ཉེ་སྔོན་རང་གཞུང་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན་ཀོ་ལེ་གྷལ་གཞིས་ཆགས་ནས་ཀྱང་དགོན་པ་བདུན་དང་གཞིས་གྲོང་ཉེར་གཉིས་པོས་སྐྱེ་དགུ་མདོའི་ས་ཡོམ་གོད་ཆགས་དེར་བདུན་ཚིག་གསུམ་པ་མྱ་ངན་གུས་འདུད་དང་སྨོན་ལམ་འཚོགས་ཡོད། རྫོགས་ཆེན་དགོན་ནས་ཉི་མ་དེ་དང་བསྟུན་རྒན་གསོ་ཁང་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་མ་ཎི་གསོགས་སྒྲུབ་མཐར་བསྔོ་སྨོན་ཟབ་རྒྱས་གནང་ཡོད་པ་དང་། རྫོགས་ཆེན་དགོན་གཞུང་ནས་ཀྱང་ཀར་གླིང་ཞི་ཁྲོ་ཞལ་ཕྱེ་བྱས་ནས་བདུན་ཚིག་གསུམ་པ་ལེགས་གྲུབ་བྱས་ཡོད། སྤྱིར་སྤྱི་ཟླ ༤ ་༡༦ ནས་བཟུང་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ངོས་ནས་དབྱིན་ཇིའི་རྒྱལ་ས་ཨང་ལན་ནས་ཐུགས་གསོའི་འཚམ་འདྲི་ཅིག་ཕུལ་བ་ལྟར་དེ་རྗེས་ཧིན་སྒོར་འབུམ་གཅིག་གི་ཞལ་འདེབས་དང་ད་དུང་རྗེས་ནས་ས་གནས་དེར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་རྒྱུའི་དགོངས་གཞི་ཤུགས་དྲག་ཡོད་རེད། དེ་བཞིན་རྫོགས་ཆེན་དགོན་རང་ནས་ནམ་རྒྱུན་བཟང་སྤྱོད་དང་བདེ་སྨོན་སོགས་སྨོན་ལམ་གསུང་བཞིན་པ་དང་ཁྱད་པར་བདུན་ཚིག་དག་ལ་དུས་ཚོད་ཟུར་གཅོད་བྱེད་ནས་ཀར་གླིང་ཞི་ཁྲོ་སོགས་གསུང་གྱིན་ཡོད། དེ་བཞིན་རྫོགས་ཆེན་པའི་ཆོས་རྒྱུད་བལ་ཡུལ་གྱི་རྫོགས་ཆེན་ཤྲི་སེང་ཧ་ལུང རྟོགས་ཆོས་ཀྱི་དགའ་ཚལ་དང་བལ་ཡུལ་རྫོགས་ཆེན་དགོན་སོགས་བལ་ཡུལ་ནང་ཁུལ་ན་བཞུགས་པའི་དགོན་ལག་ཚང་མས་ཀྱང་ཉིན་རེ་རེ་བཞིན་སྨོན་ལམ་འཚོགས་ཀྱིན་ཡོད། ཁྱད་པར་བོད་ནང་ན་བཞུགས་པའི་རྫོགས་ཆེན་མ་དགོན་གྱིས་ཀྱིས་ཀྱང་ཚེས་བཅུ་དྲུག་ཉིན་རྫོགས་ཆེན་རིན་པོ་ཆེ་སོགས་མཁན་སྤྲུལ་བཅུ་བཞི་དང་གྲྭ་བ་ཉིས་བརྒྱ་གྱ་གསུམ་དང་མི་སྐྱ་སུམ་ཅུ། སྨན་པ་དྲུག་དང་སྨན་གཡོག་སོགས་རོགས་བསྐྱོར་དངོས་རྫས་དང་བཅས་ས་འགུལ་གྱིས་གོད་ཆགས་བྱུང་སར་འབྱོར་ནས་ཉིན་བདུན་གྱི་རིང་། འདས་གྲོང་དུ་སོང་བ་རྣམས་ལ་འཕོ་བ་དང་བསྔོ་སྨོན། ཐེང་དང་པོའི་ཉིན་བེམ་པོ་ཆིག་སྟོང་ལྔ་བརྒྱ་ལྷག་ཞུགས་འབུལ་དང་། ཉིན་བཞིན་བེམ་པོ་བརྒྱ་ཕྲག་ཁ་ཤས་ཞུགས་འབུལ་སོགས་བྱས། རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གི་སྨན་པ་དྲུག་དང་སྨན་གཡོག་རྣམས་ཀྱིས་ཉིན་ལྟར་རྨས་མ་ལྔ་བརྒྱ་ཙམ་ལ་སྨན་བཅོས་བྱས། དེ་བཞིན་གནོད་ཐེབས་གསོན་པོ་མི་དམངས་རྣམས་ལ་ཙམ་པ། མར། ཆུ་སོགས་ཟས་རིགས་དང་། རས་གུར། ཉལ་ཐུལ། ཉལ་གདན་སོགས་ཀྱིས་རོགས་རམ་དོན་སྨིན་བྱས་པ་དང་། རྒྱ་སྒོར་ཁྲི་བཞི་བརྒྱ་ལྷག་གི་བཅའ་དངོས་ས་འོག་ལས་བཏོན་ཏེ་དོ་བདག་སོ་སོའི་ལག་ལ་འཕྲོད་པར་བྱས། རྫོགས་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་གུར་དགའ། དེ་བཞིན་འབྲེལ་ཡོད་སློབ་མ་རྣམས་ཀྱིས་ཞབས་འདེབས་སུ་ཕུལ་བ་རྣམས་བསྡོམ་པས་རྒྱ་སྒོར་ཁྲི་སུམ་བརྒྱ་ལྷག་དང་། རྫོགས་ཆེན་སྤྲུལ་སྐུ་བསྟན་འཕེལ་རིན་པོ་ཆེ་ནས་རྒྱ་སྒོར་ཁྲི་དྲུག་ཅུ་ལྷག་གི་དངོས་རྫས་བསྣམ་ནས་ཐེངས་འདིར་སྐུ་དངོས་ཆེད་ཕེབས་གནང་བ་དང་། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་འབྱོར་ལྡན་ནས་རྒྱ་སྒོར་ཁྲི་ལྔ་བཅུ་ང་གཅིག སྤྲུལ་སྐུ་རིག་འཛིན་མཐར་ཕྱིན་ནས་རྒྱ་སྒོར་ཁྲི་ཉེར་བཞི། མཁན་པོ་ཉི་རྒྱལ་གྱིས་རྒྱ་སྒོར་ཁྲི་ཉེར་གཅིག སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་སྒོར་ཁྲི་བཅུ་དྲུག སྤྲུལ་སྐུ་སྙན་གྲགས་ནས་རྒྱ་སྒོར་ཁྲི་བཅུ་བཞི། སྤྲུལ་སྐུ་མགོན་པོ་ནས་རྒྱ་སྒོར་ཁྲི་བཅུ་གསུམ། སྤྲུལ་སྐུ་འཆི་མེད་རྡོ་རྗེ་ནས་རྒྱ་སྒོར་ཁྲི་ལྔ། སྤྲུལ་སྐུ་མཐུ་སྟོབས་ནས་རྒྱ་སྒོར་ཁྲི་གསུམ། སྨན་སྤྲུལ་དགེ་གྲགས་ནས་ཧོང་ཀོང་སྒོར་མོ་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱ་དང་། གཞན་ཁོང་གིས་ཧོང་ཀོང་ནས་མི་གྲངས་སྟོང་ལ་ཉེ་བས་ཐར་མདོ་ཞལ་འདོན་དང་སྨོན་ལམ་འཚོགས་འདུག། གཞན་ཡང་རྫོགས་ཆེན་པའི་ཆོས་རྒྱུད་ཤར་མི་ཉག་རྒྱལ་འཕགས་དགོན་པས་ཀྱང་བསྟན་བདག་མཆོག་སྤྲུལ་བསོད་ནམས་རབ་བརྟན་དང་གྲྭ་བཙུན་འགའ་ཆེད་ཕེབས་གནང་ནས་རྒྱ་སྒོར་ཁྲི་བཅུ་མི་མང་ལ་ལག་འགྱེད་བྱེད་འདུག མི་སྐྱ་པད་བཟང་ནས་རྒྱ་སྒོར་ཁྲི་བཅུ་གཉིས། གཞན་རྫོགས་ཆེན་མཁན་པོ་ཆོས་དགས་ཀྱང་འཛམ་གླིང་གི་ཆོས་ཚོགས་བདུན་བཅུ་ལ་ཉེ་བས་གནས་ཚུལ་འདི་ཐོས་མ་ཐག་བསྔོ་བ་དང་སྨོན་ལམ་འཚོགས་འདུག ད་དུང་ཡང་ས་གནས་དེར་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན་དང་མཆོག་གླིང་རོགས་སྐྱོར་ཚོགས་པ་དག་གཟིགས་སྐོར་ལ་ཕེབས་ཀྱི་འདུག
གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ནས་ཁྱོན་བསྡོམས་ཞལ་འདེབས་རྒྱ་ནག་སྒོར་མོ་ཁྲི་ ༥༤༠ ལྷག་གིས་རོགས་སྐྱོར་གནང་ཡོད་པ་རེད་འདུག
གྲུབ་དབང་རྫོགས་ཆེན་དགོན་གྱི་འབྲེལ་མཐུད་པས།
སྤྱི་ལོ་ ༢༠༡༠་ ལོའི་ ཟླ་བ་ ༠༥་ པའི་ཚེས་༠༥ ཉིན།
རྒྱལ་བ་རྫོགས་ཆེན་པ་ཚང་གི་ངོ་སོ་ཅིག་བསྟོད། འགྲོ་བ་སེམས་ཅན་ལ་ད་དུང་ཡང་ཐུགས་རྗེས་གཟིགས།
ཀཿཐོག་དགོན་ནས་འཇམ་དབྱངས་སྤྲུལ་སྐུའི་གཙོས་བླ་གྲྭ་བརྒྱ་ལྷག་ཕེབས་ནས་རོགས་སྐྱོར་དང་། དཔལ་ཡུལ་དགོན་ནས་ཀྱང་དེ་བཞིན་གནང་འདུག ཞིབ་ཕྲའི་གནས་ཚུལ་རྗེས་སུ་འགོད་རྒྱུ་ཡིན།
གྲུབ་དབང་རྫོགས་ཆེན་སང་གིས་གཙོས། དགོན་མ་ལག་དང་བཅས་པ་བཀའ་དྲིན་ཆེ་བྱུང་། སྐྱབས་སུ་མཆི། སྔ་འགྱུར་བསྟན་པའི་སྲོག་རྩ་རེད།
ཐུགས་རྗེ་ཆེ་མཁན་སྤྲུལ་རྣམ་པ་དེ་འདྲ་ལོས་ཡིན། བོད་འདི་ཕྱི་གཉིས་ཀྱི་སྐྱབས་གནས།
མ་བསྔོས་པ་དང་ལོག་པར་བསྔོས། །
གཞན་ལ་བསྒྲགས་དང་འགྱོད་པ་སྐྱེས། །
དགེ་རྩ་ཟད་པའི་རྒྱུ་བཞི་ཡིན། །
ད་ལན་རྫོགས་ཆེན་དགོན་པའི་བླ་གྲྭ་རྣམས་ཀྱིས་མ་བསྐུལ་དང་བླང་གིས་སྣེ་ཁྲིདནས། ས་འགུལ་གྱིས་གནོད་འཚེ་ཐེབས་པའི་ཁམས་སྐྱེ་རྒུ་་མདོའི་མི་མང་པོའི་ཚེ་སྲོག་སྐྱབས་པ་དང་གཤིན་པོ་ལ་འཕོ་བ་དང་གསོན་པོ་ལ་སེམས་གསོ་གནང་བ་མཛད་ཡོད་པ་སྔ་ཕྱི་ཐོས་པས་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞུ།
མ་འོངས་པར་གངས་ཅན་པ་ཚོས་བོད་ཀྱི་ས་ཕྱོགས་གངདུ་གནོད་འཚེ་བྱུང་ན། བོད་ཀྱི་ས་ཕྱོགས་ཀུན་ནས་དུས་ཐོག་ཏུ་རོགས་སྐྱོར་བྱེད་ངེས་པའི་གནའ་སྲོལ་བཟང་པོ་མི་ཉམས་གོང་འཕེལ་བཏང་དགོས།
ཕྱོགས་ཀྱི་སྐྱེ་བོའི་རྣའི་བུ་གར། །རྣམ་པར་དཀར་བའི་ལེགས་བྱས་ཚུལ། ། ཚུལ་བཞིན་བསྒྲགས་པར་དགེ་ཟད་ཀྱི། །སྐྱོན་དུ་འགྱུར་བར་མི་སེམས་སོ། །་་་་མངྒ་ལ་ལའོ།།
གཞན་གྱི་དགེ་བ་བྱས་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། ། སྙིང་ནས་དགའ་བས་རྗེས་སུ་ཡི་རངས་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོག་པར་གསུངས། །
དགོངས་དག ཐོབ་པར་གསུངས་ཞེས་བཅོས་རོགས།
སྤྲུལ་སྐུ་ལམ་ལུགས་དགོས་དང་མི་དགོས་ཀྱི་རྙོགས་དྲ་འདི་འདྲའི་སྐབས་སྐྲུལ་སྐུའི་མཚན་འཆང་མང་པོ་ཞིག་གིས་ཁ་ཡོད་ལག་ཡོད་ཀྱིས། མ་རྒན་སེམས་ཅན་ཐམས་ཅད་ཀྱི་ཆ་ཤས་ས་ཡོམ་གོད་ཕོག་རྣམས་ལ་རོགས་རམ་གནང་བར་དགའ་བསུ་ཡོད།
བཟང་པོ་ལ་བསྟོད་བསྔགས་བྱེད་རྒྱུ་དང་ངན་པ་ལ་སྐྱོན་བརྗོད་བྱེད་རྒྱུ་ནི་སྤྱི་ཚོགས་ཡར་བསྐུལ་ཀྱི་བསྒུལ་ཤུགས་ཡིན་པས་དུས་ཐོག་ཏུ་ཁྱབ་བསྒྲགས་དང་དཔྱད་བརྗོད་སྤེལ་དགོས་པ་ལས། རང་གི་དགེ་རྩ་ཟད་པ་སོགས་ལ་འཇིགས་ནས་གོ་མེད་ཚོར་མེད་ཀྱི་ཉམ་ཆུང་ཀློ་སྤྱོད་བྱེད་མི་རུང་བ་ང་ཚོའི་བོད་ཀྱི་རང་དབང་ཤོར་བ་འདིས་བདེན་དཔང་གསལ་པོར་བྱས་ཡོད།
སྡེ་དགེ་འཇིགས་མེད་ལགས། རྒྱབ་སྐྱོར་ཡོད།
གཉིས་སྨན་བསོད་ནམས་དཀར་པོའི་དགེ་རྩ་དེ། །
ཐེང་འདིར་རྐྱེན་ངན་འཕྲད་པའི་སྤུན་ཟླ་དང་། །
མཁའ་ཁྱབ་སེམས་ཅན་མ་ལུས་ཀུན་ལ་བསྔོ། །
དོན་གཉིས་ལྷུན་གྲུབ་རྒྱལ་བའི་སར་ཕྱིན་ཤོག །
རྫོགས་ཆེན་གཞིས་ཕྱིས་གཉིས་གྱིས་རོགས་སྐྱོར་གནང་པ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ། རྫོགས་ཆེན་དུ་བོད་ཀྱི་ཆོས་རིགས་ལ་ཐུགས་ཁུར་ཅན་མང་པོ་བཞུགས་ཡོད་ཚུལ་གོ་བྱུང་། དངོས་གནས་བསམ་གྱི་མི་ཁྱབ་པ་རེད། ད་རེས་རྒྱབ་སྐྱོར་གནང་པའང་བོད་མིའི་གཟི་བརྗིད་རེད། འོན་ཀྱང་གོང་གསལ་ཡིག་ཆ་ལ་ནོར་འཁྲུལ་ཕྲན་བུ་བྱུང་ཡོད་པ་འདྲ། ༡ ༽ ཉིན་བཞིན་བེམ་པོ་བརྒྱ་ཕྲག་ཁ་ཤས་ཞུགས་འབུལ་ཟེར་བ་འདི་ཡིག་ནོར་ཡིན་པ་འདྲ། སྐྱེ་དགུ་དགོན་པའི་མཁན་པོ་ཞིག་གིས་ཁོང་ཉིན་བཞིན་ས་གནས་དེར་སོང་ཀྱང་ཞུགས་འབུལ་དང་པོ་དང་གཉིས་པའི་སྐབས་ལས་དེ་འདྲའི་རོ་མང་པོ་ཞིག་ཡོད་པ་མ་གོ་གསུངས། ༢ ༽ རྫོགས་ཆེན་མཁན་པོ་ཆོས་དགས་ཀྱང་འཛམ་གླིང་གི་ཆོས་ཚོགས་བདུན་བཅུ་ལ་ཉེ་བ། ཞེས་པ་ཁ་སང་རང་ནང་ཆེན་ཕྱོགས་ཀྱི་མི་རེ་གཉིས་ཀྱིས་ཁ་པར་བརྒྱུད་ཆོས་ཚོགས་༧༠་དེ་རྫོགས་ཆེན་གྱི་བླ་མ་རྣམས་ལ་དྲིས་པས་རྒྱུས་མི་མངའ་བས་གང་དུ་ཡོད་མིན་གསལ་བཤད་ཀྱང་ཡོད་ན་ལེགས་པར་སེམས།
རྫོགས་ཆེན་ཚང་བཟང་གི
ལྷགབསམ་རྒྱ་མཚོ་ལགས་ལ་གསལ་བཤད།
རྫོགས་ཆེན་མཁན་པོ་ཆོས་དགའ་མཆོག་གིས་ཆོས་ཚོགས་བདུན་བཅུ་ལ་ཉེ་བ་ཞུས་པའི་ཆོས་ཚོགས་རྣམས། རྒྱ་གར། བལ་ཡུལ། ཐེ་ཝན། ཧོང་ཀོང་། སེང་ག་པུར། མ་ལེ་ཤེས་ཡ། གཡིན་ནེས། འཇར་པན། འབར་མ། རྒྱ་ནག ཨ་རི། ར་གཤིས་ཡ། བྷེལ་འཇམ་སོགས་རྒྱལ་ཁབ་སུམ་ཅུ་ལྷག་གི་ནང་ལ་ཡོད། རྒྱལ་ཁབ་རེ་རེའི་ནང་དུའང་ཆོས་ཚོགས་ཁ་ཤས་ཡོད་ས་ཡོད། དཔེར་ན་ཐེ་ཝན་གཅིག་པུའི་ནང་དུའང་ཆོས་ཚོགས་བདུན་ཡོད། དེ་བཞིན་ཆོས་ཚོགས་འདི་རྣམས་ཀྱི་ཚོགས་མི་ལ་མང་ཉུང་རིམ་པ་ཡོད་ལགས།
གཞན་ཉིན་བཞིན་བེམ་པོ་བརྒྱ་ཕྲག་ཁ་ཤས་ཞུགས་འབུལ་ཟེར་བ་འདི་ཉིན་བཞིན་མ་ཡིན་ཐེང་ཁ་ཤས་རེད་ལགས།
སྐྱབས་སུ་མཆི། རུ་དམ་བུས་གསུང་པ་ལ་རྗེས་སུ་ཡི་རང་ངོ་། གྲུབ་དབང་རྫོགས་ཆེན་པའི་མཛད་རྗེས་ལ་བསྔགས་བརྗོད་ཞུ། གུས་པའི་དམིགས་ཡུལ་གཙོ་བོ་འོ་མ་ཟོ་གང་ལ་སྣག་ཚ་ཐིག་གཅིག་གིས་སྦགས་ཀྱིས་དོགས་ནས་ཞུས་པ་ཡིན། གསལ་བཤད་ཡོད་པ་ཤིན་ཏུ་ལེགས། ཀློག་པ་པོ་རྣམས་ཀྱིས་དོགས་པ་སེལ་བའི་སྨོན་ལམ་ཞུ།
སྐྱབས་སུ་མཆི། རུ་དམ་བུས་གསུང་པ་ལ་རྗེས་སུ་ཡི་རང་ངོ་། གྲུབ་དབང་རྫོགས་ཆེན་པའི་མཛད་རྗེས་ལ་བསྔགས་བརྗོད་ཞུ། གུས་པའི་དམིགས་ཡུལ་གཙོ་བོ་འོ་མ་ཟོ་གང་ལ་སྣག་ཚ་ཐིག་གཅིག་གིས་སྦགས་ཀྱིས་དོགས་ནས་ཞུས་པ་ཡིན། གསལ་བཤད་ཡོད་པ་ཤིན་ཏུ་ལེགས། ཀློག་པ་པོ་རྣམས་ཀྱི་དོགས་པ་སེལ་བའི་སྨོན་ལམ་ཞུ།
ཆོས་ཚོགས་ཟོ་མང་གི་ར་་་་་་་གང་ཡོང་གིས་རོག་པ་ཟོ་གནང་ཡོད་ཀི་ཧྲ་གི་་་་་་ཐུགས་རྗེ་ཆེ་ཞུ་འོས་པ་རེད་དོ།
ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰི། ད་ཐང་གི་ཡུལ་ཤུལ་ཁུལ་དུ་ས་ཡོམ་ཆེན་མོས་ཉམས་རྒུད་གོད་ཆག་གི་སྐབས་སུ་རྫོགས་ཆེན་གཞིས་བྱེས་གཉིས་དང་མཁན་སྤྲུལ་མིང་འཛིན་པ་ཚོས་སྣ་ཁྲིད་མཛད་ནས་རོགས་སྐྱོར་གནང་བ་ལ་ཡི་རང་དང་སྨོན་ལམ་ཡོད། གོང་གི་མཁན་སྤྲུལ་ཚོའི་རང་རང་སོ་སོའི་དགོན་པའི་མིང་རེ་ཡོད་ན་ཡག་པོ་རེད། ཁྱད་པར་མཁན་པོ་ཆོས་དགས་བཀའ་བཀོད་འོག་དགེ་སྒྲུབ་ཚོགས་བསགས་དེ་གོ་སོང་། ང་ཡི་ཐག་ཉེའི་ཆོས་ཚོགས་འགས་ཀྱང་དེ་བཞིན་དགེ་སྒྲུབ་ལ་འབད་བཞིན་འདུག གོང་གི་དྭོགས་པ་འབྱུང་སྲིད་ཀྱིན་རེད། ཁྱད་པར་ད་ཐང་མི་རེ་གཉིས་ཀྱི་མིང་ཙམ་ཁྱབ་བསྒྲགས་ཆེ་ཆུང་ལ་མ་ལྟོས་པར་ཕྱི་ནང་གསང་བའི་རོགས་སྐྱོར་འབད་པ་འདི་དག་ང་ཚོ་ཤ་ཁྲག་གཅིག་ལས་མཆེད་པའི་ལ་རྒྱ་གཅིག་རེད་ཡ། གོང་གི་ནང་ཆེན་ནས་ཡིན་པའི་རྫོགས་ཆེན་མཁན་པོ་ཆོས་དགའི་ཆོས་ཚོགས་གོ་མྱོང་མེད་པ་ཚོས་རང་ཕྱོགས་ནང་ཆེན་ནས་འགན་ཁུར་རེ་དགོས་པ་སྣང་ངོ། ཁྱིམ་ཚང་རེ་གཉིས་དོན་དུ་ཨ་སྒོར་ས་ཡ་གཏོང་བ་ལས་ད་སྐབས་ཉམས་ཐག་ཤི་གསོན་དེ་ཚོ་ལ་ཕན་ཐབས་འབད་ན་མི་དགའམ།
ཡང་ཟབ་རྫོགས་ཆེན་བསྟན་དང་བསྟན་འཛིན་དང་། །རྫོགས་ཆེན་གཞིས་བྱེས་རྣམ་དཀར་དགེ་ཚོགས་ཀུན། །ཀུན་བཟང་མཆོད་སྤྲིན་དམ་པས་རྒྱས་བཏབ་ནས། །རྒྱལ་ཀུན་མཆོད་དང་མ་གྱུར་འགྲོ་ལ་བསྔོ། །རྫོགས་ལྡན་ཞི་བདེའི་རྣམ་པར་རྒྱལ་གྱུར་ཅིག ། ཤྲྰི་སྨྱོན་པས་གུས་ཕུལ། །
རྫོགས་ཆེན་ཞི་བདེའི་རྣམ་པར་རྒྱལ་གྱུར་ཅིག །
རྩམ་དགའ་ནས།
ཆོས་ཚོགས་ཟོ་མང་གི་ར་་་་་་་གང་ཡོང་གིས་རོག་པ་ཟོ་གནང་ཡོད་ཀི་ཧྲ་གི་་་་་་ཐུགས་རྗེ་ཆེ་ཞུ་འོས་པ་རེད་དོ། ཅེས་གསུངས་པའི་དོན་ནི།
ཆོས་ཚོགས་ཧ་ཅང་མང་པོ་འདུག གང་ཡོང་གིས་རོགས་པ་གནང་འདུག དྲག་འདུག ཐུགས་རྗེ་ཆེ་ཞུ་འོས་པ་རེད། ཅེས་གསུངས་ཡིན་ཚོད་རེད།
ཡུལ་ཚན་བྱེ་བྲག་པའི་ཁ་སྐད་ཨུ་ཚུགས་ཀྱིས་བྲིས་ན་ཁྱེད་ཀྱི་བསམ་ཚུལ་མི་ལེགས་པ་མེད་ཀྱང་ང་ཚོ་ཚང་མས་གོ་བརྡ་འཕྲོད་པའི་ཡི་གེ་ཡིག་མིག་ལམ་དུ་སྣང་རྒྱུ་མེད་པ་
་ཆགས་སྲིད།
མེ་ཏོག་དཀར་པོ་ལགས་ནས་་་་་་་ངའི་ཕ་ཡུལ་གྱི་གཅེས་སུ་འོས་པའི་ཡུལ་སྐད་འདི་སྤྱི་སྐད་ལ་བསྒྱུར་གནང་བ་ཐུགས་རྗེ་ཆེ།
དྲྭ་གྲོགས་རྣམ་པ། ངས་རྩོམ་ཞིག་སྤེལ་འདོད་ན་དྲྭ་ངོས་སུ་བཀོད་སྟངས་མི་ཤེས་པས་ཁྱེད་རྣམ་པས་སློབ་སྟོན་ཞིག་གནང་རོགས།
ངས་རྩོམ་ཡིག་ཅིག་སྤེལ་འདོད་ན་དྲ་ཤོག་ངོས་བཀོད་སྟངས་ཞིག་སློབ་སྟོན་ཞུ།
མེ་ཏོག་དཀར་པོ་ལགས།
ཁྱེད་ཀྱིས་རྩོམ་ཡིག་ཁ་བརྡའི་གློག་འཕྲིན་ཁ་བྱང་(info@khabdha.org) སྒང་ལ་བསྐུར་ན་ཆོག
འོ་ལགས་སོ། །ཁ་བརྡ་ཚང་
རྫོགས་ཆེན་ཆོས་དགའ་ལ་ཆོས་ཚོགས་བདུན་བཅུ་ཡོད་ཟེར་བ་ལས་ངོ་ཤེས་པའི་མི་ཁྱིམས་བདུན་བཅུ་ཡོད་ཟེར་བ་རན་པར་འདུག། ཨ་ལ་ཀུ་རེ་ཞུས་པ་ཡིན། ཁོང་ཚོའི་ཕྲིན་ལས་ལ་ངོ་སོ་བསྟོད།