གསར་འགྱུར་ཡོང་ཁུངས། ཐའེ་ཝན་གྱི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་དྲ་ངོས། (2016/11/17)
སྒྱུར་བ་པོ། རྫ་ཚེ་རིང་བཀྲ་ཤིས།
ཏཱ་ལའི་བླ་མ་སོག་པོར་འཚམས་གཟིགས་ཕེབས། དད་ལྡན་ལེ་དབར་ཉིས་བརྒྱའི་ལ་ལུང་བརྒལ་ཏེ་ཁོང་ཉིད་མཇལ།
བོད་ཀྱི་བསམ་བློའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་རིང་སོག་ཡུལ་དུ་དད་ལྡན་ཁྲི་ཕྲག་དུ་མར་བཀའ་ཆོས་གནང་བཞིན་ཡོད་འདུག་ཅིང་། དད་ལྡན་པ་འགའ་ཞིག་ལེ་དབར་ཉིས་བརྒྱའི་ལ་་ལུང་བརྒལ་ནས་ཁོང་གི་བཀའ་ཆོས་ཉན་སར་ཡོང་ཡོད། འོན་ཀྱང་། ཁོང་གིས་མཛད་རིམ་དབུ་འཛུགས་ཀྱི་སྔོན་དུ་རྒྱ་ནག་གིས་གནོན་ཤུགས་སྤྲད་ཡོད་པར་མ་ཟད། སོག་པོ་གཞུང་ལ་ཏཱ་ལའི་བླ་མ་ཕེབས་གསུ་ཞུ་མི་ཆོག་པའི་བླངས་བྱ་བཏོན་ཡོད། དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་གོང་ས་ཏཱ་ལའི་བླ་མ་མཆོག་ཁ་སང་སོག་པོའི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་གྱིས་ཉིན་བཞིའི་རིང་གི་འཚམས་གཟིགས་མཛད་རིམ་དབུ་འཛུགས་གནང་།
དེ་ཡང་། ཨོ་རོ་སི་ཤི་བྷི་ར་ཟེར་བའི་ས་ཆ་ནས་ཡོང་བའི་ལོ་ན་བདུན་ཅུ་དོན་གསུམ་ལ་སོན་པའི་རྒན་པོ་དྷ་རིས་ཚེ་རན་(Daritseren)གྱིས་བཤད་ན་ངས་ཁར་རྩང་གཞི་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་ཡོད་པ་གོ་བྱུང་། རོགས་པ་བཞི་བཅུ་ཙམ་དང་མཉམ་དུ་ལམ་སང་བྲེལ་སྟབས་ཀྱིས་མཚན་ཕྱེད་ནས་ལམ་ལ་ཆས་ཏེ་ཆུ་ཚོད་བཅོ་ལྔར་རླངས་འཁོར་དུ་ཡོང་བ་ཡིན། སྟབས་ལེགས་པ་ཞིག་ལ་གསུང་ཆོས་ཀྱི་རྗེས་ཡག་པོ་ཟིན་སོང་ཟེར།
ཡང་ལོ་ན་བདུན་ཅུ་དོན་ལྔ་ཡིན་པའི་སོག་པོའི་འབྲོག་པ་བོལ་དི་བྷ་ཐར་(Boldbaatar)ལགས་ཀྱིས་ང་ལེ་དབར་ཉིས་བརྒྱའི་ལམ་ནས་༧གིང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་མཇལ་གསུང་ཐོས་ཆེད་ཡོང་བ་ཡིན། འདི་ནི་གཅིག་བྱས་ན་ངའི་མི་ཚེའི་ནང་ཁོང་སྐུ་དངོས་དང་མཇལ་བ་ཐ་མ་དེ་ཡིན་སྲིད་ཟེར།
ཡོངས་བསྒྲགས་མཛད་འཆར་ལྟར་ན། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་སང་ཉིན་རྒྱ་ནག་གིས་མ་རྩའི་བཞག་ནས་འཛུགས་སྐྲུན་བྱས་པའི་རྩེད་ཐང་ཆེན་པོ་ཞིག་ཏུ་ཡོངས་ཁྱབ་ཏུ་གཞི་རྒྱ་ཆེ་བའི་བཀའ་ཆོས་གནང་གཏན་ཁེལ་ཡོད་འདུག
ད་དུང་ཆོས་ལུགས་རིག་པའི་ཞིབ་འཇུག་པ་དག་གིས་སྐབས་འདིའི་༧གོང་ས་ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་པ་དེས་ཁལ་ཁ་རྗེ་བཙུན་དམ་པ་སྐུ་འཕྲེང་དགུ་པའི་ཡང་སྲིད་བཙལ་འཚོལ་གྱི་ཐད་ལ་ཡང་རོགས་ཕན་ཡོང་རྒྱུ་རེད་ཅེས་བརྗོད།
ཨ་ཁུ་རྫ་ཚེ་ཁྱོད་བཀའ་དྲིན་ཆེ།
ཆོས་ཆར་འབེབས་པ་ནི་བཟང་གི ཡང་སྤྲུལ་སྐོར་ནི་ཡལ་ན་བཟང་།
ས་ཆ་སོག་པོར་བདག ཚོགས་ཁང་རྒྱ་ནག་གིས་བཟོས། གསུང་ཆོས་བོད་པས་གནང་། དིང་གི་རྒྱ་བོད་ཧོར་གསུམ་གྱི་རྟེན་འབྲེལ་ལྟོས་གྲུབ་ལ་ལྟོས་དང་། སོམས་དང་། མཐུན་སྒྲིལ་གྱིས་དང་།། །།