འདིར་གནས་ཚུལ་ཞིག་འབྱོར་བ་ལྟར་ན། དེ་རིང་ཚེས་ ༡༩ ཉིན་རྒྱ་རི་རིན་པོ་ཆེ་བལ་ཡུལ་དུ་རང་གི་སྲས་མོའི་སྲས་དེ་སྤྲུལ་སྐུ་ངོས་འཛིན་གྱི་མཛད་སྒོ་ལ་ཕེབས་འདུག་ཟེར། འདི་ངོ་མ་ཡིན་སྲིད། ཚོགས་ཆེན་བཞག་ནས་མཛད་སྒོར་ཕེབས་པ་དེ་གནས་ཚུལ་མི་བཟང་བ་ཞིག་ཏུ་མི་མཐོང་མོད། ང་ཚོས་ཤེས་དགོས་རྒྱུ་ཞིག་རེད་བསམས་སོང་། གཤམ་གསལ་པར་འདི་ནི་གནས་ཚུལ་གཏོང་མཁན་གྱིས་འདིར་བསྐུར་བ་རེད། དགེ་འདུན་རབ་གསལ་གྱིས།
Comments on “རྒྱ་རི་རིན་པོ་ཆེ་ཚོགས་ཆེན་སྐབས་བལ་ཡུལ་ན་ཡོད་དམ།”
Comments are closed.
མ་འདས་སྤྲུལ་སྐུ་དེ་ད་ལྟ་ནས་འཁྲུངས་པ་ཅུང་མགྱོགས་དྲགས་པ་མ་རེད་དམ།
བླ་མ་ཕལ་ཆེར་ཕྱུག་པོའི་ཁྱིམ་དུ་འཁྲུངས། །
མེ་ཏོག་ཕལ་ཆེར་ཆུ་བོའི་འགྲམ་དུ་སྐྱེ། །
དགོན་པ་ཕལ་ཆེར་ཕྱུག་པོའི་ཁྱིམ་གཞིས་ཡིན། །
སྐུ་ངོ་ཕལ་ཆེར་སྤྲུལ་སྐུའི་ཨ་ཕ་ཡིན། །
རྒྱ་རི་ཚོགས་འདུར་ཞུགས་མ་ཕོད་པ་རེད། ཁོ་ལ་ཁག་མེད། ད་སྐབས་མི་མང་པོ་ཞིག་གིས་ཉེས་པ་ཡོད་ཚད་ཁོའི་མགོ་ལ་འགེལ་གྱིན་ཡོད། དྲང་མོ་བཤད་ན། མ་འགྲིག་མ་འཇོན་པ་ཚང་མ་ཁོ་ལན་པ་མིན་མོད། ཁོ་རང་སྐྲག་ནས་དེ་སྔོན་བཀའ་ཟུར་ལྷན་ཚོགས་ལ་ཡང་ཕྱིན་མེད། ད་ལྟ་ཚོགས་ཆེན་ལ་ཡང་ཞུགས་མེད། ད་སྐྲག་ནས་བཟུར་ས་མེད་པ། དེ་ལྟར་བཟུར་ནས་འགྲོ་རྒྱུ་ལས་དངོས་གནས་མཇོན་གི་མེད་ན་སྐུ་ཚབ་ནས་དགོངས་པ་ཞུས་ན་ཡག་རྒྱུ་རེད།
ཚོགས་ཆེན་གྱི་མཛད་སྒོའི་གློག་བརྙན་ཕ་ཡུལ་གྱི་དྲ་རྒྱའི་ཐོག་ན་ཡོད་པ་དེའི་ནང་རྒྱ་རི་ཡང་འདུག
ཆོས་སྲིད་ཟུང་དུ་འབྲེལ་བའི་ལུགས་ལ་འདི་འདྲ་གནང་དགོས་ཀྱི་རེད།
ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་འདྲ་ཞིག་ཨེ་ཡིན་ནམ།
རེད་ལགས། དགེ་འདུན་རབ་གསལ་གྱིས་གསུངས་པ་བདེན་གི ཚོགས་ཆེན་གྱི་མཛད་སྒོའི་གློག་བརྙན་ཕ་ཡུལ་གྱི་དྲ་རྒྱའི་ཐོག་ན་ཡོད་པ་དེའི་ནང་རྒྱ་རི་ཡོད་པ་ངས་ཀྱང་མཐོང་བྱུང་། འོན་ཀྱང་དེ་རིང་ཁོ་བལ་ཡུལ་དུ་སླེབས་ཚར་བ་ཡིན་རྒྱུ་རེད། བོད་ཀྱི་མ་འོངས་རྩ་དོན་ལས་ཁོ་རང་གི་སྲས་མོའི་སྤྲུལ་སྐུ་གལ་ཆེན་བྱས་པ་རེད། གང་ལྟར་སུའི་སྤྲུལ་སྐུ་ཡིན་ཤེས་མཁན་ཡོད་དམ། ཕལ་ཆེར་་་་་་་་་་་་་་་་་་་ད་མི་བཤད་ཡ། ཅུང་སྔ་དྲགས་འདུག
བོད་ཀྱི་སྤྲུལ་སྐུའི་ལུགས་སྲོལ་སྐོར་དྲི་བ།
༡་ དེང་སང་བོད་ཡུལ་དུ་སྤྲུལ་སྐུ་ཞེས་པའི་སྐུ་ཕྲེང་དུ་མ་དང༌། སྤྲུལ་སྐུ་གཅིག་ལའང་ཡང་སྤྲུལ་གསུམ་བཞི་སོགས་འདུག་པས། དེ་རྣམས་དངོས་གནས་རེད་དམ།
༢་ སྤྲུལ་སྐུ་དེ་རྣམས་ཀྱི་མནའ་མ་དང་ཕྲུ་གུ་ཚོ་ལ་མཁའ་འགྲོ་དང་སྲས་ཕོ་སྲས་མོ་ཞེས་བདོ་མི་རྣམས་ཀྱིས་དད་པ་བྱེད་པ་འདི་དོན་དང་མཐུན་ནམ།
༣་ རྒྱ་རི་བླ་མ་ཡིན་པ་དང་། ཁོའི་བུ་མོ་བླ་མ་ཕྱོགས་གླང་དང་གཉེན་སྒྲིག་བྱས་བ། ཁོ་གཉིས་ཀྱི་སྲས་ཡང་བླ་མར་གྱུར་བར་ཉིད་ལ་བསམ་ཚུལ་གང་ཡོད།
སྐུ་ངོ་རྒྱ་ལོས་བོད་རྒྱའི་འབྲེལ་ལམ་བཙུགས།།
སྐུ་ཚབ་རྒྱ་རིས་རྒྱ་ལ་འབྲེལ་མོལ་བྱས།།
སྐུ་ངོས་ཟེར་ན་རྙོག་དྲ་ལངས་སོང་ཟེར།།
སྐུ་ཚབ་ལྟར་ན་རེ་བ་མི་འདུག་ཟེར།།
སྐུ་ངོ་རྒྱ་ལོ་རྡ་སའི་ཚོགས་འདུར་ཞུགས།།
སྐུ་ཚབ་རྒྱ་རི་ཚ་བོའི་མཛད་སྒོར་ཕེབས།།
སྐུ་ངོ་སྐུ་ཚབ་སེམས་བསྐྱེད་མ་གཅིག་པས།།
སྐུ་ལས་དཀའ་ཚེགས་རིན་ཐང་ཁ་ཁར་ཕྱིན།།
རྒྱ་རིས་ཟེར་ན་བོད་ཀྱི་ཐོབ་ཤོར་དེ།།
རྒྱ་ཡིས་བསླུས་པའི་ང་བཅུ་ང་གཅིག་དང༌།།
རྒྱ་ཡིས་བརྒྱབ་པའི་ང་བཅུ་ང་དགུའི་ལོར།།
རྒྱ་ཡི་ལག་ཏུ་ཡོངས་རྫོགས་ཤོར་ཡོད་ཟེར།།
རྒྱ་ལོས་ཟེར་ན་བོད་ཀྱི་ཐོབ་ཤོར་དེ།།
རྒྱ་རྒོལ་ལས་འགུལ་མུ་མཐུད་སྤེལ་བྱས་ནས།།
རྒྱ་ལ་ཕོག་ཐུག་གཏོང་བའི་ལས་བརྩམས་ནས།།
རྒྱ་ལས་རྣམ་པར་རྒྱལ་བ་གལ་ཆེ་ཟེར།།
སྐུ་ངོས་བཤད་ན་སྐུ་ངོར་བདེན་པ་ཞིག།
སྐུབ་ཚབ་ཤོད་སྟངས་དེར་ཡང་བདེན་པ་ཞིག།
རྒྱ་ལོ་རྒྱ་རིའི་ངོས་འཛིན་མ་གཅིག་པས།།
རྒྱ་ཆེའི་མང་ཚོགས་བར་མ་དོ་ན་འདུར།།
རྒྱ་རིའི་ཚ་བོ་སུའི་སྤྲུལ་སྐུ་ཡིན་མིན་རྩད་གཅོད་བྱེད་འདོད་ན།
ས་འོག་ཨ་ལོ་རྒྱུས་ལོ། །
རྩ་བ་ཕར་ལྷེས་ཚུར་ལྷེས། །
ཟེར་བ་དང་གཅིག་མཚུངས་རེད་འདུག་པས། རྩད་ཆོད་རྒྱུ་ཁག་ཙམ་ཡིན་པ་འདྲ་ཡང༌། དེ་ནི་མི་ཁ་ཤས་ཀྱི་མི་མངོན་པའི་འཆང་ཐག་གལ་ཆེན་ཞིག་ཡིན་པར་ངེས།
ངས་དེ་ཙམ་ལས་ཅང་མི་ཤེས།
¼z-Gž-HÛÅ-GôP-hÝ-z;ôh-q-zŸÛmü
M-¼Û-hPôÅ-GmÅ-ZÛ-¤-hï¼-z¾-»Þ¾-hÝ-»ôh-m-hï-mÛ-±P-¤Å-¤Z¤-ºWôG-hGôÅ-Å-ŸÛG-¼ïhü
Mã-¤±m-ºhÛ-¾-zdG-mÅ-P-±ôÅ-M-¼Û-hP-DôP-GÛ-Åï¤Å-mP-GÛ-zôh-hôm-dôGÅ-fÞz-q-¼ïhü
¤Û-ºhÛ-ºi-ŸÛG-M-mG-qï-TÛP-hÝ-ÅôP-z-mÛ-¸Å-ŸÛ¤-qô-ŸÛG-GÛ-Vïh-hÝ-¤Ûm-m-TÛ-ŸÛG-»Ûmü »P-m-GŸm-q-ŸÛG zôh-hôm-Gbm-mÅ-»Ûm-¤Û-hqïü Í-Dü fzÅ-Bô-GÛ-»ü
རྒྱ་རིའི་ཚ་བོ་འདི་རྒྱལ་པོ་གླང་དར་མའི་སྤྲུལ་སྐུ་རེད་འདུག འཁྲུངས་པའི་ཉིན་མོ་འཁྲུངས་ཁང་གི་སྟེང་དུ་ཨ་རིའི་སྒྲོ་ལར་གྱི་རི་མོ་དང་ཚོན་མདོག་ལྟ་བུའི་འཇའ་ཚོན་ཞིག་ཤར་སོང་ཟེར། འཁྲུངས་མ་ཐག་ཏུ་སྒྲོ་ལ་སྒྲོ་ལ་ཞེས་ཐེངས་གསུམ་གསུངས་སོང་ཟེར། རྡ་རམ་ས་ལ་ནས་ཝ་ཤིང་ཏྲོན་དང་དེ་ནས་པེ་ཅིང་བར་དུ་སྒྲོ་ལ་ལྗང་ཁུ་ས་ལ་བཏིངས་ནས་དེའི་སྟེང་དུ་ཕར་བཞུད་ཚུར་བཞུད་མཛད་ཐུབ་པ་ཞིག་བྱུང་ན་བོད་དོན་འདི་བདེ་བླགས་ངང་ཐག་གཅོད་ཐུབ་པའི་ལུང་བསྟན་ཡོད་རེད་ཟེར།
བོད་ཀྱི་སྤྲུལ་སྐུའི་ལུགས་སྲོལ་སྐོར་དྲི་བ།
༡་ དེང་སང་བོད་ཡུལ་དུ་སྤྲུལ་སྐུ་ཞེས་པའི་སྐུ་ཕྲེང་དུ་མ་དང༌། སྤྲུལ་སྐུ་གཅིག་ལའང་ཡང་སྤྲུལ་གསུམ་བཞི་སོགས་འདུག་པས། དེ་རྣམས་དངོས་གནས་རེད་དམ།
༢་ སྤྲུལ་སྐུ་དེ་རྣམས་ཀྱི་མནའ་མ་དང་ཕྲུ་གུ་ཚོ་ལ་མཁའ་འགྲོ་དང་སྲས་ཕོ་སྲས་མོ་ཞེས་བདོ་མི་རྣམས་ཀྱིས་དད་པ་བྱེད་པ་འདི་དོན་དང་མཐུན་ནམ།
༣་ རྒྱ་རི་བླ་མ་ཡིན་པ་དང་། ཁོའི་བུ་མོ་བླ་མ་ཕྱོགས་གླང་དང་གཉེན་སྒྲིག་བྱས་བ། ཁོ་གཉིས་ཀྱི་སྲས་ཡང་བླ་མར་གྱུར་བར་ཉིད་ལ་བསམ་ཚུལ་གང་ཡོད།
ང་ཚོས་རྒྱ་རི་རིན་པོ་ཆེའི་ཕྱག་ལས་གནང་ཕྱོགས་ཐད་གླེང་སློང་བྱེད་འོས་པ་ཞིག་རེད། དགག་གཞག་སྤོང་གསུམ་བྱེད་འོས་པ་ཞིག་རེད། ཡིན་ན་ཡང་སྲས་དང་སྲས་མོ་ཚོའི་སྐོར་ལ་ཚིག་ངན་བེད་སྤྱོད་མ་གནང་ན་ལེགས་བསམས། ང་ཚོ་ལ་ཡ་རབས་ཀྱི་གོམས་གཤིས་ཤིག་ཏན་ཏན་ཡོད་དགོས་པ་རེད་ལ། ཡོད་ཆོག་པ་ཞིག་ཀྱང་རེད།
དེ་རེད། གནས་ཚུལ་འདིའི་ཐོག་ནས་གནད་དོན་གཉིས་ཀྱི་ཐོག་ལ་སྐད་ཆ་བཤད་རྒྱུའི་རེ་བ་ཡོད། གཅིག་ནི་ཛ་དྲག་ཚོགས་འདུའི་སྐབས་སུ་རྒྱ་རི་བལ་བོ་ན་སྒེར་དོན་ལ་མ་ཁོམ་པར་བསྡད་ཡོད་པ་འདིས་ང་ཚོར་གོ་བརྡ་ཅི་ཞིག་སྤྲོད་པ་དང་། གཉིས་ནས། རྒྱ་རི་སྤྲུལ་སྐུ་ལ་ཚ་བོ་སྤྲུལ་ཕྲུག་ཅིག་འཁྲུངས་པའི་སྤྲུལ་སྐུའི་གནད་དོན་རེད།
སྤྲུལ་སྐུའི་སྐོར་ལ་ཀླུ་སྨྱོན་ཡིན་དཱ།
རྒྱ་རི་ལ་ཐུགས་ཁག་མི་འདུག མཛད་བྲེལ་ཆེན་པོ་རེད། དེ་སྒང་ལ་སྔོན་མ་སྤྱི་འཐུས་གནང་སྐབས་ནས་གྲོས་ཚོགས་ཚོགས་དུས་ལ་རྩ་ཆད་བྱུང་བའི་ན་ཚ་ཞིག་འཇགས་བསྡད་ཡོད་པ་རེད། རིན་པོ་ཆེ་ཁོང་གིས་བོད་ཀྱི་རྩ་དོན་ལས་སྐུ་སྒེར་གྱི་གནས་སྟངས་ཏག་ཏག་བཟོས་གནང་ཡོད་པ་རེད། ད་སྐུའི་ཚ་བོ་ཚ་མོའི་གནས་སྟངས་ཏག་ཏག་བཟོ་གནང་རྒྱུའི་དུས་ལ་བབ་བསྡད་ཡོད་པ་རེད།
ང་ཚོས་རྒྱ་རིའི་བུ་མོ་དང་དེའི་ཕྲུ་གུ་སྤྲུལ་སྐུ་ཡིན་མིན་སོགས་གླེང་དགོས་དོན་མེད། དེ་ཚོ་གང་ཟག་སྒེར་གྱི་ཐོབ་ཐང་ཞིག་རེད། ཡིན་ན་ཡང་། རྒྱ་རི་དམིགས་བསལ་ཚོགས་ཆེན་ལ་མི་ཞུགས་པར་བལ་ཡུལ་དུ་ཕྱིན་ནས། བུ་མོའི་ཕྲུ་གུའི་བཙས་སྟོན་བྱེད་བཞིན་པ་འདི། ཁོ་དམིགས་བསལ་སྐུ་ཚབ་དང་། བོད་ཀྱི་གནད་ཡོད་མི་སྣ་ཞིག་ཡིན་པའི་ཆ་ནས་མ་འགྲིག་པ་ཞིག་རེད། རྒྱ་རིས་བུ་མོའི་སྤྲུལ་སྐུའི་མཛད་སྒོ་དེ་དམིགས་བསལ་ཚོགས་ཆེན་དང་ཁ་གཏད་བྱེད་དགོས་དོན་ཅི་ཡིན་ནམ། སྤྲུལ་སྐུའི་ཁྲི་སྟོན་མཛད་སྒོ་ག་དུས་བྱས་ཀྱང་ཆོག་མོད། ད་ལོའི་ཛ་དྲག་གི་དམིགས་བསལ་ཚོགས་ཆེན་འདི། མི་ལོ་ ༥༠ ནང་གི་ཐེངས་དང་པོ་རེད། རྒྱ་རིས་བསམ་བཞིན་འདི་ལ་ཁ་གཏད་གཅོད་ཀྱི་ཡོད་པ་འདྲ་བོ་འདུག་མོད། དེ་མི་དཔེ་པ། གང་ལྟར་རྒྱ་རི་རྒྱ་ལ་སོང་ནས་ལས་ཀ་འགྲུབ་ཡོད་མིན་གང་ལྟར་ཀྱང་། ད་རེས་ཀྱི་ཚོགས་ཆེན་འདིར་ཉམས་ཞུགས་བྱས་ཏེ། བོད་མིའི་སྐྱིད་སྡུག་ཆེད་གླེང་མོལ་བྱེད་རྒྱུ་ཁོའི་ལས་འགན་རེད། ད་དུང་དྲ་གྲོགས་ཚོས་ཞིབ་འཇུག་ཅིག་གནོངས་དང་། རྒྱ་རི་ཚོགས་ཆེན་མཛད་སྒོར་ཞུགས་ཡོད་པའི་དྲ་བརྙན་ཕ་ཡུལ་དྲ་ཚིགས་ཐོག་ནས་ངས་ཀྱང་མཐོང་བྱུང་།
སྤྱིར་བཏང་རྒྱ་རི་ཕ་བུ་རྣམས་ལ་བུ་ཕྲུག་བརྒྱ་སྐྱེས་ཀྱང་རང་དབང་ཡིན་ལ། དེ་ཚོ་ཚང་མ་སྤྲུལ་སྐུར་ངོས་འཛིན་བྱས་ཀྱང་ཆོག་མོད། ཆེས་གལ་ཆེ་བའི་ཚོགས་ཆེན་འདི་བོད་མིའི་མ་འོངས་ཐག་གཅོད་སླད་དམིགས་ཀྱིས་སྐོང་འཚོགས་གནང་བ་ཡིན་ཞིང་། བོད་གཞིས་བྱེས་གཉིས་དང་འབྲེལ་ཡོད་ཆེས་མང་པོ་ཞིག་གིས། ཁ་གདང་མིག་ཅེར། རྣ་བ་ཀྲོག་ཀྲོག་བྱས་ཏེ། རེ་བ་ཆེན་པོ་ཞིག་བཞག་ནས་ཉན་ཡོད་པ་རེད། དེ་འདྲ་ཡིན་དུས་རྒྱ་རིའི་བུ་མོའི་སྤྲུལ་སྐུ་ཁྲི་འདོན་གྱི་མཛད་སྒོ་ལས་འདི་གལ་ཆེ་བ་མངོན་གསལ་རེད།
རེད། ད་རེས་ཀྱི་ཚོགས་ཆེན་དེ་བོད་ཀྱི་རང་ས་དགྲ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་ཕྱིན་པའི་རིང་གི་ཛ་དྲག་ཚོགས་ཆེན་དང་པོ་དེ་རེད། རྒྱ་རི་ཚང་གི་བྱིས་པའི་མཛད་སྒོ་དུས་ཚོད་དེ་དང་ཁ་གཏུག་ནས་རྒྱ་རི་མར་བལ་ཡུལ་དུ་ཁྲིད་འགྲོ་དགོས་དོན་ཅི་ཡིན་ནམ། རྒྱ་རིའི་བོད་ཀྱི་རྩ་དོན་ལས་ཚ་བོའི་མཛད་སྒོ་གལ་ཆེན་བྱས་པ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། ཚ་བོའི་སྲོག་ལ་ཐུག་ཡོད་ན་ཁག་མེད་ཟེར་ཀྱང་ཆོག་སྲིད་མོད། མཛད་སྒོ་ནི་མཛད་སྒོ་རང་ཡིན་པས་དེ་ཙམ་གལ་ཆེ་རྒྱུ་ཅི་ཡོད། ད་རེས་ཀྱི་ལས་ཀ་འདི་རྒྱ་མ་ཞིག་དང་འདྲ། རྒྱ་མ་འདིས་རྒྱ་རིའི་མི་ཚེ་གང་པོར་བོད་དོན་ལ་ཧུར་ཐག་ག་འདྲ་བྱས་ཡོད་མེད་དང་། འཐུས་ཤོར་ག་འདྲ་བཏང་ཡོད་མེད་གསལ་བོར་བཀྱག་ཐུབ། མི་འདི་ཚོའི་སེམས་ཕུགས་ལ་བོད་ཞེན་མེད་རུང་མ་མཐའ་ངོ་ཚ་རྒྱུ་ཞིག་ཡོད་ན་ཆོག་པ་ལའང་། ང་ད་བར་རྒྱ་རིའི་ཕྱོགས་ལ་ཤེལ་མིག་དཀར་པོ་གྱོན་མཁན་ཞིག་ཡིན་རུང་། ཉི་མ་དེ་རིང་ནས་བཟུང་རྒྱ་རི་ནི་བླ་འཁྱམས་ཚར་བའི་མིའི་གསོབ་ཞིག་ཡིན་པར་རང་ངོ་གཏིང་ནས་འཕྲོད་པ་ཡིན། གྲོགས་པོ་ཚོ། ཁྱེད་ཚོས་གསོབ་ཟེར་བ་དེ་ཨེ་ཤེས། གསོབ་ཟེར་བ་དེ་མ་ཤེས་ན་སེམས་ཅན་གང་རུང་ཤི་རྗེས་པགས་པའི་ནང་དུ་རྩྭ་བརྫངས་ནས་གསོན་པོ་ཡིན་མདོག་མདོག་བྱས་ཏེ་བཞག་ཡོད་པ་ལ་གསོབ་ཟེར་བ་རེད།
ཚོགས་ཆེན་འདིའི་སྟེང་དུ། གོང་ས་མཆོག་དང་བཀའ་ཤག་གིས་ཚིག་གཅིག་ཀྱང་གནང་གི་མེད་པ་རེད། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཀྱང་གསུང་བཤད་གནང་དགོས་པས་མ་ཁྱབ་ཀྱང་། ཚོགས་ཞུགས་པ་དང་ཚོགས་ཞུགས་པ་ཚོའི་གཏམ་བཤད་ཁག་ལ་གསན་རྒྱུ་ནི་གལ་ཆེན་དོན་ཆེན་རེད་སྙམ། ཡིན་ནའང་། ཁོང་ཉིད་ཚོགས་འདུའི་མཛད་སྒོར་ཕེབས་ཡོད་པ་ལས། ཚོགས་འདུ་དངོས་ལ་ཕེབས་མེད་པ་དང་། དེ་ནས་བལ་ཡུལ་དུ་རང་གི་ཚ་བོའི་ཆེད་དུ་ཕེབས་ཡོད་པ་ལས། བོད་དོན་ཆེད་ཕེབས་མེད་པ་རེད། ལར་གངས་ཅན་དཔའ་བོ་དཔའ་མོ་ཚོས་རང་གི་གཅེས་པའི་ཚེ་སྲོག་མི་རིགས་ཤིག་གི་ཆེད་དུ་མཆོད་ཡོད་པ་དང་། མཆོད་བཞིན་པ་རེད། མ་འོངས་པར་བོད་རྒྱལ་ཁབ་ཀྱི་ཆེད་དུ་མཆོད་ངེས་རེད། རྒྱ་རི་ལྟ་བུ་རང་དབང་གི་ལུང་པར་ཡོད་མཁན། ཆབ་སྲིད་ལ་ཐུགས་སྣང་ཡོད་མཁན། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་མིང་ཡོད་མཁན། སྤྱི་ཚོགས་ནང་མིང་གྲགས་ཡོད་མཁན་ཞིག་གིས་ཛ་དྲག་གི་ཚོགས་ཆེན་འདི་ལྟ་བུ་གཡས་ནས་བཞག་གཡོན་ནས་བཞག་ན། བོད་རྒྱ་ཆེའི་མི་མང་ལ་འགྲེལ་བཤད་ག་འདྲ་སེ་གནང་དགོས་ཀྱི་ཡོད་པ་རེད་དམ།
རྒྱ་རི་མ་ཕེབས་རྒྱ་རི་ཕེབས། །
རྒྱ་རི་བལ་བོའི་ཡུལ་དུ་ཕེབས།།
རྒྱ་རིས་མ་རྙེད་རྒྱ་རིས་རྙེད།།
རྒྱ་རིས་མ་འདས་སྤྲུལ་སྐུ་རྙེད།།
ངས་བསམ་ན་རྒྱ་རི་བློ་གྲོས་ད་ཐེངས་ཀྱི་འཚོགས་འདུ་འདི་ལ་ཞུགས་དང་མ་ཞུགས་ཟེར་བ་དེ་གལ་ཆེན་པོ་དང་གླེང་དགོས་པ་ཞིག་ཏུ་ཆེར་མ་མཐོང་། རྒྱ་རི་ཚོགས་འདུ་འདིར་ཡོད་མེད་ཀྱིས་བོད་ལ་ཕན་གནོད་ཆེན་པོར་འགྱུར་བ་མེད། ཡིན་ན་ཡང་རྒྱ་རི་ཚང་གཙོས་པའི་མགོ་གྲུང་པོ་ཚོའི་བུ་ཚ་ཚོ་སྤྲུལ་སྐུ་བཟོ་འགྲོ་བ་འདི་རང་རེའི་ཆོས་སྲིད་མཐོ་རིམ་སྤྱི་ཚོགས་ཀྱི་རུལ་སུང་ཆེན་པོའི་ཟུར་ཞིག་ཡིན་པས་དོ་སྣང་དང་དགག་བཞག་བྱ་འོས་པ་ཞིག་ཏུ་མཐོང་། ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།
གྲོགས་པོ་ཚོ། སྤྲུལ་སྐུ་ལམ་ལུགས་འདི་ལ་གཤེགས་བཅོས་ཚ་ནན་ཞིག་བྱེད་དགོས་བ་འདུག ལྷག་པར་དུ་དེང་སང་བོད་ནང་དང་བོད་ཕྱི་རོལ་དུ་ཏཱ་ལའི་བླ་མས་ཐུགས་ཐག་བཅད་ཟེར་བ་གཅིག་པས་བུ་གུ་སུ་ཞིག་ཡིན་ཡང་མགོ་ལ་འཇོག་ཆོག་ཆོག རྨོངས་དད་བྱེད་རྐྱང་རེད་འདུག གོང་གི་བྱིས་བ་དམར་འབྱར་དེ་ཡང་ཏཱ་ལའི་བླ་མས་སྤྲུལ་སྐུ་ཐག་བཅད་ཀྱི་ཐམ་ཀ་ཞིག་གནང་ཡོད་མེད་གསལ་བོ་མེད་ཀྱང་། རྒྱ་རི་ལ་མཚོན་ལ་དེ་ནི་ཁ་པར་བཏང་བ་ཙམ་གྱིས་ཀྱང་སྐུ་སྒེར་ཡིག་ཚང་ནས་རྒྱ་རི་ལ་དགོས་ན་བཅུ་ཙམ་རེག་མི་སྲིད་མ་རེད། ཁྱེད་ཅག་གིས་ད་དུང་གཅིག་ཤེས་མེད་པ་འདྲ། རྒྱ་རི་ལ་བུ་གཅིག་ཡོད་ལ་། དེ་ཡང་ཆུང་དུས་ནས་སྤྲུལ་སྐུ་གྱུར་ནས་ད་ལྟ་ལྷོ་ཕྱོགས་སུ་དགོན་པ་ཞིག་ཏུ་འདུག བུ་རབས་ཚ་རྒྱུད་སྤྲུལ་སྐུ་བཟོ་བ་འདི་ལ་བསམ་བློ་གཏོང་ས་ཞིག་འདུག
སྤྲུལ་སྐུ་ཞེས་བའི་མིང་འདི་ཐོབ་ཚར་དུས་མི་བསད་ཀྱང་སྤྲུལ་སྐུ་ཡིན་ལ། བཙན་གཡེམ་བྱས་ཀྱང་སྤྲུལ་སྐུ་ཡིན།
སྤྲུལ་མིང་འདི་བོད་ཕར་ཞོག་ནུབ་ཕྱོགས་སུ་བུད་མེད་འཚོལ་བ་དང་། ཁྱིམ་གསོ་བ་དང་དཔལ་འབྱོར་སྒྲུབ་པ། མི་དཀྱུས་མ་ལ་བཤིབ་གཞོགས་གཏོང་བ་སོགས་བེད་སྤྱོད་འདྲ་མིན་གཏོང་བཞིན་པ་རེད།
ཡ་ད་ཤེས་སོང་ནས་། ངའི་ཕ་ཡུལ་དུ་ཁ་སྐད་ཀྱི་དཔེ་ཞིག་ཡོདཔ་རེད།
བ་དེ་ཉལ་ཚུལ་ལ་ལྟས་ན། བེའུ་དེ་ཤི་རོ་རེད་།
རྒྱ་ལོ་དོན་འགྲུབས་ཀྱི་གཏམ་གཤད་དེར་ལྟས་ན་། རྒྱ་བོད་གྲོས་ལ་དྲང་མོ་བྱས་བར་སྐུབས་རྫུན་ཤོར་བར་ཞེས་སྣང་བྱེད་རྒྱ་ཕྱོགས་མ་ཡིན་པར་བོད་ཕྱོགས་ནས་ཀྱང་ཡོད་ས་རེད་། ཨ་ཤུ་རེ་གོ།
ང་བོད་པ་ཚང་གི། མིག་ཆག་ག་ཅན་ཞིག་རི་ལ་སྐྱལ་ནས་། སྟགས་ཐུག་ལེ་ཅན་བཙོན་བཀག་ཡོད་དུས་།
http://www.youtube.com/watch?v=IVhh-djLseE
དེ་རེད། མེ་རོ། ངས་ཀྱང་དེ་ལྟར་སྙམ་བཞིན་ཡོད། ཚོགས་འདུ་འདི་ལ་རེ་བ་ཆེན་པོ་ཡོད་པ་མ་རེད། འདི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་བའི་བཟོ་ལྟ་ཞིག་སྟོན་གྱིན་ཡོད་པ་ཙམ་ལས་འདིའི་སྟེང་ནས་ཐག་གཅོད་ཆེན་པོ་ཞིག་ཐུབ་ཀྱི་མ་རེད། སྤྱིར་བཏང་ཐག་གཅོད་བྱེད་དང་མི་བྱེད་ཟེར་བ་དེ་ཡང་གལ་ཆེན་པོ་མ་རེད། གཙོ་ཆེ་བ་ང་ཚོས་གང་ཞིག་འཇོན་མིན་ང་ཚོས་ཤེས་ཀྱིན་འདུག་ག ཚོགས་འདུ་དེའི་སྟེང་དུ་རྒྱ་རི་བློ་གྲོས་ཞུགས་རུང་མ་ཞུགས་རུང་གཅིག་པ་རེད། ག་རེ་བཤད་རུང་མ་བཤད་རུང་སྔར་བཞིན་དུ་རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གང་ཞིག་ལེགས་པར་གཟིགས་པ་དེ་ག་མ་གཏོགས་མེད་ཅེས་ཞུས་ན་ལེགས་ཀྱི་རེད་ལ་ཕལ་མོ་ཆེས་དེ་ལྟར་ཞུ་གི་རེད་བསམ།
ཡིན་ན་ཡང་སྤྲུལ་སྐུ་ཟེར་བ་འདི་ཆོས་དང་སྲིད་གང་ནས་བསམ་ཀྱང་དགོས་པ་ལས་དགག་བྱ་ཆེ་བ་ཞིག་ཡིན་སྟབས་དགག་དགོས་པ་དང་། ལྷག་པར་ཡང་རྒྱ་རི་ཚང་ལྟ་བུ་ཡིན་ན་བོད་ཀྱི་མཐོ་རིམ་མི་སྣ་ཞིག་ཡིན་སྟབས་འདིའི་སྐོར་ལ་ང་ཚོས་བསམ་ཚུལ་སྟོན་དགོས་པ་གལ་ཆེན་རེད། ཆེ་ཆེ་གཉན་གཉན་ཚོས་འདི་འདྲ་ཚོས་རུལ་སུང་གི་ལས་ཀ་བྱས་ཡོང་དུས་ཆུང་ཆུང་ཚོས་དེ་ལ་ལད་མོ་བྱས་ནས་ད་སྐབས་སྤྲུལ་སྐུ་ཟེར་བ་འདི་དབྱར་ཁ་སྤང་ལ་ཤ་མོ་རྡོལ་བ་ལྟ་བུ་ཞིག་རེད་འདུག ཆོས་ཕྱོགས་ནས་བཤད་ན་བོད་ཀྱི་ཆོས་རྒྱུད་འདི་དཔལ་ན་ལན་ཌའི་ཆོས་རྒྱུད་ཡིན་གསུངས་ཡོད་པ་རེད། དཔལ་ན་ལན་ཌ་ན་སྤྲུལ་སྐུ་ཁྲི་འདོན་བྱས་པའི་ལོ་རྒྱུས་མེད་པ་དེ་ཁོ་ནས་ཀྱང་རྫུན་སྐུབ་འདི་རྡོལ་ཆོག་ཆོག་རད།
གསར་འགྱྱུར་དེ་ཨེ་ཤ་ཡ་གསར་ཁང་གིས་བཀོད་འདུག
དེ་འདི་ན་ཡོད་ ཉོན་དང་།
http://www.rfa.org/tibetan/chediklaytsen/amdolaytsen/f42f66f62f0bf60f42f7cf51f0bf54f0d/ugyen-tulku-recarnation-celebrated-at-nepal-11202008115136.html/t1119ad-lbt.mp3/inline.html
ཡ། སྤོབས་པ། ད་ཁྱོད་ཀྱི་སྙིང་ལ་རྒྱ་འདྲེ་དོལ་རྒྱལ་ཞུགས་ཡོད་ནི་མ་ར། མཚམས་རེར་བཀའ་ཁྲི་དང་རྒྱ་རི་སོགས་ལ་རིག་པའི་རྡོ་རྗེས་ཅིག་ཟེར་གི་འདུག་ཅེས་ཚིག་ངན་ལུང་བ་གང་བཤད་ནས་བོད་གཞུང་ལ་ཤ་ཚ་ཡོད་མདོག་དང་། བོད་ཞེན་ཆེ་མདོག བོད་གཞུང་ལ་དབུ་ཞབས་དཔུང་འདེགས་དགོས་ཚུལ་བཤད། ད་ནི་བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་མཚན་ནས་དངོས་སུ་སྨྲོས་ཏེ། འཛེམ་བག་སྤུ་ཙམ་མེད་པར། “ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།” ཞེས་ཆུ་མགོ་ནས་སྙོག་མཁན་དང་། རང་རེའི་སྤྱི་ཚོགས་ཀྱི་ཡར་རྒྱས་གཏོར་བཤིག་གཏོང་མཁན། བོད་མི་ཚོར་མགོ་སྐོར་གཏོང་མཁན་བཅས་༧གོང་ས་མཆོག་རེད་ཅེས་ཟེར། ད་ཁྱོད་སྨྱོ་ནག་ཀ་ལང་ལང་བྱས་ཡོད་ནི་མིན་ན། རང་གི་ཁ་ལག་གཉིས་བདག་པོ་རྒྱབ་ན་ཨེ་ཆོག་གི ༧གོང་ས་མཆོག་གིས་ནམ་བོད་མི་རིགས་ལ་མགོ་བསྐོར་ཆེན་པོ་ཞིག་བཏང་འདུག ལྟས་ངན་ཁྱོད་ཀྱིས་ཅི་ཞིག་ཤོད་བཞིན་ཡོད། ཁྱོད་ཀྱིས་ནང་འགལ་ཟེར་བ་དེ་ཅི་ཡིན་ཤེས་ཀྱི་ཡོད་དམ། བཀའ་ཁྲིར་སྐྱོན་བརྗོད་བྱས་ན། བོད་ནང་ཁུལ་ལ་གཏོར་བཤིག་དང་དགྲ་བོའི་ལག་ཆར་འགྱུར་ན། འོ་ན་༧གོང་ས་མཆོག་ལ་དངོས་སུ་སྐྱོན་འཛུགས་བྱས་ན་བོད་ནང་ཁུལ་གཏོར་བཤིག་དང་དགྲ་བོའི་ལག་ཆར་མི་འགྱུར་བའི་རྒྱུ་མཚན་ཅི་ཡོད། གཏམ་དཔེར། རང་ངོ་ན་གཡག་ཡོད་ནོ་མི་རིག་པར། གཞན་ངོའི་ཤིག་འཐུ་ཟེར་བ་འདི་རེད། བཀའ་ཁྲི་དང་རྒྱ་རི་སོགས་ལ་སྐྱོན་བརྗོད་བྱས་ན་ཅི་སྐྱོན། ཁྱོད་ཀྱིས་བོད་མིའི་འདི་ཕྱིའི་སྐྱབས་གནས་༧གོང་ས་ཐམས་ཅད་མཁྱེན་པར་ཉེས་འཛུགས་བྱེད་པར་ལྟོས་དང་། མཚམས་རེར་ཁ་ཚུར་འཁོར་ནས་བོད་མིའི་ལ་རྒྱ་ཡོད་མདོག་བྱེད། མཚམས་རེར་ཁ་ཕར་འཁོར་ནས་༧གོང་ས་མཆོག་ལ་མཚན་སྨོད་བྱེད། ད་ཁྱོད་ཀྱིས་ངོ་མ་ཨ་ཁུ་ཁྲོ་ཐུང་གིས་ལས་ཀ་ལས་ཀྱིན་ཡོད་པ་ཕྱི་གསལ་ནང་གསལ་རེད།
༧གོང་ས་མཆོག་གིས། རྒྱ་རིའི་ཚ་བུ་ཨོ་རྒྱན་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་ཕྱག་ཡིག་གནང་ཡོད་རྒྱུ་མ་རེད། གལ་ཏེ་ཡི་གེ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་། གཅིག་བྱས་ན་རྒྱ་རི་སྐུ་སྒེར་ཡིག་ཚང་གི་ལྟག་སྒོ་ནས་འཛུལ་ཏེ་ཐོབ་པ་ཡིན་སྲིད། དེ་མིན་༧གོང་ས་མཆོག་སྐུ་དངོས་ཀྱིས་ཕྱག་ཡིག་གནང་བ་ཡིན་ན། སྤྲུལ་སྐུ་འཁྲུལ་མེད་རེད། སྤྲུལ་སྐུ་ངོས་འཛིན་གནང་རྒྱུའི་ཐོབ་ཐང་༧གོང་ས་མཆོག་ལ་ཡོད་རེད། དེས་ཆུ་མགོ་ནས་སྙོག་ན་དྭངས་ཐབས་མེད་པའི་ནག་ཉེས་གང་ཡང་བསགས་མེད། ཡང་ཁྱོད་དང་རྒྱ་ནག་ལག་འབྲེལ་གྱིས་ཨོ་རྒྱན་སྤྲུལ་སྐུ་གཉིས་པ་ཞིག་ངོས་འཛིན་བྱེད་འདོད་ཡོད་དམ།
བཀའ་ཁྲི་དང་། རྒྱ་རི། གཞན་བཀའ་བློན་ལས་ཟུར། ད་དུང་དགའ་ལྡན་ཁྲི་བ་སོགས་ལ་ཡང་སྐྱོན་བརྗོད་བྱེད་འདོད་ཡོད་ན། འགྲིག་གི་རེད། བསམ་ཚུལ་ཤོད་རྒྱུའི་ཐོབ་ཐང་སུ་ལ་ཡང་ཡོད་རེད། འོན་ཀྱང་ད་བར་༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན། ཁྱོད་དང་། རྒྱ་ནག་གཞུང་། དོལ་ཚོགས་གསུམ་ལས་མེད། ད་ཁྱོད་འདི་གཉིས་དང་འབྲེལ་བ་ཡོད་མེད་གསལ་བོ་ཡིན་པ་ཤེས་སམ།
ང་ཚོ་བོད་མི་རྣམས་ལ་སྐྱིད་སྡུག་ཅི་ཞིག་བྱུང་ཡང་རེ་ས་ཁོང་ལས་མེད། ཁོང་ང་ཚོའི་སྐྱབས་གནས་མཐར་ཐུག་ཡིན། ཁོང་ལ་སྐྱོན་བརྗོད་དང་ཉེས་འཛུག་བྱེད་རྒྱུ་ཡིན་ཟེར་ན། བཟོད་སྒོམ་མི་བྱེད་ཁོ་ཐག་ཡིན། ད་ནས་བཟུང་ཁྱོད་ཀྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཚམས་བཞག་ན་དགའ་གི་རེད། ཁྱོད་ཀྱིས་རིག་པའི་རྡོ་རྗེར་སྐྱོན་བརྗོད་བྱས་ན་དགའ་བསུ་ཡོད། རིག་པའི་རྡོ་རྗེས་ཀྱང་བཀའ་ཁྲི་དང་རྒྱ་རི་སོགས་ལ་སྐྱོན་བརྗོད་བྱས་ན་དགའ་བསུ་ཡོད། དེས་བོད་མིའི་བར་དཀྲུག་ཤིང་དང་། རྒྱ་མིའི་ལག་ཆར་ནམ་ཡང་འགྱུར་གི་མ་རེད། གང་ལྟར་ད་ནས་བཟུང་ཁྱོད་ཀྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཚམས་ཞོག གལ་ཏེ་ཁྱོད་ཀྱིས་མུ་མཐུད་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་ཚིག་གཅིག་ཤོད་དང་། ང་ཚོས་ཁྱེད་མཐའ་གཅིག་ཏུ་རྒྱ་དོལ་གཉིས་ཀྱི་གསང་ཉུལ་བ་ངོ་མ་ཞིག་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན།
རིག་མཆོག ཀྱེ་མ། རང་གི་རིག་པ་གསེར་འདྲ་བ་དེ་བེད་སྤྱོད་བྱས་ནས་ཚིག་རེ་འགའ་སྨྲ་རྒྱུ་མི་འདུག་གམ། གང་ཟག་ཆེ་གེ་མོ་ལ་ཁ་བཏང་སོང་དང་ག་གེ་མོ་ལ་སྐྱོན་བརྗོད་བྱས་ན་བཟོད་སྒོམ་མི་བྱེད་སོགས་འཇིགས་སྐུལ་གྱི་གཏམ་ཚན་པོ་ཆེ་རེ་སྨྲས་ནས་སྟག་རྔ་གཟིག་རྔ་རེར་འཇུ་ས་ཨེ་རྙེད་ལྟ་བ་ལས་ལྡོག་སྟེ་སྐབས་བབ་ཀྱི་བརྗོད་བྱའི་དོན་དམར་རྗེན་དེར་ལག་པ་རེ་འཆངས་ཐུབ་ཀྱི་མི་འདུག་གམ། ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་འདིས་བོད་ལ་ཁེ་གྱོང་གང་ཆེ་ལས་བརྩམས་ཏེ་གླེང་རྒྱུ་ནི་སྐབས་བབ་གནད་ཀྱི་དོན་པོའི། འཁོར་བས་བལྟས་ན་རས་པ་སྨྱོ། །རས་པས་བལྟས་ན་འཁོར་བ་སྨྱོ། །ཞེས་པ་ལྟར་ཁྱོད་ཀྱི་སྣང་ངོར་ང་སྨྱོས་ཡོད་ཀྱང་སྲིད།
སྤོབས་པ་འདི་ལོ་རྒྱུས་སྨྲ་བ་ལ་མགྲིན་པ་ཡངས་པ་མ་ཟད་ཆབ་སྲིད་ཀྱི་མིག་རྒྱང་ཡང་རིང་བོ་འདུག སེང་གེའི་ཕྲུ་གུ་གཅིག་རེས་ཀྱང་ཝ་སྐྱེས་ཀྱི་འཁོར་ཚོགས་བརྒྱ་སྐོར་རེ་ལ་དེད་ལུང་དེད་བྱེད་ཐུབ།
ཁྱོད་དབུ་མའི་ལམ་གྱི་དབུས་རི་ནས་སེང་གེ་འགྱིང་འགྱིང་བྱོས་དང་སུ་གང་གིས་གླགས་འཁེལ་དཀའ། ངས་རྒྱང་ན་ཁྱོད་ལ་རོགས་པ་དགོས་མི་དགོས་བལྟས་བསྡད་ཡོད། རོགས་པ་དགོས་ས་མ་རེད། མཐའ་གཉིས་སུ་ལྷུང་བའི་ཝ་སྐྱེས་ཀྱི་ཚོགས་རྣམས་གད་རྒྱངས་གཅིག་གིས་སྤ་བཀོང་བར་བྱ།
མགོན་ཕྱག དེ་རིང་ཁྱོད་ཀྱིས་ལྷ་རྒྱལ་རི་བོའི་ངོགས་སུ་བསང་གསོལ་རེ་གཏོང་གི་ཡོད་དམ། ངའི་ཕྱོགས་ལ་རྩམ་པ་མང་པོ་མ་གཏོར་རོགས། སྦྲང་དཀར་རྩམ་པ་ཟ་མི་ཐུབ་པའི་དུས་འདིར་དེ་འདྲའི་མང་པོ་གཏོར་ན་ངའི་མིག་གཉིས་ག་རྩམ་པས་བསྒྲིབས་ནས་ལམ་ཡང་མ་མཐོང་ན་ཅི་བྱེད།
སྤོབས་པ་ཁྱི་རྒན། ཁྱེད་ད་དུང་མུ་མཐུད་དུ་ཟུག་འདོད་ཡོད་ན་ཅི་དགར་ཟུག་ཆོག འོན་ཀྱང་༧གོང་ས་མཆོག་གི་ཐོག་ལ་ཟུག་སྐད་གཏན་ནས་རྒྱག་མི་ཆོག ༧གོང་ས་མཆོག་ང་ཚོ་བོད་མིའི་སྐྱབས་མགོན་ཡིན། ༧གོང་ས་མཆོག་ང་ཚོ་བོད་མི་ཡོངས་ཀྱི་སྙིང་གི་ནོར་བུ་ཡིན། ད་དུང་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན། འདིས་བོད་མི་ལ་མགོ་སྐོར་གཏོང་གི་ཡོད་ཚུལ་དང་། ཆུ་མགོ་ནས་སྙོག་ན་དྭངས་རྒྱུ་མེད་པ་བཟོས་ཡོད་ཟེར་ན། དོལ་ཚོགས་ཕུད་པས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། གལ་ཏེ་ང་ལ་རང་དབང་དང་ནུས་པ་ཞིག་ཡོད་ན། དབྱར་ཚ་བའི་དུས་སུ་ངས་༧གོང་ས་མཆོག་གི་སྐུ་ལུས་ལ་བསིལ་རླུང་འཇམ་པོ་རེ་གཏོང་ན་འདོད། དགུན་གྲང་བའི་དུས་སུ་ཉི་མ་དྲོན་པོ་རེ་སྤར་ན་འདོད། ད་དུང་རྒྱ་བཙོག་ཚང་དང་། དོལ་ཚོགས། ད་དུང་ནང་མགོ་ཕྱི་བཙོང་གི་ལྟས་ངན་ཁྱོད་འདྲ་ཚོའི་ཁ་ལ་ལྕགས་གཟེར་བརྒྱབ་ན་འདོད།
དྲ་གྲོགས་ཚོ། ཁྱེད་ཚོས་སྤོབས་པས་ཅི་ཞིག་བཤད་ཀྱིན་ཡོད་པ་ཤེས་ཡོད་པའི་རེ་བ་ཡོད། གལ་ཏེ་ཐུགས་ཉམས་བཞག་མེད་ན། གོང་གི་མཆན་ཨང་གྲངས་ ༡༩ བར་གཟིགས་རོགས་ཞུ། འདི་ངོ་མ་མྱི་བཙོག་ཟེར་རྒྱོ་རེད་ཡ། དྲ་གྲོགས་ཚོས་ངེས་པར་དུ་གཟིགས་རོགས་ཞུ།
རེད། དེ་བདེན་པ་རེད། བརྗོད་བྱའི་ཐོག་ལ་ཁ་བརྡ་བྱེད་དགོས་མོད། ང་ཚོས་རྒྱ་རི་ཚོགས་འདུར་ཞུགས་ཡོད་མེད་ཁ་བརྡ་བྱེད་སྐབས། ལྟས་ངན་ཁྱོད་ཀྱིས་༧གོང་ས་ཡིད་བཞིན་ནོར་བུར་ཉན་མི་བཟོད་པའི་མཚན་སྨོད་དང་སྐྱོན་བརྗོད་བྱེད་དོན་ཅི་ཡིན་ནམ། འདི་དྲ་གྲོགས་ཚང་མས་ཤེས་རྒྱུའི་རེ་བ་ཡོད། འདི་དོན་དག་ཆུང་ཆུང་ཞིག་གཏན་ནས་མ་རེད། རྒྱ་ནག་གཞུང་གིས་ཀྱང་༧གོང་ས་མཆོག་ལ་འདི་ལས་ལྷག་ཅིག་ཟེར་གྱིན་མེད། འདི་ནས་འབྲི་མཚམས་འཇོག སྙིང་ན་ནས་འདུག་བཟོད་མེད་ཀི གནད་དོན་འདིའི་ཆེད་མུ་མཐུད་དུ་འབྲི་ངེས་ཡིན་ལ། ༧གོང་ས་མཆོག་གི་དོན་དུ་སྲོག་གཏོང་དགོས་ཀྱང་གཏོང་ངེས་ཡིན།
ཁྱོད་ལ་མི་མང་པོས་རུབ་རྒྱག་གི་འདུག་ག དེ་བས་ངས་ཁྱོད་ཀྱི་མགོ་འཕང་བསྟད་པ་ཡིན། ལམ་ཁ་མ་མཐོང་ན་ཡང་མིག་བཙུམ་ནས་རྒྱུགས། ལྷུང་ས་ས་མ་གཏོགས་ཡོད་མ་རེད།
སྤོབས་པ་ངེད་ཚོ་དྲ་གྲོགས་རྙིང་པ་ཡིན། ཁོའི་བསམ་ཚུལ་ངེད་ཚོ་ཚང་མས་ཤེས་ཀྱི་ཡོད། གཅིག་བྱས་ན་སྐད་ཆ་རེ་བཤད་ཉེས་བྱས་ཡོད་སྲིད། ཡང་སྐྱར་ལྟ་གི་མིན། གཟིམས་འཇག་གནང་རོགས་གནང་།
ཨ། དངོས་གནས་དགའ་བ་ལ། ང་ཚོ་ལ་རིག་མཆོག་ཁྱོད་འདྲ་བ་ཚོ་དགོས་པའི་དུས་ཤིག་ལ་སླེབས་ཡོད། རིག་མཆོག་གིས་ཁོ་རྒྱལ་བ་རིན་པོ་ཆེའི་ཆེད་དུ་འཆི་ཐུབ་ཟེར། རིག་མཆོག་ད་ཡིན་ན་འཆི་རན་པ་མ་རེད་དམ། རྩེ་པོ་ཏ་ལ་ནི་རྒྱ་ནག་གི་འགྲེམ་སྟོན་ཁང་དུ་བསྒྱུར་སོང་། བལ་བོད་ཀྱི་ས་མཚམས་ལ་ནི་རྒྱ་ནག་གི་རྡོ་རིང་བཙུགས་སོང་། རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་པཎ་ཆེན་རིན་པོ་ཆེ་ནི་རྒྱ་ནག་གིས་བཙོན་དུ་བཟུང་སོང་། ལྷ་ས་ནི་རྒྱ་མོ་སྨད་འཚོང་མས་ཁེངས་སོང་། ཁྱོད་འཆི་མ་ཐུབ་པར་ཡང་བསྐྱར་ཁ་བརྡ་དྲྭ་རྒྱ་འདིའི་སྟེང་དུ་ནམ་སླེབས་བཞིན་ངས་ཁྱོད་ལ་ཁྱོད་དུང་ཤི་མེད་དམ་ཞེས་སྐད་ཆ་རེ་འདྲི་རྒྱུ་བརྗེད་ས་མ་རེད།
མགོན་པོ་རྨི་ལམ་སྐྱིད་པོ་ཐོངས་ནས་གཟིམ་སྡོད་དང་སང་ཉིན་མཇལ་ཡོང་།
སྤོབས་གདོན། གདོན་གཟུགས་སྤོབས་པ་ཁྱོད་དང་པོ་དྲྭ་ཁང་ནང་ལ་འཛུལ་ཡོང་དུས་བོད་པ་ཚང་མས་བོན་པོ་ལ་དགོངས་དག་ཞུ་དགོས་ཟེར་ནས་ཕྱོགས་ཞེན་གྱི་སྐྱག་དྲི་སྣས་མི་བཟོད་པ་ཞིག་དང་མཉམ་དུ་འཛུལ་བྱུང་། དེ་རིང་༧གོང་ས་མཆོག་གི་མཚན་ནས་དངོས་སུ་སྨྲོས་ཏེ་ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་མེད་ཚུལ་དང་། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར་བས་བོད་མི་ཉམ་ཆུང་ཚོ་ལ་ཡར་རྒྱས་ཀྱི་མདུན་ལམ་མེད་ཚུལ་ཟེར། ད་ལྟོས་དང་དམ་ལོག་ཁྱི་རྒན་གདོན་གཟུགས་ཁྱོད་མི་ཅི་འདྲ་ཞིག་རེད་དམ། ཁར་ཉིན་ཞིག་ལ་ཐེ་ལན་ཌིའི་ཡུལ་མིས་རྒྱལ་པོ་ལ་གུས་ཚུལ་གྱིས་ཡིད་འཕྲོག་རབས་ལུང་བ་གང་བཤད་སོང་མོད། ད་ཁྱོད་བོད་གྱི་རྒྱལ་པོ་ལ་གུས་ཚུལ་དེ་འདྲ་ཨེ་རེད། ཨ་གདོན་གཟུགས། ད་བར་༧གོང་ས་མཆོག་གི་མཚན་ནས་དངོས་སུ་སྨྲོས་ཏེ་མཚན་སྨོད་བྱེད་མཁན་རྒྱ་མི་དང་དོལ་ཚོགས་ཁྱོད་གསུམ་ལས་མེད། ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱེད་བཞིན་རྒྱལ་བ་རིན་པོ་ཆེའི་ཆབ་འབངས་དང་སློབ་མ་གཉིས་ཀ་ཡིན་པའི་བོད་མི་ཉམ་ཆུང་ཚོའི་གླེང་སྟེགས་འདིའི་ནང་དུ་འཛུལ་མ་ཡོང་། གདོན་གཟུགས་ཁྱི་རྒན་ཁྱོད་ཀྱི་ཁ་ནས་ཁྲག་དྲོན་མོ་སྐྱུགས་ཏེ་ཤི་མགོ་དུར་ལ་བསྐོར་བའི་སྨོན་ལམ་འདེབས།
དྲྭ་དཔོན་མཆོག་ལ་ཞུ་རྒྱུར། ༧གོང་ས་མཆོག་གི་མཚན་ནས་དངོས་སུ་སྨྲོས་ཏེ་མཚན་སྨོད་བྱེད་མཁན་གྱི་དམ་ལོག་འདི་༧གོང་ས་མཆོག་གི་ཆབ་འབངས་དང་སློབ་མ་ཚོ་འཛོམས་སའི་དྲྭ་ཁང་འདི་ནས་གཏན་དུ་ཕུད་རོགས་ཞུ། དེ་མིན་དྲྭ་གྲོགས་མང་པོ་ཞིག་གི་སེམས་ལ་ན་ཚ་བཟོ་རྒྱུ་དང་། དེ་ལ་བརྟེན་ནས་དྲྭ་ཁང་འདི་ཡང་གཡུལ་ས་ཆུང་ཆུང་ཞིག་ཏུ་འགྱུར་རྒྱུ་སྨྲོས་མེད་ཡིན་ཞིང་། དྲྭ་ཁང་འདིའི་མཚན་སྙན་དང་ལས་དོན་གྱི་ཐོག་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན།
རིག་རྡོར་འཁོར་དང་བཅས་པ། །སྤོབས་པའི་སྟེང་ལ་ངར་ངར། །རྒྱ་མིའི་སྟེང་ལ་ངར་ན། །ཉིན་གཅིག་ཞག་གཅིག་རིང་ལ། །རང་བཙན་ཐོབ་པར་འདུག་གོ། །
རིག་མཆོག་གིས་གསུངས་པ་བདེན་གི བོད་མི་ཞིག་གིས་༧གོང་ས་མཆོག་ལ་འདི་ལྟར་གཞི་མེད་ཀྱིས་སྐྱོན་བརྗོད་བྱས་ན་བློ་ཕམ་རེད། བོད་མི་ཞིག་གིས་༧གོང་ས་མཆོག་ལ་འདི་འདྲའི་ཉན་མི་བཟོད་པའི་སྐྱོན་བརྗོད་བྱས་ན། དེ་སུ་ཡིན་གསལ་བོ་རེད། ངས་དེ་སྔོན་ནས་བཤད་པ་ཡིན། སྤོབས་པ་ཟེར་བ་འདི་ལ་ཉམས་འཇོག་དགོས་ཞེས་ཟེར་མྱོང་། ད་ཁོ་སུ་ཡིན་ཤེས་སོང་ངམ། དེ་སྔོན་ཁོས་རིག་རྡོར་ལ་གཤེ་གཤེ་བཏང་ནས་བོད་གཞུང་ལ་ཤ་ཚ་ཡོད་མདོག་མདོག་བྱས་པ་རེད། ད་ཐེངས་ལས་རྒྱུ་འབྲས་ཟེར་བ་ཡིན་ན་ཡང་འདྲ། ཆོས་སྐྱོང་དམར་ནག་གཉིས་ཀྱིས་མཐུ་སྟོབས་ཡིན་ན་ཡང་འདྲ། གང་ལྟར་ཁོའི་ནང་རོལ་ཡོད་ཚད་ཕྱི་རོལ་ཏུ་ཕུད་པ་མ་ཟད། ཁ་བརྡ་དྲ་ཐོག་ཏུ་བཞག་པ་ཡག་པོ་བྱུང་། ད་སུ་ཡིན་མིན་གྱི་དོགས་པ་ཆོད་ཚར་བ་རེད། ང་ཚོས་ཁོ་ལ་རྒྱུན་དུ་ཉམས་འཇོག་བྱེད་དགོས། ལྷག་པར་དུ་ཁ་བརྡའི་དྲ་དཔོན་རྣམས་ཀྱིས། མི་འདི་ཚོའི་རིགས་བཀག་ཐབས་ཡོད་ན་བཀག་ན་ཡག་པོ་འདུག མི་འདི་ཚོས་ང་ཚོ་བོད་གཞི་བྱེས་གཉིས་དང་། ལྷག་པར་དུ་མི་ལོ་སུམ་བརྒྱ་ལྷག་གི་རིང་། ཆོས་དང་དམ་ཚིག་གི་འབྲེལ་བ་གཏིང་ཟབ་ཡོད་པའི་༧གོང་ས་མཆོག་དང་། བོད་མིའི་བར་ལ་ཡང་དཀྲུག་ཤིང་བཟོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད། འདི་ངོ་མ་ཚང་མས་ཤེས་རྒྱུ་གལ་ཆེ།
ངས་འདིར་དྲ་གྲོགས་རྣམས་ཀྱིས་གཟིགས་བདེའི་ཆེད། སྤོབས་པའི་མཆན་དེ་འདིར་བཀོད་ཡོད།
“༡༩༽ སྤོབས་པ་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༠ གི་ཆུ་ཚོད་ ༡༨ སྐར་མ་ ༡༤
ངས་བསམ་ན་རྒྱ་རི་བློ་གྲོས་ད་ཐེངས་ཀྱི་འཚོགས་འདུ་འདི་ལ་ཞུགས་དང་མ་ཞུགས་ཟེར་བ་དེ་གལ་ཆེན་པོ་དང་གླེང་དགོས་པ་ཞིག་ཏུ་ཆེར་མ་མཐོང་། རྒྱ་རི་ཚོགས་འདུ་འདིར་ཡོད་མེད་ཀྱིས་བོད་ལ་ཕན་གནོད་ཆེན་པོར་འགྱུར་བ་མེད། ཡིན་ན་ཡང་རྒྱ་རི་ཚང་གཙོས་པའི་མགོ་གྲུང་པོ་ཚོའི་བུ་ཚ་ཚོ་སྤྲུལ་སྐུ་བཟོ་འགྲོ་བ་འདི་རང་རེའི་ཆོས་སྲིད་མཐོ་རིམ་སྤྱི་ཚོགས་ཀྱི་རུལ་སུང་ཆེན་པོའི་ཟུར་ཞིག་ཡིན་པས་དོ་སྣང་དང་དགག་བཞག་བྱ་འོས་པ་ཞིག་ཏུ་མཐོང་། ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།”
རིག་མཆོག་བློ་གྲོས་ཆོས་གྲགས་གསུམ། །ཡོད་དུས་ཐམས་ཅད་ཡོད་མཉམ་ཡིན། །མེད་དུས་ཐམས་ཅད་མེད་མཉམ་ཡིན། །དོན་དུ་དགེ་བཤེས་རིག་རྡོར་གྱི། །སྤྲུལ་པ་ཡང་སྲིད་རོལ་བ་ཙམ། །
ཆུ་མགོ་ནས་རྙོག་མཁན་དེ་རྒྱ་རི་ལ་གོ་དགོས་པ་འདྲ། ག་རེ་རེད་ཟེར་ན། དེའི་གཤམ་དུ་ཕ་མགོ་བུ་ཡིས་བསྐོར་ཟེར་ནས་བྲིས་འདུག་ག དེའི་གོང་དུ་ཡང་ད་ལྟོས་དང་འདི་ལ་ཞེས་འདི་སྒྲ་ངེས་བཟུང་འདི་རྒྱ་རི་ལ་གོ སྐྱོན་བརྗོད་ཚང་མ་རྒྱ་རིའི་སྟེང་འབབ།
རིག་རྡོར་གྱི་དགེ་ཕྲུག་སྦྱིན་བདག་ཚོ། ཁྱེད་ཚང་གི་དགེ་བཤེས་ྐླད་དམར་གྱིས་ཁྱོད་ཚོར་ལམ་སྟོན་འདི་འདྲ་གནང་གི་འདུག་གམ། མི་ལ་ཁྱི་དང་གདོན་རེད་ལབ། ཟམ་གདོང་རྒྱ་རི་གཉིས་ལ་དགྲ་རུ་འཛིན། ལོང་བས་ལོང་བའི་ལམ་ཁྲིད་མི་ཡོང་བས་དེ་བས་ཁྱེད་རང་ཚོ་ངའི་འཁྲིས་སུ་ཤོག་དང་ངས་ཁྱོད་ཚོར་ཉམས་ལེན་སྦྱོར་བ་དྲུག་གི་ཁྲིད་ཅིག་བཏབ་ནས་ཁྱོད་ཚོའི་ཁུ་བ་དཀར་ཉོག་ཉོག་དེ་ཚོ་རྩ་དབུ་མའི་ནང་ནས་མར་ལྷུང་རྒྱུ་མེད་པ་བཟོ་ཆོག
ཨ་རོགས་ཚོ། ད་སོ་མ་ཚེ་རིང་གི་བུ་ཟེར་བ་ཞིག་བུད་ཐལ། ད་སྤོབས་པ་ཡང་སྤོབས་པ་ཞུམ་དགོས་པ་ཞིག་བཟོ་རྩིས་རེད། ཚང་མས་བློ་རྒྱ་བསྐྱེད་ནས་མུ་མཐུད་ལམ་ལ་ཆས་པར་ཞུ།
མགོན་ཕྱག མི་འདི་ཚོས་དེ་ཙམ་གོ་ཡོད་རེད། ཡིན་ན་ཡང་མ་གོ་མདོག་མདོག་བྱེད་ཀྱིན་ཡོད་རེད། དེ་ཚོ་ལ་ལན་ཐད་ཀར་འདེབས་པ་ལས་དེ་ག་ཙམ་དུ་ཀྱག་ཀྱག་བྱེད་དགོས་རེད། ག་རེ་ལབ་རྒྱུ་འདུག་ལྟ་ཆོག འདི་ཚོ་ངོ་མ་མི་སོ་སོ་བ་ཡིན་ན་བོད་མི་བོད་ཡིག་གི་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པས་ཅུང་དགའ་འོས་པ་ཞིག་ཀྱང་རེད་མོད། ངས་བསམ་ན་འདི་ཕལ་ཆེར་མི་གཅིག་ཡིན་ཀྱི་རེད་བསམ།
ཨ་ལ་ལ་ལ། ཇི་འདྲ་འདྲའི་སྤྲུལ་སྐུས་འདོད་པ་ཁེངས་རྒྱུ་མེད་པའི་སྤྲུལ་སྐུ་ཞིག ཁོ་རང་སྤྲུལ་སྐུ། ཁོའི་དཔོན་པོ་སྤྲུལ་སྐུ ཁོའི་གྲྲོགས་པོ་སྤྲུལ་སྐུ། ཁོའི་བུ་སྤྲུལ་སྐུ ཁོའི་བུ་མོའི་མག་པ་སྤྲུལ་སྐུ ད་བུ་མོའི་བུ་ཡང་སྤྲུལ་སྐུ
དཔེ་ཆའི་ནང་ན་བཤད་པའི་སྤྲུལ་སྐུའི་ཡོན་ཏན་དང་ནུས་མཐུ་དེ་དག་ངོ་མ་ཡོད་པ་ཡིན་ན། བོད་དོན་གྱི་དཀའ་ངལ་སེལ་བའི་འཕྲོ་ན་ད་དུང་ཡོན་ཏན་དང་ནུས་མཐུ་ལྷག་ཡོད་པ་དེ་དག་རྒྱ་རི་ཚང་གིས་གང་ཞིག་ལ་བཀོལ་རྒྱུ་མ་ཤེས་ཏེ་བསྡད་ཡོད་རྒྱུ་རེད།
ྐླུ་སྨྱོན། ང་འདི་འདྲ་ཡོང་ན་དགའ་བཞིན་ཡོད། དྲྭ་རྒྱ་བརྒྱུད་ནས་རང་གི་ཕ་སྐད་ཀྱི་སྟེང་དུ་རྒྱག་རེས་ཤིག་བརྒྱབ་ན་ཡང་སྣང་བ་སྐྱིད་པོ་འདྲ་ཞིག་འདུག ངས་ཁ་བརྡ་ནས་ཕུད་མིན་མི་ཤེས་ཏེ་ཐབས་སྐྱོ་བ་ཞིག་ལ་མི་འདི་ཚོས་ཁུངས་འཁྱོལ་གྱི་མ་རེད། ཁོ་རང་ཚོ་ཁ་བྲལ་འགྲོ་གི་རེད།
སྤོབས་པ་དང་མགོན་པོ་གཉིས་ཀ་ཁ་བརྡ་ཚང་གི་བླ་སྲོག་ཡིན་དཱ། ཁྱོད་གཉིས་མགར་དང་ཐུ་མི་བཞིན་ཡིན་ད། ངས་ཆང་ཞིག་འཐུང་ནས་བཟི་འདུག ད་ཉལ་གི་ཡིན།
རབ་འབྱོར། ད་དུང་ཁོའི་སྲིང་མོ་ཉི་ཧོང་དུ་ཡོད་མཁན་དེའི་བུ་ཡང་སྤྲུལ་སྐུ་ཡིན་ལབ་ནས་སྦིར་ལ་བཞག་ཡོད་རེད།
གལ་སྲིད་བོད་ལ་ཆབ་སྲིད་ཀྱི་རང་དབང་ཞིག་ཡོད་ན་མི་མགོ་བདེ་བོ་ཚོས་ཆབ་སྲིད་ཀྱི་དཔལ་འབྱོར་གྱི་ཁེ་ཕན་ཐད་ཀར་ལེན་ཐབས་བྱེད་ཀྱི་རེད། བོད་ལ་དེའི་ཕྱོགས་ལ་ལྟ་ཉན་མེད་པ་ཤེས་དུས་ད་ཆོས་ཕྱོགས་ན་ཟ་སྒོ་ཞིག་ཡོད་པ་མཐོང་ནས་བུ་རབས་ཚ་རྒྱུད་ཚང་མ་སྤྲུལ་སྐུའི་སར་འཇོག་གི་ཡོད་རེད། ངས་རྒྱ་རི་སོགས་ལ་ནག་ཉེས་མེད་ན་འདུག་ཅེས་ལབ་མི་ཕོད། ཉེ་སྔོན་རིག་རྡོར་གྱིས་གཞི་མེད་སྐྱོན་བརྗོད་དེ་ཚོར་ངས་དགག་ལན་བརྒྱབ་ཡོད། ཡིན་ན་ཡང་ནག་ཉེས་ཡོད་ས་དེར་ངས་མཛུབ་མོ་འཛུགས་པ་ལས་སྐྱག་པ་སས་བཀབ་རུང་མ་བཀབ་རུང་དྲི་ངན་འཐུལ་གྱི་རེད།
ལྟོས་དང་ད་ག་ཚོད་བསྒུགས་ན་ཡང་ཡོང་གི་མི་འདུག འདི་ཚོས་རང་གིས་ལབ་པ་དེས་ཁུངས་མ་འཁྱོལ་ན་བྲོས་སོང་ནས་ཕྱིར་འཁོར་ཕོད་ཀྱི་མ་རེད། རིག་པའི་རྡོ་རྗེས་བྱེད་སྟངས་ཀྱང་དེ་ག་རང་རེད།
རྒྱ་ནག་གི་མགོ་ཁྲིད་མཐོན་པོ་དེ་ཚོའི་བྱིས་པ་རྣམས་ཀྱི་ནང་ནས་སྤྲུལ་སྐུ་རེ་ངོས་འཛིན་བྱས་ན་རང་བཙན་ལ་ཡང་རེ་བ་མེད་པ་ཡིན་རྒྱུ་མ་རེད། གཅིག་བྱས་ན་ཁོ་ཚོས་སྤྲུལ་སྐུ་ཞིག་ངོས་འཛིན་པ་དེ་སྡུག་ཤོས་ཤིག་ལ་བརྩིས་ནས་ཞེད་ཐག་ཆོད་འགྲོ་གི་རེད།
ལྟས་ངན། ཁྱོད་ཀྱིས་ངོ་ཚ་ཟེར་བ་དེ་ཤེས་སམ། ད་ཁྱོད་ཀྱིས་ཡོས་བཤད་མོས་བཤད་བྱས་ནས། ཁྱོད་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་པའི་སྐོར་དེ་བསྐྱུར་ན་འདོད་དམ། དེ་ཁྱོད་ཀྱིས་འདོད་ཀྱང་། ང་ཚོས་ཁྱེད་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་པ་དེ་རང་འགར་མི་འཇོག་ཁོ་ཐག་ཡིན། ཁྱོད་ལ་དེ་འདྲའི་བློ་སྟོབས་ཡོད་ན། དྲ་གྲོགས་ཚང་མའི་མདུན་དུ་པུས་མོ་ས་ལ་བཙུགས། ལག་ཐལ་མོ་སྦྱར། ༧གོང་ས་ཡིད་བཞིན་ནོར་བུའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མགོ་ཐོག་ཏུ་ཞོག་ལ་ངོ་ཚ་དང་འཇིགས་སྐྲག་ཆེན་པོའི་སྒོ་ནས། བྱས་ཉེས་ལ་འགྱོད་བཤགས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་དེ་འདྲའི་ལས་ངན་མི་བྱེད་པའི་དམ་བཅའ་ཞོག་དང་། ཁྱོད་བུ་བཟང་གི་ཟེར་ཡ། དེ་མིན་ཡོས་བཤད་མོས་བཤད་བྱས་ནས་ཅི་བྱེད། ཤོད་འདོད་ན་ང་ཚོར་རེ་རེ་ནས་ལན་ཐོབས་དང་། གལ་ཏེ་ཁྱོད་ཀྱིས་ཆུ་མགོ་ནས་སྙོགས་ན་དྭངས་ཐབས་མེད་ཟེར་བ་དེ། རྒྱ་རི་ལ་ཟེར་གོ་ནི་ཡིན་ན། དྲ་གྲོགས་ཚང་མས་མདུན་དུ་གསལ་བཤད་ཀྱིས་དང་། ཁྱོད་མཁས་པ་ཡིན་པའི་རྟགས་རེད། དེ་མིན་གཡོ་ཐབས་བྱས་ནས་ཅི་བྱེད། ཨ་ལྟས་ངན། དོལ་རྒྱལ་གྱི་བླ་བུ། རྒྱ་བཙོག་ཚང་གི་གཅེས་ཕྲུག ནང་མགོ་ཕྱིར་ཚོང་གི་ཁྲོ་ཐུང་། བླ་སློབ་ཀྱི་དམ་ཚིག་ལ་བརྩི་བཀུར་མི་བྱེད་པའི་དམ་ཉམས། ད་ཁྱོད་ཀྱིས་ཚོད་བཟུང་ན་བཟང་གི
ཨ་རོགས་ཚོ། ད་ཆོག་གི་པ། ང་སྔོན་མར་རྡ་སར་ཡོད་དུས་ཤིག་ལ་གོང་ས་མཆོག་གི་གསུང་ཆོས་ཤིག་ལ་ཕྱིན་པ་ཡིན། དེར་ཁོང་གིས་དེང་སང་གསར་འབྱོར་ཚོས་རྡ་རམ་ས་ལ་རུ་རྒྱག་རེས་རྒྱག་གིན་ཡོད་པ་རེད། མི་གསོད་ཀྱིན་ཡོད་པ་རེད། དེ་ཡག་པོ་མ་རེད་གསུངས་སོང་། ང་ནང་ལ་ལོག་ནས་ངའི་གྲོགས་པ་ཨ་མདོ་ནས་ཡིན་པ་ཞིག་ལ་རྒྱལ་བ་རིན་པོ་ཆེས་དེ་སྐད་གསུངས་སོང་ལབ་པ་ན། ཁོ་ལམ་སེང་རླུང་ལངས་ནས་བླ་རྒན་དེའི་ཨ་བ་ཨ་མ་ཟེར་བས། ང་རེ་ཞིག་གྲགས་འགུལ་མེད་པར་བཏང་སོང་ལ། དེ་ནས་ཞིབ་ཏུ་བསམ་བློ་བཏང་དུས་གསར་འབྱོར་བའི་ལ་རྒྱ་སྲོག་བཞིན་སྲུང་ན་འདོད་པ་ཞིག་ཡིན་ཚེ་གོང་ས་མཆོག་ལ་ཡང་སྐབས་རེར་བཟོད་པ་སྒོམ་ཐུབ་ཀྱི་ཡོད་པ་མ་རེད། འདི་ནི་མི་སྒེར་བ་ཞིག་གི་ཆེད་དུ་མ་ཡིན་པར་གསར་འབྱོར་བ་ཡོངས་ཀྱི་མིང་གྲགས་དང་ལ་རྒྱ་སྲོང་འདོད་པ་ཞིག་གི་སྐད་ཆ་རེད། ཡིན་ན་ཡང་ཁོ་རང་ལ་སྐབས་དེར་དེ་ལས་ལྷག་པའི་ཚིག་ཅིག་ཀླད་པའི་ནང་དུ་མ་ཤར་བ་རེད་ལ། ངས་སྐད་ཆ་འདི་འདྲ་གོ་ཐེངས་མང་བས། འདི་ཚོ་ཡང་ནས་སྐྱར་དུ་ཟློས་ན་དགེ་མཚན་ཅང་མཐོང་གི་མི་འདུག
མདོ་དོན་དེ་ནི། ཆོས་ཕྱོགས་སྤྱི་དང་ཁྱད་པར་དུ་གསང་སྔགས་ཀྱི་ཆོས་ཞུ་སའི་རྡོ་རྗེ་སློབ་དཔོན་ལ་སྙིང་ནས་སྨོད་པ་ཡིན་ན། རྩ་བའི་ལྟུང་བ་ཞེས་པའི་ཉེས་པ་ཆེན་པོ་ཞིག་ཏུ་བགྲང་གིན་ཡོད་པ་རེད་ལ། སྲིད་ཕྱོགས་རྐྱང་བའི་ངོས་ནས་སྤྱི་འབངས་ཤིག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་འདྲ་ཞིག་ལ་ཡང་བསྟོད་སྨད་གང་བྱེད་རང་གི་དམངས་གཙོ་དང་འགྲོ་བ་མིའི་ཁེ་དབང་རེད། གལ་སྲིད་རྒྱལ་ཁབ་ཀྱི་དབུ་ཁྲིད་དེ་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་ཡིན་ན་དེའི་ཚོད་ཀྱི་དཀའ་རྙོག་དེ་ཡོང་གི་ཡོད་པ་རེད། དེའི་ཕྱིར་དཀའ་རྙོག་ངོ་མ་དེ་སྐུ་ཞབས་རིག་མཆོག་དང་སྐུ་ཞབས་སྤོབས་པ་་གཉིས་ཀྱི་བར་ན་མེད་པར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིའི་སྟེང་དུ་ཡོད་པ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་ཨི་ཀྲ་ལི་སྲིད་གཞུང་དང་རོམ་ཆོས་ཚོགས་ཞེས་པའི་རྒྱལ་ཁབ་གཅིག་ལ་སྲིད་གཞུང་མི་འདྲ་བ་གཉིས་བྱུང་བ་རེད།
ཡ་ཡ། སྤོབས་པ་ཟེར་བ་འདི་ལ་བོད་ཡིག་ཅུང་ཡག་པོ་འདུག་པས། བོད་མི་ཞིག་དང་ད་དུང་གྲྭ་ལོག་ཞིག་ཀྱང་ཡིན་པ་འདྲ། གལ་ཏེ་ཡིན་ན། ཁྱོད་ངོ་མ་དམ་ཉམས་ཟེར། ངས་བལྟས་ཡོང་དུས་ཁྱེད་ཀྱིས་༧གོང་ས་མཆོག་གི་མདུན་ནས་ཉུང་མཐར་དུས་འཁོར་དབང་ཆེན་ཐེངས་གསུམ་བཞི་ཞུས་ཡོད་རྒྱུ་རེད་སྙམ། བླ་སློབ་ཀྱི་དམ་ཚིག་ཅི་འདྲ་ཡིན་གྲྭ་ལོག་ཞིག་ཡིན་ན་ལོས་ཤེས། གལ་ཏེ་གྲྭ་ལོག་མིན་ལ། ༧གོང་ས་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་ཡང་ཞུ་མ་མྱོང་ཟེར་ན། ད་ནི་ཁྱེད་ཡིན་རྒྱུ་གཅིག་དེ་ཡིན་ཐག་ཆོད་རེད། དེ་མིན་བོད་མི་ཞིག་གིས་༧གོང་ས་མཆོག་ལ་འདི་འདྲའི་ཚིག་ངན་བཤད་རྒྱུ་མི་སྲིད་པ་རེད། སྤོབས་པའི་ཚིག་འདི་ཧ་ཅང་གི་རྫབ་ཅན་ཞིག་རེད། ༧གོང་ས་མཆོག་གིས་ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་མེད་པ་བཟོས་ཡོད་ཟེར་བ་འདི། དོལ་རྒྱལ་འགོང་བོ་ཚོགས་པ་དང་། རྒྱ་ནག་གཞུང་མ་གཏོགས་བོད་མི་སུ་གཅིག་གིས་དེ་འདྲ་ཤོད་ཀྱི་མ་རེད། ད་དུང་ཁོས་འཇིག་རྟེན་གྱི་ཡ་རབས་སྤྱོད་བཟང་དང་། ངོ་ཚ་ཁྲེལ་ཡོད་སོགས་འཕོས་ཕྱིས་ཀྱི་རྡོ་བཞིན་དོར་ཏེ། ” ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།”ཟེར་བ་དེ། རྒྱ་རི་ལ་ཟེར་བ་ཡིན་མདོག་བྱེད་པ་ནི། ཤ་དངོས་སུ་ཟ་བཞིན་ཁྲག་ཁ་ནས་ཐིགས་བཞིན། ངས་ཤ་ཟ་མྱོང་ན་དཀོན་མཆོག་གསུམ། འདི་ཤ་རེད་ན་དཀོན་མཆོག་གསུམ་ཟེར་བ་དེ་ལས་གཞན་ཅི་ཡོད། འདི་ཁྱོད་མ་ཟད། མཁྱེན་གཏེར་དབང་ཕྱུག་དངོས་སུ་ཕེབས་ཀྱང་འདི་༧གོང་ས་མཆོག་ལ་ཟེར་བ་མ་རེད། རྒྱ་རི་ལ་ཟེར་བ་རེད་ཅེས་འགྲེལ་བཤད་གནང་མི་ཐུབ། ད་ཁྱོད་བླ་སློབ་ཀྱི་དམ་ཚིག་ཉམས་པའི་དམ་ཉམས་དང་། དོལ་རྒྱལ་འགོངས་ཚོགས་ཀྱི་ཚོགས་མི། བསྟན་དགྲ་རྒྱ་དམར་གྱི་གསང་ལས་པ་ཡིན་པ་ར་སྤྲོད་བྱུང་བ་རེད། ད་དུང་ཁྱོད་ལ་དོལ་རྒྱལ་གྱིས་བྱིན་གྱིས་རླབས་པའི་སྐྱག་པ་དམིགས་བསལ་ཞིག་ཡོད་ན་མ་གཏོགས། སྐྱག་པ་ཅི་ལྟར་ཆེ་ཡང་སས་བཀབ་ན་མི་ཁོག་པའི་སྐྱག་དྲི་ཞིག་གང་དུ་ཡང་མེད།
མདོར་ན་ཁྱོད་ཀྱིས་རང་ཉིད་དོལ་རྒྱ་གཉིས་ཀྱི་ནང་མི་ངོ་དམར། དགྲ་སྣ་ནང་ཁྲིད་ཀྱི་མི་ངན། འགོངས་པོས་བྱིན་གྱིས་རླབས་པའི་འཕུང་འདྲེ། བླ་སློབ་ཀྱི་དམ་ཚིགས་རྩ་ནས་ཉམས་པའི་དམ་ཉམས་ཞིག་ཡིན་པ་ངོས་ལེན་གྱིས་ལ། ད་ཕྱིན་༧གོང་ས་མཆོག་གི་སྐྱབས་འོག་ཏུ་འཚོ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཁྱིམ་གཞིས་དྲོན་མོ། དབྱངས་གསལ་སོ་བཞིའི་རྩམ་དྲི་འཐུལ་བའི་ཕ་ཁྱིམ། ཁ་བརྡ་དྲ་ཚིགས་སུ་མ་འདུག་པར་དོལ་རྒྱའི་ཕྱོགས་སུ་སྐད་ཅིག་ཉིད་ལ་སོང་ཞིག གལ་ཏེ་ད་དུང་མི་འགྲོ་ཞིང་འདུག་པར་བཟོད་ན། ངེད་ཅག་གི་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་བསྟན་སྲུང་དམར་ནག་གཉིས་ཀྱིས། ཁྱོད་ཀྱི་མགོ་བོ་ཚལ་བ་བརྒྱར། ལུས་ངན་དུམ་བུ་སྟོང་ཕྲག་ཏུ་གཏུབ་པར་གདོན་མི་ཟ་བས། ད་ལྟ་ཉིད་དུ་ཕྱིར་དེངས་ཤིག ཕྱེར་ཞིག དམ་ཉམས་སྙིང་ལ་ཛ་ཛ་རྦད།
སྤོབས་པ་ཟེར་བ་འདིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དངོས་སུ་མཚན་སྨོད་སྐུར་འདེབས་བྱས་པ་ནི་བཟོད་སྒོམ་གཏན་ནས་མི་ཐུབ་པ་ཞིག་རེད། ད་དུང་ཁོས་སྐྱོན་བརྗོད་བྱས་རུང་མ་བྱས་རུང་སྐྱག་པ་སས་བཀབ་རུང་དྲི་ངན་འཐུལ་རྒྱུ་རེད་བ་འདི་དོལ་རྒྱལ་ཚོགས་པས་བེད་སྤྱོད་བྱེད་བཞིན་པའི་བརྗོད་ཚིག་རྙིང་པ་ཞིག་རེད། བོད་མི་ཚོ། གཉིད་ཁུག་རྒྱུ་སུ་ལ་ཡང་ཡོད་མོད་ཡིན་ན་ཡང་གཉིད་སད་རྒྱུ་གལ་ཆེ། སྤོབས་པ་ཟེར་བ་འདི་དོལ་རྒྱལ་ཚོགས་པའི་ནང་གི་མི་ཞིག་མིན་ན་ངའི་མགོ་ཁྱོད་ཚོས་བཅད་ཀྱང་ཆོག
དྲྭ་དཔོན་དགེ་འདུན་རབ་གསལ་ལགས། ཁྱེད་ཀྱིས་སྔོན་མ་བོད་ཀྱི་དུས་བབ་དབུ་འཛུགས་བྱས་ནས་ད་བར་བོད་ཀྱི་བསྟན་སྲིད་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད། ད་ཡང་དྲྭ་ཁང་འདི་སྒོ་ཕྱེས་ཏེ་གླིང་གང་སར་ཡོད་པའི་བོད་མི་རྣམས་བོད་ཀྱི་སྐད་ཡིག་ཐོག་ནས་ཕན་ཚུན་སྐད་ཆ་བཤད་ཐུབ་པ་ཞིག་བྱུང་བ་དེ་བྱས་རྗེས་དང་བཀའ་དྲིན་ཆེན་པོ་རེད། ཡིན་ན་ཡང་དྲྭ་ཁང་འདིའི་ནང་༧གོང་ས་མཆོག་ལ་དངོས་སུ་མཚན་སྨོད་བྱེད་མཁན་ཚོ་འཛུལ་དུ་མ་འཇུག་རོགས་ཞུ། དོལ་ཚོགས་དང་རྒྱ་མིའི་རྒྱུགས་ཁྱི་ཚོ་ཕུད་པའི་བོད་མི་རིགས་འདི་༧གོང་ས་མཆོག་ལ་དད་ཞེན་ཅི་ཙམ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས། དྲྭ་ཁང་འདིའི་ནང་ནས་༧གོང་ས་མཆོག་ལ་མཚན་སྨོད་དང་སྐུར་འདེབས་གང་བྱེད་བྱེད་ཡིན་ན་ཡག་པོ་མི་འདུག
འོ་སྤོབས་པ་གདོན་གཟུགས། སྙིང་ཁྲག་བཞུར་རྒྱུ། ངས་ཁྱོད་ལ་རིག་རྡོར་གྱི་འཁོར་ཡིན་མིན་དང་རིག་རྡོར་གྱི་སྦྱིན་བདག་ཡིན་མིན་གྱི་སྐོར་བཤད་ཀྱི་མེད། རིག་རྡོར་ཁྱོད་གཉིས་ལ་སྒེར་གྱི་ན་ཚ་ཅི་ཡོད་ན་ཁྱོད་རང་གཉིས་ཀས་བཤད་ཁུ་སྡོད། ང་དེ་ལ་དོན་དག་མེད། ངས་ཁྱོད་ལ་བཤད་གྱི་ཡོད་པ་དེ་ཁར་ཉིན་ཁྱོས་རང་བཙན་རྩོད་མཁན་ཚོས་རྒྱ་བོད་ཀྱི་བར་ལ་དཀྲུགས་ཤིང་བཟོས་ནས་བོད་དོན་ཤོར་བ་རེད་ཟེར་བ་དང་། བོད་རང་བཙན་རྩོད་ན་ངོ་ཚ་རེད་ཟེར་བ་དང་། དེ་རིང་ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་ཆུ་མགོ་ནས་བསྙོགས་ན་དྭངས་མེད་དང་། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། སོགས་ཟེར་བ་འདིར་ངོ་རྒོལ་བྱེད་ཀྱི་ཡོད། ཁྱོད་ལ་ལན་རྒྱག་རྒྱུ་མེད་དུས་རིག་རྡོར་གྱི་འཁོར་རེད་ཟེར་ཁུལ་བྱེད་པ་དེ་འཇབ་ཆུང་གི་སྐད་ཆ་རེད། ད་ཁྱོད་ཀྱི་སྐད་ཆ་ལ་བཟོ་བཅོས་ཇི་ལྟར་བརྒྱབ་རུང་། ཁྱོད་རང་གི་ལག་པས་བྲིས་པའི་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨོད་སྐུར་འདེབས་ཀྱི་མཆན་དེ་ཡིག་ཐོག་ན་ཡོད་པས་ཁྱོད་ཀྱིས་དཀར་ལམ་ཞིག་ལོན་གི་མ་རེད། ཁྱོད་ཨ་རིར་ཡོད་བཞིན་དུ་རྡ་རམ་ས་ལར་ཡོད་མདོག་བྱེད་པ་དང་། དྲ་ཁང་འདིར་ཡོང་ནས་ཁྱི་སྨྱོན་ནང་བཞིན་གཡས་གཡོན་གྱི་མི་ཐབས་ཅད་ལ་སོ་བརྒྱབ་པས་མི་ཚད། ད་ཐེངས་༧གོང་ས་མཆོག་གི་མཚན་ནས་དངོས་སུ་སྨྲོས་ཏེ་མཚན་སྨོད་སྐུར་འདེབས་བྱེད་ཚུལ་ལ་བལྟས་ན་འདི་ལོར་ནེའུ་ཡོག་ཏུ་དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་གཟན་དམར་སྨུག་གྱོན་པའི་གྲྭ་གཟུགས་རོ་ཆེ་ཞིག་ཞེ་སྡང་གིས་སྨྱོ་གྲབས་འདྲ་ཞིག་བྱེད་ཀྱི་འདུག་པ་དེ་ཁྱོད་ཡིན་པ་འདྲ། དེ་ཡིན་ན་ཤི་འདྲེ་དམ་སྲི་དོལ་རྒྱལ་གྱི་སྙིང་ཁྲག་དྲོན་མོ་ཁྱོད་ཀྱི་ཁ་ལ་རྒྱག་རྒྱུའི་སྨོན་ལམ་འདེབས། ད་དུང་མིག་གཉིས་ཀ་ཡོད་པའི་ཞར་རྒོག་སྐྱག་ལོང་ཁྱོད་ཀྱིས་འཕགས་པ་སྤྱན་རིས་གཟིགས་ཀྱི་རྣམ་སྤྲུལ་ལ་རྒྱབ་གཏད་ནས། སྐལ་བཟང་རྒྱ་མཚོ་དང་གངས་ཅན་བླ་མ་སོགས་ཀྱི་སྣབ་ལུད་གཤང་གཅི་ཁུ་བ་ཐམས་ཅད་ཁྱོད་ཀྱིས་ཞོ་ལྡག་ལྡག་བྱོས་དང་། ཁྱོད་དུས་གཏན་ནས་གཏན་ཏུ་མུན་པ་མུན་ནག་ཆེན་པོའི་གཏིང་རུམ་དུ་འགྲོ་ཐུབ་ངེས་ཡིན།
གྲོགས་པོ་ཚོའི་རྩོད་པ་འདི་ཞི་བའི་ངང་ནས་ཞི་བར་སྨོན། ད་ང་ཉལ་དུ་འགྲོ་གི་ཡིན།
ད་ངོ་མ་བཤད་ན། སྤོབས་པས། ༧གོང་ས་མཆོག་ལ་མཚན་སྨོད་བྱས་པ་བདེན་གི ཡིན་ན་ཡང་ཁོ་རང་༧གོང་ས་མཆོག་ལ་དད་པ་མེད་མཁན་ཞིག་དང་། ཡང་ན་ལས་ཀའི་དབང་གིས་དེ་ལྟར་བྱེད་དགོས་བྱུང་བ་ཡིན་ན་ཁག་མེད། འདི་བྱེད་མི་ཆོག་ཅེས་བཤད་ན་ཡང་མ་འགྲིག་པ་ཞིག་རེད་སྙམ། འོན་ཀྱང་ཁ་བརྡ་དྲ་ཚིགས་འདི་ལ་བོད་གཞི་བྱེས་གཉིས་ཀྱི་ཤེས་ཡོན་པ་དང་། སློབ་ཕྲུག སྤྱིར་བཏང་གི་མི་མང་པོ་ཞིག་གིས་ལྟ་ཀློག་བྱེད་བཞིན་ཡོད་པས། བོད་མི་ཞིག་གིས་༧གོང་ས་མཆོག་ལ་དེ་འདྲས་མཚན་སྨོད་བྱས་ན། དགྲ་དགའ་གཉེན་སྡུག་ཟེར་བ་དེ་ཡིན་པས། འདིའི་ཕྱོགས་སུ་གཟབ་གཟབ་བྱས་ན་བཟང་སྙམ། ཡིན་ཡང་ང་རང་སྒེར་ལ་མཚོན་ན་ཡང་། བོད་མི་མ་ཟད། དོལ་ཚོགས་དང་། རྒྱ་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་ན་མི་བཟོད་པའི་ཁོང་ཁྲོ་ལངས་གི་འདུག་མོད། ག་ལེར་བསམ་བློ་བཏང་ན། ༧གོང་ས་མཆོག་ལ་དད་པ་བྱེད་མིན་རང་དབང་རེད། འོན་ཀྱང་དེ་སྔོན་ཆོས་འབྲེལ་ཞུས་ཡོད་ན་ཆོས་ཕྱོགས་ནས་ཉེས་སྡུག་ཚབ་ཆེན་བསགས་ཡོད་ལ། སྲིད་ཕྱོགས་ནས་བཤད་ན་ཡང་བོད་མི་ཞིག་གིས་འདི་འདྲའི་གཞི་མེད་སྐྱོན་འཛུགས་བྱས་ན། ལུགས་མཐུན་ཞིག་མ་རེད། གང་ལྟར་དྲ་གྲོགས་རྣམས་ཀྱིས་དེའི་ཐད་བསམ་ཚུལ་གསུང་ཆོག་མོད། ཚིག་ངན་བེད་སྤྱོད་མི་གཏོང་རྒྱུའི་རེ་བ་ཡོད།
i cant make sente of rhtis
གོང་གི་མི་འགའི་བཤད་སྲོལ་ལ་བལྟས་ཚེ་གལ་སྲིད་སྤོབས་པ་ལག་ཏུ་ཆུད་ན་སྤོབས་པའི་ལུས་པོ་དེ་རྩ་གཤག་ལོས་གཏོང་བསམ་པ་ཞིག་འདུག ཨ་རོ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ཞི་བདེའི་དེད་དཔོན་ཞིག་ལ་རྒྱབ་སྐྱོར་བྱེད་སྟངས་འདི་འདྲ་ཞིག་ཨེ་ཡིན་ནམ། སྙིང་ཁྲག་བཞེས་རྒྱུ་ཞེས་པའི་ཚིག་འདི་ནི་ངོ་མ་ཅིག་འཇིགས་ཀི གལ་སྲིད་སྤོབས་པ་ཆོས་དད་མེད་མཁན་ཞིག་ཡིན་ཚེ་གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་རྒྱབ་སྐྱོར་ལ་དགག་པ་དང་། སྤོབས་པའི་ཁ་གཏད་དྲ་གྲོགས་འདི་དག་ཆོས་པ་ཞིག་དང་བྱང་ཆུབ་སེམས་སྡོམ་ཡོད་མཁན་ཞིག་ཡིན་ན། ཁག་འདི་གཉིས་ཀྱི་སུ་ཞིག་གི་ཉེས་པ་ལྕི་ཨང་། སྔོན་དགེ་བཤེས་འགྲན་ཟླར་གྱུར་པ་གཉིས་ཀྱི་གཅིག་གིས་གཅིག་དེའི་སྡོམ་པ་ཤོར་བའི་སྐད་ཆ་ཞིག་གོ་ནས་རང་གི་དགེ་ཕྲུག་ལ་ཇ་ཞིམ་པོ་ཞིག་སྐོལ་དང་དེ་རིང་སྐད་ཆ་སྙན་པོ་ཞིག་གོ་བྱུང་ཟེར་བས། དགེ་ཕྲུག་དེའི་སེམས་ནང་ངའི་དགེ་རྒན་གྱི་ཐུགས་རྒྱུད་ལ་ཉམས་རྟོགས་ཁྱཔད་པར་ཅན་ཞིག་སྐྱེས་པ་འདྲ་སྙམ་ནས་དགའ་སྤྲོའི་ངང་ཇ་ཞིག་བསྐོལ་ཏེ་ཕུལ་ནས། ལགས་སྐད་ཆ་སྙན་པོ་ཅི་ཞིག་ཡོད་ལགས་ཞུས་པས། ཨོ་ངའི་འགྲན་ཟླའི་དགེ་བཤེས་དེའི་སྡོམ་པ་ཤོར་འདུག་ལབ་པ་དང་། རྗེས་སུ་དེ་བཀའ་གདམས་པའི་དགེ་བཤེས་ཆེན་པོ་ཞིག་གིས་ཐོས་ནས་ཁོ་གཉིས་ཀྱི་ཉེས་པ་གང་ལྕི་རེད་གསུངས་པ་བཞིན། བོད་ཁ་བ་ཅན་གྱི་སྤྱི་དགྲ་དང་གོང་ས་མཆོག་གི་དོན་དམ་པའི་སྐུ་དགྲ་རྒྱ་མི་དམར་པོ་དག་གི་རྒྱུད་ལ་ཡང་བྱང་ཆུབ་སེམས་མཆོག་སྐྱེ་དགོས་པའི་སྨོན་ལམ་ཉིན་འདོན་མཚན་འདོན་ཡིན་པའི་ང་ཚོས། མི་ཞིག་གིས་གོང་ས་མཆོག་གི་ཕྱོགས་སུ་ཚིག་ངན་གཅིག་བརྗོད་པ་དེ་གཞི་རྩར་བཞག་ནས་རང་གི་སོ་བྱང་སྔགས་གསུམ་གྱི་སྡོམ་པར་ཕུ་རྒྱག་ཅི་ཐུབ་པ་འདི་ཡག་རྟགས་ཤིག་མ་རེད། གལ་སྲིད་སྤོབས་པ་མི་འདི་དག་གི་རྡོ་རྗེ་སྤུན་གྲོགས་ཤིག་ཡིན་ཚེ། རྡོ་རྗེ་སྤུན་ལ་ཁྲོས་ནས་ཉེས་པ་བརྗོད་པ་དེ་གསང་སྔགས་ཀྱི་དམ་ཞིག་གང་ཞིག་ལ་འགལ་ཡོད་པ་དེ་ཤེས་གསལ་རེད། བཤག་སྡོམ་མེད་ཟེར་བ་ཞིག་ལ་འགལ་ཡོད་བསམས། སྔོན་མར་འབྲས་སྤུངས་ནས་ཀླུ་འབུམ་གྲྭ་པ་ཁག་ཅིག་དོལ་གླིང་གཡུལ་འགྱེད་ཀྱི་དམག་འཁྲུག་ནང་ཞུགས་དུས་ངས་ཁོ་ཚོར། དོལ་ཚོགས་ཀྱིས་དམྱལ་བའི་སྒོ་ཕྱེ་སྟེ་དེའི་ནང་དུ་མཆོང་ཆོག་ཆོག་དང་ལྷུང་ཆོག་ཆོག་བཟོས་ཡོད་པ་རེད། ད་འོ་ན་ཁྱོད་ཚོ་ཡང་དགེ་ཚུལ་སློང་དག་དག་དམག་ལ་སོང་ནས་དེ་ཚོ་དང་མཉམ་དུ་དམྱལ་བའི་མེ་ནང་དུ་མཆོང་གི་ཡིན་པས། ཞེས་བརྗོད་མྱོང་།
“གདོན་གཟུགས་ཁྱི་རྒན་ཁྱོད་ཀྱི་ཁ་ནས་ཁྲག་དྲོན་མོ་སྐྱུགས་ཏེ་ཤི་མགོ་དུར་ལ་བསྐོར་བའི་སྨོན་ལམ་འདེབས།”
གོང་གི་ཚིག་འདི་ངོ་མ་ཅིག་འཇིགས་ཀི མི་འདིས་ཆོས་སྐྱོང་བསྐུལ་ནས་སྤོབས་པ་གསོད་དུ་འཇུག་གི་ཡོད་པ་གསལ་ཐག་ཆོད་རེད། ཆོས་སྐྱོང་བསྐུལ་ནས་མི་གསོད་པ་དང་ཆོས་སྐྱོང་བརྩད་ནས་མི་གསོད་པ་གཉིས་ཀྱི་ཉེས་པ་ལ་ཡང་ལྕི་ཞིག་གང་ན་ཡོད། དེ་བཞིན་མི་དངོས་སུ་བསད་པ་དང་མི་དེ་ཁ་ནས་ཁྲག་དྲོན་མོ་བསྐྱུགས་ཏེ་འཆི་བའི་སྨོན་ལམ་བཏབ་པའི་སྡིག་པ་གཉིས་ལ་ཡང་ལྕི་ཞིག་གང་ན་ཡོད། གོང་གི་སྨོན་ལམ་དེ་ལྟར་འདེབས་མཁན་དྲ་གྲོགས་དེ་ད་དུང་ནང་པའི་ཆོས་པ་ཞིག་གྲལ་ན་ཡོད་དམ་མེད། གོང་གི་ཚིག་འདི་ངོ་མ་དྲ་དཔོན་གྱིས་བསུབ་དགོས་པ་ཞིག་རེད། ཚིག་འདི་འདྲ་མི་བསུབ་ན་འོ་ན་ཚིག་འཇིགས་པོ་ཟེར་བ་དེ་ག་འདྲ་ཞིག་རེད། ངས་ནི་ཚིག་ཕྲེང་དེ་ཀློག་གིན་ཀློག་གིན་སེམས་ནང་ལ་སྐྲག་སྣང་ཞིག་ཤར་ཡོང་གི་འདུག
ཀླུ་སྨྱོན་གྱིས་གསུངས་པ་དེ་མི་བདེན་རྒྱུ་མེད་ཀི འོན་ཀྱང་ང་ཚོས་སྤོབས་པ་ཟེར་བའི་ལྟས་ངན་འགོང་གཟུགས་འདིས། རྒྱ་ནག་གཞུང་དང་དོལ་ཚོགས་རྒྱབ་ཏུ་ཁུར་ཏེ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ཉེས་འཛུགས་དང་། སྐྱོན་བརྗོད་བྱེད་ཀྱིན་ཡོད་པར་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ལས། སྤོབས་པ་ཁོ་རང་ཆོས་པ་ཡིན་མིན་དང་། སྤོབས་པ་ལ་ངོ་རྒོལ་བྱས་པས་རང་རྒྱུད་ཀྱི་སླབ་སྡོམ་ཉམས་ཀྱི་ཡོད་མེད་རེ་ཞིག་གླེང་གི་མེད། མདོར་ན་སྤོབས་པ་ཟེར་བ་དེ་བོད་མི་ཞིག་ཡིན་པའི་ཆ་ནས་༧གོང་ས་མཆོག་ལ་མཚན་སྨོད་བྱས་ན་མི་འགྲིག་གི འདི་ཆོས་དད་ཡོད་མེད་ཀྱི་རྒྱུ་མཚན་ཞིག་མ་རེད། འདི་བོད་མིའི་གཞི་རྩའི་རྩ་དོན་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། རྒྱ་ནག་གཞུང་དང་། དོལ་ཚོགས་ཀྱིས་ཀྱང་༧གོང་ས་མཆོག་ལ་འདི་ལས་ལྷག་ཅིག་ཟེར་གྱི་མེད། ང་རང་སྒེར་ལ་མཚོན་ན་༧གོང་ས་མཆོག་གི་མདུན་ནས་ཆོས་འབྲེལ་རེ་ཐོབ་པ་ཙམ་ལས། བྱང་སྡོམ་སོགས་རྒྱུད་ལ་སྐྱེས་ཡོད་མེད་དང་། དེ་དག་ཇི་ལྟར་བྱས་ན་ཉམས་ཀྱི་ཡོད་མེད་སོགས་བསམ་བློ་བཏང་ཡང་མ་མྱོང་ལ། གཏོང་འདོད་ཀྱང་མེད། གཙོ་བོ་༧གོང་ས་ཡིད་བཞིན་ནོར་བུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡང་དག་པར་ངོས་འཛིན་བྱེད་བཞིན་ཡོད་ལ། བོད་མིའི་མ་འོངས་བདེ་སྐྱིད་༧གོང་ས་མཆོག་དང་མེད་ན་མི་འབྱུང་གི་འབྲེལ་བ་ཡོད་པར་ཡང་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་དད་པ་ཟེར་བ་དེ་ངོ་མ་གསལ་བོ་ཞིག་མི་ཤེས་མོད། གང་ལྟར་ང་༧གོང་ས་མཆོག་ལ་ཤིན་ཏུ་དགའ། ང་ཁོང་ལ་ཤིན་ཏུ་དུང་། ཁོང་ང་ཚོ་བོད་མི་རྣམས་ཀྱི་སྙིང་ནོར་ཡིན། དེར་བརྟེན་བོད་མི་ཞིག་གིས། ཁོང་ལ་སྐྱོན་བརྗོད་དང་མཚན་སྨོད་བྱེད་རྒྱུ་ཟེར་ན། བཟོད་སྒོམ་མི་བྱེད་ཁོ་ཐག་ཡིན། གལ་ཏེ་ངའི་རྒྱུད་ན་བྱང་སྡོམ་སོགས་ཡོད་པའི་དབང་དུ་བཏང་ཡང་། སྤོབས་པ་ལ་རྒོལ་འཛིང་བྱས་པས་དེ་ཉམས་པའི་དབང་དུ་བཏང་ཡང་འགྱོད་པ་རྩ་བ་ནས་མེད། སྤོབས་པ་འགོང་གཟུགས། བློ་ཁོག་ཡོད་ན་ད་ཐོན་ཤོག ཕྱོགས་ཞེན་དང་རང་མཐོང་གི་སྐྱག་དྲི་འཐུལ་བཞིན་ཐོན་ཤོག ནང་འགལ་དང་གཞི་མེད་ཀྱི་ཕྱིན་དྲི་འཐུལ་བཞིན་ཐོན་ཤོག ཕྱི་དགྲ་ནང་ཁྲིད་ཀྱི་སྡུག་མཇེ་ས་ལ་དྲུད་བཞིན་ཐོན་ཤོག སྡུག་སྐད་དང་འོ་དོད་ཀྱི་ཕྱི་མོའི་གཞང་ཁུ་འཐུང་བཞིན་ཐོན་ཤོག གངས་ཅན་བླ་རྒན་དང་སྡུག་པའི་བཤེས་གཉེན་སྐལ་བཟང་རྒྱ་མཚོ། རྒྱ་ནག་སྲིད་འཛིན་ཧུང་གཅིན་འཐུང་སོགས་ཀྱི་གཅིན་སྐྱག་རྒྱག་ཚད་ཅིག་ཟོས་ནས་ཐོན་ཤོག ཁྱོད་ཐར་བར་མི་གཏོང་ཐག་ཆོད་ཡིན། ད་ནས་བཟུང་ང་ཚོར་ཁྱོད་དང་རྒྱ་ནག་གཞུང་། དོལ་རྒྱལ་འགོང་ཚོགས་གསུམ་ལ་ཁྱད་པར་སྤུ་ཙམ་ཡང་མེད། དགྲ་བོ་རྗེས་འབྲང་དང་བཅས་པར་རང་ནུས་ཡོད་ཚད་ཀྱིས་ངོ་རྒོལ་དང་། འཐབ་འཛིང་བྱེད་ངེས་ཡིན།
དྲ་གྲོགས་ཀླུ་སྨྱོན་ལགས། སྤོབས་པས་༧གོང་ས་མཆོག་ལ་དེ་འདྲའི་མཚན་སྨོད་བྱས་ན་ཡང་། ཁྱོད་ཀྱི་སེམས་ལ་ཟ་ཕྲུག་ཙམ་ཡང་མི་སྐྱེ་བར། དྲ་གྲོགས་འགའ་རེས་སྤོབས་པ་ལ་ཚིག་ངན་སྨས་པས་ཁྱོད་ལ་སྐྲག་སྣང་ཡོང་དོན་ཅི་ཡིན་ནམ། ང་ནི་དེ་ལ་སྐྲག་སྣང་གང་ཡང་འོང་གི་མི་འདུག་མོད། སྤོབས་པས་༧གོང་ས་མཆོག་ལ་མཚན་སྨོད་བྱེད་པ་མཐོང་བས། དངོས་གནས་སྙིང་ལ་ཚ་ཤད་ཅིག་རྒྱུགས་ནས་རེ་ཞིག་དྲན་པ་འཐོར་ལ་ཁད་བྱུང་སོང་། ངོ་མ་དྲ་དཔོན་གྱིས་ཁ་བརྡ་དྲ་ཚིགས་ལ་གཅེས་སྐྱོང་གནང་འདོད་ཡོད་ན། བོད་མིའི་ཁྱད་ནོར་༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་ཚོར་ཞིབ་འཇུག་བྱས་ཏེ། བཀག་འགོག་བྱས་ན་ལེགས་སྙམ། དེ་མིན་བོད་མིའི་རྩ་དོན་དང་། ༧གོང་ས་མཆོག་གི་སྐུ་རྒྱབ་ཏུ་ལངས་མཁན་ཚོར་རྒྱབ་སྐྱོར་མ་ཐུབ་ན་ཡང་། ཁོང་ཚོའི་བསམ་ཚུལ་ནག་བསུབ་བཏང་ན་ནོར་བ་རེད། འདི་ཚང་མས་ཤེས་དགོས། གཤམ་དུ་སྤོབས་པས་༧གོང་ས་མཆོག་ལ་མཚན་སྨོད་ཇི་ལྟར་བྱས་པའི་སྡུག་ཚིག་དེ་དྲ་གྲོགས་རྣམས་ཀྱིས་གཟིགས་བདེའི་ཆེད་བཀོད་ཡོད་པས་གཟིགས་པར་ཞུ།
“༡༩༽ སྤོབས་པ་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༠ གི་ཆུ་ཚོད་ ༡༨ སྐར་མ་ ༡༤
ངས་བསམ་ན་རྒྱ་རི་བློ་གྲོས་ད་ཐེངས་ཀྱི་འཚོགས་འདུ་འདི་ལ་ཞུགས་དང་མ་ཞུགས་ཟེར་བ་དེ་གལ་ཆེན་པོ་དང་གླེང་དགོས་པ་ཞིག་ཏུ་ཆེར་མ་མཐོང་། རྒྱ་རི་ཚོགས་འདུ་འདིར་ཡོད་མེད་ཀྱིས་བོད་ལ་ཕན་གནོད་ཆེན་པོར་འགྱུར་བ་མེད། ཡིན་ན་ཡང་རྒྱ་རི་ཚང་གཙོས་པའི་མགོ་གྲུང་པོ་ཚོའི་བུ་ཚ་ཚོ་སྤྲུལ་སྐུ་བཟོ་འགྲོ་བ་འདི་རང་རེའི་ཆོས་སྲིད་མཐོ་རིམ་སྤྱི་ཚོགས་ཀྱི་རུལ་སུང་ཆེན་པོའི་ཟུར་ཞིག་ཡིན་པས་དོ་སྣང་དང་དགག་བཞག་བྱ་འོས་པ་ཞིག་ཏུ་མཐོང་། ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།
“
རེད་ཡ། སྤོབས་པས་ཡང་སྲིད་ལམ་ལུགས་ཡོངས་སུ་རྫོགས་པ་རུལ་སུངས་སུ་བགྲངས་པ་དེ་རྒྱུགས་པ་ལེབ་རྡུང་དུ་འགྲོ་ལ། ཉིད་ཅག་གིས་སྤོབས་པའི་ཚིག་གཅིག་ལ་འཇུས་ནས་སྤོབས་པ་དོལ་གླིང་གཡུལ་འགྱེད་ཀྱི་དམར་འཛིང་ཁྲོད་དུ་དྲུད་པ་དེ་ཡང་རིག་པ་གསལ་བོ་ཅན་ཞིག་གི་བྱེད་སྟངས་མ་རེད། ཆོས་ལ་ཆོས་ཕྱོགས་ནས་ལྟོས། སྲིད་ལ་སྲིད་ཕྱོགས་ནས་ལྟོས། ངས་བལྟས་ན་གལ་སྲིད་སྤོབས་པ་ཆད་མཐའ་རུ་ལྷུང་འདུག་ཚེ་ཁྱོད་ཚོ་ཡང་རྟག་མཐའ་རུ་ལྷུང་འདུག ཚང་མ་དབུ་མའི་ལམ་འདིའི་ཕྱོགས་སུ་ནུར་བའི་སྨོན་ལམ་འདེབ།
གོང་དུ་ཞུས་པ་དེ་ཚོ་ནི་ང་བར་འདུག་པ་ཞིག་གི་སེམས་གཏམ་ཡིན། ལོ་ན་སོའི་རྐྱེན་གྱིས་ཡང་ཡང་འདི་རུ་མི་ཐོན་གི ད་བདེ་མོ་བྱོས།
དྲ་གྲོགས་ཀླུ་སྨྱོན་ལགས།
ངས་ཁྱོད་ལ་དྲིས་པའི་ལན་དེ་བཏབ་མི་འདུག གལ་ཏེ་སྐུ་ཉིད་རྩོད་གླེང་འདིའི་ནང་ཞུགས་འདོད་ཡོད་ན། ཐོག་མར་དྲིས་པའི་ལན་དེ་འདེབས་རོགས།
བརྟག་པ་མཐའ་བཟུང་གིས་ང་ཚོ་མཐའ་གཉིས་གང་རུང་ལས་ལྷུང་ས་མེད་ན། ཅི་ཡང་མེད་པའི་ཆད་ལྟར་ལྷུང་བ་ལས། ཡོད་པར་འཛིན་པའི་རྟག་མཐར་ལྷུང་བ་བཟང་། དགོངས་དག ངས་ཆོས་ཤེས་ཀྱི་མེད་ལ། སྲིད་ཀྱི་གོ་རྟོགས་ཀྱང་མེད་མོད། བོད་མིའི་བདེ་དོན་དང་། ༧གོང་ས་མཆོག་གི་ཆེད་དོལ་གླིང་གཡུལ་འགྱེད་ཀྱི་དམར་འཛིང་ཁྲོད་ཞུགས་དགོས་བྱུང་ཡང་ཞུགས་འདོད་ཡོད་ལ། རྒྱ་ནག་རྗེས་འབྲང་དང་བཅས་པར་མཐའ་གཅིག་ཏུ་རྒོལ་འཛིང་བྱེད་འདོད་ཡོད། ང་ཚོས་སྤོབས་པས། ཡང་སྲིད་ལམ་ལུགས་ལ་དགག་པ་གཏོང་གིན་འདུག་ཅེས་རྒོལ་གྱི་མེད། གཙོ་བོ་སྤོབས་པ་ཟེར་བ་དེས། ༧གོང་ས་མཆོག་གིས་ཆུ་མགོ་ནས་སྙོག་ན་དྭངས་ཐབས་མེད་པ་བཟོས་ཡོད་ཅེས་ལོ་རྒྱུས་དང་། ད་ལྟའི་བྱས་ཉེས་ཡོད་ཚད་༧གོང་ས་མཆོག་གི་དབུར་བཞག་ཏེ། མཚན་སྨོད་ཡ་ང་བ་བྱས་པ་དེར་རྒོལ་གྱིན་ཡོད།
དེ་སྔོན་༧གོང་ས་མཆོག་ཨ་རི་དང་དབྱིན་ཡུལ་བཅས་སུ་ཆིབས་བསྒྱུར་གནང་སྐབས། རྒྱ་གཞུང་གིས་རྒྱབ་སྐྱོར་འོག་དོལ་ཚོགས་ཀྱིས། ༧གོང་ས་མཆོག་ལ་ངོ་རྒོལ་སྐྱི་གཡའ་བ་བྱས་པ་རེད། ད་ལྟ་དོལ་ཚོགས་ང་ཚོའི་ཁ་བརྡ་དྲ་ཚིགས་སུ་ལྐོག་འཛུལ་བྱས་ཏེ་གཏོར་བཤིག་གཏོང་གིན་ཡོད་པ་འདི་དྲ་གྲོགས་རྣམས་ཀྱིས་ངེས་པར་དུ་ཤེས་དགོས།
གཞན་ནང་ཆོས་ཀྱི་ཆོས་སྐད། མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ཟེར་བ་དེ་ཅི་ཡིན་ཤེས་ཀྱི་མེད་ལ། དེ་རྩོད་ཀྱི་ཡང་མེད། གལ་ཏེ་དེ་རྩོད་འདོད་ཡོད་མཁན་ཚོ་ཁ་བརྡ་དྲ་ཚིགས་སུ་ཕེབས་པ་ལས། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཏུ་ཕེབས་དང་དེ་བཟང་། ད་དེ་འདྲ་ཡིན།
རྒྱ་རི་བོད་ཀྱི་སྐུ་ཚབས་དུ་སུ་ཞིག་གི་ཐག་བཅད་པ་རེད་། དངོས་ནས་བྱས་ན་ཟམ་འདོང་ཡིན་ནམ་ཟ་སྟོང་ཡིན་ན་དེ་འགྲོ་དགོས་པ་མ་རེད་དམ།
རྒྱ་གར་བྱང་ཕྱོགས་ཀྱི་ནགས་སེབ་ཞིག་ནས་། དོན་དག་ཆུང་ཆུང་རྣམས་ཆེན་པོ་ལ་བསྒྱུར་། ནང་དོན་སླ་བོ་རྣམས་ཁག་པོ་་ལ་བསྱུར་ནས་། གོང་ས་མཆོག་གི་གནང་བའི་ཁ་གསལ་གོ་པདེ་པའི་དབུ་མའི་ཐབས་ལམ་དེ་ཡང་། མགོན་པོ་གླུ་སྒྲུབས་ཀྱི་མཐའ་གཉིས་སུ་མ་སྟོང་བས་དབུ་མའི་ལམ་ལ་སྦྱར་ནས་བཤད་། ང་ཚོས་ཆབས་སྲིད་བཤད་གི་ཡོད་པ་རེད་མ་གཏོག་ཆོས་ར་བཤད་གི་ཡོད་པ་མ་རེད་།
ད་དུང་འཇོན་འདོག་མགོ་རིས་བྱས་དེ་། བཙན་བྱོལ་གཞུང་གི་དཔལ་འབྱོར་ཐོན་ཁུང་ཅུང་ཙམ་ཡོད་པ་དེ་ཡང། ཡོད་མེད་དང་མེད་ཐ་ལ་བཟོས་བ་རེད་། དམིག་གསལ་ཀྱི་ལྟ་བ་ཞིག་ཡོད་འདོག་འདོག། བཙན་བྱོལ་བོད་མི་སྐྱོ་ངོ་དེ་དག་། པྱི་ཕྱོག་ས་འགྲོ་བའི་གོ་སྐབས་ཅི་ཡོད་ལ་དགག་བྱ་བྱས་ནས་།
དེ་སྔོན་ཞིག་ལ་འུ་ཚོའི་ཁ་བརྡ་ནང་། གྲ྄་གྲོགས་ཞིག་གིས་རྗེས་མས་བཀའ་ཁྲི་སུ་འཇོག་གི་་སེམས་ཁྲལ་གནང་གི་ཡོད་པ། སེམས་ཁྲལ་གནང་གི་མ་རད་། སུ་བསྡད་ན་འགྲིག་གི་རེད་། གཙོ་ཆེ་ཤེས་སྐད་ཆ་སྦོམ་པོ་པོ་དག་བཤད་རྒྱུ་གལ་ཆེན་པོ་རེད་།
དེ་དགོང་ངའི་ཉལ་ཁང་ཆུང་ཆུང་འདི་ཡང་ནང་ཡང་རྡ་སའི་དམིག་གསལ་ཚོགས་འདུ་དེ་ཚོགས་ཡོད་། དེས་མི་ཚད་ཚོགས་མི་ཚང་མ་ར་བཟི་འདུག་་། ང་ལ་བཤད་རྒྱུ་གོ་སྐབས་མི་སྟེར་གི་། དེ་ཕྱིར་འདིར་བཤད་གི་ཡོང་ཡིན་། ད་དེ་ཡིན་། ང་འགྲོ་ནས་ཆང་ཞིག་མཐུང་ནས་ཡོང་
ཨོ་ཁྱོད་ཚོས་མང་མོ་ཞིག་བྲིས་འདུག་ཨ། ང་ལ་མཚོན་ན་ཚིག་གང་ཞིག་བེད་སྤྱད་བཏང་ན་ཡང་ཁྱད་པར་མི་འདུག ང་ལ་གདོན་དང་ཁྱི་རེད་ལབ་ནས་ང་ཁྱི་ཆགས་འགྲོ་བ་དང་ང་སྤྲུལ་སྐུ་རེད་ལབ་ན་སྤྲུལ་སྐུ་ཆགས་འགྲོ་བ་གང་ཡང་ཡོད་མ་རེད། དེ་ལ་ངས་དོ་སྣང་ཙམ་ཡང་བྱེད་ཀྱིན་མེད། གཙོ་བོ་ངས་གང་ཞིག་བཤད་དང་མ་བཤད་ཁྱེད་ཚོས་ཤེས་དགོས་པ་དེ་རེད། སྤྱིར་བཏང་ཆོས་ཕྱོགས་ནས་བཤད་ན་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་ཟམ་གདོང་སྤྲུལ་སྐུ་དེ་ཚོར་ངན་བརྗོད་སྐུར་འདེབས་བྱས་ཀྱང་འགྲིག་གི་ཡོད་པ་མ་རེད། རྒྱ་རི་བློ་གྲོས་རྒྱལ་མཚན་བོད་ཀྱི་དོན་ཆེན་ཐག་གཅོད་བྱེད་པའི་ལས་ཀྱི་སྣེ་མོ་བར་རྒྱལ་བ་རིན་པོ་ཆེས་དངོས་སུ་བསྐོས་པ་ལ་བོད་བཙོང་གི་ཡོད་མདོག་གི་སྒྲོ་འདོགས་སྐུར་འདེབས་ག་ཚོད་བྱས་ཀྱང་ཀྱང་ལ་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བརྒྱབ་སོང་དང་རྒྱབ་འགལ་བྱེད་མཁན་མི་འདུག དམ་ཉམས་རེད་ཟེར་མཁན་ཡང་མི་འདུག ད་དེའི་བུ་ཚ་སྤྲུལ་སྐུ་ཆུང་ཆུང་ཞིག་ལ་རྒྱལ་བ་རིན་པོ་ཆེའི་རྒྱབ་གཉེར་ཞིག་གནང་ཡོད་མེད་དོགས་སློང་བྱས་པ་དེར་ཁྱོད་ཤི་ང་གསོན་བྱེད་ཀྱིན་འདུག དངོས་གནས་བཤད་པ་ཡིན། སྤྲུལ་སྐུ་ཟེར་བ་འདི་རྙོགས་དྲ་ཚ་བོ་འདུག ང་ལ་རྒྱུན་དུ་འདིའི་སྐོར་ལ་དོགས་པ་ཡོང་གིན་འདུག རྒྱལ་བ་རིན་པོ་ཆེ་རང་གིས་སྤྲུལ་སྐུ་ངོས་འཛིན་མང་པོ་ཞིག་བྱེད་ཀྱིན་མེད་གསུང་གིན་འདུག ཁོང་རང་ཡང་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པའི་སྐྱེ་ཕྲེང་ཡིན་མིན་ཤེས་ཀྱིན་མེད་གསུངས་སོང་། གཙོ་བོ་སྤྲུལ་སྐུ་ངོས་འཛིན་བྱེད་རོགས་ལབ་མཁན་ཚོར་ཕར་སྐད་ཆ་དྲིས་ནས་ཁྱེད་རང་ཚོར་སྤྲུལ་སྐུ་ཡིན་པའི་རྟགས་རྟེན་འབྲེལ་ཡོད་ས་དེ་འདྲ་ཨེ་ཡོད་ཅེས་དྲིས་ཤིང་ཁོ་རང་ཚོས་འདོད་པ་ཡོད་ས་དེར་ཁོང་གིས་ཕྱག་མོ་རེ་གཟིགས་པའམ་བརྟག་པ་རེ་བྱས་ནས་ཡག་པོ་ཡོད་ན་ཡག་པོ་འདུག་ཅེས་ལབ་པ་ཙམ་མ་གཏོགས་སྤྲུལ་སྐུ་ངོས་འཛིན་བྱེད་མི་ཤེས་གསུངས་སོང་། འོ་ན་འདི་འདྲའི་སྤྲུལ་སྐུ་མང་པོ་འདི་སུས་བཟོ་ཡོང་གིན་ཡོད་པ་རེད། ངེད་ཚོའི་མགོ་ན་ཞྭ་ལྟར་བཀུར་བའི་བླ་མ་དཔོན་པོ། ཕྱག་མཛོད་གཉེར་བ། དགོན་པ་གྲྭ་ཚང་གི་བདག་པོ་ཚོས་རང་སྒེར་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་རྒྱུན་ཉར་བྱེད་ཆེད་དུ་བཟོ་ཡོང་གིན་ཡོད་པ་རེད། ད་འདི་ཆུ་མགོ་ནས་མ་བསྙོགས་ན་གང་རེད། ཕ་མགོ་བུ་ཡིས་མ་བསྐོར་ན་གང་རེད། རྒྱལ་བ་རིན་པོ་ཆེ་ལ་མི་ཆེན་དབང་ཆེན། བླ་ཆེན རྒྱུ་ཆེན། ཕྱག་མཛོད་གྲུང་པོ། གཉེར་བ་མགོ་བདེ་ཚོས་རྟགས་རྟེན་འབྲེལ་ཡོད་མདོག་མདོག་དང་སྤྲུལ་སྐུ་ངོས་འཛིན་བྱེད་རོགས་མདོག་མདོག་གིས་དབུ་སྐོར་གཏོང་གི་ཡོད་པ་རེད། འདི་བརྒྱུད་ནས་བོད་མི་མང་གི་གྱོང་རྒུད་དུ་འགྱུར་གྱིན་ཡོད་པ་རེད། སྤྲུལ་སྐུ་ྐླུ་སྨྱོན་སོགས་ཀྱིས་འདིའི་སྐོར་ལ་གསེད་འགྲོལ་གནང་མི་དགོས། མི་འདི་རིགས་ཀྱིས་དེ་ག་ཙམ་དུ་དཀྱོག་བཤད་བྱེད་ཀྱིན་ཡོད་པ་རེད། ངས་འདིར་བཀོད་པའི་ཕ་དེ་སུ་རེད། བུ་དེ་སུ་རེད། དགྲ་དེ་སུ་རེད། ངས་འདིར་ཕ་ཟེར་བ་དེ་རྒྱལ་བ་རིན་པོ་ཆེ་ལ་ཟེར་གྱིན་ཡོད།
ང་ཁ་བརྡ་དྲ་རྒྱ་འདིར་ཞུགས་པ་དེ་ལ་དམིགས་ཡུལ་ཆེན་པོ་ཡོད་ཟེར་ན་འདྲ་མེད་ཟེར་ན་འདྲ། སྒེར་གྱི་གཏམ་ཉོག་བཤད་ནའང་འདྲ་ལ་སྤྱིའི་མདུན་ལམ་གླེང་ན་ཡང་འདྲ། མི་རིགས་དང་རིག་གཞུང་གི་དོན་ཡིན་ལབ་ན་འདྲ་ལ་ཉི་མ་མ་འཁྱོལ་ནས་ཡོང་བ་ཡིན་ལབ་ན་འདྲ། ཆོས་བཤད་ཀྱང་འདྲ་ལ་སྲིད་བཤད་ཀྱང་འདྲ། གཞན་དོན་ཡིན་ལབ་ན་འདྲ་ལ་རང་དོན་ཡིན་ལབ་ལ་འདྲ། གང་ལྟར་ངས་དམ་བཅའ་ཞིག་ཁུར་ནས་ཡོང་ཡོད། ངས་དམིགས་ཡུལ་ཞིག་ཁུར་ནས་ཡོང་ཡོད། ངས་ཁ་བརྡའི་སྙིང་པོ་དང་རིན་ཐང་དེ་ངོ་ཤེས་ནས་ཡོང་ཡོད། ངའི་དམ་བཅའ་གཅིག་དང་དམིགས་ཡུལ་གཅིག་དེ་གང་ཡིན་ཟེར་ན་སྐད་ཆ་བདེན་པ་ཞིག་བཤད་ཨེ་ཐུབ་ལྟ་རྒྱུ་དེ་གཅིག་པོ་ཡིན། བདེན་པ་འདི་ཡང་བཤད་རྒྱུ་མང་དྲགས་སོང་དུས་མཚམས་རེར་མི་ལ་ལ་ལ་ཕོག་ཐུག་འགྲོ་གི་འདུག ཡིན་ན་ཡང་འགྱོད་པ་མི་འདུག ངས་མུ་མཐུད་དུ་བཤད་རྒྱུ་ཡིན། དུས་ཚོད་ཀྱིས་ལྕོགས་ཚོད་དང་། ཤེས་ཚད་ཀྱིས་ལྕོགས་ཚོད། མཐུན་རྐྱེན་གྱིས་ལྕོགས་ཚོད་ཙམ་ཞིག་ག་དུས་ཡིན་ན་ཡང་གླེང་གི་རེད། དེ་ལ་ཁྱེད་ཚོ་མ་དགའ་ན་ཡང་བྱ་རྒྱུ་མེད་པ་རེད། དཔལ་ལྡན་ཟླ་བས། གཞན་གཞུང་འཇིགས་པར་གྱུར་ན་ཉེས་པ་མེད། །ཅེས་གསུངས་པའི་ཚིག་རྐང་སྔ་མ་གཉིས་དེ་དྲན་གྱི་མི་འདུག་སྟེ་གང་ལྟར་དེ་རེད།
སྤོབས་པ་འབྱོན་ལེགས།
མུ་མཐུད་ནས་ཤོད།
དྲང་བདེན་དང་མ་འགལ།
ཐལ་ཆ་རུ་མ་གཏོང་།
མུ་མཐུད་ནས་ཤོད།
རྒྱུ་མཚན་གྱི་ཕྲ་བཏབ།
གནས་ལུགས་ཀྱི་གྲལ་སྒྲིག
རྡོ་རྗེ་དང་སྟ་རེ་མ་འཕྱར།
ཉན་ན་སྙན་པ།
བསམ་ན་བདེན་པ་རྐྱང་འབྲི་དགོས།
རིག་མཆོག དར་རྒྱས། ཨ་རིག་ཡར་འཕེལ། བློ་གྲོས་སོགས་ལ་ཐུན་མོང་དུ་ཞུ་རྒྱུ་གཅིག་ཡོད་པ་དེ་ཁྱེད་ཚོ་ཕྱུག་པོ་ྐླུ་འདྲ་བ། བཙན་པོ་ཐོག་འདྲ་བ། འཕྱོར་པོ་འཇའ་ཚོན་འདྲ་བ། མཁས་པ་ཚངས་པ་འདྲ་བ། ཆོས་པ་མི་ལ་རས་པ་ལྟ་བུ། ཆབ་སྲིད་པ་གན་དི་ལྟ་བུ། དྲང་པོ་མདའ་འདྲ་བ་ཚོ་སྲུང་མ་དམར་ནག་གཉིས་ཀྱིས་རྟག་ཏུ་བུ་བཞིན་བསྲུངས་རེ་སྐུ་ཚེ་བརྟན། མཛད་འཕྲིན་རྒྱས། ཐུགས་ཀྱི་བཞེད་པ་མཐའ་དག་གེགས་མེད་དུ་འགྲུབ་པར་སྨོན། ཁ་ཞེ་གཉིས་མེད་ཀྱིས་ཞུ་བ་གཅིག་ལ་དུས་རྒྱུན་དུ་ཁ་བརྡ་དྲྭ་རྒྱ་ལ་ཞུགས་རོགས།
ཚང་མ་ཚ་ཐོག་ཏུ་འདུག། འདི་ནི་བར་སྐབས་ཀྱི་ངལ་གསོ་བའི་ཆེད་དུའོ། ནུབ་ཕྱོགས་ཀྱི་གླུ་དབྱངས་ ཁྱེད་ཀྱི་སེམས་པ་ལ་ཉོན ཞེས་བའི་གླུ་འདི་ལ་ཉན་པར་མཛོད།
http://www.youtube.com/watch?v=F69CQRaPdb4
སྤོབས་པ་འགོང་ཕྲུག
ཁྱེད་ཀྱིས་ང་ཚོར་དྲ་ཚིགས་སུ་ཞུགས་རོགས་རེ་བ་བྱེད་མི་དགོས། དེ་བྱེད་དང་མི་བྱེད་རང་དབང་རེད། ཁ་བརྡ་དྲ་ཚིགས་སུ་དོལ་ཚོགས་དང་། རྒྱ་བཙོག་ཚང་གི་གསང་ཉུལ་བ་མ་ཞུགས་ན་ང་རང་ཉིད་གཏན་དུ་ཞུགས་འདོད་ཡོད། འོན་ཀྱང་དོལ་ཚོགས་དང་། རྒྱ་བཙོག་ཚང་གི་གསང་ཉུལ་བས་གང་ན་ཞུགས་འདོད་མི་འདུག
དེས་ན་ངས་ཁྱོད་ལ་ཅིག་བཤད། ད་ནས་བཟུང་ཁྱོད་རང་ཉིད་ཀྱིས་རྒྱ་ནག་གཞུང་དང་། དོལ་ཚོགས་ལ་ངན་འབྲེལ་བྱེད་དགོས་ན་ཡང་། ཁ་བརྡ་དྲ་ཚིགས་སུ་༧གོང་ས་མཆོག་ལ་དངོས་སུ་སྐྱོན་བརྗོད་དང་མཚན་སྨོད་མ་བྱེད། དེ་ལྟར་བྱས་ན་ཁྱོད་རང་དྲ་ཚིགས་འདིའི་གདོན་རྫས་དང་། བོད་མི་རིགས་ཀྱི་ཞབས་འདྲེན། ཕ་མེས་ཀྱི་བླ་བཙོང་། ཁྱིམ་ཚང་གི་རྐང་འདྲེན་ཆགས་ཀྱི་རེད། དེ་སེམས་ལ་བཟུང་། ཕྱིན་ཆད་གཟབ་གཟབ་བྱོས། ནམ་རྒྱུན་གུ་རུའི་གསོལ་འདེབས་བར་ཆད་ལམ་སེལ་རེ་འདོན་རྒྱུ་མ་བརྗེད་དང་། དེས་ཁྱོད་ལ་ཕན་ཐོགས་ཅིག་ཡོང་བའི་རེ་བ་ཡོད།
སྤོབས་པ། ངས་བལྟས་ན་ཁྱོད་འདྲའི་དགྲ་མགོ་ནང་ཁྲིད། ཕྱི་འཇམ་ནང་རྩུབ་ཚོ་ཁ་བརྡ་དྲ་ཚིགས་སུ་མ་ཞུགས་ན་ཡག་གི ཁ་བརྡ་དྲ་ཚིགས་འདི་ལ་བོད་ཕྱི་ནང་གཉིས་ཀྱི་མི་མང་པོ་ཞིག་གིས་ལྟ་གིན་ཡོད། འདིའི་ཐོག་༧གོང་ས་མཆོག་ལ་སྐྱོན་བརྗོད་ཚབ་ཆེན་བྱས་ན། གཟིགས་མཁན་རྣམས་ལ་བློ་ཕམ་དང་དྲ་ཚིགས་འདི་ལ་ཞེན་ཁ་ལོག་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ངས་ཁྱེད་དྲ་ཚིགས་འདིར་མ་ཞུགས་རོགས་ཞེས་ཟེར་བ་ཡིན། དྲ་གྲོགས་གསར་བ་རེ་སླེབས་ན། སྤོབས་པ་ཟེར་བ་དེས་༧གོང་ས་མཆོག་ལ་མཚན་སྨོད་ཇི་ལྟར་བྱས་ཡོད་མིན་མི་ཤེས་པས། སྤོབས་པ་དྲ་གྲོགས་ཚོ་ལ་ངོ་སྤྲོད་ཆེད། གཤམ་དུ་སྤོབས་པས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པའི་སྡུག་ཚིག་དེ་འགོད་རྒྱུ་ཡིན།
“༡༩༽ སྤོབས་པ་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༠ གི་ཆུ་ཚོད་ ༡༨ སྐར་མ་ ༡༤
ངས་བསམ་ན་རྒྱ་རི་བློ་གྲོས་ད་ཐེངས་ཀྱི་འཚོགས་འདུ་འདི་ལ་ཞུགས་དང་མ་ཞུགས་ཟེར་བ་དེ་གལ་ཆེན་པོ་དང་གླེང་དགོས་པ་ཞིག་ཏུ་ཆེར་མ་མཐོང་། རྒྱ་རི་ཚོགས་འདུ་འདིར་ཡོད་མེད་ཀྱིས་བོད་ལ་ཕན་གནོད་ཆེན་པོར་འགྱུར་བ་མེད། ཡིན་ན་ཡང་རྒྱ་རི་ཚང་གཙོས་པའི་མགོ་གྲུང་པོ་ཚོའི་བུ་ཚ་ཚོ་སྤྲུལ་སྐུ་བཟོ་འགྲོ་བ་འདི་རང་རེའི་ཆོས་སྲིད་མཐོ་རིམ་སྤྱི་ཚོགས་ཀྱི་རུལ་སུང་ཆེན་པོའི་ཟུར་ཞིག་ཡིན་པས་དོ་སྣང་དང་དགག་བཞག་བྱ་འོས་པ་ཞིག་ཏུ་མཐོང་། ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།”
འདི་ནས་རེ་ཞིག་འབྲི་མཚམས་འཇོག དྲ་གྲོགས་ཚང་མ་བདེ་མོར་བཞུགས།
གཡོག་རྒན་གྱིས་ལས་མཚམས་བཞག་དེ་གྲང་ངར་གྱིས་སྣ་ཆུ་བཞུར་བཞིན་ནང་དུ་སླེབས་དུས། སྤྲུལ་སྐུ་ཀླུ་སྨྱོན་གྱིས་བྱང་ཆུབ་སེམས་བསྒོམ་ལུགས་ཀྱི་གདམས་ངག་གསུངས་པ་དང་། གདོན་གཟུགས་སྤོབས་པས་སླར་ཡང་ཁྱི་སྐད་རྣ་བས་མི་བཟོད་པ་བརྒྱབ་འདུག་པ་མཐོང་། སྤྲུལ་སྐུ་ལ་ཞུ་རྒྱུར། ཁྱེད་ཀྱིས་གདམས་ངག་གསུངས་པ་ཐུགས་རྗེ་ཆེ། བླུན་རྒན་ང་ལ་དད་པ་ཟེར་བ་ཞིག་མེད་རུང་ཡིད་སྨོན་ཞེ་དྲག་བྱུང་། འོན་ཀྱང་མི་ལ་རས་པའི་རྣམ་ཐར་ནང་དུ་དགེ་བཤེས་ག་གེ་མོས་མི་ལ་རས་པའི་ཞལ་རས་ལ་ས་གཏོར་བས་རས་ཆུང་རྡོར་གྲགས་ཀྱིས་དབྱུག་པ་ཁྱེར་ནས་བརྒྱུགས་པའི་ལོ་རྒྱུས་ཤིག་བཀླག་མྱོང་། རས་ཆུང་རྡོར་གྲགས་ལྟ་བུའི་ཉམས་ལེན་པ་ཞིག་ཀྱང་བླ་མའི་དོན་དུ་ཁྲོ་རྒྱུ་ཡོད་ན་ང་ལྟ་བུའི་མི་ནག་ཕོ་མོ་ཐ་ཤལ་བ་ཞིག་ལ་ཁག་ཅི་ཡོད། ལོ་གཅིག་གི་གོང་ནེའུ་ཡོག་རྒྱ་མིའི་ཟ་ཁང་ཞིག་ཏུ་གཡོག་ལས་བྱེད་སྐབས་ཀྱང་། མ་བྱན་གྱི་མགོ་བས་ཁྱེད་ཚོས་ཏྰ་ལའི་བླ་མ་ལ་སྒོར་མོ་མང་པོ་ཞེ་དྲག་ཡོད་རེད་པ། ཁོས་ཁྱིམ་དུ་བུ་མོ་ལོ་ཆུང་ག་ཚོད་ཉར་ཡོད་པ་རེད་ཟེར་བར་ང་ཁྲོས་ཏེ་ཁོའི་མགོར་ཚལ་སླང་གིས་བརྒྱབ་ནས་ས་ལ་རིལ་བ་ཡིན། ཁོས་ཚོའི་ཟ་ཁང་གི་ལས་ཀ་ཕལ་ཆེར་ཁྲིམས་འགལ་ཡིན་པས་པི་ལི་སི་ལ་སྐད་གཏོང་མ་ནུས་རུང་ང་ཟ་ཁང་ནས་ཕུད་པ་རེད། འདི་ལོར་ཡང་ནེའུ་ཡོག་ཏུ་དོལ་ཚོགས་ཀྱིས་ལས་འགུལ་སྤེལ་སྐབས་ཁོང་ཚོའི་གདོང་ལ་ལྕགས་སྒོར་གཏོར་བ་དང་སྐུབ་སྟོན་པ་སོགས་མཐོང་ཆུང་དང་ཁྱད་གསོད་གང་བྱེད་ཐུབ་ཐུབ་ཅིག་བྱས་པ་ཡིན། དང་པོ་ངས་གྲོགས་པོ་ཁ་ཤས་ལ་སྐུལ་སློང་བྱས་ཏེ་ང་ཚོས་འགྱིག་ཤོག་གི་ནང་དུ་གཅིན་མང་པོ་བཏང་ནས་ཁུར་ཡོད་རུང་། ཁོང་ཚོའི་ལག་ཏུ་༧གོང་ས་མཆོག་གི་མཚན་འཁོད་པའི་ཤོག་བྱང་ཁྱེར་འདུག་སྟབས་གཅིན་གྱིས་གཞུ་ཐབས་མ་བྱུང་། ཆུ་སྒང་གི་དཔའ་རྒོད་ཚོ་དང་འདྲ་བར་དགྲ་བོའི་སྔོན་ལ་མཆོངས་ཏེ་ཤི་ཐུབ་པའི་བློ་ཁོག་མེད་རུང་། སུ་ཞིག་གིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱས་ན་རང་གི་ནུས་ཚོད་ཐུབ་ཚོད་ཀྱིས་གདོང་ལེན་བྱེད་སེམས་ཐག་ཡིན། གལ་ཏེ་ཁྱེད་ཀྱིས་ང་ཚོའི་བར་འདུམ་གྱི་ཡོད་ན་ང་ཁྱེད་ལ་ཉན་ཆོག འོན་ཀྱང་ཆ་རྐྱེན་གཅིག་ཡོད་པ་དེ་གདོན་གཟུགས་སྤོབས་པས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུས་པར་དྲྭ་ཐོག་འདི་ནས་མི་ཀུན་གྱིས་མཐོང་སར་དགོངས་དག་ཞུ་དགོས། གདོན་གཟུགས་སྤོབས་པ་ཁྱེད་ལ་ཉན་གྱི་ཨེ་རེད། ངས་བལྟས་ན་ང་ཁྱེད་ལ་ཉན་རུང་གདོན་གཟུགས་ཁྱེད་ལ་ཉན་རྒྱུ་མ་རེད། དེ་མིན་གདོན་གཟུགས་དམ་ཉམ་འདིའི་ཁ་ནས་ཁྲག་དྲོན་མོ་སྐྱུགས་ཏེ་ཤི་མགོ་དུར་ལ་བསྐོར་བའི་སྨོན་ལམ་ཡང་ནས་ཡང་དུ་འདེབས་རྒྱུའི་མ་ཚད། མུ་མཐུད་དུ་གདོན་གཟུགས་དམ་ཉམ་འདི་གར་ཐོན་ས་ལ་བརྒྱུགས་ནས་རྒྱག་རེས་བྱེད་ཐག་ཆོད་ཡིན། གདོན་གཟུགས་ཁྱི་རྒན་དམ་ཉམ་སྤོབས་པ་ཟེར་བ་འདིའི་ཁ་ནས་ཁྲག་དྲོན་མོ་སྐྱུགས་ཏེ་ཤི་མགོ་དུར་ལ་བསྐོར་བའི་སྨོན་ལམ་འདེབས། ཡུལ་ཤོར་བ་ཉམ་ཆུང་ཚོ་ས་མཐའ་ནས་སྒུར་ཏུ་མི་འཇུག་པར་སེམས་ནང་གི་དྲོད་ཐིག་༧གོང་ས་མཆོག་ལ་འདི་ལྟར་མཚན་སྨོད་སྐུར་འདེབས་བྱས་ཏེ་སྣེ་བཏོག་ཏུ་ཡོང་དགོས་དོན་ཅི་ཡོད། ཨ་ཧ་བོ།
དྲྭ་གྲོགས་གཉོམ་ཆུང་ཚོ། གཤམས་ཀྱི་མཆན་འདི་སྤོབས་པ་ཟེར་བའི་དམ་ཉམ་འདིས་༧གོང་ས་མཆོག་གི་མཚན་ནས་དངོས་སུ་སྨྲོས་ཏེ་མཚན་སྨོད་སྐུར་འདེབས་ཞུས་པའི་ངོ་བཤུས་རེད། མཆན་འདི་རྒྱ་རི་རིན་པོ་ཆེ་ཚོགས་ཆེན་སྐབས་བལ་ཡུལ་ན་ཡོད་དམ་ཞེས་པའི་འོག་གི་མཆན་༡༩པ་རེད། འདི་རྒྱ་ནག་དང་དོལ་ཚོགས་ཀྱི་རྒྱབ་རྩ་མེད་པའི་བོད་མི་གཉོམ་ཆུང་ཚོས་དུས་ནམ་ཡང་བརྗེད་མི་རུང་།
“ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།”
དེ་རེད། ཁྱོད་ཀྱི་དམ་བཅའ་ཞིག་ཁུར་ནས་ཁ་བརྡ་དྲ་ཚིགས་སུ་གསང་སྟབས་ཀྱིས་འཛུལ་ཡོང་བ་ངས་ཤེས་ཀྱི་ཡོད་ལ། ཁྱོད་ཀྱི་དམ་བཅའ་དེ་ཡང་ངས་ཤེས་ཡོད། ཁྱོད་ཀྱི་དམ་བཅའ་ནི་༧གོང་ས་མཆོག་ལ་མཚན་སྨོད་བྱས་ནས་བོད་མི་རིགས་དང་༧གོང་ས་མཆོག་གི་འབྲེལ་བ་རྩ་གཏོར་བྱེད་རྒྱུ་དང་། བོད་མི་རིགས་ནང་ཁུལ་དང་། ཆོས་བརྒྱུད་ཁག་གི་བར་དཀྲུག་ཤིང་འཕེན་རྒྱུ། བོད་མི་རང་བཙན་རྩོད་མཁན་ཚོར་སྐྱོན་བརྗོད་བྱས་ནས་སེམས་ཤུགས་གཅོག་རྒྱུ། རྒྱ་ནག་དང་དོལ་ཚོགས་ལ་ངན་འབྲེལ་བྱས་ཏེ། ཁྱོད་རང་ཉིད་ཀྱིས་བཤད་པ་བཞིན། ཚེས་ངན་སྐར་ངན་ཞིག་དང་བསྟུན་བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་ཏུ་དེ་རེད། དང་ཐོག་ཁྱོད་དྲ་ཁང་དུ་འཛུལ་མ་ཐག་ནས་ཅི་ཞིག་བཤད་ཡོད་ཨེ་དྲན་གི མི་དྲན་ན་ངས་རོབ་ཙམ་ཞིག་བཤད།
དང་པོ་ལྷ་བཟང་ཚེ་རིང་སོགས་རང་བཙན་རྩོད་མཁན་རྣམས་ལ་སྐྱོན་བརྗོད་བྱས།
དེ་ནས་ཚེས་ངན་སྐར་ངན་ཞིག་ལ་བཙན་བྱོལ་བོད་གཞུང་གི་སྒོ་རྒྱག་གི་རེད་ཅེས་ཟེར།
ད་ལྟ་༧གོང་ས་མཆོག་ལ་ཆེས་ཡ་ང་བའི་མཚན་སྨོད་དང་སྐྱོན་བརྗོད་བྱས།
འདི་དག་ཁྱོད་ཀྱིས་ཁུར་ཡོང་བའི་དམ་བཅའ་དང་དམིགས་ཡུལ་རེད། དེ་ཚང་མ་བྱེད་ཐུབ་ན། ཁྱེད་ཀྱིས་ཁུར་ཡོང་བའི་དམིགས་ཡུལ་དེ་ཡང་འགྲུབ་པ་རེད། འོན་ཀྱང་ཁྱོད་ཀྱི་རེ་ངན་དེ་དག་ལམ་སང་འགྲུབ་ཀྱི་མ་རེད།
ཧ་ཅང་བློ་ཕམ་བྱེད་དགོས་པ་ཞིག་ལ། ད་ནང་སྔ་མོ་ང་qqདྲ་ཚིགས་ཐོག་ནས་བོད་ནང་གི་གཞོན་སྐྱེས་འགའ་རེ་མཉམ་དུ་གླེང་མོལ་བྱས་པ་ཡིན། ཁོང་ཚོས་ཁ་བརྡ་དྲ་ཚིགས་ལ་བསྟོད་བསྔགས་བྱེད་བཞིན། བོད་མི་ཁག་ཅིག་གིས་༧གོང་ས་མཆོག་ལ་མཚན་སྨོད་བྱེད་བཞིན་ཡོད་པས། འདི་ཤིན་དུ་བྱེད་ཐབས་སྐྱོ་བོ་རེད། ང་ཚོ་གཞིས་ལུས་བོད་མི་རྣམས་ཀྱིས་༧གོང་ས་མཆོག་དང་ཕྱིར་སྡོད་བོད་མི་རྣམས་ལ་རེ་བ་བཞག་ནས་བསྡད་ཡོད་དུས། ཕྱི་ཕྱོགས་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་ཉེས་འཛུགས་བྱས་ན་བློ་ཕམ་གི་འདུག་ཅེས་ཟེར། དེ་དུས་ངས་དེ་ཚོ་ཕལ་ཆེར་བོད་མི་ཡིན་མིན་ཐེ་ཚོམ་རེད། གཅིག་བྱས་ན་རྒྱ་མི་རེ་ཡིན་སྲིད་ཀྱི་རེད། དེང་དུས་འདི་ཕྱོགས་ནས་རྒྱ་མིས་ཀྱང་བོད་ཡིག་སློབ་ཀྱིན་ཡོད་ཅེས་ཤོད་དགོས་བྱུང་།
གང་ལྟར་བོད་ཕྱི་ནང་གཉིས་ཀྱི་སེམས་ཁུངས་ཀྱི་ཉི་མ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ན་གཏན་ནས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག འདིའི་ཐད་མུ་མཐུད་དུ་འབད་བརྩོན་བྱེད་ངེས་ཡིན།
“ད་ནི་དོན་ཆེན་ཐམས་ཅད།
གནས་ཆུང་མཆོག་གིས་གནང་རོགས།
ཤུགས་ལྡན་འཇམ་དབྱངས་སྤྲུལ་པ།
གྱང་གི་ཕྱི་ལ་ཕེབས་སོང་།”
གྲོགས་པོས་གྱེར་བའི་ཚོགས་ཆེན་ཞེས་པའི་ནང་ནས་འདི་འདྲ་ཞིག་རེག་བྱུང་། འདི་ལ་ཚང་མས་ཐུགས་སྣང་རེ་བྱུང་ཡོད་དམ།
“ད་ནི་དོན་ཆེན་ཐམས་ཅད།
གནས་ཆུང་མཆོག་གིས་གནང་རོགས།
ཤུགས་ལྡན་འཇམ་དབྱངས་སྤྲུལ་པ།
གྱང་གི་ཕྱི་ལ་ཕེབས་སོང་།”
གྲོགས་པོས་གྱེར་བའི་ཚོགས་ཆེན་ཞེས་པའི་ནང་ནས་འདི་འདྲ་ཞིག་རེག་བྱུང་། འདི་ལ་ཚང་མས་ཐུགས་སྣང་རེ་བྱུང་ཡོད་དམ།
འོ་གདོན་གཟུགས་སྤོབས་པ། ཡང་ཁྱོས་༧རྒྱལ་བ་རིན་པོ་ཆེ་འདི་ཉིད་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐྱེ་ཕྲེང་ཡིན་མིན་ལ་རྙོག་དྲ་བཟོ་གི་ཡོད་དམ། “ཁོང་རང་ཡང་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པའི་སྐྱེ་ཕྲེང་ཡིན་མིན་ཤེས་ཀྱིན་མེད་གསུངས་སོང་།” ཟེར་བ་དེ་གདོན་གཟུགས་དམ་ཉམ་ཁྱོད་ལ་ལྐོག་ནས་གསུངས་པ་ཨེ་རེད། ཡང་མིན་ན་ཁྱོད་ཚོའི་ཡི་དམ་དུ་བརྩི་བའི་ཤི་འདྲེ་དམ་སྲི་དོལ་རྒྱལ་གྱིས་༧རྒྱལ་བ་རིན་པོ་ཆེ་ཡིན་གདོག་བྱས་ནས་ཁྱོད་མགོ་བསྐོར་བ་ཡིན་ཤས་ཆེ། ཁྱོའི་ཤི་མིག་ཐལ་བས་བསྒྲིབས་སོང་བ་མིན་ན། ༧རྒྱལ་བ་རིན་པོ་ཆེས་ཕྱག་ངོ་མས་བྲིས་པའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ནང་དུ་ཁོང་རང་ཉིད་ཀྱིས་སྐུ་ཕྲེང་གོང་མའི་སྤྲུལ་སྐུ་ཡིན་པར་ཞལ་གྱིས་ཇི་ལྟར་བཞེས་ཡོད་ཨེ་ཤེས། གདོན་གཟུགས་ཁྱོད་ཀྱིས་ཤེས་བཞིན་ཁྱད་གསོད་བྱེད་ཀྱི་ཡོད་སྟབས་ཁྱོད་ལ་ངོ་སྤྲོད་དགོས་གལ་མི་ཆེ་ཡང་། དྲྭ་རྒྱ་འདི་བོད་ཕྱི་ནང་གཉིས་ནས་ཀློག་གི་ཡོད་པས་བོད་ནང་གི་མི་༧གོང་ས་ཆེན་པོའི་མཛད་རྣམ་དངོས་སུ་མ་མཇལ་བ་ཚོ་གདོན་གཟུགས་འདིས་འཁྱོག་བཤད་ལ་ཡིད་མི་ཆེས་པ་དང་། གདོན་གཟུགས་འདིས་འཁྱོག་བཤད་ལུང་འདྲེན་བྱས་ནས་མི་ཤེས་མེད་ཚོ་མགོ་སྐོར་མི་གཏོང་བའི་ཆེད་དུ་འདིར་མཛད་རྣམ་རང་གི་ནང་དུ་ཅི་ཡོད་ཐད་ཀར་འགོད་ན།
༄༅།། དེ་ནས་སྔར་གྱི་ཚུལ་ལུགས་དང་མཐུན་པར་ཡང་སྲིད་ས་ཕྱོགས་གང་དུ་ཡོད་མེད་ལྷ་བླ་མ་མཁས་པ་ཚད་ལྡན་རྣམས་ལ་ལུང་བརྟག་ཞུས་ཏེ། དེའི་སྐབས་ལྷ་ས་ནས་བྱང་ཤར་ལ་སྤྲིན་པ་ཆགས་སྟངས་མི་འདྲ་བ་མང་པོ་བྱུང་བ་དང༌། རྒྱལ་དབང་མཆོག་གི་སྐུ་པུར་དེ་བྱབྱནོར་བུ་གླིང་གརབྱབྱབཞུགས་ཁྲིའི་སྟེང་ཞལ་ལྷོར་བལྟས་ཏེ་བཞུགས་པ་ནས་ཞལ་ཤར་ངོས་སུ་གཟིགས་པའི་སྣང་བ་དང༌། རྗེས་སུ་མཆོད་སྡོང་བྱང་ཤར་ཀ་རིང་གི་ལྡེབས་ལ་གློ་བུར་དུ་སྐར་མ་འདྲ་བའི་དཀར་ཤ་ཞིག་སྐྱེས་པ་སོགས་ཁུངས་སྐྱེལ་གཞན་དག་དང་བཅས་པས་ཡང་སྲིད་གང་དུ་འཁྲུངས་ཡོད་མེད་ཀྱི་རྟགས་མཚན་དུ་བྱུང་ཚོད། དེ་རྗེས་ཕྱི་ལོ་༡༩༣༥ཤིང་ཕག་ལོ་རྒྱལ་ཚབ་ནས་ལྷ་སའི་ཤར་ལྷོའི་མཚམས་མལ་ལེ་༩༠ཙམ་གྱི་སར་ཆོས་འཁོར་རྒྱལ་དུ་ལྷ་མོའི་བླ་མཚོ་རྩ་ཆེ་ཡོད་སར་ཕེབས། མཚོ་དེར་མ་འོངས་པའི་ལྐོག་གྱུར་གྱི་གནས་ཚུལ་ཇི་ཡོང་ཆུ་ནང་ནས་བསྟན་གྱི་ཡོད་པ་བོད་མི་ཚང་མས་ཡིད་ཆེས་བྱེད་ཅིང༌། མཚོ་དེ་འདྲ་བོད་ལ་མང་པོ་ཡོད་ཀྱང་ལྷ་མོའི་བླ་མཚོ་ཞེས་པ་དེ་སྐད་གྲཊ་ཆེ་ཤོས་ཤིག་སྟེ། སྐབས་རེ་མཚོའི་ནང་ནས་དོན་གནད་རྣམས་ཡིག་ཐོག་དང༌། སྐབས་རེ་པར་རིས་ཐོག་ནས་མཐོང་གི་ཡོད་པ་དེར་རྒྱལ་ཚབ་ནས་སྨོན་ལམ་དང༌། གསོལ་འདེབས་གནང་སྟེ་ཉིན་མང་པོ་བཞུགས་རྗེས་མཚོའི་ནང་ནས་ཨ་ཀ་མ་ཞེས་པའི་ཡི་གེ་དང༌། དེ་རྗེས་དགོན་པ་ཐོག་ལྗང་ཁུ་དང༌། སེར་པོ་བྱས་པ། དེ་མཉམ་དུ་ཁང་པ་ཐོག་སྔོན་པོ་བྱས་པ་བཅས་གཟིགས་ཤིང༌། གང་གཟིགས་པ་རྣམས་ཡིག་ཐོག་ཏུ་བཀོད་དེ་རེ་ཞིག་བར་གསང་རྒྱའི་ནང་བཞག་ཡོད་པ་རེད། ལོ་དེའི་མཇུག་བླ་མ་ཆེ་ཁག་དང༌། དཔོན་རིགས་འགའ་ཤས་ནས་རྒྱལ་ཚབ་ཀྱིས་མཚོ་གཟིགས་བྱུང་བའི་བརྗེད་ཐོ་རྣམས་བསྣམས་ཏེ་དེའི་ནང་གི་ས་ཆ་དེ་ངོས་འཛིན་བྱེད་པར་བོད་ས་ཡས་མས་གང་སར་ཕེབས་འདུག གོང་གསལ་བླ་མ་དང༌། དཔོན་ཁག མཁས་པ་དེ་རྣམས་ང་ཚོའི་ཡུལ་ཕྱོགས་མདོ་ཁམས་སུ་དགུན་ཁ་སླེབས་ཤིང༌། དེར་ཁོང་ཚོས་སྐུ་འབུམ་དགོན་པའི་ཐོག་ལྗང་ཁུ་དང༌། སཻར་པོ་རྣམས་མཐོང་བ་དང༌། སྟག་འཚེར་གྱི་གྲོང་གསེབ་ནང་ཐོག་སྔོན་པོ་བྱས་པའི་གྲོང་གསེབ་དེ་ཡར་རིམ་མཐོང་བྱུང་བ་རེད། དེར་འགོ་འཁྲིད་དེས་ཁང་པ་དེའི་ནང་ཕྲུ་གུ་ཡོད་མེད་འདྲི་སྐབས་ཕྲུག་གུ་ལོ་གཉིས་ཟིན་ཙམ་ཞིག་ཡོད་ལུགས་བརྗོད་འདུག གནས་ཚུལ་དེ་ཐོས་འཕྲལ་ཡང་སྲིད་འཚོལ་མི་གཉིས་དང༌། གཡོག་པོ་གཅིག་བཅས་ཀྱིས་དགོན་པ་དེའི་ལས་བྱེད་གཉིས་ལམ་རྒྱུས་སུ་འཁྲིད་དེ་ཁང་པ་དེར་བསྐྱོད་ཅིང༌། དེའི་སྐབས་ཁོང་ཚོའི་འགོ་འཁྲིད་ལྟེ་བ་སེ་ར་ཧར་གདོང་ཀེའུ་ཚང་རིན་པོ་ཆེ་ཡིན་ཀྱང་ཁོང་གིས་གཡོག་ཁུལ་གྱིས་གྱོན་ཆས་ཀྱང་ངོ་གཡོག་བརྫུས་ཏེ་བསྐྱོད་འཁོར་བྱས། ཁོང་ཚོ་ཁང་པའི་རྒྱལ་སྒོའི་འཁྲིས་སུ་འབྱོར་སྐབས་ངའི་ཕ་མ་ཚོས་དེ་སྔོན་ངོ་མི་ཤེས་སྟབས་བློ་བཟང་ཞེས་པ་དེ་ཁོང་ཚོའི་འགོ་འཁྲིད་རེད་དགོངས་ཏེ་ནང་དུ་འཁྲིད་ཕེབས། ཀེའུ་ཚང་བླ་མ་དང༌། གཞན་དག་ཐབ་ཚང་དུ་བཞག་སྟེ། དེར་ཁོང་ཚོས་ཕྲུག་གུ་ཆུང་ཆུང་དེ་བརྙེད་ཅིང༌། ཕྲུག་གུ་ཆུང་ཆུང་དེས་བླ་མ་མཐོང་བ་དང་བླ་མའི་པང་དུ་སྡོད་འདོད་བྱས་འདུག པགས་ཚག་གཅིག་གྱོན་ཏེ་ཡོད་པའི་བླ་མའི་སྐེ་ལ་༧རྒྱལ་དབང་གོང་མའི་ཕྱག་ཕྲེང་ཞིག་བཞེས་ཡོད་འདུག་པ་ཕྲུག་གུས་ཕྲེང་བ་དེ་ངོས་འཛིན་བྱས་ཏེ་འདི་ང་ལ་སྤྲོད་རོགས་ལབ་སྟབས་བླ་མས་ངོ་ཤེས་ན་སྤྲད་ཆོག་གསུངས་པར། ཕྲུག་གུས་ལན་དུ་ཡུལ་སྐད་ཐོག་སེ་རའི་ཨ་ཀ་རེད་བརྗོད། དོན་ནི་སེ་རའི་བླ་མ་རེད་བརྗོད་འདུག དེ་ནས་བླ་མས་རོཊ་དཔོན་པོ་དེ་སུ་རེད་ཅེས་འདྲི་སྐབས་ཕྲུག་གུ་དེས་འདིའི་མིང་བློ་བཟང་རེད། ཡང་ཞབས་ཕྱི་ངོ་མ་དེའི་མིང་ལ་ཨ་མདོ་སྐལ་བཟང་ཟེར་བ་རེད་ཅེས་ལབ་པ་བྱུང་འདུག བླ་མ་དེས་ཉིན་གང་ཕྲུག་གུ་མ་ཉལ་བར་དུ་དོ་སྣང་ཆེན་པོས་བལྟས་ཏེ་ཁོང་ཚོ་དེའི་དགོང་མོ་དེར་བསྡད། སང་སྔ་དྲོ་ཁོང་ཚོ་ཐོན་རྩིས་བྱེད་སྐབས་ཕྲུག་གུ་ཉལ་ས་ནས་ཐོན་ཏེ་ཁོང་ཚོ་མཉམ་དུ་འགྲོ་ཡི་ཡིན་ཞེས་བརྗོད་འདུག་པའི་ཕྲུག་གུ་དེ་ང་རང་རེད།
ཀློག་མཁན་རྣམ་པ། གདོན་གཟུགས་འདིས་ནམ་ཡིན་རུང་༧གོང་ས་ཆེན་པོ་ལ་བླ་རྒན་འདི་དང་བླ་རྒན་འདིས་སོགས་ཟེར་བ་དང་། ད་ཐེངས་མཚན་ནས་དངོས་སུ་སྨྲོས་ཏེ་མཚན་སྨོད་སྐུར་འདེབས་ཞུས་པར་མ་ཟད། ནམ་རྒྱུན་༧གོང་ས་མཆོག་གི་མཚན་གྱི་སྔོན་དུ་གུས་རྟགས་༧འདི་ཡང་ཐེངས་གཅིག་ལ་རྒྱག་གི་མེད་པ་ཁྱེད་ཚོས་ཤེས་དགོས། དེས་ན་གོང་གི་མཛད་རྣམ་གྱི་ལུང་ཚིག་དངོས་ལ་བལྟས་ཏེ་གདོན་གཟུགས་ཁྱི་རྒན་དམ་ཉམ་བོད་མིའི་རྐང་འདྲེན་འདིའི་ཁྱི་སྐད་ལ་ཡིད་ཆེས་བྱས་ནས་ལོག་ལམ་དུ་མི་འཕྱན་རོགས་ཞེས་ཞུ་བ་ཡིན།
ཨེ་གྲོགས་པོ་ཚོ། ད་ཅིག་ཅིག་ལ་ཁ་བཏང་མ་བཏང་ཟེར་ནས་སྟག་རྔ་གཟིག་རྔ་རེ་འཇུ་ས་ཨེ་རག་བལྟ་རྒྱུ་མཚམས་བཞག་ནས་དོན་ངོ་མའི་སྟེང་དུ་རྡོ་རྗེ་རྐེད་འཇུ་རེ་བྱས་ནས་གླེང་མོལ་བྱས་ན་མི་དགའ་འམ། སྤྱིར་བཏང་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པ་འདི་རྣམ་དཔྱོད་ཅན་ཞིག་གི་སྐད་ཆ་མ་རེད། ད་ཕ་མགོ་བུ་ཡིས་བསྐོར་ནས་ཆུ་མགོ་ནས་བསྙོགས་ཡོང་བའི་སྟེང་ལ་བུ་སྤུན་ནང་འཁྲུགས་བརྒྱབ་ན་དེ་ལས་སྡུག་པ་མ་རེད་དམ། འདི་འདྲ་འདིས་གཞིས་ལུས་མི་མང་གི་སེམས་གསོ་མི་ཡོང་བའི་ཐོག་ལ་སེམས་དཀྲུག་གི་རེད་ད།
རིག་རྡོར་ངེད་གཉིས་ལ་རྩོད་གཞི་འདྲ་གང་ཡང་མེད། དང་ཐོག་ཁོས་རྡོ་གྲུབ་དགོན་པ་མགོ་ལོག་ལ་ཡོད་མེད་དང་རྡོ་ཁོག་མགོ་ལོག་གི་ཁོངས་གཏོགས་ཡིན་མིན་ཞིག་ལས་འཕྲོས་ཏེ་ཁོས་ང་ལ་ས་མཚམས་ཆུ་མཚམས་བརྩད་པའི་ཉེས་འཛུགས་བྱས་པ་ཞིག་ནས་མགོ་བཙུགས་པ་མ་གཏོགས་མི་འགྲིགས་པ་གང་ཡང་མེད། དྲྭ་གྲོགས་ཤིག་གིས་རིག་རྡོར་དགེ་བཤེས་ཤིག་རེད་ཟེར་བ་ཙམ་ཞིག་ཐོས་པ་ལས་གཞན་རིག་རྡོར་ཞེས་པ་དེ་གང་དུ་ཡོད་པ་དང་སུ་ཞིག་ཡིན་མིན་ཡང་ཤེས་ཀྱིན་མེད། ཁྱོད་ཚོ་རིག་རྡོར་གྱི་དགེ་ཕྲུག་གམ་གཡོག་པོ་འདི་ཚོ་ཡོང་དུས་མཉམ་དུ་སླེབས་ཡོང་གིན་འདུག འགྲོ་དུས་མཉམ་དུ་གྱེས་འགྲོ་གི་འདུག སྒྲིག་འཛུགས་ཚགས་ཆུད་པོ་དེ་འདྲ་ཞིག་འདུག དངོས་གནས་ལས་ཀ་རེ་བསྒྲུབས་ན་ཅིག་འཇོན་ས་རེད།
ག་རེ་ཆོས་རྒྱུད་ཀྱི་རྩོད་གཞི་ཨེ། ཆོས་རྒྱུད་ལ་རྩོད་གཞི་སུས་བཙུགས་སོང་། འདི་ལ་དོགས་སེལ་ཞིག་བྱེད་རོགས། ཆོས་རྒྱུད་ཀྱི་རྩོད་གཞི་སློང་མཁན་ཁ་ཤས་རེས་ཅིག་ཅིག་གི་ཁོངས་སུ་གཏོགས་མིན་སྐོར་ལ་བོད་ཀྱི་དུས་བབ་སྟེང་དུ་རྩོམ་ཡིག་རེ་སྤེལ་བ་མ་གཏོགས་ངས་ཆོས་རྒྱུད་ཀྱི་རྩོད་པ་བསླངས་མ་མྱོང་ད། དེ་མིན་རིག་རྡོར་གྱིས་རྨི་ལི་ཆོས་འབྱུང་ལས་འཕྲོས་ནས་དགེ་བཤེས་དམག་དཔོན་བྱེད་མིན་སྐོར་ནས་ཆོས་རྒྱུད་ག་གེ་མོར་ཟུར་ཟ་བྱས་པ་དེ་ཚོ་ཡིག་འབྲུ་ནག་རིལ་ལེར་ཁ་བརྡ་དྲྭ་དེབ་འདིར་ཡོད་ཡོད་པ་རེད།
ཨོ། འགོང་གཟུགས་སྤོབས་པ། འགྲིག་གི དེས་ན་ཁྱོད་ཀྱི་རེ་བ་བཞིན་གླེང་མོལ་གཞན་པ་རེ་བྱས་ན་ཆོག འོན་ཀྱང་དེའི་སྔོན་དུ་ཁྱེད་ཀྱིས་ཁ་བརྡ་དྲ་ཚིགས་ཐོག་གི་དྲ་གྲོགས་ཡོངས་དང་། བོད་གཞི་བྱེས་གཉིས་ཀྱི་བོད་མི་ཡོད་དོ་ཅོག་ལ། ༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པར་དགོངས་དག་ཞུ་དགོས་ལ། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་པའི་དམ་བཅའ་འཇོག་དགོས། ད་དུང་རྒྱ་ནག་གཞུང་དང་། དོལ་ཚོགས་ལ་འབྲེལ་བ་སྤུ་ཙམ་མེད་པའི་རྒྱུ་མཚན་ཁུང་བསྐྱེལ་བྱེད་དགོས། དེ་ལྟར་ནུས་ན། ང་ཚོས་རྩོད་གཞི་འདི་རེ་ཞིག་ཟུར་འཇོག་བྱས་ནས། ཁ་བརྡ་གཞན་ཞིག་བྱེད་ཆོག དེ་མིན་ཁྱོད་ཀྱི་གཡོ་བྱུས་ལ་སུས་ཀྱང་ཡིད་ཆེས་གནང་གི་མ་རེད།
ངས་ཀྱང་རིག་པའི་རྡོ་རྗེ་ཟེར་བ་དེ་སུ་ཡིན་ཤེས་ཀྱི་མེད་མོད། དེ་སྔོན་ཁོང་གིས་རྒྱ་རི་ལ་ཐད་ཀར་དྲི་བ་དྲིས་ཚུལ་གྱི་རྩོམ་ཡིག་ཞིག་ཁ་བརྡ་དྲ་ཚིགས་ཐོག་ནས་མཐོང་བས། ཨ་རིར་ཡོད་པ་ཤེས་སོང་། དེ་རྗེས་ཁོང་གིས་བདེན་དོན་འཐད་རྩོད་ཟེར་བའི་རྩོམ་ཡིག་ཅིག་སྤེལ་འདུག་པར། ཁྱོད་སྤོབས་པ་ངར་ནག་གཏིང་ནས་ལངས་ཏེ། ཁོང་གི་ཐོག་ལ་ཁྱི་ཟུག་ཟུག་བྱེད་ཀྱིན་འདུག་པས། ངས་ཁོང་གི་རྩོམ་ཡིག་དེར་ཞིབ་ལྟ་ཅིག་བྱས་པ་ཡིན་མོད། དེ་བོད་མིའི་ངོ་ཚ་དང་། རྒྱ་མིའི་ལག་ཆར་འགྱུར་བའི་རྩོམ་ཡིག་ཅིག་རྩ་བ་ནས་མ་རེད། དེར་བརྟེན་བདེན་དོན་སུ་ལ་ཡོད་ན་རྒྱབ་སྐྱོར་བྱེད་དགོས་པ་དྲང་པོའི་རྣམ་ཐར་ཡིན་པས་དེ་ལྟར་བྱས་པ་ཡིན།
ཁྱོད་ཀྱིས་རིག་པའི་རྡོ་རྗེ་དང་རྩོད་གཞི་གང་ཡང་མེད་ཟེར། འོ་ན་དེ་མེད་ན། ཀླུ་སྨྱོན་སོགས་ཀྱིས་ཟམ་གདོང་བླ་མར་ཅི་ཙམ་གཤེ་ཡང་ཁྱོད་མི་ཁྲོ་བར་རིག་པའི་རྡོ་རྗེས་ཅུང་ཟད་ཡིད་ཆད་བཤད་པ་ཙམ་གྱིས་ཁྱོད་ཀྱི་ཕ་རྒན་གྱི་ཤི་མྱིང་ནས་བཟུང་བ་ལྟར། ངར་ལངས་དོན་ཅི་ཡིན་ནམ། འདི་ཁྱོད་རང་རིག་པའི་རྡོ་རྗེ་སྒེར་ལ་མ་དགའ་བའི་རྒྱུ་མཚན་གཅིག་རེད།
རིག་པའི་རྡོ་རྗེས་ཟམ་གདོང་དང་རྒྱ་རི་གཉིས་ལ་སྐྱོན་བརྗོད་ཟུར་ཙམ་བྱས་པར་སྐྱོན་ཆེ་ཞིང་། ཁྱོད་རང་གིས་༧གོང་ས་མཆོག་ལ་ཚབ་ཆེའི་སྐྱོན་བརྗོད་བྱས་ཀྱང་སྐྱོན་དུ་མི་བརྩི་བ་དེ་དེའི་རྒྱུ་མཚན་གཉིས་རེད།
རིག་པའི་རྡོ་རྗེས་རང་བཙན་བརྩད་ན་ངོ་ཚ་ཡིན་པ་དང་། དེ་རྒྱ་མིའི་ལག་ཆར་འགྱུར་ཞིང་། ཁྱེད་ཀྱིས་༧གོང་ས་ཆེན་པོར་མཚན་སྨོད་བྱས་ན་བཟང་ཆ་ཡིན་པ་རྒྱུ་མཚན་གསུམ་རེད།
གཞན་རྒྱུ་མཚན་སྣ་གཅིག་མེད་པར་རིག་པའི་རྡོ་རྗེ་ལ་དགེ་བཤེས་ཀླད་དམར་ཞེས་གང་ཟག་སྒེར་ལ་མཚང་མིང་འདོགས་པ་དེ་དེའི་རྒྱུ་མཚན་བཞི་རེད། ད་དུང་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་མོད། རིམ་གྱིས་ཤོད་ན་འདོད། གང་ལྟར་གོང་གི་ཆ་སྐྱེན་དེ་དག་བསྒྲུབ་ན་ང་ཚོའི་རྩོད་གཞི་མཚམས་འཇོག་བྱེད་ཆོག དེ་མིན་ཁྱོད་ཀྱིས་༧གོང་ས་ཆེན་པོར་མཚན་སྨོད་བྱས་པའི་ནག་ཉེས་བསྐལ་བའི་བར་དུ་དག་མི་སྲིད།
ད་དུང་གོང་དུ་དྲ་གྲོགས་ཆོས་གྲགས་ཀྱིས་གསུངས་པ་བཞིན། ཁྱོད་ཀྱིས་སླར་ཡང་༧གོང་ས་མཆོག་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་མིན་ཞེས་གསུང་གི་ཡོད་ཅེས་༧གོང་ས་མཆོག་ལ་མངོན་གླེང་འགེལ་གྱིན་ཡོད་པ་འདིའི་སྐོར་རྗེས་སུ་གླེང་གི་ཡིན། འདི་རང་དགར་བཞག་ན་ག་ལ་འགྲིག ད་དེ་ཡིན། བསམ་བློ་བཏང་ནས་ལན་ཐོབ་ཤོག
རེད།
ཨེ། སྤོབས་པ་ཁྱི་རྒན། ༧གོང་ས་མཆོག་གིས། ཁོང་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྤྲུལ་སྐུ་ཡིན་མིན་མི་ཤེས་ཞེས་ནམ་གསུངས་སོང་། ༧གོང་ས་མཆོག་གིས་ནམ་རྒྱུན། ང་༧གོང་ས་ལྔ་བ་ཆེན་པོའི་བཞུགས་ཁྲིའི་སྟེང་བསྡད་ཡོད་དུས། ངས་ཁོང་གི་ཕྱག་ལས་རྒྱུན་སྐྱོང་དགོས་ཀྱི་རེད། སྐུ་གོང་མོའི་ལས་ཀ་དེ་སྐུ་ཕྲེང་རྗེས་མས་མ་བསྒྲུབ་ན། ཡང་སྤྲུལ་ཕེབས་པ་དོན་མེད་རེད་ཅེས། གསུང་གིན་ཡོད་པ་འདིས་ཁོང་རང་ཉིད་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་འཁྲུལ་མེད་ཡིན་པ་ཞལ་གྱིས་བཞེས་པ་རེད། ད་དུང་གོང་དུ་དྲ་གྲོགས་ཆོས་གྲགས་ལགས་ཀྱིས་དྲངས་བའི་༧གོང་ས་མཆོག་གི་རང་རྣམ་ལ་གཟིགས་དང་ཤེས་པར་འགྱུར།
ངས་བསམ་བློ་བཏང་དུས། དེ་ཁྱོད་ལ་༧གོང་ས་མཆོག་གིས་གསུངས་པ་ཡིན་རྒྱུ་མ་རེད། ཁྱོད་ཀྱི་སྐྱབས་གནས་མཐར་ཐུག་དོལ་རྒྱལ་སྡུག་རྒན། བཤན་པ་ལག་དམར་གྱིས་ཁྱོད་ཀྱི་རྣ་བར་ལྐོག་བཤད་བྱས་ཏེ། ༧རྒྱལ་དབང་འདི་ཉིད་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་མ་རེད་ཅེས་བཤད་པ་ཡིན་རྒྱུ་རེད།
དྲ་གྲོགས་ཚོས་གཟིགས་དང་། ཡང་སྤོབས་པ་འདྲེན་རྒན་འདིས། ༧གོང་ས་ཡིད་བཞིན་བུ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་མིན་ལ་དོགས་གཞི་བྱེད་བཞིན་འདུག་པས། ད་ནི་ངོ་མ། ཆུ་ཕྱར་ན་རྡོ་བ་ལྷང་ལ་འབུད། ཟེར་བའི་དཔེ་ལྟར། སྤོབས་པ་ཟེར་བ་འདི་སུ་ཡིན་གསལ་ཐག་ཆོད་སོང་བས་དྲ་གྲོགས་རྣམས་ཀྱིས་དེ་ལུགས་ཀྱིས་ཐུགས་གཟབ་གནང་རོགས།
གཤམ་དུ་སྤོབས་པ་ཁྱི་རྒན་གྱིས། ༧གོང་ས་མཆོག་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་མིན་ལ་དོགས་པ་བྱེད་བཞིན་ཡོད་པའི་འདྲེ་སྐད་དེ་གཤམ་དུ་བཀོད་ཡོད་པས་ཚང་མས་གཟིགས་རོགས་ཞུ།
“”རྒྱལ་བ་རིན་པོ་ཆེ་རང་གིས་སྤྲུལ་སྐུ་ངོས་འཛིན་མང་པོ་ཞིག་བྱེད་ཀྱིན་མེད་གསུང་གིན་འདུག ཁོང་རང་ཡང་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པའི་སྐྱེ་ཕྲེང་ཡིན་མིན་ཤེས་ཀྱིན་མེད་གསུངས་སོང་།””
དེང་སྐབས་ངས་ནང་དགོང་གཉིས་ལ་ཨ་ཅོག་ཀྲོང་ཀྲོང་བྱས་ནས་གསར་འགྱུར་ཉན་བསྡད་ཡོད། ད་རེས་རྡ་སར་བོད་དོན་ཐག་གཅོད་ག་འདྲ་བྱས་ཡོང་སྙན་ནས་ང་ཧ་ཅང་ཞེ་སྣང་འདུག བྱས་ཙང་གོང་དུ་སེམས་ཤུགས་ཡོད་མཁན་དྲ་གྲོགས་འགས་བཏབ་པའི་མཆན་དེ་རྣམས་ང་ལ་ཀློག་ཁོམ་བྱུང་མ་སོང་པས་དགོངས་དག་ཞུ།
ངས་ཨེ་རླུང་ཚང་གི་དྲི་བ་དྲི་ལན་ཚང་མར་ཉན་པ་ཡིན། དེ་རུ་ང་ལ་དགོས་པའི་གསར་འགྱུར་དེ་ཅང་མི་འདུག དོན་ངོ་མར་ཇ་མངར་མོ་ཚོང་ཁང་འགའི་ཡོང་སྒོར་ཕན་པ་ཙམ་རེད།
ད་ཚང་མས་རྩོད་པ་བྱེད་མཚམས་བཞག་ནས་གླུ་འདིར་ཉོན།
http://www.youtube.com/watch?v=xUXlunlvcrw
དེ་ནས་ཡང་རྩོད་པ་བྱོས།
གླུ་འདི་ལ་ཉན་རྗེས་ཚེ་རིང་སྐྱིད་ཀྱི་ཨ་མ་འདས་རྗེས་ལ་གཅིག་ལྟོས། དེ་ནས་ཀླུ་སྨྱོན་ཚང་གི་ས་མཐའ་ནས་ཕ་ཡུལ་དྲན་པ་གཅིག་ཀློག མཐའ་མར་རང་གི་ཕ་ས་ཕ་ཡུལ་གྱི་དོན་སྤྱི་ག་ལེར་སེམས་ངོར་འཆར་དུ་ཆུགས་དང་། དེ་ནས་སེམས་གཏིང་ནས་ཅིག་སྐྱོ་རྒྱུ་ཞིག་དང་ངུ་རྒྱུ་ཞིག་འདུག
རིག་པའི་རྡོ་རྗེ་ལ་དགེ་བཤེས་ྐླད་དམར་ཞེས་བརྗོད་པ་འདི་མུན་ནག་ནང་ལ་མདའ་འཕངས་ནས་ཡེ་ཤེས་ལྷ་ཡི་སྤྱན་ཕུག་པ་མ་རེད་དམ། ངས་ནི་རིག་པའི་རྡོ་རྗེ་ཟེར་བ་འདི་དགེ་བཤེས་ཡིན་མིན་ཙམ་ཡང་མི་ཤེས་ན་དེའི་ྐླད་པ་དམར་པོ་ཡིན་མིན་ཚོ་ག་ལ་ཤེས། ཡིན་ན་ཡང་སྔོན་ཞིག་ལ་དྲྭ་གྲོགས་ཤིག་གིས་རིག་པའི་རྡོ་རྗེ་དགེ་བཤེས་ཤིག་རེད་ཟེར་བ་ཙམ་ལ་རྐྱེན་བྱས་ནས་དེ་ག་ཙམ་དུ་ཀུ་རེ་ལབ་པ་ཡིན། དགེ་བཤེས་མང་པོ་ཞིག་ྐླད་དམར་ཡིན་སྟབས་དགེ་བཤེས་ཀྱི་མིང་དང་མཉམ་དུ་ྐླད་དམར་ཞེས་སྦྱར་བ་ཙམ་ལས་དོན་དངོས་རིག་རྡོར་ྐླད་དམར་ཞིག་ཡིན་ནས་ཕོག་སོང་ན་དགོང་དག
རྒྱལ་བ་རིན་པོ་ཆེའི་མཚན་གྱི་མགོར་ཨང་ཀི་བདུན་པ་ལྟ་བུའི་ཡིག་མགོ་ཞིག་འབྲི་སྲོལ་ཡོད་པ་འདི་ལ་རྒྱུ་མཚན་འདྲ་བཤད་རྒྱུ་ཡོད་དམ། ངས་དགེ་རྒན་ལ་ཐེངས་གཅིག་དྲིས་པ་ཡིན་མོད་ཁོང་གིས་ཨང་ཀི་བདུན་པ་འདི་འཕགས་པའི་ནོར་བདུན་མངའ་བའི་མཚོན་བྱེད་རེད་གསུངས་སོང་། ཡང་མང་པོ་ཞིག་གིས་འདི་ཡིག་མགོ་ཞིག་ཡིན་པ་ལས་ཨང་ཀི་བདུན་པ་མ་རེད་གསུངས་སོང་། འདི་སྔོན་གྱི་སྟོན་པ་སངས་རྒྱས་ནས་རྒྱན་དྲུག་མཆོག་གཉིས་སོགས་བླ་ཆེན་དཔོན་ཆེན་གཞན་ལ་འབྲི་སྲོལ་མེད་ཐོག་རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་གོང་མ་ཚོའི་མཚན་གྱི་མགོར་འདི་བྲིས་ཡོད་པ་མ་མཐོང་། ཡིག་མགོ་ཞིག་རེད་ལབ་ན་མི་གལ་ཆེན་གྱི་མིང་གི་མགོར་ཡིག་མགོ་འབྲི་དགོས་ཚུལ་གྱི་ཁུངས་ཞིག་མེད། སློབ་ཕྲུག་ལ་ལས་འདི་མ་གོ་ནས་རྒྱལ་ཞེས་པའི་མིང་ཚིག་ཅིག་ཡོད་ཚད་ཚང་མ་སྟེ་རྒྱལ་ཁབ་དང་རྒྱལ་པོ་སོགས་ཡོད་ཚད་ཀྱི་མགོར་ཡང་འདི་བྲིས་འདུག
དེ་བཞིན་འདིར་ཁྱོད་ཚོས་དྲྭ་དཔོན་ཞེས་འབྲི་བ་དེ་ཡང་མིང་ཚིག་རྒྱུ་མཚན་ལྡན་པ་ཞིག་མ་རེད་སྙམ། འདི་ལ་རྩོམ་སྒྲིག་པ་དང་དྲྭ་བའི་གཙོ་སྐྱོང་པ་སོགས་ཀྱིས་མིང་གི་བསྙད་དུ་རུང་བ་ལ་དཔོན་གཡོག་གི་ཐ་སྙད་དེ་ཚོ་དེང་རབས་ཀྱི་སྤྱི་ཚོགས་མཚོན་པའི་མིང་ཚིག་ལ་དེ་ཙམ་འགྲོ་རྒྱུགས་མེད་པ་རེད། ང་ཚོས་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གྱི་ཐ་སྙད་དེ་ཁྲིམས་ཞིབ་པར་བསྒྱུར་བཅོས་གཏོང་དགོས་དོན་ཡང་དེ་རེད།
འོ་སྤོབས་ནག་གདོན་གཟུགས། ཁ་རོ་ཐལ་ནག་པོས་གཅོད་རྒྱུ། ཆོས་བརྒྱུད་ཀྱི་རྩོད་གཞི་སུས་བཙུགས་སོང་། འདི་ལ་དོགས་སེལ་ཞིག་བྱེད་རོགས་ཨེ། ཆོག་གི དོགས་སེལ་ལོས་བྱེད། སྔར་ཁྱོས་“ངས་འདི་ལྟར་གླེང་ཆོག་གམ་”ཟེར་བའི་མགོ་བརྗོད་ཀྱི་འོག་ཏུ་སྐྱག་དྲི་བྲོ་བའི་ཆོས་བརྒྱུད་ཀྱི་རྩོད་གཞི་བཙུགས་ཏེ་རྙོག་དྲ་བསླངས་འདུག་པ་འདི་ཁྱོས་ཆོས་བརྒྱུད་ཀྱི་རྩོད་གཞི་བཙུགས་པ་མིན་ན་ཅི་རེད།
དེར་མ་ཟད་དྲྭ་གྲོགས་དཀོན་མཆོག་གིས་མཆན་༣༽པར། ཡ་སྤོབས་པ་དྲིན་ཆེན་པོ། མདུང་ཁ་ནང་ལ་བསྐོར། ཅིག་དཀྲུགས་ཨེ་ཐུབ་གི་ལྟོས། ཟེར་བ་དང་།
མཆན་༩༽པར། རང་རེ་བོད་མི་ཡོངས་ལ་བཙན་གནོན་གཏོང་མཁན་གྱི་དགྲ་ལ་ཁ་གཏད་ཤིག་ཙམ་ཞིག་བྱེད་མི་ཐུབ་པར། ཆོས་ལུགས་བྱེ་བྲག་པ་རེའི་ཞེན་ཁོག་གི་གཏིང་ནད་ཁྱེར་ནས་བོད་མི་མང་འགྱེལ་བའི་རྒང་ལ་རྡོག་པ་མ་སྤོས་ན་ཅི་མི་ཆོག་གམ། ཞེས་དང་། ཁྱོད་ངོ་མ་བོད་མི་མང་ལ་སེམས་པ་རྣམ་དག་ཅིག་དང་བསམ་བློ་ཡོད་མཁན་ཞིག་ཡིན་ན་ད་ནས་ཆོས་ལུགས་ཀྱི་རུལ་དྲི་འདི་ཁྱེར་མ་ཡོང་རོགས་ཞེས་རེ་འདུན་ཞུ་བཞིན་ཡོད། ཅེས་ཁྱོད་ལ་སློབ་གསོ་གཏོང་དགོས་བྱུང་འདུག་པ་དེ་ཁྱོས་ཆོས་བརྒྱུད་ཀྱི་རྩོད་གཞི་བཙུགས་པ་མིན་ཟེར་ས་ཨེ་ཡོད། སྔོན་གྱི་རྩོམ་རྙིང་ཚོ་བསྔོགས་དང་མཆན་འདི་དག་ཟླ་བ་༩ཚེས་༢༡ལ་རེད་འདུག་ག ཉི་མ་དེ་རིང་ནས་ཡར་དེད་པའི་ཟླ་གཉིས་ཏག་ཏག་གི་སྔོན་ལ་རེད། ད་ཁྱོད་ལ་དོགས་སེལ་འདིས་ཨེ་ཆོག་གི ཨ་གདོན་གཟུགས་ཁྱི་རྒན། ཁྱོད་ངོ་མི་ཚའམ།
ད་རུང་དཀོན་མཆོག་གིས་ཉི་མ་དེར་ཁྱོད་ལ་ཡ་མཚན་དངོས་བྱུང་གི་ལུང་བསྟན་ཞིག་བྱས་འདུག་པ་ནི། “ད་དུང་མི་ཆོག་པར་ཤུགས་ལྡན་རྗེས་འབྲང་ནང་བཞིན་ཆོས་ལུགས་ཁ་ལ་བཟུང་ནས་ནང་ཁུལ་དཀྲུགས་དཀྲུགས་གཏོང་གི་ཡིན་ཟེར་ན་ཁྱོས་ལྟོས། ནམ་ཞིག་ང་ཐེ་བའི་བོད་མི་ཐམས་ཅད་ཀྱིས་ཁྱོད་རང་གི་གྲས་ལ་སྟོན་གཞུག་བུ་ལོན་འདེད་པའི་ཉི་མ་ཞིག་ཡོང་གི་རེད།” ཟེར་བ་འདི་རེད། དྲྭ་གྲོགས་ཚོ། ཚང་མས་ལྟོས་དང་། ལུང་བསྟན་འདི་དངོས་གནས་ཡ་མཚན་དངོས་བྱུང་མ་རེད་དམ། ཟླ་གཉིས་སྔོན་གྱི་ལུང་བསྟན་རེད། ད་བོད་མི་ཐམས་ཅད་ཀྱིས་སྟོན་གཞུག་བུ་ལོན་འདེད་པའི་ཉི་མ་དེར་སླེབས་སོང་བ་རེད། ཤི་མགོ་དུར་ལ་བསྐོར་རྒྱུ་ཁྱོས་ད་དུང་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པར་དགོངས་དག་ཞུ་རྒྱུ་མིན་ནམ། གལ་ཏེ་ད་དུང་དགོངས་དག་ཞུ་རྒྱུ་མིན་ན་ང་ཚོས་དབུགས་ཐག་སུས་རིང་རིམ་གྱིས་བལྟ་ཆོག
གོང་གི་གཞས་དེ་ཡང་་། ཡང་སྤྲུལ་བསྐྱར་སྤྲུལ། འགོང་སྤྲུལ། ཡར་རྒྱུས་མེད་པའི་མར་འདྲེན་གྱི་སྤྲུལ་སྐུ་ལམ་ལུགས་ལྟར་རེད། བསྐྱར་ཟློས་ཡང་ཟློས་ཀྱི་གླུ་ཞིག་ཡིན་སྟབས་ཉན་འདོད་མ་བྱུང་།
ངས་བསམ་བློ་ཞིག་གཏོང་གིན་ཡོད། བསམ་བློ་དེ་ནི་ཅི་འདྲ་བྱས་ནས་བོད་མི་ལ་མི་སྒེར་རིང་ལུགས་དར་སྤེལ་གཏོང་བ་དེ་ཡིན། མི་སྒེར་རིང་ལུགས་སམ་རང་གཤིས་རིང་ལུགས་འདི་མེད་ཚེ་། བོད་མི་རིགས་འདི་སྤྱི་ཡོངས་ནས་ཡར་རྒྱས་སུ་འགྲོ་རྒྱུ་ཉིན་དཀར་གྱི་སྐར་མ་ཅི་བཞིན་རེད། གོང་གི་མཆན་དེ་དག་ལས་ཤེས་བ་ནི་རང་ཉིད་ཀྱི་རྣམ་དཔྱོད་མི་སྤྱོད་པར་ཏཱ་ལའི་བླ་མ་ལ་ཚིག་ཟུར་ཙམ་འགྲོ་ས་མེད་པར་ཐ་གཅིག་ཏུ་ནག་པོ་བཟོ་བ་དེ་རེད། ཚང་མས་མཁྱེན་གསལ་ལྟར་། ཏཱ་ལའི་བླ་མས་དབུ་མའི་ལམ་ལ་རྒྱ་གཞུང་དང་དོན་ཕན་མ་བྱུང་བར་མི་མང་གིས་རྣམ་དཔྱོད་ལྡན་པའི་ངང་རང་དབང་གིས་བོད་ཀྱི་མ་འོངས་བའི་རྩ་དོན་སྒྲུབ་ཕྱོགས་ལ་ཛ་དྲག་གིས་ཚོགས་འདུ་ཚོགས་དགོས་བཀའ་གནང་མོད། ཐ་མའི་གྲོས་གཞི་ཡང་ཏཱ་ལའི་བླ་མ་ལ་མངོན་པར་བསྟོད་དོ་ཟེར་དེ་རེད། ད་བོད་མི་ང་ཚོ་ངོ་ཚ་ཞིག་ཡོད་ན་། ཏཱ་ལའི་བླ་མས་རྒན་ཡོལ་ཚ་ཚང་བཞེས་ནས་ཆོས་རྐྱང་སྒྲུབ་པས་ཆོག བོད་ཀྱི་མ་འོངས་བའི་འགན་ངས་ཁུར་གྱིན་ཡིན། ངས་ལངས་ཕྱོགས་འདི་ཡིན་ཞེས་ཉུང་མཐར་ཡང་མི་ལྔ་བཅུ་ཐོན་ཆོག་མོད། ཚོགས་འདུ་འཇུག་བསྡོམས་ལ་ལྟོས་ན་ལྷ་མིའི་རྣམ་འདྲེན་ང་ཚོ་སྐྱབས་འོག་ནས་མ་འདོར་ཟེར་བ་དེ་རེད། ཚོགས་འདུ་འཛོམས་པའི་མི་དེ་ཚོ་དང་། ང་ཚོའི་ཁ་བརྡར་ཡོང་བའི་མི་འདི་དག་ལ་ལྟོས་ན་།
རྒྱ་དམར་གྱི་སྐད་ཆ་དེ་ནི་ཅི་འདྲའི་བདེན་པ་ཞིག་རེད་འང་སྙམ། བོད་ལ་གནད་དོན་ཅི་ཡང་མེད། ཏཱ་ལའི་བླ་མའི་སྒེར་གྱི་གནད་དོན་སེལ་ཆེད་ང་ཚོས་ངོས་ནས་ཧུར་ཐག་བྱེད་བཞིན་ཡོད་ཟེར། རྒྱ་དམར་གྱིས་ཏཱ་ལའི་བླ་མའི་སྐུ་ཚེ་ལ་སྒུག་ནས་ཁོང་མེད་ཚེ་བོད་དོན་རྩ་ཐོར་འགྲོ་ངེས་རེད་ཟེར། ཕྱོགས་ཡོངས་ལ་ལྟོས་ནའང་དེ་འདྲ་ཞིག་ཡིན་ངེས། བོད་ནང་རང་སྲོག་འབུལ་བ་དེ་ཡང་ཏཱ་ལའི་བླ་མ་མཇལ་འདོད་ཡིན་པ་ལས་བོད་ཀྱི་ཆབ་སྲིད་ཐོབ་ཐང་བརྩོན་ཆེད་འབུལ་བ་ཤིན་ཏུ་ཉུང་བ་དང་། བོད་ཕྱི་ལོགས་སུ་ཡང་ཏཱ་ལའི་བླ་མ་ལ་མངོན་པར་བསྟོད་དོ་ཟེར་བ་ལས་མི་འདུག
ཏཱ་ལའི་བླ་མའི་ཡང་སྤྲུལ་འབྱུང་སྟངས་ལ་བཀའ་སློབ་མང་བོ་ཡོད་པ་སྣང་བར་མི་འགྲོ་བའི་སྐོར་བཤད་རྒྱུ་མང་པོ་ལྷག་ཡོད་། འདིར་འཛོམས་པའི་སྤྲུལ་ལོག་གྲྭ་ལོག་ཚོ་བརྗོད་ཀྱང་རྣ་ལམ་འགྲོ་དཀའ་བས་ཕན་མེད་དུ་སེམས་།
མེ་རི་ཡིན་ན་འདིའི་ཁ་ཚོད་ལ་མཐོ་ཚོད་མི་འདུག་མ་གཏོགས་བདེན་དོན་ལ་སྙོབ་མཁན་ཞིག་ཡིན་པའི་སྣང་བ་ཞིག་སྟེར། གྲྭ་ལོག་སྤྲུལ་ལོག་ནང་ན་ཡོན་ཏན་ཅན་ང་ཡིན་ཁོ་ཡིན་གང་མང་ཡོད་པ་རེད། ཁྱོད་ཀྱིས་རང་གིས་བཤད་འདོད་པའི་ཚོར་བ་དེ་ཁོ་ཚོས་བརླགས་སོང་མདོག་མདོག་བཤད་པ་དེ་ཁྱོད་ཁོག་རྒྱ་དོགས་པའི་རྟགས་རེད། ཁྱོད་ཀྱིས་མ་བཤད་ན་རྣ་བར་འགྲོ་མིན་སུས་ཐག་གིས་གཅོད་པ་རེད། ཁ་ཚོད་མ་མཐོ་བར་བཤད་འདོད་པ་དེ་ཤོད།
འོ་སྤོབས་ནག་གདོན་གཟུགས། ༧རྒྱལ་བ་རིན་པོ་ཆེའི་མཚན་གྱི་མགོར་ཨང་ཀི་བདུན་པ་ལྟ་བུའི་ཡིག་མགོ་ཞིག་འབྲི་སྲོལ་ཡོད་པ་འདི་ཁྱོས་མི་ཤེས་པར་ཁག་ཅི་ཡོད། ཁྱོད་ཀྱི་དགེ་རྒན་གྱིས་ཀྱང་ཆེ་ཤེས། ཤེས་རུང་ཁྱོད་ལ་ཆེ་བཤད། ཁྱོད་ལ་འདི་ཙམ་ཡང་མི་ཤེས་པའི་དགེ་རྒན་ཞིག་ཡོད་རྒྱུ་ལའང་། ངོ་མ་ཁྱོའི་ལས་འདི་ཅི་འདྲའི་དཀའ་ལས་ཁག་པོ་ཞིག་རེད། ཁྱོས་དང་པོ་དགེ་རྒན་འཚོལ་དུས་ནས་ཁྱོའི་བསོད་ནམས་ཟད་ཆ་ཚང་སྣུམ་ཟད་ཀྱི་མར་མེ་ལྟར་རྫོགས་ཚར་འདུག འདི་སྔོན་མ་༧རྒྱལ་དབང་སྐུ་ཕྲེང་གསུམ་པར་ཡོན་གྱི་གོང་མས་བཛྲ་དྷ་རའམ་རྒྱ་མཚོའི་བླ་མ་ཞེས་པའི་མཚན་བསྟོད་དང་ཐམ་ཀ་ཕུལ་སྐབས་ཐམ་ཀ་དེའི་ངོས་སུ་ནོར་བུ་དགའ་འཁྱིལ་ཞིག་ཡོད་པར་བརྟེན། རྗེས་སུ་གོང་ས་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་མཚན་གྱི་མགོར་དམིགས་བསལ་གྱི་ཆེ་རྟགས་ནོར་བུ་དགའ་འཁྱིལ་ཞིག་འབྲི་སྲོལ་བྱུང་བ་དང་། རིམ་བཞིན་མགྱོགས་བྲིས་བྱས་པའི་ཨང་གུ་བདུན་པ་འདིའི་གཟུགས་སུ་གྱུར་བ་རེད། དེ་རིང་གཡོག་རྒན་གྱིས་ཕོར་བ་འཁྲུ་ས་ནས་སྔར་བོད་དང་རྒྱ་གར་ནས་བཀླག་མྱོང་བའི་ཡིག་ཆ་ཐམས་ཁྱོའི་སྔུན་ལ་སྤུངས་རྒྱུ་མི་རྙེད་མོད། ཁྱོའི་ཁྱི་ལྕེ་ཆད་སོང་བ་མིན་ན་སྤྲུལ་སྐུ་ཀླུ་སྨྱོན་ལ་དྲིས་དང་ཁྱོད་ལ་གསུངས་ངེས་ཡིན། ད་ཁྱོས་རིག་རྡོར་ཅིག་ཡིན་མིན་དང་། ཀླད་དམར་ཅིག་ཡིན་མིན། དྲྭ་དཔོན་ཅིག་ཡིན་མིན་སོགས་ཡར་མར་ལ་ཁ་ཁྲིད་ཐབས་ཀྱི་གཡོ་ཐབས་བྱེད་འདུག་རྒྱུ་ལས་༧གོང་ས་ཆེན་པོར་མཚན་སྨོད་སྐུར་འདེབས་བྱས་པར་དགོངས་དག་ཞུས་ན་མི་དགའ་འམ། གདོན་གཟུགས་དམ་ཉམ་ཁྱོད་ཀྱིས་ཡར་མར་ལ་ཁ་ཁྲིད་ཐབས་ཅི་འདྲ་བྱས་རུང་། ༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་མ་ཞུས་པར་ཁྱོད་རང་ང་མི་བསྐྱུར་དཀོན་མཆོག་གསུམ་དཔང་བཞག་ཡིན། ང་ཚོས་དབུགས་ཐག་སུ་རིང་ག་ལེར་བལྟ་ཆོག
དྲ་གྲོགས་གསར་བ་རེ་སླེབས་ན་འོག་གི་སྤོབས་པ་གདོན་གཟུགས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུས་པ་འདིར་གཟིགས་རོགས་ཞུ།
“ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།”
དམ་ཉམ་གདོན་གཟུགས་འདིའི་ཐོག་ལ་གཡོག་རྒན་ཁོང་ཁྲོ་ལངས་ནས་ཚབ་ཚུབ་བྱས་རྐྱེན་ཡིག་གེ་འགའ་ཆད་ནོར་བྱུང་འདུག་པས་འདིར་བསྐྱར་ཏུ་གཏོང་གི་ཡིན།
འོ་སྤོབས་ནག་གདོན་གཟུགས། ༧རྒྱལ་བ་རིན་པོ་ཆེའི་མཚན་གྱི་མགོར་ཨང་ཀི་བདུན་པ་ལྟ་བུའི་ཡིག་མགོ་ཞིག་འབྲི་སྲོལ་ཡོད་པ་འདི་ཁྱོས་མི་ཤེས་པར་ཁག་ཅི་ཡོད། ཁྱོད་ཀྱི་དགེ་རྒན་གྱིས་ཀྱང་ཆེ་ཤེས། ཤེས་རུང་ཁྱོད་ལ་ཆེ་བཤད། ཁྱོད་ལ་འདི་ཙམ་ཡང་མི་ཤེས་པའི་དགེ་རྒན་ཞིག་ཡོད་རྒྱུ་ལའང་། ངོ་མ་ཁྱོའི་ལས་འདི་ཅི་འདྲའི་དཀའ་ལས་ཁག་པོ་ཞིག་རེད། ཁྱོས་དང་པོ་དགེ་རྒན་འཚོལ་དུས་ནས་ཁྱོའི་བསོད་ནམས་ཟད་ཆ་ཚང་སྣུམ་ཟད་ཀྱི་མར་མེ་ལྟར་རྫོགས་ཚར་འདུག འདི་སྔོན་མ་༧རྒྱལ་དབང་སྐུ་ཕྲེང་གསུམ་པར་ཡོན་གྱི་གོང་མས་བཛྲ་དྷ་རའམ་རྒྱ་མཚོའི་བླ་མ་ཞེས་པའི་མཚན་བསྟོད་དང་ཐམ་ཀ་ཕུལ་སྐབས་ཐམ་ཀ་དེའི་ངོས་སུ་ནོར་བུ་དགའ་འཁྱིལ་ཞིག་ཡོད་པར་བརྟེན། རྗེས་སུ་གོང་ས་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་མཚན་གྱི་མགོར་དམིགས་བསལ་གྱི་ཆེ་རྟགས་ནོར་བུ་དགའ་འཁྱིལ་ཞིག་འབྲི་སྲོལ་བྱུང་བ་དང་། རིམ་བཞིན་མགྱོགས་བྲིས་བྱས་པའི་ཨང་གུ་བདུན་པ་འདིའི་གཟུགས་སུ་གྱུར་བ་རེད། དེ་རིང་གཡོག་རྒན་གྱིས་ཕོར་བ་འཁྲུ་ས་ནས་སྔར་བོད་དང་རྒྱ་གར་ནས་བཀླག་མྱོང་བའི་ཡིག་ཆ་ཐམས་ཁྱོའི་སྔུན་ལ་སྤུངས་རྒྱུ་མི་རྙེད་མོད། ཁྱོའི་ཁྱི་ལྕེ་ཆད་སོང་བ་མིན་ན་སྤྲུལ་སྐུ་ཀླུ་སྨྱོན་ལ་དྲིས་དང་ཁྱོད་ལ་གསུངས་ངེས་ཡིན། ད་ཁྱོས་རིག་རྡོར་ཅིག་ཡིན་མིན་དང་། ཀླད་དམར་ཅིག་ཡིན་མིན། དྲྭ་དཔོན་ཅིག་ཡིན་མིན་སོགས་ཡར་མར་ལ་ཁ་ཁྲིད་ཐབས་ཀྱི་གཡོ་ཐབས་བྱེད་འདུག་རྒྱུ་ལས་༧གོང་ས་ཆེན་པོར་མཚན་སྨོད་སྐུར་འདེབས་བྱས་པར་དགོངས་དག་ཞུས་ན་མི་དགའ་འམ། གདོན་གཟུགས་དམ་ཉམ་ཁྱོད་ཀྱིས་ཡར་མར་ལ་ཁ་ཁྲིད་ཐབས་ཅི་འདྲ་བྱས་རུང་། ༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུས་པར་དགོངས་དག་མ་ཞུས་པར་ཁྱོད་རང་ང་མི་བསྐྱུར་དཀོན་མཆོག་གསུམ་དཔང་བཞག་ཡིན། ང་ཚོས་དབུགས་ཐག་སུ་རིང་ག་ལེར་བལྟ་ཆོག
དྲ་གྲོགས་གསར་བ་རེ་སླེབས་ན་འོག་གི་སྤོབས་པ་གདོན་གཟུགས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཞུས་པ་འདིར་གཟིགས་རོགས་ཞུ།
“ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།”
སྤྱི་ལོ་༡༣༦༨ ལོར་ཡོན་གྱི་རྒྱལ་པོ་ཐ་མ་ཐོ་ཀན་ཐུ་མུར་གྱིས་རྒྱ་ས་ཤོར་ནས་སོག་ཡུལ་དུ་བྲོས་པས་ཡོན་གྱི་དབང་བསྒྱུར་མཇུག་དྲིལ་བ་རེད། ༡༥༧༨ ལོར་རྒྱལ་བ་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ལ་སོག་པོ་ཨལ་ཐན་རྒྱལ་པོས་གསེར་ཐམས་ཕུལ་ཏེ་ཏཱ་ལའི་བླ་མ་ཞེས་པའི་མཚན་ཐོག་མར་བྱུང་བ་རེད། ཆོས་གྲགས་ཁྱོད་ཀྱིས་མ་ཤེས་ཤེས་མདོག་གིས་ཡོན་གྱིས་གོང་མས་ཏཱ་ལའི་བླ་མ་ལ་གསེར་ཐམས་ཕུལ་ཚུལ་སོགས་འགལ་བའི་ཕུང་པོ་མང་དུ་སྤྲོ་བ་འདི་གད་མོའི་གནས་སོ། །
ཚེ་ལོ་བརྒྱད་ཁྲིའི་མ་མ་རྒན་མོ་དང་། །
ཚེ་ལོ་བཅུ་པའི་བུ་ཆུང་འཕྱེ་བོ་གཉིས། །
གཉེན་དུ་བསྡེབས་འདྲའི་འགལ་འདུའི་ཕུང་པོ་འདི། །
ཆོས་གྲགས་ཆོས་འབྱུང་མཁས་པའི་ཉམས་རྟོགས་ཤིག །
རིག་པའི་མེ་དཔུང་འབར་བའི་མེ་རི་འདི། །
སྲོལ་ངན་ཚང་ཚིང་བསྲེགས་པའི་ནུས་ལྡན་ཏེ། །
ཁ་བ་རི་པའི་མི་རབས་གསར་པ་ཡི། །
གྲལ་མགོའི་སྟག་གདན་སྟེང་དུ་མངའ་གསོལ་ལོ། །
འདི་ན་སྙན་པའི་གཏམ་དང་བསག་པའི་ནོར། །
མཐོན་པོའི་ཐོབ་ཐང་བདག་ལ་མ་མཆིས་ཀྱང་། །
བདེན་པའི་བརྟུལ་ཞུགས་བསྐྱངས་པ་འདིར་བསམ་ན། །
དགེ་བཤེས་ྐླད་དམར་བརྒྱ་ཡིས་འགྲན་ནུས་མིན། །
གདོང་དྲུག་བོད་ཀྱི་རིགས་ལ་དུང་བའི་སེམས། །
དྲི་མེད་ཁ་བ་དཀར་པོའི་རྗེས་འགྲོ་བས། །
ཁྱི་དང་གདོན་གྱི་མིང་གིས་བསྙད་ན་ཡང་། །
དོན་ལ་ང་ནི་གངས་རིའི་ལྷ་ཕྲུག་ཅིག །
རྒྱ་རི་བློ་གྲོས་ཇེ་ཚོ་རེད།
མི་མང་ཤ་སྐམ་རུས་ཐུག་རེད།
རྒྱ་རི་འཁོར་ཚོགས་ཇེ་མང་རེད།
བོད་མིའི་མི་འབོར་ཇེ་ཉུང་རེད།
ད་ཕྱིན་བོད་མིས་མ་གཟབ་ན།
ཆོལ་གསུམ་བོད་འདི་རྒྱ་ཡིས་བཟུང།
བྱེས་འབྱོར་པོད་མི་ཉུང་ཉུང་དེ།
མཐའ་མ་རྒྱ་རིའི་འོག་ཏུ་འཇུག།
འོ་རེད། ༧རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་གསེར་ཐམ་ཕུལ་མཁན་དེ་སོག་པོ་ཨལ་ཐན་རྒྱལ་པོ་རེད། ངས་ཡོན་གོང་མ་རེད་ཟེར་བ་དེ་ནོར་སོང་བ་རེད། ངས་ཁར་སང་ནས་བཤད་པ་ཡིན། སྔོན་ཆད་བོད་དང་རྒྱ་གར་ནས་ཀློག་མྱོང་བའི་ཡིག་ཆ་ཚང་མ་དེ་རིང་གཡོག་རྒན་གྱིས་ཕོར་བ་འཁྲུ་ས་ནས་རག་གི་མ་རེད་ཅེས་བཤད་ཚར་བ་ཡིན། རྒྱལ་རབས་ལོ་རྒྱུས་འདི་ཚོ་མགོ་ཉོག་པོ་ཡོད་པ་དང་གཡོག་རྒན་ཆེད་ལས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཞིག་མིན་པའི་ཁར་དྲན་པ་བརྟན་པོ་མེད་པས་ནོར་སོང་བ་རེད། ཡིན་ན་ཡང་ངས་གདོན་གཟུགས་ཁྱོད་ལ་ང་ཆོས་འབྱུང་མཁས་པ་ཞིག་ཡིན་ཟེར་ནས་བཤད་མ་མྱོང་། ཁར་སང་དེ་རིང་ང་དང་གདོན་གཟུགས་ཁྱོད་གཉིས་རྒྱག་རེས་རྒྱག་བཞིན་པ་དེ་ཁྱི་རྒན་ཁྱོད་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པས་རེད་མ་གཏོགས། ང་མཁས་པ་ཞིག་ཡིན་པ་ཁྱོད་ཀྱིས་ཁས་ལེན་གྱི་མི་འདུག་ཟེར་ནས་རྒྱག་རེས་རྒྱག་གི་ཡོད་པ་མ་རེད།
ད་དུང་གཅིག་བཤད་ན་ཁྱོའི་དགེ་རྒན་གྱིས་གུས་རྟགས་འདིའི་ཡོང་ཁུངས་ཙམ་ཡང་མ་ཤེས་པར་འཕགས་པའི་ནོར་བདུན་གྱི་མཚོན་བྱེད་རེད་ཅེས་མ་ཤེས་ཤེས་མདོག་གིས་གཡོ་རྒྱུའི་ལན་བཏབས་འདུག་པ་ལ། ངས་གུས་རྟགས་འདིའི་ཡོང་ཁུངས་ཕྱོགས་ཙམ་ཤེས་པས་ངས་ཡོན་དང་ཨལ་ཐན་གཉིས་ནོར་རུང་མ་མཐའ་ང་ཁྱོའི་དགེ་རྒན་ལྐུགས་སྐྱལ་དེ་ལས་དྲག་ཅིག་བྱུང་བ་རེད།
དེ་བཞིན་ཁྱོད་ལ་ཡང་ནོར་འཁྲུལ་གྱི་ཚང་བཅས་བསྡད་ཡོད་པ་རེད། དཔེར་ན་ཁར་སང་ཁྱོད་ཀྱིས་ཆོས་བརྒྱུད་ཀྱི་རྩོད་གཞི་སུས་བཙུགས་སོང་། འདི་ལ་དོགས་སེལ་ཞིག་བྱེད་རོགས་ཟེར་ནས་ངར་སྐབས་ངས་དོགས་སེལ་བྱས་པ་ཡིན། དོགས་སེལ་དེ་ལ་ཁྱོའི་སྟེང་དུ་ཁྱོའི་དགེ་རྒན་ལྐུགས་སྐྱལ་བསྣན་རུང་ལན་འདེབས་ཐུབ་ཀྱི་ཨེ་རེད། ལན་མ་ཐེབས་པ་དྲྭ་གྲོགས་ཚང་མས་ཧ་གོ་ཚར་རེད་པ། ད་དུང་ཁྱོས་༧གོང་ས་ཆེན་པོས་རང་ཉིད་སྐུ་ཕྲེང་བཅུ་གསུམ་པའི་སྤྲུལ་སྐུ་ཡིན་པར་ཞལ་གྱི་བཞེས་ཀྱི་མེད་ཟེར་བ་དེ་ལ་ངས་མཛད་རྣམ་ངོ་མའི་ལུང་དྲངས་ནས། མི་གཙང་བའི་ཡོང་ཁུངས་སྐྱག་ཁུང་དང་འདྲ་བའི་ཁྱོའི་ཁྱི་ཁ་དེ་རྡོ་རྗེ་རྒྱ་གྲམ་གྱིས་ཁྲམ་བཏབས་པ་ཡིན།
ད་དུང་གོང་གི་ཚེ་ལོ་བརྒྱད་ཁྲིའི་མ་མ་རྒན་མོ་དང་། །ཚེ་ལོ་བཅུ་པའི་བུ་ཆུང་འཕྱེ་བོ་གཉིས། །གཉེན་དུ་བསྡེབས་འདྲའི་འགལ་འདུའི་ཕུང་པོ་འདི། །ཆོས་གྲགས་ཆོས་འབྱུང་མཁས་པའི་ཉམས་རྟོགས་ཤིག །ཟེར་བ་དེ་ཡང་སྔར་དཔལ་ཡུལ་དར་ཐང་དགོན་པའི་མཁན་པོ་ཨོ་རྒྱན་བརྩོན་འགྲུས་ཀྱིས་ནོར་སྡེ་ཟེར་བ་དེ་ལ་བྲིས་པའི་རྩོམ་རེད། ཚེ་ལོ་བརྒྱད་ཁྲིའི་མ་མ་རྒན་མོ་དང་། །མདང་སུམ་སྐྱེས་པའི་བུ་ཆུང་འཕྱེ་བོ་གཉིས། །གཉེན་དུ་བསྡེབས་པའི་འགལ་བའི་ཁུར་ཆེན་འདི།། ནོར་སྡེ་རྒད་པོ་མཁས་པའི་ལག་རྗེས་ཡིན།། ཟེས་བྲིས་ཡོད་པ་རེད། དྲྭ་གྲོགས་ཚོས་ཡིད་མ་ཆེས་ན་ཨ་མྲའི་ལྗོན་པ་ཟེར་བའི་དེབ་དེ་གངས་སྐྱིད་དཔེ་མཛོད་ཁང་དུ་ཡོད་པས་ལྟོས་ཤིག དེབ་དེ་གྲགས་ཆེན་པོ་རེད། ཁྱོད་རང་གི་ཚིག་བཞི་གསར་བ་ཞིག་འབྲི་མི་ཐུབ་ན་གཞན་གྱི་རྩོམ་ལ་གཡམ་རྒྱུགས་བྱེད་པ་ངོ་མི་ཚའམ། ཁྱི་རྒན། ཁྱོད་ལ་ངོ་མ་ཕྱོགས་གང་ཐད་ནས་ངོ་ཚ་རྒྱུ་ཞིག་མི་འདུག གཅིག་བྱས་ན་ཁྱོད་ཀྱི་གདོང་ལ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཟེར་བ་དེའི་རོ་སྤགས་གྱོན་ཡོད་ས་རེད། དེང་སང་གི་དུས་རབས་འདི་ལ་མཐུན་རྐྱེན་འཛོམས་པོ་ཡིན་པས་ཁྱོད་ཀྱིས་མཐོང་ཚད་གཞན་གྱིས་མཐོང་མེད་སྣང་ཤར་ན་ནོར་བ་རེད། ཡང་མིན་ན་ཁྱོའི་ཡི་དམ་ཤི་འདྲེ་དོལ་རྒྱལ་གྱིས་དེབ་དེ་ཁྱོད་གཅིག་པོ་མ་གཏོགས་མི་གཞན་གྱིས་མི་མཐོང་མེད་ངེས་ཡིན་ཟེར་ནས་ཡང་ལུང་རྫུན་ཞིག་བཤད་དེ་བསླུས་པ་ཨེ་རེད།
ད་དུང་ཁར་ཉིན་ཟིག་འ་ཁྱོས་ཡང་ཁྱི་སྨྱོན་ནང་བཞིན་མི་གཞན་ཞིག་ལ་སོ་རྒྱག་གི་ཡོད་དུས་༧གོང་ས་མཆོག་གིས་རང་སྐྱོང་ལྗོངས་རྩོད་ཀྱི་ཡོད་པ་རེད་ཟེར་ནས་ཞབས་འདྲེན་གནམ་སར་མི་ཤོང་བ་ཞིག་ཞུས་འདུག་ག། སྐབས་དེར་ང་ནི་ཚིག་དེ་ལ་དོ་སྣང་ཞེ་དྲག་བྱུང་། ཁྱོད་ཀྱི་སྲོག་དབུགས་ལྔ་རྟ་རྔ་འདྲ་བོ་བཅུ་ང་དགུའི་ལོར་ཤི་འདྲེ་དོལ་རྒྱལ་གྱི་ལག་ནང་དུ་བསྡུས་ཏེ་ཁར་སང་གཞི་ནས་རོ་རྒོག་དེའི་ནང་དུ་ཕྱིར་སླེབས་པ་མིན་ན། མི་ལོ་ལྔ་བཅུའི་རིང་༧གོང་ས་ཆེན་པོ་ཐེ་བའི་བོད་གཞིས་བྱེས་གཉིས་ཀྱིས་ཅི་ཞིག་རྩོད་ཀྱི་ཡོད་པ་འདི་ཙམ་ཡང་ཧ་མ་གོ་བ་འདི་ཅི་རེད། ངས་ཡོན་དང་ཨལ་ཐན་གཉིས་ནོར་བར་དེ་ཙམ་ཧང་སང་དགོས་དོན་མེད་ཀྱང་། ཁྱོས་མི་ལོ་ལྔ་བཅུའི་རིང་བོད་ཀྱིས་ཅི་ཞིག་རྩོད་ཀྱི་ཡོད་པ་ཙམ་ཡང་ཧ་གོ་མེད་པ་འདི་དངོས་གནས་ཁྱོད་ཀྱི་བླ་ཤི་འདྲེས་བསྡུས་ཚར་བའི་རྟགས་མིན་ན་ཅི་ཡིན། ཁྱོས་ད་དུང་དྲྭ་ཐོག་འདིར་ཡོང་ནས་སྐད་ཆ་བཤད་ཕོད་རྒྱུ་དེ་ཡང་ཁྱོའི་སེམས་ཤི་འདྲེས་རྒྱུད་བསྐུལ་བྱེད་ཀྱི་ཡོད་པའི་རྟགས་རེད།
དྲྭ་གྲོགས་གསར་བ་ཚོ། འོག་ཏུ་གདོན་གཟུགས་དམ་ཉམས་འདིས་༧གོང་ས་ཆེན་པོར་མཚན་སྨོད་སྐུར་འདེབས་ཞུས་པ་དང་། སྔོན་མ་ཟླ་བ་༩ཚེས་༢༡གི་ཉིན་དཀོན་མཆོག་གིས་གདོན་གཟུགས་དམ་ཉམ་འདི་ལ་ཡ་མཚན་དངོས་བྱུང་གི་ལུང་བསྟན་ཞིག་བྱས་འདུག་པ་གཉིས་འགོད་རྒྱུ་ཡིན་པས། ཀུན་གྱིས་གཟིགས་རོགས་ཞུ། ད་དུང་སང་ཉིན་གནང་ཉིན་གདོན་གཟུགས་དམ་ཉམ་འདིས་སྔར་རྙོག་དྲ་བསླངས་པ་ཐམས་ཅད་ཕྱོགས་བསྒྲིགས་བྱས་དེ་ཀློག་པ་པོ་ཚོས་སྤྱན་སྔར་རིམ་གྱིས་ཕུལ་ཆོག
གདོན་གཟུགས་ཀྱིས་༧གོང་ས་ཆེན་པོར་མཚན་སྨོད་ཞུས་པའི་ངོ་བཤུས། “ད་ལྟོས་དང་འདི་ལ་རྒྱལ་བ་རིན་པོ་ཆེས་ཀྱང་རྒྱབ་གཉེར་ཕྱག་ཡིག་བསྩལ་ཡོད་རེད། ཆུ་མགོ་ནས་བསྙོགས་ན་དྭངས་ཐབས་ག་ལ་ཡོད། རང་རེའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་ལམ་ཞིག་འདུག་གམ། ཕ་མགོ་བུ་ཡིས་བསྐོར། བུ་མགོ་དགྲ་ཡིས་བསྐོར། དགྲ་མགོ་འདྲེ་ཡིས་བསྐོར། མགོ་སྐོར་ཆེན་པོའི་འོག་གི་བོད་མི་ཉམ་ཆུང་ཚོ་སྙིང་རེ་རྗེ།”
ཟླ་གཉིས་ཀྱི་སྔོན་ཏེ་ཟླ་བ་༩ཚེས་༢༡གི་ཉིན་དཀོན་མཆོག་གིས་གདོན་གཟུགས་ལ་ཡ་མཚན་དངོས་བྱུང་གི་མ་འོངས་ལུང་བསྟན་གནང་བའི་ངོ་བཤུས། “ད་དུང་མི་ཆོག་པར་ཤུགས་ལྡན་རྗེས་འབྲང་ནང་བཞིན་ཆོས་ལུགས་ཁ་ལ་བཟུང་ནས་ནང་ཁུལ་དཀྲུགས་དཀྲུགས་གཏོང་གི་ཡིན་ཟེར་ན་ཁྱོས་ལྟོས། ནམ་ཞིག་ང་ཐེ་བའི་བོད་མི་ཐམས་ཅད་ཀྱིས་ཁྱོད་རང་གི་གྲས་ལ་སྟོན་གཞུག་བུ་ལོན་འདེད་པའི་ཉི་མ་ཞིག་ཡོང་གི་རེད།”
ཁ་བརྡའི་རེ་སྐུལ།
ང་ཚོས་ཁ་བརྡ་བྱས་ནས་ཟླ་བ་བཞི་ཙམ་སོང་། ཟླ་གྲངས་ཉུང་ན་ཡང་རྩོམ་གྲངས་མང། དྲ་གྲོགས་མང་། མང་ན་ལོས་བཟང་སྟེ་སྤུས་ཀ་མཐོ་ན་དེ་ལས་བཟང་། ཁ་བརྡ་ལ་གྲངས་ཀ་འཕེལ་བ་དང་མཚུངས་སུ་སྤུས་ཀ་ཡང་འཕེལ་བཞིན་པ་འདི་ནི་ཧ་ཅང་དགའ་དགོས་པ་ཞིག་རེད། ཡིན་ན་ཡང་གཤམ་གྱི་དོན་ཚན་བཞི་ལ་ཡང་སྐྱར་དྲན་སྐུལ་ཞིག་གཏོང་བ་ལ་དགོངས་འགལ་མེད་པ་ཞུ།
ཁ་བརྡ་དྲ་དེབ་ཀྱི་ཐོག་ལ་མི་སྒེར་བ་གང་རུང་གི་ཚེ་སྲོག་ལ་རྒོལ་བའི་གཏམ་ཀུ་རེའི་ཚུལ་དུ་ཡང་མ་སྤེལ་རོགས། དཔེར་ན་ གསོད་ཀྱི་ཡིན་ལྟ་བུ། གལ་སྲིད་སྤེལ་ན་དྲ་དེབ་དོ་དམ་པས་བསུབ་རྒྱུ་ཡིན་པ་ལ་དགོངས་འགལ་མེད་པ་ཞུ།
དྲ་གྲོགས་ཕན་ཚུན་དང་། གླེང་མོལ་གྱི་བརྗོད་གཞིར་གྱུར་བའི་གང་ཟག་སུ་ལ་ཡང་སྐྱག་པ་ཟོ་ཟེར་བ་ལྟ་བུའི་ཚིག་རྩུབ་དང་ཚིག་བཙོག་མ་སྤྱོད་རོགས་གནང་། གང་ཟག་རེ་ཟུང་ལ་གཏམ་སྤྱོད་འདི་འདྲས་ཕོག་ཐུག་མི་འགྲོ་བ་བདེན་ན་ཡང་། གཏམ་རྗོད་ཀྱི་ཁོར་ཡུག་ཅིག་གི་ངོས་ནས་བཤད་ན་འདི་འདྲ་ནི་དོར་བྱ་ཞིག་ཡིན་པ་སྨོས་མེད་རེད།
ཡིག་ནོར་འབྲི་མཁན་ལ་མ་སྤྱོ་རོགས། ཡིག་ནོར་ལ་སྤྱོ་ཐལ་ཤོར་ན་བསམ་བློ་གསར་པ་དང་གནས་ཚུལ་གསར་པ་སྤེལ་རྒྱུ་ཡོད་པ་ཁ་ཤས་ཀྱིས་ཡིག་ནོར་ཤོར་དོགས་ཀྱིས་ཁ་བརྡ་དྲ་དེབ་ལ་འཛུལ་མི་ཐུབ་པ་ཡང་ཡོང་སྲིད། ཡང་ཡིག་ནོར་སྐོར་ཞིག་ནི་འབྲི་མཁན་གྱིས་སྣང་མེད་བྱས་ནས་ཤོར་བ་མ་གཏོགས་མ་ཤེས་ཏེ་ཤོར་བ་མ་རེད། དེ་རྣམས་ལ་རྩོམ་ཡིག་བྲིས་ནས་མ་སྤེལ་སྔོན་ལ་སྐྱར་ཀློག་ཅིག་གནང་བའི་འབོད་སྐུལ་ཞུ་གི་ཡོད།
ཁ་བརྡ་དྲ་དེབ་འདི་ད་དུང་གསར་པ་ཡིན། དེ་བས་སྤྱོད་མཁན་ཡོངས་ཀྱིས་དྲ་དེབ་འདི་གསལ་བསྒྲགས་དང་བརྒྱུད་བསྒྲགས་གནང་རོགས་ཞུ་བ་ཡིན། ཁ་བརྡའི་དམིགས་ཡུལ་དུ་འཁོད་པ་བཞིན་ཁ་བརྡ་འདི་ལ་བོད་མི་གཞིས་བྱེས་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་ཞུགས་ཐུབ་པར་སྨོན།
བོད་ཀྱི་མང་གཙོ།
བོད་ཀྱི་མང་གཙོ་ནི་འཛམ་གླིང་ནང་ཆེས་རྙོག་འཛིང་ལྡན་པའི་མང་གཙོ་ཞིག་རེད། བོད་མི་ཡིན་ཕྱིར་ནང་བ་ཡིན་དགོས་ལ། ཆོས་དད་ཡོད་དགོས། བོད་མས་སྲིད་འཛིན་དེ་སྤྲུལ་སྐུ་ཞིག་འདེམས་འཇོག་ལ། སྤྲུལ་སྐུ་དེས་སྲིད་དོན་ཐག་གཅིག་མི་ཆོད་པར་། ཡར་ཏཱ་ལའི་བླ་མ་ལ་ཞུ་དགོས། ཏཱ་ལའི་བླའི་ཡང་ཐད་གཅོད་བྱེད་མ་ཐུབ་པར་། མཐའ་མའི་ཐག་གཅོག་སྲུང་མ་ཞུ་དགོས། སྲུང་མས་མང་བོ་ཞིག་གསུང་མི་ཐུབ་པར་ངག་སྡུབ་སྡུབ་ངང་རེད་རེད་དང་། ཡང་ན་མིན་མིན་ཞེས་བོད་ཀྱི་དོན་གནད་ཐག་ཆོད་འགྲོ།
འདི་ནི་ང་ཚོས་འབོད་པའི་ཆོས་སྲིད་ཟུང་འབྲེལ་དེ་རེད། ལམ་ལུགས་འདི་བསྒྱུར་རྒྱུ་ཧ་ཅང་ཡོང་དཀའ་བ་ཞིག་རེད། བསྒྱུར་ཐུབ་པ་ཞིག་ཀྱང་མ་རེད། དེ་ཡིན་ཕྱིར་ང་ཚོས་གནད་དེ་རྟོགས་རྒྱུ་གལ་ཆེན་དུ་འདུག གནད་དེ་ནི་མཐའ་མའི་ཐག་གཅོད་བྱེད་མཁན་དེ་རེད། མང་གཙོ་ཡིན་ཕྱིར་བོད་མིའི་སྐྱིད་སྡུག་དང་མདུན་ལམ་མངོན་གསལ་གྱིས་གྲུབ་འབྲས་མ་བྱུང་ན་ང་ཚོ་ལ་ལྷ་མི་སུ་ཡིན་ཡང་བོད་དོན་ཆེད་མི་གསར་ལྷ་གསར་ཞིག་འདེམས་པའི་ཐོབ་ཐང་ཡོད་ལ། འགྱུར་བ་ཆེན་པོ་ཞིག་གི་རེ་བ་ཡང་ཡོད། གལ་སྲིད་སྲུང་མ་ཞེས་བའི་དྲགས་ཅན་ཞིག་ཡོད་ཚེ། ང་ཚོས་བཀའ་ཁྲི་འདེམས་སྐབས་སྲུང་མ་གསར་བ་ཞིག་ཀྱང་མཉམ་དུ་བདམས་ནས་ལས་གནས་སྐབས་ཀྱི་ལོ་དེ་དག་གི་འབྲས་བུ་ལ་མངོན་སུམ་ལྟོས་ཆོག འདི་ལྟར་བྱས་ན་བོད་དོན་འཐུས་ཤོར་དང་དུས་ཚོས་ཆུད་ཟོས་སུ་མི་འགྲོ།
ཨ་རི་མཚོན་ན། ལོ་བཞི་ཡི་སྲིད་འཛིན་གྱི་འཛིན་སྐྱོང་ནི་ཡོད་ཚད་རྒྱལ་ཁབ་ཆེད་དུ་འཇོན་ནུས་རྩེད་དུ་འདོན་དགོས་བའི་དུས་ཚོད་ཡིན་ལ་། མི་མང་གི་བདེ་སྡུག་དང་། རྒྱལ་ཁབ་ལ་དོན་ཕན་ཡོད་པའི་ལས་མ་བྱས་ཚེ། ལས་ཐོག་དེའི་རྗེས་མི་མང་གིས་མི་གསར་བ་ཞིག་ལ་རེ་བ་གསར་བ་ཞིག་དང་འགྱུར་བ་གསར་བ་ཞིག་བཅོལ་ནས་སྲིད་འཛིན་གསར་བ་ཞིག་བདམས་འཇོག འདི་ལྟར་བྱས་ཚེ་དུས་ཚོད་ནར་འགྱངས་མེད་པ། ཁ་ཡོད་ལག་ཡོད་དང་། མངོན་གསལ་གྱི་གྲུབ་འབྲས་མཐོང་ཐུབ་། འདི་ནི་ཡར་རྒྱས་ཀྱི་རྩ་བ་དེ་འདུག
ང་ཚོས་ཀྱང་ཁ་ཡོད་ལག་ཡོད་དང་། མངོན་གསལ་གྱི་གྲུབ་འབྲས་རྩ་བ་བཟུང་ནས་བསམ་བློ་གུ་ཡངས་དང་བོད་ཀྱི་ཆབ་སྲིད་ལ་ཐུགས་བསམ་ཟབ་བཞེས་ཀྱིས་ཡུན་ཐུང་ནང་ལས་དོན་རླབས་ཆེན་སྒྲུབ་ཐུབ་པའི་ལྷ་གསར་མི་གསར་ཞིག་འདེམས་ན་མ་རེད་དམ། འདི་ལྟར་བྱས་ཚེ་ཆོས་དད་ཡོད་མེད་གཉིས་ནས་གྲུབ་འབྲས་ལ་དཔག་པས་བོད་ཀྱི་མང་གཙོའི་ཚ་ཤས་ཞིག་ལེན་ཐུབ་།
མི་གསར་བ་འདེམ་རྒྱུ་དེ་ལས་སླ་ཙམ་ཨེ་ཡིན། ཡིན་ན་ཡང་ལྷ་གསར་བ་ཞིག་གང་ནས་འཚོལ། བོད་སྐྱོང་བསྟན་མ་བཅུ་གཉིས་དང་རྗེ་ཡི་མགུར་ལྷ་བཅུ་གསུམ། སྲུང་མ་དམར་ནག་གཉིས་སོགས་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྲིད་པའི་ལྷ་རྒན་ལོ་ལོན་དག་དག་རེད། ད་ལྷ་གསར་བ་ཞིག་འཚོལ་དུ་གང་དུ་འགྲོ་དགོས། ཨ་རོ། ཁྱོས་དོལ་རྒྱལ་ཕྱིར་འབོད་ན་འདོད་ནི་མིན་ནམ།
དགེ་རབ་ལགས། ངས་རྩོམ་ཡིག་ཅིག་ཁྱེད་ཀྱི་ཁ་བྱང་དང་ཁ་བརྡ་དྲ་ཡིག་གཉིས་སུ་བསྐུར་ཡོད་པས་འབྱོར་ཡོད་ཚེ་ཅིག་དགོད་རྒྱུ་མ་སྙེལ།
བོད་ཀྱི་སྐད་ཡིག་གི་ཁོར་ཡུག་དང་སྲིད་དོན་སོགས་པ་ཕན་པའི་མཛད་རྗེས་གཟེངས་སུ་ཐོན་པ། བཀུར་བར་འོས་པའི་སྐུ་ཞབས་དགེ་འདུན་རབ་གསལ་མཆོག་ལ་ཞུ་རྒྱུར། ཚིག་རྩུབ་དང་ཚིག་བཙོག་བེད་སྤྱོད་བྱས་ན་གཏམ་རྗོད་ཀྱི་ཁོར་ཡུག་ཅིག་གི་ངོས་ནས་ཡག་པོ་མེད་པ་བདེན་མོད། འོན་ཀྱང་༧གོང་ས་ཆེན་པོར་མཚན་སྨོད་སྐུར་འདེབས་བྱས་པ་ནི་བོད་མིའི་གཏམ་བརྗོད་ཁོར་ཡུག་ཅིག་གི་ངོས་ནས་དེ་བས་ཀྱང་ཡག་པོ་མེད་པ་སྨྲོས་མེད་ལོས་ཡིན། དེང་སང་ང་ཚོ་བོད་མི་ཚོའི་ནང་དུ་གདོན་གཟུགས་སྤོབས་པ་དགེ་སློབ་གཉིས་ལྟ་བུ་༧གོང་ས་ཆེན་པོ་ལས་ཀྱང་ལྷག་པའི་ཤེས་དཔྱོད་ཅན་རེ་ཟུང་ཐོན་གྱི་ཡོད་པ་འདི་གཅིག་བྱས་ན་དགའ་འོས་པ་ཞིག་ཡིན་སྲིད་མོད། ང་ཐེ་བའི་སྐྱེ་བོ་གླེན་པ་ཨུ་ཚུགས་ཅན་ཚོས་ངོས་ལེན་གཏན་ནས་བྱེད་མི་ཐུབ་པ་ཞིག་རེད།
སྤྱིར་དེང་སང་བོད་མི་ཚོའི་ནང་ན་༧གོང་ས་ཆེན་པོ་ཁས་མི་ལེན་པའི་མི་བཞི་ཡོང་གི་ཡོད། གཅིག་ནི་རྒྱ་ནག་གཞུང་གིས་གསོས་པའི་མི་སྣ་རག་རྡིས་དང་ལེགས་མཆོག་སོགས་ལྟ་བུ་རེད། གཉིས་པ་ནི་དོལ་ཚོགས་རེད། གསུམ་པ་ནི་བོད་ཀྱི་མདུན་ལམ་ལ་ཤ་ཞེན་ཡོད་ན་ཡང་རྒྱ་ནག་ནང་གི་དེང་རབས་སློབ་གྲྭ་རྐྱང་བའི་སློབ་སྦྱོང་ཙམ་མ་གཏོགས་ཆོས་ཀྱི་སློབ་སྦྱོང་བྱེད་མ་མྱོང་བ་དང་། ༧གོང་ས་ཆེན་པོ་དང་ཆོས་འབྲེལ་སོགས་མེད་པའི་བོད་ཀྱི་དེང་རབས་གཞོན་སྐྱེས་ཁག་ཅིག་རེད། བཞི་བ་དེ་གྱོང་པོ་སྣུམ་གྱིས་ཐུལ་ཀྱང་། མར་སྐོགས་སྣུམ་གྱིས་མི་ཐུལ། སྡིག་ཅན་ཆོས་ཀྱིས་ཐུལ་ཀྱང་། ཆོས་དྲེད་ཆོས་ཀྱིས་མི་ཐུལ་བའི་དཔེ་བཞིན་གྲྭ་བ་ལོག་པ་དང་མཉམ་དུ་ལྟ་བ་ཡང་ལོག་པའི་མི་གདོན་གཟུགས་སྤོབས་པ་ལྟ་བུ་ཁ་ཅིག་རེད། ཁོང་ཚོ་སུ་ཡིན་ཀྱང་༧གོང་ས་མཆོག་ལ་མ་དད་ན་དེ་རང་དབང་རེད། ཁོ་རང་ཚོ་འཛོམས་ས་ནས་༧གོང་ས་ཆེན་པོ་ལ་མཚན་སྨོད་སྐུར་འདེབས་ག་ཚོད་བྱས་ན་དེ་ཡང་རང་དབང་རེད། ཡིན་རྡ་ཡིན། འཇིག་རྟེན་ན་རང་དབང་ཡོད་པ་རེད། འོན་ཀྱང་སྨྲ་བརྗོད་རང་དབང་དང་སྣེ་བཏོགས་པ་གཉིས་ལོག་ཀ་རེད། ང་ཚོ་ལ་འཇོན་ཐང་མེད་སྟབས་༧གོང་ས་ཆེན་པོར་ཞབས་ཕྱི་ཞུ་ཐུབ་བཏང་རྒྱུ་ཞེ་དྲག་མེད་རུང་སེམས་ནང་དུ་སངས་རྒྱས་སྟོང་ལས་ཀྱང་ལྷག་པའི་དད་པ་དམ་ཚིག་ཅིག་ཉར་བསྡད་ཡོད་མཁན་ཚོའི་ནང་དུ་ཡོང་ནས་༧གོང་ས་ཆེན་པོས་མ་འགྲིག་པ་དང་། བོད་ལ་ཡར་རྒྱས་མེད་པ་དེ་༧གོང་ས་ཆེན་པོའི་གྲིབ་ནག་ཡིན་རབས་སོགས་བཤད་ཡོང་ན་དེ་ལ་སྣེ་གཏོགས་པ་ཟེར་བ་རེད་ལ། དེ་ནི་སྐྱག་པ་ཟོས་ཟེར་བ་ལྟ་བུའི་ཕྱིར་བཏང་གི་ཚིག་རྩུབ་འབུམ་ལས་ཀྱང་ལྷག་པ་སྨོས་ཅི་དགོས། སྐྱག་པ་ཟོས་ཟེར་བ་ལྟ་བུའི་ཚིག་རྩུབ་ནི་མི་རེ་ཟུང་གི་སེམས་ལ་ཕོག་སྲིད་ཀྱང་མི་ཐམས་ཅད་ཀྱི་སེམས་ལ་ཕོག་མི་སྲིད་མོད། ༧གོང་ས་ཆེན་པོར་མཚན་སྨོད་སྐུར་འདེབས་བྱས་པ་དེས་གྲོང་ཁྱེར་གཅིག་གི་གློག་ཤི་བ་ནང་བཞིན་མི་ཐམས་ཅད་ཀྱི་སེམས་པ་ནག་པོ་བཟོ་ངེས་ཡིན། “དེས་ན་དྲ་རྒྱའི་དོ་དམ་པ་མཆོག་ནས་༧གོང་ས་ཆེན་པོར་མཚན་སྨོད་སྐུར་འདེབས་ཞུ་མཁན་གྱི་གདོན་གཟུགས་སྤོབས་པ་ཟེར་བ་འདི་དྲྭ་རྒྱ་ནས་ཕྱིར་འབུད་གཏོང་རོགས་ཞུ་རྒྱུ་དང་། ཕྱིན་ཆད་༧གོང་ས་ཆེན་པོར་སྐུར་འདེབས་བྱེད་པའི་རྩོམ་ཡིག་འདྲ་ཡོང་ན་གཅོད་རོགས་ཞུ་རྒྱུ་ཡིན།” དེ་ནི་དངོས་གནས་བོད་མིའི་མཐུན་ལམ་ལ་གཏོར་བཤིག་གི་མཐར་ཐུག་ཏུ་འགྲོ་རྒྱུ་མ་གཏོགས་ཅི་ཡང་མེད། ང་ནི་ཤིག་ཞིག་ཀྱང་མི་སོད་མཁན་ཞིག་ཡིན་པས་སྤོབས་པ་གདོན་གཟུགས་ལ་གསོད་རྒྱུ་ཡིན་ཟེར་གྱི་མེད་ལ། ཁྱེད་དྲྭ་རྒྱའི་དོ་དམ་པ་རྣམས་ལ་ཡང་མ་གུས་པ་ག་ལ་བྱེད་དེ་བྱེད་ཀྱི་མེད་མོད། ༧གོང་ས་ཆེན་པོའི་སྐུ་དྲིན་ལ་བསམ་ཤེས་མེད་པར་རྒྱ་མི་དང་དོལ་ཚོགས་ཀྱི་ཁ་གཡམ་ལ་རྒྱུགས་ནས་༧གོང་ས་ཆེན་པོར་ཧཱུཾ་ཧཱུཾ་ཛ་ཛ་ཟེར་བསྡད་མཁན་གྱི་གདོན་གཟུགས་སྤོབས་པ་སོགས་ལ། དྲིན་ལན་ལོག་མཇལ་བྱས་པའི་ལས་རྒྱུ་འབྲས་མྱུར་ཏུ་འཁོར་ཏེ་ཁ་ནས་ཁྲག་དྲོན་མོ་སྐྱུགས་བཞིན་ཤི་མགོ་དུར་ལ་བསྐོར་བའི་སྨོན་ལམ་འདེབས་ཀྱི་ཡོད། འདི་ནི་སྨོན་ལམ་བཏབས་པ་ཙམ་རང་ཡིན།
ཁ་བརྡའི་ངོས་ནས་ལས་ཀ་ཚགས་ཚུད་མ་བྱུང་བ་ལྟ་བུ་སོགས་ཀྱི་རྐྱེན་བྱས་ཏེ་བོད་མིའི་སེམས་ཁམས་ལ་དོ་ཕོག་འགྲོ་བའི་ཚིག་ངན་སྤེལ་རིགས་ཐོན་ཡོད་ཚེ། དེ་ལ་འདིར་སེམས་གཏིང་ནས་དགོངས་སེལ་ཞུ་བ་དང་བཅས། རྩོམ་འདིར་མཆན་འགོད་རྒྱུའི་མཚམས་བཅད་པ་ཡིན།