ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་གངས་ལྗོངས་སྤྲེལ་བྲག་རིགས།།
ཁ་དམག་འགན་འཁུར་བོད་རྒྱའི་འབྲེལ་ལམ་མིན།།
ག་ནས་བལྟས་ཀྱང་བོད་ཀྱི་ལས་དབང་འདི།།
ང་ཚོ་བྱེས་འབྱོར་བོད་མིའི་ཕྲག་ཏུ་ལྷག །
ཅ་ཅོ་འ་འུར་རྒྱལ་སྤྱིའི་ཆབ་སྲིད་ལ།།
ཆ་འཇོག་ཡིད་ཆེས་བློ་གཏད་ཐུབ་པ་དཀའ།།
ཇུས་མེད་འགན་འཁུར་བོད་རྒྱའི་འབྲེལ་ལམ་ལ།།
ཉེ་འགྱངས་སྤངས་ནས་ཆབ་སྲིད་ལངས་ཕྱོགས་བརྟན།།
ལྟ་བ་ལངས་ཕྱོགས་གསལ་སྟོན་མ་ཐུབ་ན།།
མཐའ་མ་རང་དབུ་གང་ལའང་དོན་སྨིན་དཀའ།།
ད་དུང་རང་དབུ་སྟོང་གཏམ་བསྒྲགས་ཆེས་ན།།
ནམ་ཞིག་བོད་རྒྱའི་འབྲེལ་ལམ་མཐུད་པར་དཀའ།།
དཔའ་གཏམ་བཤད་ནས་བོད་དོན་གླེང་མཁན་དང་།།
ཕོག་ཐུག་བཟོས་ནས་བོད་དོན་རྩོད་མཁན་ཚོ།།
བོད་རྒྱའི་གནས་བབ་དོན་དངོས་རྟོགས་ལ་རེམ།།
མ་ནོར་ལམ་དུ་བོད་འབངས་འཁྲིད་ལ་བརྩོན།།
རྩ་བ་ཆབ་སྲིད་ཁྲམ་དང་གཡོ་རྒྱུའི་འོག །
ཚོར་བ་ཟབ་ན་ཁེ་ལས་གྱོང་གུན་མང་།།
འཛམ་གླིང་ཆབ་སྲིད་རི་རྩེའི་དར་ལྕོག་འདྲ།།
ཝ་སྤྱང་བཞིན་དུ་རང་ཁེ་བསྒྲུབ་ལ་མཁས།།
ཞི་བདེ་ཀུན་གྱི་རྩ་བ་དབུ་མའི་ལམ།།
ཟུར་ཟ་སྤངས་ནས་ཕར་བཤད་ཚུར་ཉན་འོག །
འུར་གཏམ་མེད་པའི་གཉིས་སྨན་དབུ་ལམ་བརྒྱུད།།
ཡིན་ལུགས་མིན་ལུགས་གནས་ལུགས་ངོ་སྤྲོད་ཟབ།།
རང་གཞན་གཉིས་ལ་ཕན་པའི་ཐབས་ལམ་འཚོལ།།
ལོ་རྒྱུས་སྨྲ་བས་ལོ་རྒྱུས་གསལ་སྟོན་དགོས།།
བཤད་པའི་གཏམ་ལ་དོན་གྱི་བཅུད་ལེན་ཟབ།།
ས་མཚམས་མེད་པའི་ཆབ་སྲིད་སྟོང་གཏམ་ལ།།
ཧོལ་རྒྱུག་འཐོམ་རྒྱུག་མ་གནང་སྤྲེལ་བྲག་རིགས།།
ཨེ་བདེན་མི་བདེན་བརྟགས་ཤིང་དཔྱད་ན་ལེགས།།
ལོང་བས་ལོང་བ་ཁྲིད་པའི་ས་གནས་སུ།
ལོང་བ་གཡང་ལ་ལྷུངས་བའི་སྐྱོ་གནས་མང་།
རང་ཉིད་ཆོས་སྲིད་གཉིས་ཀྱི་གཡང་སར་ལྷུངས།
གཞན་ལ་ལམ་སྟོན་བྱས་འདི་དགོད་རེ་བྲོ།
ཀ་ཡེ་ཅོ་རི་ཉོན་དང་། །
ཁ་དང་ལག་པ་མཉོམ་དང་། །
ག་ལེར་བསམ་བློ་ཐོངས་དང་། །
ང་དང་གཞུང་པར་གསོན་དང་། །
༅༅། བཤད་བཤད་བཤད་ནས་ལོ་ངོ་ལྔ་བཅུ་སོང།
བྱེད་དགོས་བྱེད་དགོས་ལབ་ནས་དྲུག་བཅུ་སོང།
ཨ་རྩི་ཨ་རྕི་ཟེར་ནས་བདུན་བཅུ་ཉེ།
བོད་ཀྱི་ལས་དབང་འདི་ནི་ཅི་ཞིག་ལ།
ལྷ་དང་སྲུང་མ་ཡུལ་ལྷ་གང་ན་བཞུགས།
ལོང་བའི་ཀ་བཤད་ཀློག་མཁན་མཁས་པ་ཉུང་།
ལོང་བའི་གཏམ་བཤད་ཉན་མཁན་མཁས་པ་དཀོན་།
ལོང་བར་ཟུར་ཟ་བྱེད་མཁན་མཁན་མཁས་པ་མང་།
ལོངོ་བའི་རྗེས་སུ་འབྲང་མཁན་མཁས་པ་ཉུང་།
འཇིག་རྟེན་སྐྱེ་འགྲོ་མུན་པའི་གླིང་དུ་ཚུད་།
འཇིག་རྟེན་མི་ཡིའི ་བྱེད་ལས་ལོང་བས་བསྐྲུན་!།
འཇིག་རྟེན་ཀུན་གྱི་ལས་དབང་ལོང་བ་འདྲ་།
འཇིག་རྟེན་མ་སྷོང་བར་དུ་ལོང་བ་ལྷག་།
ལྷག་བསམ་འགན་འཁུར་བོད་རྒྱའི་འབྲེལ་ལམ་དཔྱད་།
ལྷག་བསམ་རྨ་མེད་སྤྲེལ་བྲག་སྙན་ལ་ཕུལ་།
ལྷག་བསམ་ཅན་གྱི་ཟུར་ཟའི་མཆན་འདེབས་མང་།
ལྷག་བསམ་སྨྲ་བརྗོད་ས་མཚམས་གང་ན་ཡོད་།
ནོར་བཅོས་(ལོང་བས་རྗེས་སུ་འབྲང་མཁན་མཁས་པ་འཁྲུལ་།
གཞུང་པ་བརྩོན་འགྲུས་ཅན་ཁྱོད། །
ཟ་འདྲེའི་ཁ་ལ་མ་ལྟ། །
འ་རེ་འུ་རེའི་ངང་ལ། །
ཡ་མེད་ཀ་ཕྲེང་སྤེལད་ཅིག །