ཨེ་མ་ཧོ།
དྲིན་ཆེན་བླ་མའི་ཞལ་མཇལ་གསུང་ཡང་ཐོས།།
དྲིན་ཆེན་ཨ་མར་རྒྱུན་དུ་སྐད་བརྡ་བྱེད།།
འཛམ་གླིང་ཕྱི་ནང་གཉེན་བཤེས་མཉམ་དུ་འཛོམས།།
རིགས་རུས་གཅིག་པ་ཁྱིམ་ཚང་གཅིག་ཏུ་འཚོགས།།
བདེན་དྲང་གཡོ་སྒྱུ་མེད་པའི་འདྲ་གཟུགས་ཤིག།
བདེ་མྱུར་གོ་ལ་བསྐོར་བའི་མགྱོགས་འཕྲུལ་ཞིག།
བཟང་ངན་དཔྱོད་ཤེས་མཐོང་སའི་མེ་ལོང་ཞིག།
དེང་རབ་བརྡ་འཕྲིན་རིག་པ་ཁྱད་ཆོས་ཆེ།།
དམ་ཆོས་འཆད་ཉན་བཤད་སའི་གླེང་ཀ་ཞིག།
མཛའ་བརྩེའི་ནང་གཏམ་གླེང་སའི་གྲོས་ར་ཞིག།
འཁོར་འདས་བདེ་སྡུག་བལྟ་སའི་བརྙན་ཐུང་ཞིག།
དྲ་རིག་བདེན་པར་སྤྱོད་ན་དགེ་མཚན་ཆེ།།
རང་འདོད་ཆགས་སྡང་རྨོངས་ན་གཡུགས་ལ་ཤོག།
ཕྱོགས་ཞེན་ཁྱབ་བསྒྲགས་མང་ན་སྐྱུར་ལ་ཐོངས།།
རང་གཞན་གཉིས་ཕན་བགྲོ་གླེང་ཀུན་ཕན་རིགས།།
ཚུལ་བཞིན་སྤྱོད་པར་དེང་འཕྲུལ་དགེ་མཚན་རྒྱལ།།
ཞེས་པ་འདི་ཡང་བག་ཡོད་ཀྱིས་དུས་ཚོད་དམ་འཛིན་དང་ལེགས་ཆའི་ཡོན་ཏན་དུ་མཐོང་བའི་ཤྲཱིཿཨེ་མ་ཧོས་འཕྲན་ཕྲན་ལོངས་སུ་སྤྱོད་གཏོང་དབྱངས་གསལ་གཟུགས་སུ་བཀོད་པར་དགེའོ།། །།
ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། །ཆོས་ཀྱི་སྒོ་འབྱེད་རྣམ་དག་
ཐོས་པ་ཡིན། །ཆོས་སུ་སོང་ཚད་འདི་སྣང་ཞེན་ལོག་ཡིན། །ཆོས་ཀྱི་སྙིང་པོ་
ཐབས་ཤེས་ཟུང་འཇུག་ཡིན། །ཆོས་ལ་ཆོས་བཞིན་སྤྱོད་པར་གྱིས་ཤིག་ཨང༌། །
༅༅། སེམས་པ་བཟང་ན་ས་དང་ལམ་ཡང་བཟང། སེམས་པ་ངན་ན་ས་དང་ལམ་ཡང་ངན།
ཐམས་ཅད་སེམས་པ་དག་ལ་རག་ལས་པས། སེམས་པ་དཀར་ཞིག་འབད་དང་གངས་ཅན་པ།
སེམས་བཟང་མེད་པའི་དགེ་བ་གཏོང་བ་ལས། སེམས་བཟང་བསྐྱེད་ནས་གླུ་ཞིག་བླངས་ན་དགའ།
བཟང་དང་མི་བཟང་སོ་སོའི་སེམས་ལ་ལྟོས། ཆོས་ཀྱི་རྩ་བ་སེམས་བཟང་གཞན་ཕན་རེད།
འཇིགས་དབང་ལགས་སེམས་བཟང་གཞན་ཕན་ལྷུར་བཞེས་གནང་གི་ཡོད་པ་འདྲ། ཀེ་ན་ཌ་གཞུང་གིས་གནང་བའི་མཐུན་རྐྱེན་ཡོད་ཚད་ཡར་མཆོད་མར་གཏོང་ཁོ་ནར་མ་གཏོགས་རང་གིས་སྤྱོད་ཀྱི་མེད་པ་འདྲ། ད་དུང་འཕྲོས་ལྷག་འདྲ་ཡོད་ན་རྡོར་སྤོག་ཡང་གསུམ་དང་། ཤར་ཝ་ར་གསུམ་སོགས་ལའང་དགོངས་བཞེས་ཡོད་པ་ཞུ།