—-རེབ་སྨད་ལྷའུ།
རྒྱ་ནག་གི་རིག་གནས་ཀྱི་ནང་སྙིང་ནི་གོང་མ་ཡིན་པ་དང་། གོང་མ་ནི་གནམ་གྱི་སྲས་ཡིན་པར་འདོད། ཁོ་ཚོའི་བསམ་བློར་གོང་མ་མེད་ཚེ། གནམ་འོག་འཁྲུག་ནས་འབངས་མི་སེར་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་སྲིད་པའི་འདུ་ཤེས་ཟབ་མོ་ཆགས། གོང་མ་ནི་ནམ་ཡང་བདེན་པ་ཡིན་ལ། གོང་མ་ལ་ནོར་བ་མེད། གོང་མའི་སྲིད་དབང་སྡུག་རྩུབ་ཅི་འདྲ་ཆེ་རུང་། འབངས་མི་སེར་གྱིས་སྡུག་བསྔལ་ཅི་ཙམ་མྱོང་ཡང་། དེ་ནི་གོང་མས་བྱས་པ་མིན་པར། ས་གནས་ཀྱི་དཔོན་ཆུང་ཚོས་གོང་མའི་དགོངས་པ་དང་འགལ་ནས་བྱས་པར་རློམ། ཁོ་ཚོས་ལེ་དབར་ཁྲི་ཁྲག་གི་ལམ་ངལ་ཁྱད་དུ་བསད་ནས་རྒྱལ་སར་སོང་སྟེ། གོང་མས་འབངས་མི་སེར་གྱི་ཆེད་དུ་བདེན་གཏམ་སྨྲ་བར་ཞུ་འབོད་ཀྱི་སྨྲེ་ངག་འདོན། གོང་མའི་དམག་གིས་ཁོ་ཚོར་མ་ཤི་དམྱལ་བ་མྱོང་དུ་བཅུག་ཀྱང་། ད་དུང་གོང་མ་རིན་པོ་ཆེར་སྐྱབས་འཇུག་ཞུ་བ་ཡིན།
གནའ་བོའི་གོང་མ་ཆིན་ཧྲི་ཧོང་དང་། དེང་རབས་ཀྱི་གོང་མ་མའོ་ཙེ་ཏུང་། ད་ལྟའི་གོང་མ་ཞི་ཅིན་ཕིན་སོགས་སུ་ཡིན་ཡང་། རྒྱ་ནག་པ་ཚོས་གོང་མར་འཆང་བའི་དག་སྣང་དང་རེ་ལྟོས་ལ་འགྱུར་བ་མེད། གོང་མ་ནི་སྲིན་པོ་མི་གཟན་ཞིག་ཡིན་ནའང་འདྲ། གླེན་པ་རྩྭ་གཟན་ཞིག་ཡིན་ནའང་འདྲ། གོང་མས་འབངས་ཀྱི་ལུས་སེམས་བྲན་དུ་བསྒྱུར་ནའང་འདྲ། གང་ལྟར་གོང་མ་ནི་ནམ་ཡང་ཁོ་ཚོའི་བདེན་པ་དང་རེ་བ་ཡིན། དེའི་ཕྱིར། འཛམ་གླིང་དམངས་གཙོ་དང་རང་དབང་ཅན་དུ་ཇི་ལྟར་འགྱུར་ཡང་། གཞིས་བྱེས་རྒྱ་ནག་པ་ཕལ་མོ་ཆེས་གོང་མར་འཆང་བའི་དག་སྣང་ལ་འགྱུར་བ་མེད་པ་འདི་འཇིགས་སུ་རུང་ངོ་།།
་་་་་་་་ འཛམ་གླིང་དམངས་གཙོ་དང་རང་དབང་ཅན་དུ་ཇི་ལྟར་འགྱུར་ཡང་། གཞིས་བྱེས་རྒྱ་ནག་པ་ཕལ་མོ་ཆེས་གོང་མར་འཆང་བའི་དག་སྣང་ལ་འགྱུར་བ་མེད་པ་འདི་འཇིགས་སུ་རུང་ངོ་།། ་་་་་་་་
་
རྨོངས་དད་ལ་ནུས་པ་མེད་པ་མིན་ན་ཡང་། རྒྱ་མིའི་རྨོངས་དད་ཀྱི་རེ་འབྲེས་ངན་པ་མངོན་སུམ་དུ་མཐོང་ན་ཡང་། ང་ཚོ་ལ་དེ་ལྷག་པ་མེད་སྙམ་ནས་རྗེས་ལུས་སུ་ལུས་པ་མ་མཐོང་བ་ནི། གོང་མའི་སྡུག་རྩུབ་ཆེ་དྲགས་པའམ། མི་མངས་རྨོངས་དད་ཆེ་དྲགས་པ་གཉིས་ལས། ༡༩༥༥ཆིག་སྟོང་དགུ་བརྒྱ་ང་བཅུ་ང་དགུའི་བར་ལ་རྨོངས་དད་བྱེད་དགོས་ཆོད་པ་རེད་སྙམ་ཞིང་།
དེ་ནས་མར་ལ་སྡུག་རྩུབ་ཆེ་དྲགས་ནས་རྨོངས་དད་སྒང་ལ་རྨོངས་དད་དུ་བཅུག་ནས་རྒྱ་ནག བོད། ཤིང་ཅང་དང་ནང་སོག་སོགས་ནི། རྒྱལ་ཁབ་ཆ་ཚང་བཟང་བརྩོན་ཆེན་པོ་གཅིག་ཏུ་བཟོས་ཡོད་པ་ནི། མིག་གིས་དུས་ད་ལྟ་ཡང་མཐོང་ཆོས་སུ་གྱུས་པ་འདིས་ཤེས་ཐུབ་བོ།།
དེས་ན་བདེན་པ་ཉིད་རྒྱལ་འགྱུར་ཅིག། །།
བོད་པ་ཚོས་སྔོན་ཆད་ནས་ད་ལྟ་བར་དུ་བོད་ཀྱི་རྒྱལ་པོ་ཆོས་ལུགས་ལ་དགའ་བ་ཚོ་ལྷ་ཡི་སྤྲུལ་པ་དང་། སྲིད་སྐྱོང་གི་ཐང་ཀ་བཟོ་བ་དང་སྲིད་སྐྱོང་ལ་བསྟོད་གླུ་ལེན་པ་འདྲ་བོ་རེད། རྒྱ་བོད་མི་རིགས་གཉིས་ཀྱིས་མགོ་ཁྲིད་ལྷ་རུ་བཀུར་བ་ལ་ཁྱད་པར་ཅི་ཡང་ཡོད་མི་འདུག
ཀླུ་སྨྱོན་གྱིས་གསུངས་པར་མངོན་པར་བསྟོད། རྒྱ་བོད་གཉིས་དབར་ཀྱི་རྨོངས་ཞེན་ལ་དཀར་ནག་མེད། ཡིན་ནའང་རྒྱ་མི་ཚན་རིག་ལ་དོ་སྣང་བྱས་པས་འཛམ་གླིང་འདིར་ཚན་རྩལ་ལེགས་པའི་རྒྱལ་ཁབ་ཞིག་ཏུ་གྱུར་ཡོད། བོད་མི་ནི་ད་ལྟའང་སྔར་མུས་བཞིན་རྨོངས་ཞེན་དང་ཆོས་ལུགས་ཀྱི་དག་སྣང་ལ་ཁུམས་ནས་བསྡད་ཡོད།
༅༅། རྒྱ་ནག་ལས་སྡུག་པའི་རྨོངས་དད་བྱེད་མཁན་བོད་པ་རེད་བརྗོད་པ་་ཁྱེད་རང་བོད་པ་ཡིན་ནམ།
བོད་པ་ཚོ་རྨོངས་དད་བྱེད་མཁན་རྒྱ་ནག་ལས་སྡུག་པ་རེད་བརྗོད་ན་་་རྨོངས་དད་མ་ཡིན་པའི་ཐབས་ལམ་
གང་ཡོད་ཤོད། ཁྱོད་རང་ཡང་དབང་སྣོན་ཆོས་ཀྱི་རྗེས་བྲང་མིན་པ། དབང་སྣོན་རྨོངས་དད་རྗེས་བྲང་ིུན་པ་་བརྗོད་མ་དགོས།
སྲིད་གསུམ་དབང་བསྒྱུར་སོགས་མིང་རྗིག་པོའི་འོག་ནས་བོད་མེད་པར་བཟོས་ཡོད་ན་་་ད་ཆ་མིང་རྗིག་
པོ་མེད་པའི་ཐོག་ནས་་་བོད་ལེན་ལེན་ཐབས་བྱེད་དང། སྐད་ཆ་རྗིག་པོ་བཤད་ནས་བྱེད་ཐབས་གང་ཡང་མེད་ན་དེ་ལ་ཀླད་མེད་སྐད་སྟོང་པ་རེད་མ་གཏོགས་གཞན་གང་ཡང་མེད།
རྒྱ་མིས་རང་རྒྱལ་ལ་དགའ་ཞེན་དབང་གིས་རྨོངས་དད་བྱེད་ཀྱི་རེད།
དེ་འགྲིག་པ་རེད།
བོད་པའི་རྨོངས་དད་ནི་བླ་མས་བཟོས་པ་རེད། བོད་པ་ལ་རྒྱལ་ཞེན་ཡོད་ནའང་ཆོས་ལུགས་ལ་རྨོངས་དད་འཐབ་རྩོད་འོག་ནས་རྒྱལ་ཞེན་གྱི་མངའ་དབང་ལ་འགྲན་པའི་སྙིང་ཁམས་ཉིན་རེ་བཞིན་ཇེ་ཞན་རེད།
རྒྱ་ནག་པ་རྣམས་ཀྱི་གདོད་མའི་རིག་གནས་དང་འབྲེལ་བའི་སེམས་ཁམས་ཅི་ཡིན་པ་དང་དེའི་བྱུང་རྐྱེན་ཅི་རེད།
རྒྱ་ནག་པ་རྣམས་ཀྱི་རིག་གནས་སེམས་ཁམས་བར་ལམ་འགྱུར་བ་ཐེབས་ཡོད་དམ་མེད། ཡོད་ན་ག་དུས་རེད། མེད་ན་ཡོད་ལུགས་བཤད་སྟངས་དག་ལ་ཅི་ལྟར་སྨྲ།
རྒྱ་ནག་གི་རིག་གནས་ཀྱི་ནང་སྙིང་ནི་གོང་མ་རེད་དམ། ཡིན་ན་ཡིན་པའི་རྒྱུ་མཚན་ཅི་ཡོད།
རིག་གནས་དང་ཡུལ་གྱི་གོམས་པའི་གཤིས་ལུགས་གཉིས་ཐ་དད་ཡིན།
ཉེས་ཆ་གཡུལ་རྒྱལ་གྱི་ཆ་ནས་མ་ཡིན་པར། ལེགས་ཆ་ཞི་བདེའི་ཆ་ནས། རྒྱ་གར་གྱི་མེས་པོ་གན་དྷི་ལྟར། ༸གོང་ས་མཆོག་ནི། ཛམ་གླིང་ཞི་བདེའི་ཡབ་ཆེན་ཆགས་ཟིན་པ་འདི་ལ། མཐོང་མེད་མཐོང་མཁན་བོད་ཕྲུག་ཕྱི་རྒྱལ་འཁྱམས་པོ་ཚོས་ཅི་མཐོང་། ཅི་གོ ཅི་བསམས་མི་ཤེས་ནས་བསྡད་འདུག་གདའ། ཧཧཧཧ།། །།
སྲིད་དབང་སྒེར་གཅོད་པ་ལེ་ནིན་དང་། སེ་ཏ་ལིན། ཧིཊ་ལར། ཀིམ། མ་འོ་དང་ཨ་མིན་སོགས་ལ་ཡ་ང་སྙིང་རྗེ་མེད་ལ། རང་དང་རང་འཁོར་ཉུང་ཤས་ཀྱི་བདེ་སྡུག་མ་གཏོགས་མི་སེམས་པ་ཡིན། དེ་འདྲ་སོངཙང་མིས་བསད་དོགས་ཞེད་སྣང་དང་དངངས་སྐྲག་གི་ངང་ནས་མི་ཚེ་ཟད་སོང་བ་ཡིན། རང་རེའི་དབུ་ཁྲིད་༧རྒྱལ་མཆོག་ཕྱག་ན་པདྨོ་ནི་བསམ་ཡོད་ཀུན་གྱིས་གཙུག་ཏུ་བཀུར་བའི་འགྲན་གྱི་དོ་མེད་ཀྱི་ཞི་བདེའི་དེད་དཔོན་ཆེན་པོ་ཡིན་པས་བཀའ་དགོངས་འགལ་མེད་ཤར་བསྐྱོད་གནང་ན་འདི་ཕྱིའི་འདུན་མ་ཡང་དེས་བསྒྲུབ་པར་གདོན་མི་ཟ།
མ་འོ་ཁོག་རུལ་སྡིག་གསོག་མཁན། །
ཏིང་ངན་ཁ་ཁོག་མི་མཚུངས་མཁན། །
ཛང་ཛིན་ཕྱོགས་ལྷུང་གཡང་མཆོང་མཁན། །
ཧུ་གཅིན་ཀླད་མེད་གཅིན་འཐུང་མཁན། །
ཞི་ཅིན་གཅེས་ཕྲུག་ནར་མ་སོན། །
མཁས་ཚད་བཙོན་འཇུག་རྒྱ་ནག་གཞུང་། །
འཇོན་ཚད་ཉེ་ཡོལ་གོ་སྐབས་གཏོར། །
གོང་མར་རྨོངས་དད་ད་སད་རན། །