ཟ་ལེ་རྒྱལ་
——————–
མི་ལ་ལས་བསམ་བློ་ཧ་ཅང་བཏང་ཡོད་པའི་ཁུལ་གྱིས་བསམ་བློ་མ་བཏང་བའི་སྐད་ཆ་བཤད་བཞིན་འདུག།
སྐུ་ཞབས་ཞོགས་དུང་ལ་ཉེས་བ་ཅི་ཞིག་ཡོད་མེད་རྒྱ་གཞུང་གིས་ཁྱབ་བསྒྲགས་མ་བྱས་གོང་བོད་མི་སྐྱབས་བཅོལ་བ་ཚོས་དྲ་ཚིགས་མང་བོའི་ནང་ཞོགས་དུང་གིས་གནམ་ས་གོ་འབྱེད་བྲིས་བའི་ཉེས་བ་ཡོད་ཅེས་ཁྱབ་བསྒྲགས་བྱེད་བཞིན་འདུག། དྲང་མོར་བཤད་ན་དྲ་གྲོགས་དེ་དག་གིས་ཞོགས་དུང་གིས་གནམ་ས་གོ་འབྱེད་བྲིས་བར་ཉེས་བ་ཅི་ཞིག་ཡོད་པ་གསལ་བཤད་བྱེད་དགོས། ཞོགས་དུང་འཛིན་རྐྱེན་ཅི་ཡིན་ད་དུང་སུས་ཀྱང་ཤེས་མེད། རྒྱ་གཞུང་གིས་ཉེས་བ་མེད་སར་ཉེས་བ་བཙུགས་ནས་ཞོགས་དུང་ལ་མནར་གཅོད་བཏང་ནའང་། དེ་ནི་བོད་མིའི་ཁ་དཔེ་བཞིན་རྟ་ཇག་པས་འདེད་ན་འདེད་ནོ་དང་ལུག་སྤྱང་ཀིས་གསོད་ན་གསོད་ནོ་ཡིན་ཡང་། ཇག་པས་ཐུབ་པའི་ཐོག་ལ་རོགས་པས་ཐུབ་ཞེས་བ་བཞིན་བོད་པ་ཚོས་ཞོགས་དུང་ལ་དེབ་བྲིས་བའི་ཉེས་བ་ཡོད་ཅེས་བཤད་དགོས་དོན་མི་འདུག
གལ་ཏེ་སང་ཉིན་རྒྱ་གཞུང་གིས་ཞོགས་དུང་ལ་དེབ་བྲིས་བའི་ཉེས་བ་མ་ཡིན་པའི་ཉེས་བ་གཞན་ཞིག་བཙུགས་ནས་ཁྲིམས་ཐག་བཅད་པ་ཡིན་ན་དྲ་གྲོགས་དེ་དག་གིས་རང་གིས་ཁྱབ་བསྒྲགས་བྱས་བའི་ཞོགས་དུང་གི་ཉེས་བ་དེ་དག་ཕྱིར་འཐེན་བྱེད་ཐུབ་བམ། དེ་ལ་བསམ་བློ་བཏང་མྱོང་ངམ། སྨྲ་བརྗོད་རང་དབང་ནི་རྒྱ་ནག་གིས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པས་ཞོགས་དུང་ལ་གནམ་ས་གོ་འབྱེད་བྲིས་བར་ཉེས་བ་ཡོད་ཅེས་བཤད་མིན་ད་དུང་བཤད་མི་ཐུབ་པ་ཞིག་རེད། ཁྱོད་ཚོའི་གླེན་ཁོག་ལ་ཤར་བ་དེ་རྒྱ་གཞུང་གི་སེམས་ལ་སྔ་མོ་ནས་ཤར་ཡོད་ངེས་པས་ཁོ་ཚོས་ཐབས་ལམ་ཞིག་འཚོལ་བཞིན་ཡོད་སྲིད། ང་ཚོས་ཁྱབ་བསྒྲགས་འདི་ལྟར་བྱས་ཚེ་དེ་ནི་རྒྱ་གཞུང་ལ་གོ་སྐབས་ཐོལ་བ་ཞིག་སྤྲད་པ་སྟེ་ཞོགས་དུང་གིས་བྲིས་བའི་གནམ་ས་གོ་འབྱེད་ནི་ཁྲིམས་འགལ་ཡིན་པ་བོད་པ་སྐྱབས་བཅོལ་བ་ཚོས་ཀྱང་ངེས་ལེན་བྱེད་བཞིན་ཡོད་ཅེས་བཤད་སྲིད་པ་ཞིག་རེད།
གལ་ཏེ་ཉེས་བ་འདི་ཚུར་བཙུགས་པ་ཡིན་ན་དེ་དུས་དྲ་གྲོགས་འདི་དག་གིས་དེ་ནི་ངས་བཤད་པ་མིན། ཁོའི་ཆུང་མ་དང་བུ་མོ་གཉིས་ཀས་ཁ་པར་བརྒྱུད་ནས་གསར་འགོད་པར་བཤད་པ་རེད་ཟེར་ངེས། དེ་ནི་ཁག་འཇོག་ས་ཞིག་ལས་དོན་གྱིས་ཞོགས་དུང་གི་ཆུང་མས་ཡི་གེ་མི་ཤེས་བ་དང་བུ་མོ་ད་དུང་ལོ་ཚད་དེར་ཐོན་མེད། གསར་འགོད་པ་ཚོས་ཁོ་གཉིས་ཀའི་ཁ་ནང་ལ་ལག་སྙོབ་བྱས་ནས་འདུག་གི་མ་བཅུག་པར་དེའི་ཁ་གཅོད་བྱེད་ཀྱི་ལན་ཙམ་རེད། ཁོང་གི་ཆུང་མ་དང་བུ་མོ་གཉིས་ལ་རང་དབང་གི་སྐད་ཆ་བཤད་རྒྱུའི་གོ་སྐབས་མེད་པ་ཤེས་བཞིན་དུ་སྐྲག་མི་དགོས་ས་ནས་གསར་འགོད་པ་ཚོས་ཁོ་གཉིས་ཡང་ཡང་དཀའ་ཁག་ལ་གཏད་ཡོད། དྲང་མོར་བཤད་ན་གསར་འགོད་པ་ཚོས་ཞོགས་དུང་བཟུང་བ་བདེན་མིན་གྱི་སྐད་ཆ་དེ་ཁོང་གི་ཆུང་མར་འདྲི་འོས་བ་ཞིག་དང་འདྲི་དགོས་བ་ཞིག་ཀྱང་ཡིན། དེ་ལས་ལྷག་པའི་སྐད་ཆ་འདྲི་བར་ཕ་རོལ་བའི་གནས་སྟངས་ལ་བསམ་བློ་གཏོང་དགོས་མོད་ཁོ་ཚོས་བསམ་བློ་ཅི་ཡང་བཏང་མེད། གསར་འགོད་པ་གསུམ་གྱིས་ཁ་པར་བརྒྱུད་ནས་ཁོང་གི་ཆུང་མ་དང་བུ་མོ་གཉིས་ལ་སྐད་ཆ་ཐེངས་གསུམ་ལ་དྲིས་སོང་། དྲི་བ་དེ་དག་ཚང་མ་གཅིག་པ་གཅིག་རྐྱང་ཡིན་ལ་དྲིས་ལན་ཡང་དེ་བཞིན་ཡིན། གཅིག་གིས་དྲིས་ཟིན་པའི་སྐད་ཆ་དེ་ཤེས་བཞིན་དུ་བསྐྱར་འདྲི་བྱེད་པ་དེ་རང་གི་འཇོན་རྟགས་སམ་གླེན་རྟགས་ཤིག་སྟོན་འདོད་པ་མིན་ན་དེ་ལ་དགོས་བ་ཅི་ཡང་མཐོང་མ་སོང་།
སྐུ་ཞབས་ཞོགས་དུང་གི་ཉེས་བ་ཅི་ཞིག་བསགས་མིན་ཕྱིར་བསྒྲགས་བྱེད་དགོས་ཞེས་ང་ཚོས་རྒྱ་གཞུང་ལ་འབོད་སྐུལ་བྱེད་ཆོག་མོད་ཁོང་གི་ཉེས་བ་འདི་ཡིན་ཞེས་རྒྱ་གཞུང་གིས་མ་བསྒྲགས་གོང་ཁོང་ལ་ཉེས་འཛུགས་བྱེད་རྒྱུའི་ཐོབ་ཐང་དེ་བོད་མི་ཕྱིར་སྡོད་པ་ཚོར་མེད།
རང་གིས་ཅི་ཡང་མི་ཤེས་ན་གླེན་བཤད་བྱེད་པ་ལས་ངས་མི་ཤེས་ཞེས་ཁེངས་སྐྱོང་གི་ཚུལ་དུ་བསྡད་ན་ལེགས་ཞེས་བའི་གདམས་ངག་འདི་ཁྱོད་ཚོས་ཡིད་ལ་ཟུངས། སྤྱིར་ང་ལའང་བཤད་རྒྱུ་མང་མོད་གདམས་ངག་འདིར་བསམ་བློ་བཏང་ནས་མང་པོ་བཤད་མེད་ཅེས་ཟ་ལེ་རྒྱལ་གྱིས།
དེ་བདེན་པ་རེད། དྲ་མྱུལ་ཚོས་ཀྱང་འདི་ཐད་དོ་སྣང་བྱེད་སྲིད། དེའང་ཞོགས་དུང་གི་བདེ་སྡུག་ལ་ང་ཚོས་སེམས་ཁུར་བྱ་འོས།
དེ་དངོས་གནས་རེད། ཡག་པོ་བྲིས་འདུག། ཐུགས་རྗེ་ཆེ་སྐུ་ཚེ་རིང་གཞིས་ལུས་བོད་མིའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཞིག་རེད་འདུག
ཟ་ལེ་རྒྱལ་གྱི་རྩོམ་དེ་ཀློག་རྗེས་ངའི་བསམ་བློར་འགྱུར་བ་ཞིག་ཐེབས་སོང་། དེ་ནི། ད་བར་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་བཀའ་ཤག་གིས་ཞོགས་དུང་གི་སྐོར་ལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པ་འདི། ཁོང་ལ་གནོད་པ་སྐྱེལ་བར་དྭོགས་ནས་ཡིན་སྲིད།
བློ་མཐུན་་་་ཟ་ལེ་རྒྱལ་ལ་ཐུགས་རྗེ་ཆེ།
བདེན་པ་རེད་་་་་གསར་འགོད་པ་ཚོས་བསམ་བློ་མ་བཏང་བར་ཞོགས་དུང་ལགས་ཀྱི་ནང་མི་ལ་ཅིག་ཅིག་ཡིན་འདོད་ཀྱིས་སྐད་ཆ་དྲིས་པ་རེད། གསར་འགོད་པ་ཁྱོད་ཚོས་རང་གི་སྤུན་མཆེད་གང་རུང་ཞིག་རྒྱ་ལག་ན་ཡོད་ན་དེ་མ་ཐག་ནང་ལ་ཁ་པར་བཏང་ནས་སྐད་ཆ་འདྲི་ཕོག་ས་རེད་དམ། ཁྱོད་ཚོས་རང་གི་ནང་མི་ལ་ཁ་པར་རེ་བཏང་དུས་སེམས་ལ་གང་དྲན་གི་འདུག་གམ། འོ་ད་དུང་དྲ་གྲོགས་འགའ་ལ་ཚིག་ཁ་ཤས་ཤིག་བཤད་རྒྱུ་ཡོད། ཁྱེད་ཚོར་ཞོགས་དུང་ལགས་འཛིན་དགོས་དོན་དེ་གནམ་ས་གོ་འབྱེད་ཡིན་པའི་དཔང་རྟགས་ཅི་ཙམ་ཡོད། རྒྱ་མིས་དེབ་དེའི་ནང་དོན་གང་ཡིན་ཤེས་ནི་རེད་དམ། སྐྲག་མི་དགོས་ས་འདི་ནས་བསམ་བློ་ཏོག་ཙམ་མ་བཏང་བར་ཕར་ལ་དེབ་དེའི་ཉེས་པ་རེད་ཅེས་འགྲེལ་བཤད་རྒྱག་མཁན་ངོ་མ་དེ་སུ་རེད་དམ།
དེ་འདྲའི་ཉེས་པ་ཞིག་ཡོད་ན།
དངོས་གནས་བཙན་བྱོལ་བར་ཕོག་ངེས་སོང་།
ད་རུང་ཞོགས་དུང་ལ་དུང་ཁུལ་དང་
ཞོགས་དུང་གི་རིན་ཐང་རིག་ཁུལ་བྱེད་མཁན་ཁག་ཅིག་འདུག
ཞོགས་དུང་བདེ་ལེགས་ངང་ཡོད་སྐབས་ཞོགས་དུང་གི་དེབ་ལ་བདག་གཅེས་དང་
ཞོགས་དུང་གི་སྐོར་གླེང་སྟེ་ཡིད་རངས་དང་
ཆེ་མཐོང་སྤྲད་ཀྱིན་མེད།
ཡིན་ནའང་ཞོགས་དུང་དགྱ་གཞུང་གིས་ཟིན་པ་དང་
ཅི་ཞིག་གི་གོ་སྐབས་རག་པ་ལྟར་
ལམ་སང་ཁྱབ་བསྒྲགས་བྱས་ནས་དེའི་དོན་རྐྱེན་དེ་གནམ་ས་གོ་འབྱེད་ཀྱིས་བཟོས་པའི་མཁས་གཏམ་བཤད་ཁུལ་ལམ།
དཀྲུགས་དཀྲུགས་གཏོང་གིན་འདུག
གནས་ཚུལ་འདི་འདྲ་ཐོན་དུས་ངང་སྒུག་གིས་གཞན་གྱི་གནད་བཙལ་དགོས་ཀྱང་
བཙན་བྱོལ་ནང་གི་ཤེས་ཡོན་པ་ཡིན་རློམ་མཁན་འགས་
རང་གི་མིང་གྲགས་ཕྱིར་རམ་
གང་ཡིན་ན་
ཁ་གྲགས་སུས་འགྱོགས་འདྲ་བྱེད་ཀྱིན་འདུག
བྱེད་སྟངས་འདི་ཚཽ་མཐོང་དུས་
དགེ་ཆོས་གཤེགས་པའི་རྗེས་ཀྱི་འགྱོད་པ་དང་
ལད་ཟློས་དག་ཡིད་ངོར་སློང་ཡོང་གི་འདུག
དགེ་ཆོས་གཤེགས་རྗེས་ཁོང་གི་ནོམ་པ་དེང་སང་མཐོང་མཁན་དེ་ང་ཚོ་ཡིན་དུས་
དེའི་རིགས་དེ་ངོམ་རིན་ཡོད་པའི་གནས་ཚུལ་ཞིག་རེད་དམ།
ཞོགས་དུང་གི་སྐོར་གྱི་ཉེས་མཛོལ་དང་
ནག་ཉེས་ཡོད་ན་
དང་པོ་་་་་་་་་དུས་བབ་རྩོམ་སྒྲིག་པ་་་་་་་་ལུང་རིག་རྒྱལ་གྱི་ལག་པ་དང་
གཉིས་པ་་་་་་ཨེ་ཤི་ཡ་རང་དབུང་རླུང་འཕྲིན་ཁང་
སུམ་པ་་་་་ཧོར་གཙང་འཇིགས་མེད་ཀྱི་ཁ་
བཅས་ལ་འགན་ཡོད་ངེས་ཡིན།
ད་རུང་བཞི་བ་དང་
ལྔ་བ་
རང་མི་རིགས་ལ་ཤ་ཞེན་ཆེ་བའི་སྐུ་ཞགས་ཞོགས་དུང་ལགས་མྱུར་དུ་བཙོན་ལས་ཐར་བ་ཤོག།
བཙན་གནོན་ལ་དཔའ་མི་ཞུམ་ཤིང་། རང་དབང་དང་། འདྲ་མཉམ་སོགས་མི་རིགས་ཀྱི་ལ་རྒྱ་ལ་དུང་བ་ཟབ་པའི་གངས་རིའི་ཕོ་རྒོད་ཞོགས་དུང་ལགས་མྱུར་དུ་བཙོན་ལས་ཐར་བ་བོད་མི་སྐྱབས་བཅོལ་བ་ཡོངས་ཀྱིས་འབད་བརྩོན་གནང་རོགས།
སེང་རྡོར་དྲ་ཚིགས་ཡང་སྒོ་བརྒྱབས་འདུག
ཕྱི་ལོ༢༠༠༨ལོའི་ཟླ་༤པའི་ཕྱི་ཚེས་༢༣ཉིན་གུང་སེང་རྡོར་དྲ་ཚིགས་ནང་ དུ་༼གྲོགས་ཞོགས་དུང་བཀག་སྐྱིལ་བྱས་སོང་བའི་གནས་ཚུལ་རགས་པ།༽ ཅེས་པའི་གསར་འགྱུར་དེ་བཀོད་འདུག་ལ། དུས་ཡུན་ཆུ་ཚོད་ཁ་ཤས་ནང་གསར་འགྱུར་དེ་ཀློག་གྲངས་ལྔ་བརྒྱ་ལྷག་བརྒལ་ཟིན་འདུག དེ་དང་མཉམ་དུ་བསམ་ཚུལ་ཡང་སུམ་བཅུ་ལྷག་ཙམ་ཞིག་ཐོན་ཡོད། འདི་ནི་བོད་ནང་གི་དྲ་ཚིགས་ཤིག་གིས་བོད་ནང་དུ་བྱུང་བའི་དོནརྐྱེན་དམར་རྗེན་ དུ་བཀོད་པ་དང་པོ་དེ་ཆགས་ཡོད། ན་ གཞོན་རྩོམ་པོ་སེང་རྡོར་གྱི་ཞུམ་པ་མེད་པའི་དཔའ་སྤོབས་་སྙིང་སྟོབས་དེ་ལས་ཁོང་ གི་རིགས་ཞེན་དང་དྲང་བདེན་ལ་གཞོལ་བའི་བདེན་ལུགས་མཐོང་བྱུང་བ་མ་ཟད། ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་ལྟར་གཅེས་པའི་དྲ་ཚིགས་འདི་ཉིད་ཀྱང་རིགས་ཞེན་ གྱི་ལར་ཞེན་དང་རང་དབང་གི་ཆེད་དུ་བློས་བཏང་གནང་པ་རེད། དེ་ ནས་ཉིན་གཅིག་གི་རྗེས་སེང་རྡོར་དྲ་ཚིགས་ཁ་འབྱེད་མི་ཐུབ་པར་གྱུར་པ་ནི་དགྱ་ གཞུང་གི་ཞོགས་དུང་སྐོར་གྱི་གནས་ཚུལ་འདི་མཁོ་་སྤྲོད་བྱས་པ་ནས་ཤེས་ཏེ་ཁོང་གི་ དྲ་ཚིགས་སྒོ་བརྒྱབས་པ་ནི་རྗེས་དཔག་ཚད་མས་རྟོགས་ཐུབ། ཉེ་བའི་སྔོན་དུ་ཡང་ཁོང་གི་དྲ་ཚིགས་ཉིན་གྲངས་མང་པོ་ཞིག་གི་རིང་་སྒོ་རྒྱག་ དགོས་པའི་གནས་ཚུལ་བྱུང་ཡོད་ལ། གཞན་ ད་དུང་དྲ་ཚིགས་ནང་སྔོག་བཤེར་གྱིས་ཕྱི་འབྱོར་རྩོམ་ཡིག་དང་དེ་བཞིན་འགྲོ་བ་ མའི་རང་དབང་དང་བསམ་བློའི་ཀུན་སྤྱོད་སྐོར་གྱི་རྩོམ་ཡིག་མང་པོ་ཞིག་དགྱ་གཞུང་ གིས་བཙན་དབང་གིས་་ལེན་དུ་བཅུགས་ཡོད་པ་མ་ཟད་དྲ་བདག་ལ་ཡང་སུན་པོ་གང་མང་བཟོས་ འདུག ཐེངས་འདི་ནི་དགྱ་གཞུང་གིས་སེང་རྡོར་དྲ་ཚིགས་སྒོ་རྒྱག་ཐེངས་གཉིས་པ་རེད།
རླུང་གང་ནས་གཡུག་ན་དེ་ལ་མ་རྒྱུགས། དྲིན་ཆེན་ཚོ། རང་གི་སེམས་ངོ་ལ་འབྱར་བསྡད་ཡོད་པའི་སྐད་ཆ་དེ་བཤད་ན་སུས་བལྟས་ནའང་བདེན་པ་ཡིན་མིན་གང་ལྟར་ཡང་རང་རང་གི་ཚོད་ཀྱི་གནས་ལུགས་དེ་ཡོད་པ་རེད། དེ་ན་མཚུབ་མོ་ལྔ་བོ་ཕར་ལ་འཛུག་ཤེས་བ་ཙམ་མ་ཡིན་པར་ཚུར་ལ་བཙུགས་ནས་ཀྱང་བསམ་བློ་ཅུང་ཙམ་གཏོང་ཤེས་དགོས་བ་རེད། གོང་ནས་རྩམ་དགས་གལ་ཏེ་ཁྱོད་རང་གི་སྤུན་མཆེན་བཟུང་བ་ཡིན་ན་ཞེས་བ་ལྟ་བུ་རེད། སྤྱིར་བཤད་ན་འདི་ནི་བསམ་བློའི་ཀུན་སློང་གི་དབང་གིས་ཡིན་མིན་མི་ཤེས་མོད་མཁས་རྟགས་སྟོན་མ་ཤེས་བས་ཡིན་པ་འདྲ།
ཨོ་རེད། གོང་བཀོད་འདི་འོད་དཀར་དྲ་བ་ནས་འདྲེན་བཀོད་བྱས་པ་ཡིན།
ཞོགས་དུང་གིས་གནམ་ས་གོ་འབྱེད་ནང་འདི་ལྟར།
༸དེ་ལྟར། སྒེར་གཅོད་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་འཇིགས་པ་དང་། སྒེར་གཞུང་གང་ཡང་མི་རིགས་རིང་ལུགས་ཐལ་མཐའ་པར་ལྟུང་ཉེན་ལ་དཔགས་པས་འཇིགས་པ་ དང་། མི་བུ་སྒེར་གྱི་ཚེ་སྲོག་དང་བདེ་སྡུག་བསམས་པས་འཇིགས་པ་དང་། མ་འོངས་སྔོན་རྟོག་གིས་འཇིགས་པ་བཅས་འཇིགས་པའི་ཚོར་པ་སྣ་བཞི་ཡོད་པ་བྲིས་ཏེ་ མཚམས་འདིར་སླེབས་པ་ན། འཇིགས་པའི་ཚོར་པ་གཞན་ཞིག་ཡོད་པ་ནི། རྩོམ་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་ གིས་འཁུར་རྒྱུ་ཡིན་ནོ།།༸
བསྟན་འཛིན་བདེ་བྱེད་ལགས།
གནམ་ས་གོ་འབྱེད་ཀྱི་ནང་ལ་གང་བྲིས་ཡོད་པ་དེ་ཚང་མས་མཐོང་སྟེ་འདྲིར་སྐད་ཆ་བཤད་ཀྱིན་ཡོད་པ་རེད། ཁོ་ལ་དེ་བཤད་པའི་ཐོབ་ཐང་ཡང་ཡོད་པ་རེད། དེ་ན་ཁྱོད་ཀྱིས་སུ་ཞིག་ལ་ཁོང་གི་སྐད་ཆ་འདི་ཁྱབ་བསྒྲགས་དང་བརྒྱུད་སྤྲོད་བྱེད་འདོད་པ་ཡིན། ངས་འདི་ནས་ཚིག་ཚོགས་འགའ་བྲིས་བའང་དོན་དག་དེ་ཡིན།
དེ་བཞིན།
ཡིག་འབྲི་ཁྲི་བདུན་ཡང་འདྲེ་ཚང་ལ་མ་ཕུལ་སྔོན་ཡོངས་འཛིན་རིན་པོ་ཆེ་འཁོར་བཅས་ཀྱིས་སྤྱན་ཆབ་ཉིལ་ལེར་ཕྱི་འཐེན་ཡོང་རེ་གསོལ་འདེབས་བྱས་པ་མ་རེད་དམ།
ལུག་སྤྱང་ཀིར་ཞེད་པ་ལུག་ལ་བདེན་པ་མེད་པས་མ་ཡིན་པར། སྤྱང་ཀི་གཏུམ་དྲག་ཆེ་བས་རེད།
ད་ཡིན་ན། རྡ་རམས་ས་ལ་ན། མདོ་སྨད་རྒྱུན་ལས་དང་ཨ་ལག་འཇིགས་མེད་རིན་པོ་ཆེ་ཚང་གིས་གནམ་ས་གོ་འབྱེད་བསྐྱར་པར་གྲ་སྒྲིག་གནང་གི་ཡོད་པ་འདི་མཚམས་འཇོག་པ་རེད་དམ།
རྒྱ་དམར་དྲག་པོ་སྒེར་གཅོད་སྲིད་གཞུང་འོག་དམངས་ལ་ཡོད་པའི་གཏམ་བརྗོད་རང་དབང་ཐོབ་ཐང་གང་ཡིག་ཐོག་ན་ཡོད་པ་ཙམ་ལས། ལག་ལེན་ཁྲོད་གཏམ་བརྗོད་རང་དབང་་བརྩོན་ལེན་བྱེད་མཁན་རྣམས་བཀག་ཉར་དང་།བཙོན་འཇུག གཅེར་རྡུང་། སྲོག་འཕྲོག འཇིགས་སྐུལ་བྱེད་བཞིན་པ་མི་ཤེས་མ་མཐོང་བ་གང་ནས་ཡིན།
ཞོགས་དུང་གིས་གནས་ལུགས་འདི་ཉིད་རྗེན་པར་མཐོང་ནས་ངས་གོང་དུ་ལུང་འདྲེན་བྱས་པའི་གཏམ་གང་མངོན་པར་བསྒྲགས་པ་རེད།
ད་ནམ་ལངས་བས་མ་ཚད། ཉི་མ་འང་ཤར་འདུག ད་དུང་ཙིག་ཁུང་ཕྱི་རོལ་མཐོང་གི་མི་འདུག་གམ།
ད་སེང་འབྲུག་ཁ་སྤྲོད་བར་ལ་ཐལ་རྡུལ་མ་གཏོར་ཅིག
དེབ་འདིའི་ནང་ནས་རྒྱ་ནག་གི་མགོ་ཁྲིད་ཚོར་ཧ་ཅང་མཁོ་བའི་ཚིག་དེ་ཚོ་ཁྱོད་ཀྱིས་རྒྱ་ཡིག་ལ་བསྒྱུར་ན་ཡག་ས་རེད། སྤྱིར་ཡིན་ན་དེབ་དེའི་བསྟན་དོན་སྤྱིའི་ཆ་ནས་བཤད་དགོས་བ་ལས་ཚིག་རེ་འགའ་དྲངས་ནས་བཤད་ན་ཡག་བཤད་དང་བཙོག་བཤད་གཉིས་ཀ་ཡོད་པ་དེབ་ཚང་མའི་ཆོས་ཉིད་རེད།
ཨ་རོགས་ཚོ།ངེད་ཚོ་ཟེ་ལེ་རྒྱལ་གྱི་སྐད་ཆར་བརྒྱ་ཆའི་བརྒྱར་མོས་མཐུན་ཡོད།རང་དབང་ལུང་པ་ནས་རང་འདོད་བཤད་བཤད་ཆོག་ཆོག་རེད་མ་འདོད།ད་ལྟ་ལྟ་དུས་ཁ་ཤས་ཀྱི་ཞོགས་དུང་འཛིན་པ་དེ་ལུགས་མཐུན་གྱི་ཚུལ་ལ་བརྩི་ཡོད་པ་མ་ཟད་།སྔོན་ནས་མཁྱེན་ཡོད་པ་ལྟ་བུ་དང་།ཡང་ཁ་ཤས་ཀྱིས་སོ་སོའི་ཤེས་ཚད་དང་རང་ཚོད་མི་ཟིན་པར་ཞོགས་དུང་གི་དེབ་ཧ་ལས་པ་ཞིག་མ་ཡིན་ཚུལ་དང་།གོ་ཐོས་བཞིན་གྱི་སྐད་གྲགས་ཆོད་པ་མེད་པ་སོགས་སོ་སོའི་ཤེས་རྒྱ་ལས་བརྒལ་བའི་ཧམ་སེམས་བཅིངས་ནས་ག་དུས་ཡིན་ན་སོ་སོ་དང་འབྲེལ་བ་མེད་དུས་ཕ་རོལ་བའི་བདེ་སྡུག་ལ་བསམ་བློ་མི་གཏོང་བར་ཡིན་ཁུལ་བྱེད་པ་དེ་ཚོ་ནི་ང་ཚོའི་སྤྱི་ཚོགས་འདིའི་ཆེས་མི་བུ་ཐ་ཤལ་བར་གྲས་སུ་མི་འཇོག་རང་
ཇོག་རེད།སྤྱིར་ཞོགས་དུང་གི་དེབ་དེ་སྨྲ་བརྗོད་རང་དབང་གི་དྲང་ཐིག་ལས་བརྒལ་མེད་པས་རྒྱ་ནག་གིས་ཉེས་པ་མ་བསྒྲགས་གོང་དུ་བཙན་བྱོལ་བོད་མི་ཚོས་ཉེས་པ་བགྲང་གི་འདུག དངོས་གནས་གད་མོ་སློང་ཡ་རེད།
ཨ་ལ་ལ། རྒྱ་གུང་བྲན་ཚང་ང་ཡིག་བསྒྱུར་བ་མ་རག་པའི་དཀའ་ངལ་ཡོད་འདུག
དགྱ་ནག་ཟེར་བ་དེ་ག་རེད་ཀོ དྲ་གྲོགས་ཚོ། བོད་ཡོངས་རྫོགས་ཀྱིས་འབྲི་བཞིན་པའི་ལམ་ལུགས་འདི་འཕྲོ་བརླགས་མ་གཏོང་རོགས།
དྲ་གྲོགས་ཟ་ལེ་རྒྱལ་གྱིས་འདྲ་ཆགས་སེ་ཞིག་བཤད་འདུག མི་ཤཻས་ཤེས་ཁུལ་གྱིས་ཅང་བཤད་ན་ཡག་པོ་མི་འདུག་
སྐུ་ཞབས་ཞོགས་དུང་གློད་ཐབས་ཀྱི་གྲོས་གཞི།
དང་པོ། བོད་མི་གཞིས་པ་ཚོས་སྒྲུབ་དགོས་པའི་དོན་ཚན།
སྐུ་ཞབས་ཞོགས་དུང་གི་བུ་མོས་བཅར་འདྲི་བརྒྱུད་ནས་བཤད་པ་ལ་གཞིགས་ན། བོད་ནང་ན་ཁོང་གློད་ཐབས་ལ་ལས་དོན་སྒྲུབ་པ་དེ་ཕྱིར་མ་བསྒྲགས་པའམ་ཤུགས་ཆེར་བསྒྲུབས་མེད་པར་གྲགས།
དེ་འདྲ་ཡིན་པའི་དབང་དུ་བཏང་ན་བོད་མི་གཞིས་པ་ཚོས་སྒྲུབ་དགོས་པ་གཤམ་དུ།
གཅིག བོད་ནང་གི་ཤེས་ཡོན་པ་ཚོས་ཐབས་མཁས་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཁག་སྟེ། མི་དམངས་སྲིད་གཞུང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། ཉེན་རྟོགས་ལས་ཁུངས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཁང་། མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུགས་ཡེ་གེ་འབུལ་བ།
གང་ཡིན་ཞེ་ན། ཤེས་ཡོན་པའི་རྒྱ་ནག་གཞུང་ལ་སྙན་ཞུ་ཕལ་བ་དེས། མ་མཐར་ཡང་ཞོགས་དུང་ཁོང་ལ་ཤེས་ཡོན་པའི་སྡེ་ན་དོ་སྣང་ཡོད་པ་གསལ་བོར་སྟོན་ཐུབ་པ་དང་། སྟབས་ལེགས་ན་རྐྱེན་དེ་ལས་གློད་ཀྱང་སྲིད།
གཉིས།
ཁོང་གི་གཉེན་ཉེ་འབྲེལ་ཚོ་ལ་གཞིས་པ་བོད་མི་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་དང་རོགས་དངུལ་སྤྲོད་པ། ཁོང་ཚོར་སེམས་གསོ། ཁྲིམས་རྩོད་པ་ཞུ་རྒྱུར་རོགས་རམ་བྱེད་པ། ཁོང་ཚོ་དང་མཉམ་དུ་མི་སྐོར་ཁག་བྱས་ཏེ་རེ་མོས་ཀྱིས་བཀག་ཉར་ཁང་ལ་འཚམས་འདྲི་དང་། མཚོ་སྔོན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་གློད་གྲོལ་རེ་ཞུར་འགྲོ་བ།
གསུམ།
མི་མང་གིས་ཀྱང་གོང་གསལ་འབྲེལ་ཡོད་ལས་ཁུངས་དག་ལ་ཁ་པར་དང་འཕྲིན་ཡིག་བརྒྱུད་ནས་གློད་གྲོལ་རེ་འབོད་བྱེད་པ། དྲ་རྒྱ་དང་མི་ཁ་ནས་གླེང་སློང་ཤུགས་ཆེར་བྱེད་པ།
རྒྱུ་མཚན་ནི་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་པ་སོགས་གསང་བའི་འཛིན་བཟུང་བྱས་པའི་ཚེ། མི་མང་གིས་དོ་སྣང་དང་གླེང་སློང་ཤུགས་ཆེར་བྱས་ཏེ་གློད་གྲོལ་བྱུང་བ་ཡོད་སྲིད་པས། གཞུང་དེ་ལ་མི་མང་གིས་སུན་གཙེས་གཏོང་པའི་ཐབས་འདི་རང་རེས་ཀྱང་བསྟེན་དགོས།
བཞི།
རྒྱ་རིགས་ཤེས་ཡོན་པ་དྲང་བདེན་སྐྱོང་མི་དག་ལ་འབྲེལ་བ་བྱས་ཏེ་ཁོང་ཚོར་ཞོགས་དུང་གློད་ཐབས་ལ་རོགས་རམ་ཞུ་བ་དང་། རྒྱ་ཡིག་གི་དྲ་རྒྱ་ལྟ་བུའི་འཕྲིན་ལམ་ནས་ཁོང་གི་སྐོར་གླེང་སློང་ཚད་ཇེ་ཆེར་གཏོང་བར་རེ་སྐུལ།
གཉིས་པ།
བཙན་བྱོལ་བོད་མིས་སྒྲུབ་དགོས་པའི་དོན་ཚན་ཁག་ནི།
གཅིག
ཐད་ཀར་ངོ་རྒོལ་སྐད་འབོད་མི་བྱེད་པར་བརྒྱུད་ནས་གློད་ཐབས་བྱ་བ་ལ། དཔེར་ན། རྒྱལ་ཁབ་སོ་སོའི་གཞུང་དང་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་ སྐུ་ཞབས་ཞོགས་དུང་གློད་གྲོལ་ཡོང་བར་རེ་འབོད་བྱེད་པ་སྟེ། རྒྱལ་ཁབ་དེ་ཚོས་སྐུ་ཞབས་ཁོང་གློད་ཐབས་ལ་རང་གི་གཞུང་ཚབ་བརྒྱུད་ནས་རྒྱ་ནག་དབུས་དང་མཚོ་སྔོན་ས་གནས་སྲིད་གཞུང་ལ་ཁ་པར་གཏོང་བ།
གཉིས།
བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཕུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱ་ནག་ནག་ཏུ་ཡོད་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་སྙན་ཞུ་ཕུལ་ནས། ཚོགས་པ་དེ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་དང་རྒྱལ་ཁབ་ཁག་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོ་སོར་གློད་གྲོལ་ཆེད་དུ་ཁ་པར་དང་འཕྲིན་གཏོང་བར་རེ་སྐུལ།
གསུམ།
བདེ་འཇགས་ཀྱི་ལམ་ཁ་རྙེད་ན་བརྒྱུད་ནས་སྐུ་ཞབས་ཞོགས་དུང་གི་ནང་མིར་རོགས་དངུལ་སྤྲོད་པ།
གསུམ་པ།
བཙན་བྱོལ་བོད་མི་ཚོས་གཟབ་དགོས་པའི་དོན་ཚན་ནི། སྐུ་ཞབས་ཞོགས་དུང་གི་ནང་མིར་ཁ་པར་བརྒྱུད་ནས་འབྲེལ་བ་བྱ་སྐབས། ཁོང་ཚོའི་བདེ་འཇགས་ལ་འགན་འཁུར་དགོས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཨེ་ཤུ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རི་རླུང་འཕྲིན་ཁང་སོགས་ཀྱིས་ཁོང་གི་མི་ཚོར་བཅར་འདྲི་བྱས་པ་ལས་རག་པའི་གནས་ཚུལ་རྣམས་ཀུན་ཀྱི་ཐོག་མར་རང་རང་གི་གསར་འགྱུར་བརྒྱུད་ལམ་དུ་འགོད་པར བརྩོན་ལེན་གྱི་ཕྱིར་དུ་སྒྲོག་མི་རུང་། གོང་གསལ་བོད་དོན་ལ་དམིགས་ནས་བཙུགས་པའི་བརྒྱུད་ལམ་དེ་ཚོས་བོད་ནང་གི་མི་ལ་བཅར་འདྲི་སོགས་བྱས་ཏེ་གནས་ཚུལ་རག་ནའང་། ཐོག་མར་འཛམ་གླིང་ན་རྒྱུག་ཆེ་ཤོས་ཀྱི་གསར་ལམ་དུ་འགོད་ཐབས་ལ་བརྩོན་པ་དང་། དེ་ནས་ གསར་ལམ་གྲགས་ཅན་གཞན་དག་ལས་ཚུར་དྲངས་ཏེ་གསར་འགྱུར་གཉིས་པའི་ཚུལ་དུ་བསྒྲགས་ན་ལེགས། རྒྱུ་མཚན་གང་ཡིན་ཟེར་ན། སྐུ་ཞབས་ཞོགས་དུང་ལྟ་བུའི་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་མིའི་སྐོར་གྱི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་ཆེ་ཤོས་ཤིག་ནས་ཆེས་ཐོག་མའི་གསར་འགྱུར་དུ་འགོད་ཐུབ་ན། གཅིག་ནས་ཁྱབ་ཚད་ཆེ་བ་དང་། གཉིས་ནས་རྒྱ་ནག་གཞུང་གིས་ཀྱང་གཟུར་གནས་ཀྱི་གསར་ལམ་དག་ལས་ཐོན་པའི་གསར་འགྱུར་ལ་མཐོང་ཚུལ་མི་འདྲ་བ་འཛིན་པ་ཡིན། དེ་མིན་གསར་ལམ་ཆུང་རིགས་ནས་བསྒྲགས་ཟིན་ན་གཟུར་གནས་ཆེ་ཤོས་ཁག་གིས་གནས་ཚུལ་བསྒྲགས་ཟིན་པ་མི་འགོད་པ་དང་། བོད་དོན་ལ་དམིགས་སུ་བཙུགས་པའི་གསར་ལམ་དང་ཚོགས་པ་ཁག་གིས་བདེན་པ་བསྒྲགས་ཀྱང་། རྒྱ་ནག་གཞུང་གིས་དེ་དག་ནི་ཀྲུང་གོར་སྡང་བའི་ཚོགས་པར་བགྲངས་ནས་དགག་རྐྱང་བྱེད་པ་དང་། ད་དུང་རྒྱུ་མེད་རྣམ་རྟོག་གིས་བཀག་ཉར་དུ་ཡོད་པའི་མི་དེ་ལ་ཉེས་པ་འགེལ་བའི་རྒྱུར་ཡང་འགྲོ་སྲིད།
གཉིས། གོང་གསལ་སྒྲུབ་འོས་པ་དག་སྔོན་ལ་མ་སོང་བའི་གནས་སྐབས་དེ་ལ། བཙན་བྱོལ་བ་ཚོས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་ངོ་རྒོལ་སོགས་དངོས་བསྟན་གྱི་ལས་འགུལ་རིགས་རེ་ཞིག་མ་བྱས་ན་ལེགས། དེ་མིན་གཞིས་པ་བོད་མི་ཚོས་སྐུ་ཞབས་ཁོང་ཉེས་མེད་དུ་བསྒྲུབས་ནས་གློད་ཐབས་བྱེད་པ་ ལ་གནོད་སྲིད།
མཐར་སྐུ་ཞབས་ཞོགས་དུང་གི་ལུས་སེམས་ལ་སྡུག་བསྔལ་མེད་པར་མྱུར་དུ་གྲོལ་བའི་སྨོན་འདུན་དང་། ཁོང་གི་ནང་མི་ཚོར་སེམས་གསོའི་འཚམས་འདྲི་དང་བཅས།
ཚེ་རིང་རྡོ་རྗེ་ནས།
༢༠༡༠ལོའི་ཕྱི་ཟླ༥ཚེས༢ཉིན་བྲིས།
གཞིས་བྱེས་གཉིས་ནས་བོད་རིགས་མང་པོས་སྐུ་ཞབས་ཞོགས་དུང་གི་སྐོར་ལ་སྐད་ཆ་མང་པོ་བཤད་པ་དེས་ཁོང་གི་
བདེ་སྡུག་དང་ནང་མིའི་བདེ་སྡུག་ལ་བསམ་བློ་བཏང་གི་ཡོད་པ་གཅིག་མཚུངས་རེད། གང་ལྟར་ཐབས་ལམ་གང་
ཞིག་སྤྱད་ཀྱང་ངེས་ནས་ཁོང་ལ་ཕན་པའི་སྐད་ཆ་ཞིག་དང་། བོད་མི་ཞིག་ཡིན་ཕྱིན་ཚང་མས་དོ་སྣང་ཡོང་ཐབས་
ལ་འབད་པ་བྱེད་རྒྱུ་དེ་གལ་ཆེར་མཐོང་གི་འདུག
མི་ཡུལ་འདིར་མི་བུ་སུ་ཞིག་ཡིན་རུང་རང་རིགས་ལ་ཤ་ཞེན་དང་ལ་རྒྱ་དགོས་ཀྱི་འདུག་