ཚོགས་ཆེན་དང་ཚོགས་ཆུང་གི་སྐད་ཆ་ཅང་གོ་སོང་ངམ། དུས་བབ་དང་ཕ་ཡུལ་སོགས་ན་ཟུར་ཙམ་ཉུང་ཙམ་རེ་འདུག འོན་ཀྱང་ཚོགས་ཆེན་གྱི་རྣམ་པ་དེ་མཐོང་ཐུབ་མ་སོང་། ཕ་ཡུལ་ཐོག་ན་གློག་བརྙན་ཞིག་འདུག དེའི་ཐོག་དབུ་འབྱེད་མཛད་སྒོ་དེ་འདུག དཀོན་མཆོག་གསུམ། འདི་ནམ་རྒྱུན་གྱི་ཚོགས་འདུ་དེ་ཚོ་དང་འདྲ་སེ་བ་ཞིག་མི་འདུག་ན། འདི་ན་ཛ་དྲག་པོ་ཡིན་པ་དང་ འགྱུར་བ་ཞིག་ཡོང་རྒྱུའི་རྣམ་པ་ཞིག་འདུག་ན་དཀོན་མཆོག་གསུམ། ཁྱེད་ཚོས་ཅང་གོའམ། སྐད་ཆ་བཤད་མཁན་གྲགས་ཅན་ཚོས་ཅི་ཞིག་བཤད་གི་འདུག མ་འདྲ་བ་ག་རེ་བཤད་གི་འདུག རྒྱ་རི་དགོངས་པ་ཞུ་དགོས་ཟེར་གི་འདུག་གམ། གངས་ཅན་སྐྱིད་གཤོངས་སུ་ལྷན་ཁང་གསར་པ་ཞིག་འཛུགས་དགོས་ཟེར་གི་འདུག་གམ། ཅང་གོ་སོང་ངམ།
རིག་པ་གསལ་བོ་ཅན་ཞིག་ཡིན་ན། ཚོགས་ཆེན་གྲོལ་ཚར་བ་དང་མཉམ་དུ་བོད་དོན་དང་སེམས་ཤུགས་ཚང་མ་ཚར་བ་ཡིན་པ་ལོས་ཤེས། མང་ཆེ་བ་རྩྭ་མི་ཤིང་མི་རེད་ལ། གླིང་རྟུལ་སུམ་ཅུའི་སྤྲུལ་བ་ཡང་སྤྲུལ་རེ་མཐོང་ཐོས་མེད་དམ།
མང་ཆེ་བ་རྩ་མི་ཤིང་མི་རེད་ཟེར་ན་མི་ཤེས། འདི་ལ་རེ་བ་རྒྱག་རྒྱུ་གང་ཡང་ཡོད་པ་མ་རེད། འདི་མི་མང་གི་བསམ་ཚུལ་བསྡུ་བའི་བགྲོ་གླེང་ཞིག་ལས་གང་ཡང་མ་རེད། ཁྲིམས་ཐོག་ནས་བོད་ཀྱི་རྩ་དོན་ལ་འགྱུར་བ་གཏོང་དགོས་ན་མཐར་ཐུག་ས་དེ་གྲོས་ཚོགས་ལ་ཐུག་ཡོད་པ་རེད།
རྒྱལ་བ་རིན་པོ་ཆེ་ད་བར་དབུ་མའི་ལམ་ལ་ཕྱིན་པ་རེད། མང་པོ་ཞིག་གིས་དེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། ད་འདི་ལྟར་མི་མང་གི་བསམ་ཚུལ་ཞིག་བསྡུས་ནས་རྒྱབ་སྐྱོར་ཐོབ་པ་ཡིན་ན་རྒྱལ་བ་རིན་པོ་ཆེ་ཡིན་ན་ཡང་མུ་མཐུད་ཕྱག་ལས་གནང་བདེ་རུ་ཕྱིན་པ་རེད།
མང་ཆེ་བས་ངོ་རྒོལ་བྱས་པ་ཡིན་ན་ཁོང་གིས་བློ་རྒྱ་ཆེན་པོས་མི་མང་གི་བསམ་ཚུལ་དང་ལེན་བྱེད་རྒྱུ་ཡིན་པ་རེད། ད་ཁྱེད་ཚོས་ཨ་འདྲོགས་ལ་སྐྱ་འདྲོགས་མ་ལངས་རོགས་གནང་།
ཡང་སྐྱར་འབབ་ས་རང་འཇགས་ཡིན་ན་ཚོགས་འདུ་འདི་ལ་དོན་སྙིང་མེད་ཀ
ཚོགས་མི་མང་པོས་འགྲོ་སོང་བཏང་བ་དངུལ་ལོར་བརླགས་པའི་གྱོང་གུད་རེད་ལ།
ཕྱི་ནང་བོད་མིས་མིག་ཟུང་ཅེར་ཅེར་རྣ་བ་ཅོར་ཅོར་བྱེད་དོན་མེད་ཀ
ཁ་ཁུ་སིམ་པོར་མ་ཎི་བགྲང་བཞིན་སྐོར་བར་སོང་ན་དེ་ལས་བཟང་ཀ
འདི་ལ་བསལ་བྱ་ཅི་ཡང་མེད། །
བཞག་པར་བྱ་བ་ཅུང་ཟད་མེད། །
ཡང་དག་ཉིད་ལ་ཡང་དག་བལྟ། །
ཡང་དག་མཐོང་ན་རྣམ་པར་གྲོལ། །
ཆོས་སྲིད་གང་ཡིན་ཡང་དབུ་མའི་ལམ་འདི་ལས་དྲག་ཅིག་གངས་ཅན་པ་ཚང་ལ་གང་ཡོད།
སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།
མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།།
སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།
གཉིས་ཕན་དབུ་མའི་ལམ་ལ་ཕྱག་འཚལ་ལོ།།
དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆངས། །ལེགས་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུངས་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ངེས་པར་འབྱུང་གི་བར་དུ་ནི། །བདག་གི་བསམ་པ་བརྟན་པོས་གཟུང་།
ཆད་པ་མེད་པ་རྟག་མེད་པ།།
འོང་བ་མེད་པ་འགྲོ་མེད་པ།།
ཐ་དད་དོན་མིན་དོན་གཅིག་མིན།།
དབུ་མའི་ལམ་ལ་ཕྱག་འཚལ་ལོ།།
ཡ་དེ་རིང་ངེད་ཚང་གི་དྲ་གྲོགས་རྣམས་ཀྱིས། ཁ་བརྡ་དྲ་ཁང་དུ་གྲོང་ཆོག་ལ་ཕེབས་ནས། མདོ་རྒྱུད་རྣམས་འུར་འདོན་གནང་བཞིན་འདུག་ཀ འདི་ཅི་ཞིག་གི་རིམ་གྲོ་ཡིན་ནམ། བོད་མིའི་རྩ་དོན་ཐག་གཅོད་ཀྱི་ཐབས་ལམ་རང་འཇགས་དབུ་མའི་ལམ་དུ་གཏོང་འདོད་ཡིན་ནམ། ཡང་ན་རང་བཙན་དུ་ཁ་བསྒྱུར་རྒྱུའི་ཆེད་ཡིན། ད་གང་ལྟར་རིམ་གྲོ་རེ་བསྒྲུབ་རྒྱུ་མ་གཏགས་ཐབས་ལམ་གཞན་མེད་པ་འདྲ། དེ་སྔོན་བཀའ་ཁྲི་མཆོག་གིས་ཀྱང་། བོད་མིའི་རྩ་དོན་དང་བྱང་ཆུབ་ཀྱི་སེམས་གཉིས་ལ་འབྲེལ་བ་ཆེན་པོ་ཡོད་ཚུལ་ཞིག་ཀྱང་གསུང་བ་ཐོས་མྱོང་། དེར་བརྟེན་དེ་འདྲ་རེ་གནང་དགོས་ནི་ཡིན་རྒྱུ་རེད།
འདི་ལས་མེད་རྣམས་ཀྱིས་ཉི་མ་གཏོང་བྱེད་ཀྱི་མདོ་བམ་པོ་བཅུ་བཞི་བ་ཟེར་བ་དེ་རེད། འདི་ག་ཚོད་མང་ང་འདོན་ཐུབ་ན་ཉི་མ་མགྱོགས་པོ་འགྲོ་གི་རེད།
གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །བློ་སྦྱོང་ཚིག་བརྒྱད་མ་ལས་དྲངས།
ཁྱེད་རང་གིས་ཚིག་འདི་དམིགས་བསལ་ཚོགས་ཆེན་ཐོག་སྐྱོར་ན་ཡག་པོ་རེད། ད་ང་ཚོའི་སྣོད་བཅུད་ཚང་མ་རྒྱ་ནག་ལ་ཕུལ་ཤོག
དེ་ཡིན་ན་འདི་ཡང་བསྐྱོར་ན་མི་ལེགས་སམ།
མདོར་ན་དངོས་དང་བརྒྱུད་པ་ཡི། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །ཅེས་པ་འདིའི་ཚིག་གི་ཁ་ཅུང་བསྒྱུར་ནས་འདོན་བདེ་བོ་དང་རྒྱ་བོད་ལ་འབྲེལ་བ་ཡོད་པ་ཞིག་བཟོ་ཤེས་སམ།
ཕར་ཕུལ་དགོས་པ་དེ་ཚོ་ཕུལ། ང་ཚོར་སྙན་གྲགས་རྒྱས་གི་རེད། ཡིན་ན་ཡང་། ཕར་ཕྱོགས་ཀྱི་སྡུག་བསྔལ་དེ་ཚོ་ཚུར་མ་ལེན་ད། དེ་རྙོག་དྲ་ཐལ་བ་རེད། ང་ཚོར་དཀའ་ངལ་ཕྲད་ཀྱི་རེད།
ད་ངས་རྒྱལ་ལོ་དོན་གྲུབ་ཀྱིས་གསར་འགོད་བརྒྱུད་ལམ་ཐོག་ག་རེ་ལབ་ཀྱི་ཡོད་པ་དེར་ཉན་སྡོད་ཀྱི་ཡོད།
ཚོགས་འདུའི་སྐོར་གང་ཡང་མ་གོ་ཐལ། ཡིན་ནའང་། གང་དུའང་བསྒྲགས་མེད་པའི་གནས་ཚུལ་ཞིག་ནི་ཨ་ཚོགས་ཀླུ་མཁར་བྱམས་ཡིན་ན་དེས་ངོ་རྒོལ་གྱི་རྣམ་པའི་ཐེངས་འདིའི་ཚོགས་ཐོག་ཏུ་སོང་མི་འདུག་ཟེར། ཁོས་ཉེ་སྔོན་ཞིག་ལ་ངས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པ་དང་༸གོང་ས་མཆོག་གི་དབུ་མའི་ལམ་ལ་ངོ་རྒོལ་བྱེད་པ་གཉིས་གཅིག་མཚུངས་ཡིན་ཟེར་ནས། ཚོགས་ཐོག་ཞིག་ཏུ་ངར་ངར་རྫིག་རྫིག་གིས་བཤད་འདུག ད་ཚོགས་འདུ་འདི་ཡང་སྙིང་བོ་མེད་ཁུ་ཟེར་གོ་ཁུ། དམྱལ་བ་རེད་ཡ།
ཨ་ཚོགས་ཀླུ་མཁར་བྱམས་ཟེར་བ་དེ་རྣམ་དཔྱོད་དང་བློ་ཁོག་ཡོད་པའི་མི་ཞིག་རེད་བསམ་མོད། ད་ལྟའི་ཚོགས་འདུར་ཞུགས་མེད་པ་བདེན་ན། ཁོ་ཡང་བློ་ཆུང་ཤེས་མེད་ཞིག་ཡིན་རྒྱུ་རེད། དེ་སྔོན་ཁོས་ཚོགས་འདུའི་སྐོར་ལ་རྫིག་རྫིག་རྔམ་རྔམ་མང་པོ་ཞིག་ཤོད་ཀྱིན་ཡོད། ཚོགས་འདུ་དངོས་སུ་འཚོགས་དུས་ཞུགས་ནས་སྐད་ཆ་གང་འདོད་ཤོད་དགོས་ཀྱི་རེད། དེ་མིན་རང་བཙན་ལ་སྐྱ་ཐིག་བཏབ་པས་ཅི་ཡང་མི་ཕན། ད་ངོ་མ་ཁོའི་རང་བཙན་སྐོར་གྱི་སྐད་ཆ་དེ་སྐྱ་ཐིག་ལས་སྐྱ་ཐིག་མིག་གིས་མི་མཐོང་ཙམ་ཞིག་ལས་ལྷག་ཡོད་རྒྱུ་མ་རེད། དེ་སྔོན་ངས་ཨ་ཚོགས་ཚང་གི་གཏམ་ཚོགས་ལ་ལྟ་སྐོར་ཐེངས་ཁ་ཤས་བྱས་པ་ཡིན། དེ་དུས་ངས་ཁོ་རང་ན་གཞོན་སྙིང་སྟོབས་ཅན་ཞིག་རེད་བསམ་སོང་། ད་འདི་ཡང་འཇའ་ལྟར་ཡལ་སོང་། ང་ཚོའི་ཚང་མ་འདི་ལྟར་ཡལ་འགྲོ་གིན་འདུག་ཡ།
ངས་མ་རབས་བཤད་ནི་མིན། ཁོ་མི་འདི་ལྟ་བུ་ཞིག་རེད། སྐད་ཆ་བཤད་སྐབས་རྫིག་རྫིག་རྐྱང་རྐྱང་བཤད་ཀྱིན་འདུག དེང་སྐབས་ནང་དུ་མེ་ཞིག་ཀྱང་འབུད་ཐུབ་གི་མེད་ཁུ་ཟེར་ནས་གོ་སོང་། རང་མགོ་མི་འཁྱོངས་ནི་ཞིག་གི་གཞན་མགོ་ཤ་ཏག་བྱེད་ས་འགྲོ་ནི་མ་རེད། དེ་མིན་ཁོས་ས་གང་ནས་གཏམ་རེ་བཤད་དུས་ཡིན་གཅིག་མིན་གཉིས་བཀའ་ཁྲི་ལ་གཅིག་སྡིག་གི་འདུག དེས་ཁོ་རང་གི་ནང་སྙིང་ཕྱི་རུ་དྲུད་ཡོང་གི་འདུག རྩོམ་རྩལ་ནི་མི་ཡག་པའི་སྒང་ལ་བརྡ་དག་ལ་རྨང་གཞི་མེད་ཁུ། མི་འདི་ལྟ་བུ་ཚོ་གོ་སྐབས་དང་བསྟུན་ནས་ང་ཚོའི་སྤྱི་ཚོགས་ཀྱི་མགོར་འཛེག་གི་རེད། ཐབས་ཤེས་ཡོད་པ་མ་རེད། འཁྲབ་མཁས་པོ་རེད།
སྐྱ་ག་ཁ། ཁྱོད་ཀྱིས་བཤད་པ་དེ་ཡང་བདེན་པ་རེད།
བདེན་པ་རེད། བསྟན་འཛིན་མགོན་པོ་དང་འདི་གཉིས་ཀས་རྡ་ས་ནས་བསྡད་དེ་རྡ་སའི་སྲིད་དོན་འཁྲབ་སྟངས་ཤེས་ནི་མ་རེད།
འདི་གཉིས་ཀྱིས་སྲིད་དོན་འཁྲབ་སྟངས་ཤིག་ཤེས་ཡོད་རྒྱུ་ན་ཡོན་ཏན་གྱི་ཕྱོགས་ནས་རྔ་བ་ཚེ་རྒྱམ་གྱི་རྗེས་སུ་རྡུལ་མི་འདྲེས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད།
ྐླུ་མཁར་བྱམས་ཀྱིས་ཀྱང་བཀའ་ཁྲི་ལ་འཆར་ཅན་གྱི་སྐྱོན་བརྗོད་རེ་བྱེད་ཁུལ་བྱེད་པ་འདིས་ཁོ་རང་ལས་ཀ་ནས་གནས་དབྱུངས་བཏང་བའི་སྙིང་ནད་རྩོད་ཀྱིན་ཡོད་པ་ལྟ་བུའི་ནང་གི་དེ་ཉིད་ཅིག་སྟོན་ཡོང་གིན་འདུག
ཨ་མདོའི་གསར་བུའི་ནང་ནས་རྡ་སའི་སྲིད་དོན་ངོ་མ་དེ་ཤེས་མཁན་རྔ་བ་ཚེ་རྒྱམ་གཅིག་པོ་ཕལ་ཆེར་རེད།
ཚོགས་ཆེན་ཟེར་བའི་མཛད་སྒོ་དེའི་གཞུག་ནས། སྐད་གྲགས་ཅན་གྱི་ཚོགས་ཆེན་དེ་ཚོགས་ཆུང་དུ་བསྒྱུར། ད་ལྟ་གངས་སྐྱིད་གཡས་གཡོན་ན་ཚོགས་ཆུང་ཁག་བགོས་བྱས་ནས་བསམ་ཚུལ་གླེང་གི་ཡོད་པ་རེད། ཁ་སང་ངས། ཚོགས་བཅར་བ་ཞིག་ལ་སྐད་ཆ་དྲིས་པར། ཚོགས་འདུ་འདི་ནི་བསམ་ཚུལ་འདོན་ས་རེད། མི་དམངས་ཀྱི་བསམ་ཚུལ་འདོན་ས་རེད། ཡིན་ནའང༌། མི་དམངས་ཀྱི་བསམ་ཚུལ་བསྡུས་པ་ཚད་ལྡན་མ་རེད། དཔེར་ན། བཙན་བྱོལ་ནང་ཨ་མདོ་བ་མང་ཤོས་ནི་རྡ་རམ་ས་ལར་ཡོད། ཉུང་མཐར་མི་གྲངས་ཉིས་སྟོང་བརྒལ་བ་ཡོད་པ་རེད། མདོ་སྨད་ཀྱིས་ཚོགས་ཆེན་འཚོགས་ནས་རྣམ་འགྱུར་ཞིག་བསྟན་པ་ཡག་པོ་མ་རེད་ལབ་མི་ཐུབ། རྡ་རམ་ས་ལ་ན་ཡོད་པའི་མདོ་སྨད་མི་དམངས་ཀྱི་བསམ་ཚུལ་བསྡུས་པའི་ཚོགས་འདུ་དེར་མི་གྲངས་སུམ་ཅུ་སོ་གཉིས་ཙམ་འདུག་ཟེར། མདོ་སྨད་ཚོགས་ཆེན་ལ་བསམ་ཚུལ་འབུལ་སྐབས་དེ་རྡ་རམ་ས་ལའི་མི་མང་གི་བསམ་ཚུལ་དུ་བཅོས་ནས་སྤྲད། མདོ་སྨད་རྒྱན་ལས་ལས་ནས་དེ་དམིགས་བསལ་ཚོགས་ཆེན་ལ་སྤྲད་པ་འདྲ་པོ་རེད། མང་ཚོགས་ཀྱི་བསམ་ཚུལ་སླེབས་དགོས་ན། བསམ་ཚུལ་བསྡུ་མཁན་འགན་ཁུར་ཐུབ་མཁན་རེ་དགོས་པ་རེད། འདི་ནི་གནས་སྟངས་གཅིག་རེད། གཞན་ཡང་འདི་འདྲ་མེད་མི་སྲིད་པ་མ་རེད། དེ་ཡིན་དུས། ང་ཚོས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ས་ནས་བསྡུས་བསྐྱལ་ས་ལ་བསྐྱལ་དགོས་པའི་འགན་མ་འཁུར་བའི་རྣམ་པ་ཤུགས་ཆེན་པོ་རེད་ལབ་སོང༌།
བོད་རང་བཙན་དང་དབུ་མའི་ལམ་ནས་རང་སྐྱོང་གཉིས་ནི་ཤེས་མི་ཤེས་གཉིས་ཀས་བཤད་ཀྱི་འདུག་ཟེར། འདས་པའི་ལོ་རྒྱུས་འདྲ་ཞིག་བགྲངས་ནས་ཤོད་ཀྱི་འདུག་ཟེར། ད་ལྟའི་གནས་སྟངས་སྐོར་ལ། གསར་འབྱོར་བ་ཚོ་ཚོར་བ་རྣོན་པོ་འདུག བོད་ནང་གི་གནས་སྟངས་དྲུད་འོང་གི་འདུག གཞིས་ཆགས་ཚོས་ནི་གཞིས་ཆགས་ཀྱི་གནས་སྟངས་དྲུད་ནས་འོང་གི་འདུག མདོར་བསྡུས་ན། ཕྱོགས་གཉིས་ཀས་བོད་དོན་བཤད་པ་འདྲ་འདྲ་ལ། ཁོར་ཡུག་མི་འདྲ་བ་གཉིས་དང་སྟ་སྟངས་མི་འདྲ་བ་གཉིས་འདུག་ཟེར། མྱི་འདིས་ནི་དོན་དག་གི་གནད་འགག་ཅང་ཤེས་ཀྱི་མེད་བཟོ་འདུག དེ་ནས་མི་གཞན་ཞིག་ལ་དྲིས་པ་ཡིན། དེས་ཟེར་ན། བོད་རང་བཙན་ནི་ཁ་བྲལ་གྱི་ལས་ཀ་རེད། དེ་རྒྱ་མིས་ངོས་ལེན་བྱེད་ཀྱི་མ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ངོས་ལེན་བྱེད་ཀྱི་མ་རེད། དཔེར་ན། བོད་ས་རྒྱ་ཆེན་པོ་རེད། དེ་བོད་པ་མ་གཏོགས་གཞན་གང་ལའང་བེད་སྤྱོད་མེད་པ་ཞིག་བྱེད་དགོས་ཟེར་ན། དེང་སང་འཛམ་གླིང་ཁྱོན་ཡོངས་ལ་མི་གྲངས་ལ་དཔག་པའི་སྐམ་ས་བེད་སྤྱོད་ཀྱི་དགོས་མཁོ་ཆེན་པོ་ཡོད་པ་རེད། ས་རྒྱ་ཆེན་པོ་ཞིག་ཏུ་མི་གྲངས་ཉུང་ཉུང་ཞིག་ལས་འདུག་མི་ཆོག་ཟེར་ན་དེ་རྒྱལ་སྤྱིའི་སྣང་བར་འགྲོ་གི་མ་རེད། ཡང་རང་སྲིད་རང་སྐྱོང་དེ་ཡང་རྒྱ་ནག་གིས་ཁ་བྲལ་གྱི་ལས་ཀ་རེད་ཟེར་གྱི་ཡོད་པ་རེད། དོན་ངོ་མར་བཤད་ན། དེ་ནི་ཞང་ཀང་དང་ཨོ་མིན་ནང་བཞིན་གུང་ཁྲན་ཏང་གི་བྱུས་གཏོགས་མེད་པའི་རྒྱ་ནག་གི་ཁྱབ་ཁོངས་ཤིག་ཏུ་འགྲོ་དོགས་ཀྱིས་རེད། འདི་ལྟར་བསམ་བློ་བཏང་ནས་བཤད་མཁན་ཉུང་ཉུང་རེད། གནས་ལུགས་རྒྱུ་མཚན་བགྲངས་ནས་བཤད་མཁན་ཉུང་ཉུང་རེད། ཡིན་ནའང༌། ད་ལྟའི་ཚཽགས་ཆེན་འདིས། མང་ཚོགས་ཀྱི་སེམས་ཚོར་དང༌། གཞི་རྩའི་ཤེས་རྟོགས་གནས་ཚད་ལ་ཡིག་ཚད་ཞིབ་ཚགས་ཞིག་བཏང་སོང་ངཱ་སྙམ་པ་ཞིག་མ་གཏོགས་གཞན་གྱི་རེ་བ་ཅང་མཐོང་མ་སོང་ཟེར། འོ་ཡ། མང་པོ་བཤད་ནས་ཅི་བྱེད། ཚོགས་ཆེན་རྟ་རྒྱུག་ཚར་ལ་ཉེ། ས་རྡུལ་རླང་འཚུབ་ཡལ་ལ་ཉེ། དེ་ནས་རྡ་རམ་ས་ལའི་རྡ་རམ་ས་ལ་འཇམ་ཐིང་ངེར་འགྱུར་ངེས། དོམ་ངོ་མར་བཤད་ན། ང་ཚོའི་གནས་ཚད་ཧ་ཅང་སྐྱོ་བོ་རེད། ང་ནི་སེམས་ཁྲལ་འདུག་ཟེར་མཁན་གཅིག་ཁ་གཉིས་ཁ་རེད།
༡༠༠བདེན་པ་རེད་ཟེར་ཐུབ།
མི་མང་པོ་ཞིག་གིས་རྔ་བ་ཚེ་རྒྱམ་འདི་གོ་གནས་མཐོན་པོར་འགྲོ་སྲིད་པ་ཞིག་རེད་ཟེར་གྱིན་འདུག དེ་བཞིན་རྔ་བ་ཆོས་གྲགས་ཀྱང་སྐུ་སྒེར་ཡིག་ཚང་གི་གནད་ཡོད་མི་སྣ་ཞིག་ལ་འགྱུར་རྒྱུའི་སྔོན་འགྲོ་ཚང་ཡོང་གིན་འདུག་ཟེར་མཁན་འདུག
ཚོགས་འདུ་ཟེར་བ་འདིར་སྐད་ཆ་རིང་པོ་དང་རྫིགས་པོ་རེ་བཤད་ནས་མཇུག་དྲིལ་འགྲོ་རྒྱུ་རེད། དེ་མིན་འདི་ལ་རེ་བ་གང་ཡང་ཡོད་མ་རེད།
རྔ་བ་ཚེ་རྒྱམ་རྒྱ་ཡིག་ཡག་པོ་ཡོད་ཁུ་ཟེར་གི ཁོས་བོད་རྩོམ་སྙན་ངག་ལྡ་ལི། ཟན་སྐྱུར་ ཨོ་དེབ་མིང་མི་དྲན་གི གང་ལྟར་དེར་ལྟ་དུས་བོད་ཡིག་གི་ཤེས་ཚད་ཡག་ཆོད་འདུག ཆབ་སྲིད་པ་ཞིག་ཡིན་རྒྱུ་ན་ཁོ་དངོས་གནས་བཀའ་ཤག་སྐབས་རྗེས་མའི་འོས་གཞིར་ལངས་ན་རེད་ཡ།
རྔ་བ་ཚེ་རྒྱམ་ལ་ཆ་རྒྱུས་མེད། རྔ་བ་ཆོས་གྲགས་འདི་གྲྭ་སར་ཡོད་དུས་ཧ་ཅང་འདྲིས་པོ་ཡོད། མི་རིགས་པ་ཧ་ལས་པོ་ཅན་ཞིག་རེད། ང་འདྲ་བོ་བཅུ་ཡིས་ཁོའི་རིགས་པར་དོ་ས་མ་རེད་བསམ་པ་ཞིག་ཡོད། འཛིན་གྲྭའི་ནང་ནས་ཡག་ཤོས་ཤིག་རེད། རྩོད་པ་བྱེད་དུས་ཁམས་པ་ཚོ་ནང་བཞིན་ངར་ངར་བྱེད་ཀྱི་མ་རེད་དེ་རྟགས་གསལ་ཞིག་བཏང་ན་མི་གང་བྱུང་གིས་ལན་ཐེབས་ཀྱི་མ་རེད། དེ་ནས་གང་ཞིག་སྦྱངས་ན་དེ་མ་ཤེས་བར་དུ་མི་གཏོང་བ་ཞིག་རེད། དེ་དུས་དབྱིན་ཇི་དེ་ཙམ་མི་ཤེས་ཀྱང་ལྡི་ལི་ནས་ཡར་རྒྱས་ཆེན་པོ་ཞིག་ཕྱིན་པ་འདྲ། དབྱིན་ཡུལ་དུ་སློབ་སྦྱོང་ལ་གཏོང་མཁན་ཡང་སྐུ་སྒེར་ཡིག་ཚང་ཡིན་ལུགས་ཟེར། དང་པོ་གྲྭ་སར་ཡོང་དུས་སུ་ཡང་རྣམ་གྲྭའི་ཁོངས་གཏོགས་རེད་འདུག་པས་ཟླ་བ་རེ་རེར་ཟླ་ཕོགས་འདྲ་བོ་ཞིག་འབྱོར་རྒྱུ་ཡོད་ཚོད་གྲྭ་རྐྱང་དཀྱུས་མ་ཚོ་ལས་ཆ་རྐྱེན་ཞེ་དྲགས་ཡག་པོ་འདུག གྲྭ་པ་སྣང་བ་སྐྱིད་པོ་རྔ་བའི་ཚོད་ཀྱི་ལབ་ཡང་ཧ་ཅང་ཉུང་རྒྱག་ཡིན།
དབྱིན་ཇི་ཧ་ལས་པ་ཡིན་མིན་གང་ཤེས་ཏེ་བོད་ཡིག་གི་གནས་ཚད་མཐོན་པོ་ཡིན་ངེས་རེད། དབྱིན་ཡུལ་དུ་ཡང་སྐུ་སྒེར་ཡིག་ཚང་གིས་བཏང་བ་རེད། སྤྱིར་བཏང་སྒེར་གྱི་རོགས་ཚོགས་སོགས་བརྒྱུད་ནས་དབྱིན་ཡུལ་དུ་སློབ་སྦྱོང་དུ་འགྲོ་བ་དེ་ཙམ་མི་དཀའ་ཡང་། སྐུ་སྒེར་ཡིག་ཚང་བརྒྱུད་ནས་འགྲོ་ཐུབ་ན་གང་ཅིའི་ཕྱོགས་ནས་གནད་ཅན་རེད། མ་འོངས་པར་མདུན་ལམ་ཆེན་པོ་བཙུགས་ཚར་བ་རེད།
རྔ་བ་ཆོས་གྲགས་ཀྱིས་གྷོ་ར་བོད་བསྒྱུར་བྱས་པ་རེད། དབྱིན་ཡིག་ཡག་པོ་མེད་ན་དེ་ལྟ་བུའི་དབྱིན་ཡིག་རྩོམ་ཡིག་རིང་བོ་ཞིག་བོད་བསྒྱུར་བྱེད་ས་མི་འགྲོ་ག གླེན་བཤད་མ་ཡིད།
རེད་རེད། མི་འདི་ལྟ་བུ་རེས་བྱ་བ་ཡག་པོ་རེ་བསྒྲུབ་ཐུབ་ན་གང་མིན་ཚད་རེད། ཕྱི་ལོགས་ན་ཡོད་པ་ཚོ་བྲེལ་བ་ཞིག་གིས་གཙེས་ནས་ལག་ལ་ཅང་མི་ཡོང་གི
སྒོ་ར་དབྱིན་ཡིག་ནས་ཀློག་མ་མྱོང་ཡང་བོད་ཡིག་ཏུ་ཚིག་སྦྱོར་ཧ་ཅང་བདེ་མདོག་མདོག་ཅིག་བསྒྱུར་འདུག
ཀླུ་སྨྱོན་ལགས། ད་དུང་གཟིམ་མེད་དམ། ངོ་མ་བླ་རྒན་སེམས་ཤུགས་ཅན་ཟེར་ནོ་རེད། སྨོན་ནི་ཞིག་རེད།
གང་ལྟར་ན་ནིང་ཞིག་ལ་རྔ་བ་ཆོས་གྲགས་བོད་དུ་སོང་ནས་དངུལ་ཅིག་ཅིག་ཅིག་བྱས་སོང་ཟེར་ནས་གཏམ་འཁྱར་རེ་བྱུང་བ་དེ་ཡང་དོན་དུ་རྔ་བ་ཆོས་གྲགས་འདི་སྐུ་སྒེར་ཡིག་ཚང་གི་རྩིས་མཐོང་ཅན་གྱི་མི་ཞིག་ཆགས་བཞིན་ཡོད་སྟབས་མིག་ཚ་མཁན་འགས་རྫུན་བསྒྲིགས་བྱས་པ་རེད་ཟེར་མཁན་འདུག བོད་གངས་རིའི་ལྗོངས་ལ་ཅིག་ཡོད་ན་མེད་ན་དེ་སྐུ་སྒེར་ཡིག་ཚང་རེད། ཁོ་རང་གཅར་ས་ནོར་ཡོད་པ་མ་རེད། མདུན་ལམ་ཡོད་པ་རེད།
རེད། གྷོ་ར་ཡིན་ན་དེ་དེབ་གསུམ་ཅིག་ཡོད་པ་བཀླགས་མྱོང༌། ད་ལྟའི་ང་ཚོ་ལྟར། སྔོན་མ་རྒྱ་གར་གྱི་རང་དབང་ཡོངས་སུ་ཤོར་ནས་ཡོད་པའི་འཐབ་རྩོད་ཀྱི་སེམས་ཤུགས་དེ་ནི་ད་ལྟའི་ང་ཚོས་སློབ་སྦྱོང་བྱེད་དགོས་པ་འདྲ་ཞིག་རེད་དེ། ང་ཚོའི་སྤྱི་ཚོགས་ནང་དཔེ་ཀློག་བྱེད་མཁན་ཉུང་དྲག་ནས་རེ་བ་དེ་ཡང་རྨི་ལམ་བཞིན་ཡལ་བར་གྱུར། ངོ་མ་དཀའ་མོ་རེད་ཡ།
སྐུ་ངོ་རྒྱ་ལོས་བོད་རྒྱའི་འབྲེལ་ལམ་བཙུགས།།
སྐུ་ཚབ་རྒྱ་རིས་རྒྱ་ལ་འབྲེལ་མོལ་བྱས།།
སྐུ་ངོས་ཟེར་ན་རྙོག་དྲ་ལངས་སོང་ཟེར།།
སྐུ་ཚབ་ལྟར་ན་རེ་བ་མི་འདུག་ཟེར།།
སྐུ་ངོ་རྒྱ་ལོ་རྡ་སའི་ཚོགས་འདུར་ཞུགས།།
སྐུ་ཚབ་རྒྱ་རི་ཚ་བོའི་མཛད་སྒོར་ཕེབས།།
སྐུ་ངོ་སྐུ་ཚབ་སེམས་བསྐྱེད་མ་གཅིག་པས།།
སྐུ་ལས་དཀའ་ཚེགས་རིན་ཐང་ཁ་ཁར་ཕྱིན།།
རྒྱ་རིས་ཟེར་ན་བོད་ཀྱི་ཐོབ་ཤོར་དེ།།
རྒྱ་ཡིས་བསླུས་པའི་ང་བཅུ་ང་གཅིག་དང༌།།
རྒྱ་ཡིས་བརྒྱབ་པའི་ང་བཅུ་ང་དགུའི་ལོར།།
རྒྱ་ཡི་ལག་ཏུ་ཡོངས་རྫོགས་ཤོར་ཡོད་ཟེར།།
རྒྱ་ལོས་ཟེར་ན་བོད་ཀྱི་ཐོབ་ཤོར་དེ།།
རྒྱ་རྒོལ་ལས་འགུལ་མུ་མཐུད་སྤེལ་བྱས་ནས།།
རྒྱ་ལ་ཕོག་ཐུག་གཏོང་བའི་ལས་བརྩམས་ནས།།
རྒྱ་ལས་རྣམ་པར་རྒྱལ་བ་གལ་ཆེ་ཟེར།།
སྐུ་ངོས་བཤད་ན་སྐུ་ངོར་བདེན་པ་ཞིག།
སྐུབ་ཚབ་ཤོད་སྟངས་དེར་ཡང་བདེན་པ་ཞིག།
རྒྱ་ལོ་རྒྱ་རིའི་ངོས་འཛིན་མ་གཅིག་པས།།
རྒྱ་ཆེའི་མང་ཚོགས་བར་མ་དོ་ན་འདུར།།
z;ݼ-ºôÅ-zºÛ-i-IôGÅ-n¤Å-q-¾GÅü
»P-Eïh-TG-GÛÅ-zXôh-GŸÛ-z½ÀGÅ-ºhÝG ¼z-Gž-¾GÅ-ˆÛÅ-zÁh-ˆÛm-»ôh-q-hP-Eôh-±ôÅ-Gô-ÅôP-P¤-¸ï¼-zºÛ-zXôh-GŸÛ-mÛ-h-¿e-Eïh-TG-GÛÅ-JÀïP-zŸÛm-qºÛ-Q-z-±ï-M¤-¤-¼ïh-¾ü Q-z-VôÅ-IGÅ-ˆP-¤-¼ïhü &GôP-Å-¤VôG-GÛ-Ç+Ý-ÇKï¼-»ÛG-±P-hï-¾Å-¤-¼ïhü ±P-¤Å-zŤ-„Àô-ZÝP-¸h-¼ï-GbôP-¼ôGÅ-GmôP.ü
¼z-»Ûm-m-D-zl-i-±ÛGÅ-ºhÛ-zôh-¤Û-¼ÛGÅ-ˆÛ-uÛ-hôm-JÀïP-Å-ŸÛG-z¸ô-fÞz-q¼-±P-¤Å-¤Z¤-¼Þz-ˆÛÅ-ÁÝGÅ-zBôm-¼ôGÅü D-ÅP-hï-¼ÛP-GÛ-Í-¾GÅ->Àâ-«ôm-hP-ºhÛ-±ô-D-ÁÅ-ÁÛG-GÛ-zTº-ÇePÅ-¾Å-ÇePÅ-¾-z¿eÅ-m-i-±ÛGÅ-hqï-¤ïh-qô-ºhÛ-¤Û-»Û-¤Û-GŸÛ-h¤º-ºzïzÅ-‚ïh-Å-hP-¤ÛºÛ-¤±P-ºƒâ-Å-ŸÛG-VGÅ-¤Û-ºhÝG-G¤ü
»P-i-IôGÅ-Vï-VßP-±P-¤¼-mh-Pm-GTÛG-¤±ßPÅ-ÁÛG-»ôh-q-mÛü zÁh-hGôÅ-qºÛ-zXôh-GŸÛ-G-¾ï¼-Á¼-Á¼-hP-mÝz-mÝz-bà-G»ÞG-mÅ-GP-¸G-ÇKï¼-hP-ºƒï¾-zºÛ-¤-¼zÅ-ˆÛ-¾Å-AP-AP-zÁh-Çkôh-ˆÛ-ºhÝG ºhÛ-»G-qô-¤-¼ïhü
P-¼P-i-±ÛGÅ-ºhÛ-ZÛh-¿ËG-zŤ-n¤-hG-hP-¼ÛG-qºÛ-¾G-»ôP-º±ô¾-zºÛ->ÀôG-¤Dm-ŸÛG-»Ûm-qÅ-V-mÅ-wm-qºÛ-±ÛG-ºGº-ºhÛ-¿e¼-ƒÛÅ-mÛ-»Ûmü ÅÞ-ŸÛG-¾-hzÞ-ºwôG-ŸzÅ-ºwôG-ºi-ÅôP-m-hGôPÅ-ºFô-¤ïh-q¼-ŸÝü
དེ་རིང་ནས་ངས་རང་མིང་བཀོལ་ནས་གླེང་མོལ་ལ་ཞུགས་རྩིས་ཀྱིས་དེ་རིང་འདིར་མཆན་གཅིག་ལ་མྱི་ལྡང་དང་རྡོར་དབང་ཞེས་བཀོད་ནས་ཡོད། ངའི་བསམ་པར་ཀླུ་སྨྱོན་ནང་བཞིན་རང་མིང་བཀོལ་བ་གལ་ཆེར་མཐོང༌། ཚེ་རིང་གི་བུ་སོགས་ཀྱིས་ཁ་པར་བརྒྱུད་མྱི་ལྡང་ལ་ཚོད་དཔག་བྱས་པ་དེ་ཡང་ནོར་མ་སོང༌། ཁྱེད་ཅག་བདེན་པར་འདུག
སྙན་ངག་གྱེར་བའི་གླུ་བ་༸ཐྲྤཀླུ་སྨྱོན།།
ཨ་ལགས་བཀད་ནས་ཨ་རིར་འཕུར་ཀྱང་།།
སྔར་གྱི་ལས་སྣེར་སྔར་བཞིན་འཇུས་པས།།
ང་རང་ང་ཡི་སེམས་ནས་དགའ་སོང་།།
སྙུག་གུ་སྒུལ་མཚམས་འཇོག་པ་མེད་ན།།
ཨ་ལགས་མ་ཟད་ཨ་ཕ་བཀད་ཀྱང་།།
རྒྱུན་དུ་ཁྱོད་རྩོམ་༸ཐྲྤཀློག་ལ་བྲོ་བའི།།
བླ་རྒན་སེམས་ན་སྐྱིད་ཅིག་ཡོད་ཀི།
ང་ཡི་ཡ་ཁོག་སྐམ་པོ་འདི་ན།།
རེ་བ་ཞུ་རྒྱུའི་གཏམ་ཞིག་ཡོད་པ།།
ཏཱ་ལའི་བླ་མའི་བཀའ་རྩོམ་རེ་ཟུང་།།
བོད་ཡིག་ནང་དུ་བསྒྱུར་ན་ཅི་འདྲ།།
གོ་རྒྱ་ཅན་ལ་ཟུར་ཙམ་བཤད་ཡོད།།
རེ་བ་ཅན་ལ་སེམས་ཀྱིས་བལྟས་ཡོད།།
ཕོག་ཐུག་ཅན་གྱི་ཚིག་ཟུར་ཙམ་ཡང་།།
ཤོད་ཐལ་སོང་ན་བཟོད་པར་གསོལ་ལོ།།
ཐེ་བོ་ཤེས་རབ་རྒྱ་མཚོ།
དམིགས་བསལ་ཚོགས་ཆེན་སྟེང་ལ།།
མི་ཆེན་དཔོན་ཆེན་ཕེབས་སོང༌།།
དགོངས་ཚུལ་བསམ་ཚུལ་བར་ནས།།
རྒན་གཞོན་ཁྱད་པར་ཤོང་སོང༌།།
རྒན་པ་བབ་བརླིང་བརྟན་གསུམ།།
གཞོན་པ་གཡས་རྒྱུག་གཡོན་རྒྱུག།
རྒན་གཞོན་གོམ་འགྲོས་བར་ནས།།
དགོངས་ཚུལ་བསམ་ཚུལ་འཁྲུགས་སོང༌།།
ཁ་སང་རྨིས་པའི་རྨི་ལམ།།
བསམ་ཚུལ་ནམ་མཁས་བཀྱགས་སོང༌།།
མཐོ་བཤད་དམའ་བཤད་བར་ནས།།
དམིགས་བསལ་བསམ་ཚུལ་བརླག་སོང༌།།
མང་ཉུང་ལག་པ་བཀྱགས་ནས།།
བསམ་ཚུལ་སྒོ་མོ་བརྒྱབ་སོང༌།།
ཉིང་བསྡུས་ཚིག་ཐོའི་ནང་ལ།།
སྐུ་ངོའི་སྐུ་གཟུགས་མངོན་བྱུང༌།།
བསམ་ཚུལ་བསྡུས་པ་སྔ་སོང༌།།
གནད་དོན་འགྱུར་བ་ཕྱིས་སོང༌།།
སྔ་རྗེས་ཤོར་བའི་རྨི་ལམ།།
སྐྱ་རེངས་ལག་པས་བསུབ་སོང༌།།
ཐམས་ཅད་བདེན་ན་ལྟས་ངན།།
ཕྱེད་ཀ་བདེན་ན་ཡ་མཚན།།
གོ་རྟོགས་མཐོ་དམན་བར་ན།།
ཡ་མཚན་རི་མོ་ཇེ་མང༌།།
ས་ཡ་དྲུག་གི་དོན་དག།
ཉི་མ་དྲུག་ལ་གླེང་སོང༌།།
དོན་ཚན་དྲུག་གི་ཚིག་ཐོས།།
ཚོགས་ཆེན་རེ་བ་བརླག་སོང༌།།
སྙིང་གྲོགས་ཤ་ཞེན་ཅན་པོའི།།
འཁྲུལ་སྣང་རེ་བ་ཡལ་འདུག།
རྒྱལ་ཞེན་སེམས་ཀྱི་རི་མོ།།
བསམ་འཆར་ཐིགས་པས་བསུབ་འདུག།
མཐོ་བཤད་དམའ་བཤད་བར་གྱི།།
འཆར་གཞི་འཇའ་ཚོན་རི་མོ།།
ལག་ལེན་ལག་པས་ལེན་པར།།
རྒྱང་ཐག་ཧ་ཅང་རིང་ཟེར།།
ཨ་ཙི་གྲོགས་པོ་ཨེ་བདེན།།
ཨ་ལ་གྲོགས་པོ་ཅི་ཟེར།།
ཨ་ཡོད་ནང་གི་ད་ཡོད།།
ཨ་ལོང་སྒོར་མོའི་འཇུ་ཐག
འདི་ནི་གྲོགས་པོས་ཚོགས་ཆེན་སྐོར་གླེང་བའི་གཏམ་ལས་ཉུང་ངུའི་ཚིག་ཏུ་སྤེལ་བའོ།།
མང་ཉུང་ལག་པ་བཀག་པའི།།
བཀའ་སྤྱིའི་ལམ་སྟོན་ཐིག་ཤིང༌།།
ཚོགས་ཆུང་བསམ་ཚུལ་ལག་པས།།
དེ་རིང་རྐེད་ནས་བཅགས་སོང༌།།
ཚིག་ཐོའི་ནང་གི་རི་མོ།།
མང་ཉུང་ལག་པའི་རི་མོ།།
རི་མོའི་ནང་གི་བསམ་ཚུལ།།
ལག་པ་བཀྱགས་པའི་རི་མོ།།
གོང་གསལ་མཆན་བུའི་ནང་ཆད་འགོད་བྱུང་འདུག་པ་ཞབས་བཏགས་སུ་སྤེལ།