམ་འཕོ་བ་གནད་དུ་གཉེར་།
འོད་གསལ་སྨྱུག་མ་སྒོམ་གྱི་བཤིས་།
ཡེ་བློ་སྟོང་པ་ངོས་འཛིན་ཟབ་།
རང་སེམས་དྲི་མེད་སྟོང་ཉིད་ལྟ་།
ལམ་འབྲས་རྒྱུ་ཡིའི་ས་བོན་ལ་།
ཤེས་རབས་ཐབས་ཀྱི་བདེ་ལམ་འཚོལ་།
ས་ལམ་འབྲས་བུ་སྨིན་པ་ཤོག་།
ཧམ་བཤད་སྟོང་བཤད་འདི་ན་མེད་།
ཨ་ཀྱང་ཀུ་རེའི་ཚུལ་དུ་བྲིས་།
ཀ་རེ་ཀོ་རེ་འབྲི་བའི་གཞུང་པ་དང་། །ཁ་ཡོད་ལག་མེད་སློབ་བཟང་སངས་རྒྱས་དང་། །ག་རུའང་མི་ཚེ་མི་ཕྱིད་ཏྲེ་བྱམས་གསུམ། །ང་ཡི་ཁ་ལ་ཉོན་ལ་བོད་ཡིག་སྦྱོངས། །ཅ་ཅོ་མ་མང་གཞུང་པ་ཚེ་བསོད་ཀྱེ། །ཆ་རྒྱུས་ཆོས་ལ་མེད་པའི་སློབ་བཟང་ལ། །ཇ་ཆང་བསྐྱག་ལ་ལས་བྱེད་ཐོབ་ཐབས་གྱིས། །ཉ་ཉུང་མཉམ་བསྲེའི་ལམ་ལུགས་དྷ་སར་འདུག །ཏ་ལིའི་སྡོང་པོ་རྙིད་འདྲའི་གཞུང་པ་ཀྱེ། །ཐ་མ་འཆི་ཁར་དྲུང་ཆེའི་གནས་མཉམ་འཚོལ། །ད་ལྟ་དྷ་སར་འགྲོ་ན་འགྲོ་རན་རེད། ། ན་རྒས་མི་སྐྱོན་ས་མིག་བཅོ་བརྒྱད་ཡོད། །པ་ཕས་སློབ་གྲྭར་མ་བཏང་ཤེས་ཡོན་མེད་ནའང་། །ཕ་ལས་ལྷག་པའི་སློབ་བཟང་སངས་རྒྱས་ཡོད། །བ་མོ་བཞོ་ན་བཞོ་རན་ལོ་ལྔའི་ནང་། མ་འགྱངས་མ་བུལ་ལ་འུར་དྷ་སར་རྒྱུགས། །ཙཱ་ནཱ་བཟའ་བཞིན་ཀོ་གྷལ་མ་སྡོད་པར། །ཚ་ཐོག་ལྕགས་བརྡུང་དཔེ་བཞིན་དྷ་སར་སོང་། །ཛ་ཡ་རྒྱལ་བའི་དགོངས་པ་གལ་ནའང་འགལ། །ཝ་མོ་ཁྱོད་ཚོར་བཟའ་གོ་བྱུང་ན་འགྲིགས། །ཞྭ་མོ་ཟུར་གྱོན་རྟ་ལྕག་ནམ་མཁར་འཕྱར །ཟ་འདྲེ་སྐར་མ་རྐུབ་བཀྱོག་གཉིས་པ་ཚོ །འ་ལས་ཡོན་ཏན་མེད་པའི་བཟའ་དཔོན་ཚོ། །ཡ་རབས་བཟང་སྤྱོད་ཐལ་བའི་རྡུལ་དུ་རློགས། །ར་ཕོ་ཁ་ལྷུག་གཞུང་པ་ཚེ་བསོད་ཀྱེ། །ལ་ཡོག་མཐོང་སར་དགོས་ན་སྤྲེལ་ལད་ཁྲོབས། །ཤ་ཞེན་ཡིན་མདོག་རང་དོན་སྒྲུབ་བྲེལ་ཚོ། །ས་སྟེང་མི་རུ་སྐྱེས་པའི་དོན་གོ་ཆོད། །ཧ་ལྭོ་གོ་འམ་གཞུང་པ་ཚེ་བསོད་ལགས། །ཨ་མའི་ཨོ་ལོ་སྤྲེའུའི་ལད་ཟློས་བྱོས། ། ཨ་ཁུས་ཀུ་རེ་མ་ཡིན་ངོ་མ་ཡིན། །རང་དོན་འགྲིགས་ན་ཆ་ལུགས་ངན་འང་ངན། །
ཧཧཧཧ་་་་ཨ་ཁུ་འབྲོག་པ་་་་་དྲེགས་པས་སྣུམ་ཚིག་གེ་ནག་ཁུང་ནང་ཡིབ་སྡོད་པ་ལས་གདོང་དངོས་སུ་ཐོན་ཤོག་དང་རང་ལས་བོད་ཡིག་སྦྱོང་རྒྱུ་ཨེ་འདུག་བལྟ་ཆོག་མ་གཏོགས་ང་ཡང་མི་ཚེ་སློབ་སྦྱོང་ལ་སྐྱེལ་འདུག་མཁན་ཅིག་ཡིན་གདའ། དེ་མིན་ནག་ཁུང་ནས་དབྱེན་སྦྱོར་གྱི་ལས་ལ་འབད་འདུག་མཁན་འབྲོག་པའི་གདོང་འབག་གྱོན་མཁན་ཁྱོད་ལ་དུས་ཚོད་ཆུད་ཟོན་རང་རེད་དོ།།
གདོང་འབག་གྱོན་ནས་སྤྱི་ཚོགས་དཀྲུགས་མཁན་
དང་།
མིང་རྫུན་འོག་ཏུ་གཞན་སྐྱོན་གླེང་མཁན་དང་།
ལྷག་བསམ་རྫུས་ནས་དྲ་རྒྱར་ཚང་མཁན་ཚོ་།
ཟུར་གནས་མཁས་པ་དགྱེས་པའི་མཆོདསྤྲིན་མིན་།
ཀ་བཤད་བདུད་རྩིའི་ཐིག་པ་།
བསྐུལ་བའི་གཏམ་དང་བཤད་པའི་གཏམ་།
ཁ་ནས་བཤད་དང་ལག་གི་བྲིས་།
གང་བསམ་རང་དབང་གང་ནས་ཡིན་།
ངོ་ཚ་སྲུང་ནས་དྲ་ནང་འཛུལ་།
ཅ་ཅོ་འདོན་ས་དྲ་རྒྱ་མིན་།
ཆོ་མེད་ཆན་འདེབས་དྲ་རྒྱ་མིན་།
ཇུས་མེད་འགན་འཁུར་དྲ་རྒྱ་མིན་།
ཉོན་མོངས་གླེང་ས་དྲ་རྒྱ་མིན་།
ལྟ་སྤྱོད་ངོམས་ས་དྲ་རྒྱ་མིན་།
མཐུན་སྒྲིལ་གཏོར་ས་དྲ་རྒྱ་མིན་།
དོན་མེད་ཁ་དམག་དྲ་རྒྱ་མིན་།
ནག་ནོག་གཡོག་ས་དྲ་རྒྱ་མིན་།
དཔོན་ཉམས་འདོན་ས་དྲ་རྒྱ་མིན་།
ཕན་མེད་མཆན་འདེབས་དྲ་རྒྱ་མིན་།
བོང་བུ་འདུར་བརྒྱུགས་དྲ་རྒྱ་མིན་།
མ་དགའ་གླེང་ས་དྲ་རྒྱ་མིན་།
རྩོད་གླེང་ཁྲིམས་ར་དྲ་རྒྱ་མིན་།
ཚོགས་གཏམ་གཏོང་ས་དྲ་རྒྱ་མིན་།
རྫུན་གཏམ་སྤེལ་ས་དྲ་རྒྱ་མིན་།
ཝ་སྤྱང་ངུ་ས་དྲ་རྒྱ་མིན་།
གཞན་གནོད་སྐྱེལ་ས་དྲ་རྒྱ་མིན་།
ཟུར་ཟ་གླེང་ས་དྲ་རྒྱ་མིན་།
འར་འུར་སྒྲོགས་ས་དྲ་རྒྱ་མིན་།
ཡོད་རབས་བཤད་ས་དྲ་རྒྱ་མིན་།
རེ་སྟོང་བཅོལ་ས་དྲ་རྒྱ་མིན་།
ལབ་སྟོང་རྒྱག་ས་དྲ་རྒྱ་མིན་།
བཤད་བཤད་གཏོང་ས་དྲ་རྒྱ་མིན་།
ས་མཚམས་མེད་པའི་དྲ་རྒྱ་མེད་།
ཧམ་བཤད་སྤེལ་སའི་དྲ་རྒྱ་མེད་།
ཨ་རོགས་ཕོ་རྒོད་ཐུགས་ལ་བཞོག་།
ཀ་བཤད་བོད་སྐད།
ཁ་བཤད་བོད་སྐད།
ག་འགྲོ་བོད་དོན།
ང་ཚོའི་སྤྱི་དོན།
ཀ་བཤད་བོད་ཡིག་།
ཁ་བཤད་བོད་སྐད་།
གང་བཤད་བོད་དོན་།
ང་ཚོ་དྲ་གྲོགས་།
ཅི་བསམ་བོད་དོན་།
ཆ་འཇོག་བོད་སྐད་།
ཇ་ཆང་བོད་ཟས་།
ཉམས་ཆུང་བོད་མི་།
ལྟ་བ་དབུ་མ་།
ཐོས་བསམ་ནང་བསྟན་།
དམ་གཙང་བོད་རིགས་།
ནག་ནོག་མི་འདུག་།
པ་ཏྲ་རི་མོ་།
ཕ་ལམ་ནོར་བུ་།
བུ་རབས་ཚ་བརྒྱུད་།
མ་ནོར་ལམ་བཟང་།
རྩ་བ་དམ་ཚིག་།
ཚ་གྲང་མ་བཤོད་།
རྫོགས་པའི་སངས་རྒྱས་།
ཝེར་མ་ལྷ་སྲུངས་།
གཞན་ཡུལ་དཀྱུར་དང་།
ཟས་ལས་རང་ཡུལ་།
འུར་གཏམ་མ་སྒྲོགས་།
ཡོད་རབས་མ་བཤོད་།
རང་དོན་མ་གཉེར་།
ལས་ཟློས་མ་བྱེད་།
བཤད་བཤད་མ་གཏོང་།
བསོད་ནམས་བསོག་དང་
ཧ་ཅང་འཕྲུལ་ནས་།
ཨ་གསར་མ་བྱེད་།
ཙ་གེ་ཙིག་གེ་ལས་ལ་ཞུགས་འབྲས་སུ།
ཚ་གི་ཚི་གིས་བཤད་པའི་སྐད་ཆ་དག
ཛ་རེ་ཛོ་རེ་གད་སྙིགས་སྤུངས་པ་འདྲ།
ཝ་སྐྱེས་སྡར་མས་སེང་གེར་མ་འགྲན་ཨ།
མིང་རྫུན་འོག་གི་མཆན་འདེབས་དེ་།
རྟ་ལམ་བོང་བུའི་འགག་རོགས་རེད་།
རང་མིང་བསྐུང་ནས་སྐྱོན་འཛུགས་དེ་།
ཡ་རབས་བཟང་སྤྱོད་གང་ནས་ཡིན་།
དོན་མེད་ནག་མདའ་འཕེན་པ་དེ་།
སྤྱི་ཚོགས་དཀྲུགས་འདོད་མ་རེད་དམ་།
གདོང་འབག་གྱོན་པའི་མཆན་བཀོད་དེ་།
རང་སྐྱོན་གསལ་སྟོན་མ་རེད་དམ་།
ལྷག་བསམ་བཟང་པོའི་བསྐུལ་བའི་བདེན་གཏམ་དང་།
ལྷག་བསམ་རྫུས་ནས་སྐྱོན་འཛུགས་མཆན་འགོད་
གཉིས་།
ལྷག་བསམ་ཅན་གྱི་ཟུར་གནས་མཁས་པའི་མདུན་།
ལྷག་བསམ་རྨ་མེད་སུ་རེད་གསལ་སྟོན་མཛོད་།
ལྷག་བསམ་རང་ཉིད་ལྷག་པར་མཐོང་།
ལྷག་བསམ་གཞན་ཉིད་ལྷག་མར་མཐོང་།
ལྷག་བསམ་དྲང་པོ་ཁ་རུ་བརྒྱན།
ལྷག་བསམ་གཞན་དག་རྫུན་གྱི་བརྒྱན།
ཨ་ཁུ་འབྲོག་པས་ཀ་བཤད་དཔེ་མེད་ཅིག་སླེལ་གདའ། རྗེས་སི་ཡི་རང་ཞུ།
འབྲོག་པའི་སྒོ་ཕྱུག་ཞིང་པའི་ཞིང་ལ་ཤོར་།
ཞིང་འབྲོག་མ་འཆམ་རྩོད་གླེང་དེ་ནས་བྱུང་།
དྲ་རྒྱའི་འཁོར་ཡུག་རང་རང་བསམ་ཚུལ་གླེང་།
ཡིག་ནོར་དགས་བཅོས་འཆན་འགོད་དེ་ནས་དར་།