རྩོམ་པ་པོ། གཉན་ཆེན།
རྟ་དམག་བྱེ་བ་ནམ་མཁའི་སྐར་ཚོགས་བཞིན། །
ཤར་གླིང་རྒྱལ་ཕྲན་འདར་བའི་རྔམ་ཟིལ་ཅན། །
ཇིང་གར་དཔུང་སྟོབས་བཙན་པོའི་མདུང་རྩེ་ན། །
གཡོ་ཅན་སྐྲ་སེར་ཡིན་ཡང་འབྲོ་ས་མེད། །
དམག་གི་གྲོག་ཚང་རྡོལ་འདྲའི་ཙི་ན་བ། །
ཉམ་ཆུང་མི་རིགས་འབུ་སྲིན་ཟ་ཟ་བྱས། །
ཇིང་གར་བུ་རྒྱུད་བཙན་པོའི་ཐུ་འོག་ནས། །
མགོ་བོ་འདོམས་ལ་བཅུག་སྟེ་ཉལ་མྱོང་ཡོད། །
གཡག་ཤའི་གསོས་པའི་གདོང་དམར་ཐུ་བྷོད་དང་། །
ཁྱི་ཤ་དམུར་བའི་ཤར་ཕྱོགས་ཅི་ན་གཉིས། །
སོག་པོའི་རྐང་བའི་འོག་གི་འབུ་སྲིན་ཡིན། །
འདབ་ནོར་འུ་ལག་ངོ་སོའི་མཆོད་བསྟོད་བྱས། །
ཇིང་གར་རྒྱལ་བོའི་བཙན་བཀའ་ཡིག་གཅིག་གིས། །
ནག་པོ་རྒྱ་ཡི་ཕོ་ལོ་བཅོ་བརྒྱད་མན། །
གླག་གི་སྡེར་མོའི་འོག་གི་ལུ་གུ་བཞིན། །
ཤོར་ཐབས་མེད་པར་གཙང་བོའི་ཆུ་ལ་བསྐུར། །
ཤར་ཕྱོགས་གླིང་གི་སྟོབས་ལྡན་རྒྱ་གར་ཡང་། །
སོག་པོའི་མདོང་རྩེ་གཏད་པའི་སུན་བཙིར་གྱིས། །
ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་བྲོས་པ་ཡི། །
དམག་གི་རྐང་རྗེས་བྱེ་མའི་ངོས་ན་གསལ། །
མངའ་ཐང་སྟོབས་ཀྱིས་བཟུང་བའི་ཇིང་གར་བ། །
གནམ་ས་འདར་བའི་གཡུལ་འགྱེད་དྲག་པོ་དེས། །
ས་སྟེང་བཙན་པོ་ཀུན་གྱི་དབུ་འཕང་ཡང་། །
ཅུང་ཟད་དམའ་རུ་ཕབས་པའི་གཟི་བརྗིད་འབར། །
ངར་ཅན་རྟ་ཤར་དགའ་བའི་སོག་དམག་གིས། །
སྙིང་སྟོབས་མེ་རི་འཕྱུར་བའི་རྩྭ་ཐང་ནས། །
གྲི་མདོང་གནམ་ལ་འཕྱར་བའི་གདོང་ཁ་ན། །
དཔའ་བོ་སུ་ཡང་རྒྱལ་བའི་ལོ་རྒྱུས་མེད། །
ཤ་ཁྲག་མེ་ལ་སྤར་བའི་དམར་མཆོད་རེའི། །
དཔའ་བོའི་སྙིང་རྩ་རྒྱས་པའི་དཔུང་སྟོབས་ཀྱིས། །
དགྲ་ངོ་སུ་ལའང་མགོ་བོ་མི་སྒུར་བའི། །
གཡུལ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་བསྐྲུན། །
རིག་གནས་ལོ་རྒྱུས་འབྱུང་བའི་ལྟེ་བ་སྟེ། །
ཡུ་རོབ་གླིང་ལ་དམག་གི་འཇིགས་བསྐུལ་བ། །
གྷི་རི་སིའི་ཡང་སོག་པོའི་སྙིང་སྟོབས་ཀྱིས། །
ཐེངས་གཅིག་མནན་པའི་དངངས་སྐྲག་འདར་སིག་སིག །
སྐབས་ཤིག་ཡུ་རོབ་གླིང་གི་བྱིས་པ་ལ། །
སོག་དམག་ཟེར་ན་སྐྲག་བྱེད་སྐད་ཆ་སྟེ། །
བསམ་མེད་བྱིས་པ་ཡིན་ཡང་དངངས་བྱེད་པའི། །
སོག་པོའི་བཙན་འཛུལ་བྱིས་པའི་སྒྲུང་ན་ཡོད། །
གཏུམ་དྲག་ཆེ་བའི་ཁ་ཆེའི་ཡུལ་ལུང་ལ། །
སོག་པོའི་དཔུང་འཇུག་ཆུ་ལོག་སླེབས་དུས་ན། །
ཨ་ལ་ཟེར་བཞིན་ངུ་འབོད་གད་རྒྱངས་ཀྱིས། །
ཨ་རབ་ལུང་བ་ཨག་གི་གང་རབས་ཡོད། །
འཛམ་གླིང་དམག་གི་ལོ་རྒྱུས་དེབ་ཐེར་ན། །
སོག་པའི་རྟ་དམག་ཁྲག་གི་འཁོར་ལོ་ཅན། །
ས་སྟེང་ཟིལ་གྱིས་གནོན་པའི་དྲག་པོའི་དཔུང་། །
རྨིག་བཞིའི་རི་མོ་ཤར་ནུབ་མཐའ་ལ་ཟུག །
༢༠༡༦ ༡༡ ༢༨ ཉིན། །
ཚང་མ་བཀླགས་ཟིན། སྙན་པོ་བྲིས་འདུག བཀའ་དྲིན་ཆེ།
ཡིན་ན་ཡང་དྲག་ཤུགས་ལ་མོས་པ་དེ་ཚོ་ཡག་རྟགས་ཀྱང་མ་རེད་བསམ་སོང་། བརྗོད་བྱ་ལ་ང་རང་མོས་མཐུན་མེད་ལགས།
ཡིད་རངས་དགོས་དོན་མེད་པས།
མེས་གསུམ་རྣམ་གསུམ་དམག་ལ་ཡིད་རངས་སམ། །
ཧོར་དམག་རྒྱ་དམག་ཨིན་དམག་ཡིད་རངས་སམ། །
ཨ་ཁ་ཁ།
་
ཡིད་རངས་དགོས་དོན་ཡོད་པས།
སངས་རྒྱས་་གཅེར་སྟོན་ལོའུ་ཚིར་ཡིད་རངས་སམ། །
འཚེ་མེད་ཞི་བདེའི་ལམ་ལུགས་ཡིད་རངས་སམ། །
ལེགས་སོ་ལེགས།
ཡིད་རངས་དགོས་དོན་མེད་པས།
མེས་དབོན་རྣམ་གསུམ་དམག་ལ་ཡིད་རངས་སམ། །
ཧོར་དམག་རྒྱ་དམག་ཨིན་དམག་ཡིད་རངས་སམ། །
ཨ་ཁ་ཁ།
http://tibettimes.net/%E0%BD%84%E0%BD%A0%E0%BD%B2%E0%BC%8B%E0%BD%96%E0%BD%B4%E0%BD%A0%E0%BD%B2%E0%BC%8B%E0%BD%9E%E0%BD%B2%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%90%E0%BD%96%E0%BD%A6%E0%BC%8B%E0%BD%A3%E0%BD%98/
,
ངའི་བུའི་ཞི་བའི་ཐབས་ལམ་དཔར་མ་ཐུབ་ཀྱང་ཞི་བའི་འཐབ་རྩོད་དཔར་སྐྲུན་ཐུབ་སོང་བར་དགའ་ཡོད།
ཇིང་གུར་རྒྱལ་པོའི་རྟ་དམག་ཉིན་ལམ་སར། །
བསླེབས་དུས་མཚོན་ཆའི་ལྡོག་འོད་ནམ་མཁར་འཕྲོ །
དེ་ཡིས་དགྲ་སྡེ་སྐྲག་ནས་བླ་རྩ་འདར། །
ངོ་མ་བསམས་ན་ད་དུང་སྐྲག་སྤྱད་ཅིག །
སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་འཕགས་ཁོང་། །
ཐག་བསྒུལ་འདྲ་གཟུགས་ལྟ་བུར་བསྐོས་པ་དང་། །
བོད་ལ་རང་སྲིད་རང་སྐྱོང་སྤྲད་ན་ཡང་། །
རྒྱབ་ནས་དབང་ཤུགས་ཐམས་ཅད་སོག་པོས་བཟུང་། །
ཆོས་མེད་ཀླ་ཀློ་སོག་པོ་འཇིང་གིར་དམག་།
རང་ས་བྲལ་ནས་ཁྱི་ཁྱམས་མུག་ཁྱམས་དུས་།
བོད་ཀྱི་ཆབ་སྲིད་ནང་ཁ་མ་འགྲིགས་ནས་།
བླ་དཔོན་མི་དཔོན་རང་མཁེ་སྲུང་སྐྱོབས་ཆེད་།
སོག་པོ་འཇིང་གིར་དམག་རོགས་མགོན་སྐྱབས་ཞུས་།
བོད་འབངས་ཆབ་སྲིད་ཁྲག་ལྟར་དཀྲུགས་ཆེ་ནས་།
ཆོལ་ཁའི་འོག་ཏུ་བོད་འབངས་དུམ་བུར་བཏང་།
ད་ལྟའི་ཆོལ་ཁ་ཟེར་བའི་ཐ་སྙད་དང་།
ཁྲ་ཝན་ཁྲེ་ཀྱག་སོག་ཞ་སོག་ལྷམ་སོགས་།
སོག་སྐད་སོག་ཆས་བོད་ཡུལ་ཡོངས་ལ་ཁྱབ་།
བོད་འབངས་བདེ་བའི་ཉི་མ་སོག་པོའི་བསྣུན་།
སོག་རིགས་ནང་པའི་རིགས་ལ་ང་ཡང་ཞེན། །
སོག་རིགས་དྲག་རྩལ་རིགས་ལ་ང་མི་དགའ། །
དྲག་པོར་དགའ་ན་མ་འོ་ཧིཊ་ལར་བཞིན། །
བདུད་རྒྱལ་ཀུན་ལ་མགོ་བོ་སུ་ཡིས་འདུད། །
༅༅། མི་གུས་མི་གུས་མི་བསད་རྒྱལ་རྒྱུད་མི་གུས།
མི་མསྟོད་མི་བསྟོད་རྒྱལ་རྒྱུད་རིང་ལུགས་མི་བསྟོད།
མ་བརྩི་མ་སྲུང་གཞན་དབང་འཕྲོག་མཁན་ཚོ།
རང་རྒྱལ་རང་ཞིམ་གཞན་ཕམ་རང་རྒྱལ་འདི།
ནམ་ཡང་མི་བསྟོད་ནམ་ཡང་མི་གུས་བཀུར་མེད།
ཇིང་གིར་རྒྱལ་པོའི་དམག་གི་ལོ་རྒྱུས་དང་། དཔའ་གཏམ་ཐོས་ཚེ་ཀུན་གྱིས་སྙིང་རྩ་འདར། བོད་པའི་བསྟན་སྲུང་ཆུ་སྒང་དམག་མི་ནི། བྱིས་པ་ལོ་བརྒྱད་དམག་གི་ལོ་རྒྱུས་འདྲ། ཧ་ཧ
བསྟན་སྲུང་བོད་དམག
ཇིང་གིར་རྒྱལ་པོས་མི་མངས་ཉམས་ཆུང་བསད། །
ཆུ་བཞི་སྒང་དྲུག་བསྟན་སྲུང་དམག་མིར་གྲགས། །
་
ཇིང་གིར་རྒྱལ་པོས་རྒྱ་ཡི་མི་ཡུར་བསད། །
ཆུ་བཞི་སྒང་དྲུག་རང་སྲོག་འབེན་ལ་བཙུགས། །
་
ཇིང་གིར་རྒྱལ་པོས་ཆེ་བས་ཆུང་བ་བསད། །
ཆུ་བཞི་སྒང་དྲུག་ཆུང་བས་ཆེ་བར་འགྲན། །
་
ཇི་གིར་ཆོས་མེད་རྒྱལ་པོ་དཔུང་བཙན་ལས། །
ཆོས་ལྡན་ཆུ་བཞི་སྒང་དྲུག་དྲག་རྩལ་བཟང་། །
ཧ་ཧ། ཀུ་རེ་དང་བཅས།
ཀ་རྡོ་ལགས། ལོ་རྒྱུས་ནང་དམག་མ་འཐོབ་ན་དམག་མིར་བསྟོད་བསྔགས་བྱེད་པའི་ལུགས་སྲོལ་སུ་གང་ལའང་མེད། དཔེར་ན། ཨ་རིའི ཝི་ཏི་ནམ་གྱི་ཨ་རིའི་དམག་ཕམ་པར་བྱས། སྐབས་དེ་དུས་ཨ་རིར་དམག་དུང་ལ་དཔའ་དར་ཐོབ་མེད། ཨཕ་གྷན་གྱིས་ཨུ་རུ་སུ་དམག་ཕམ་པར་བྱས། ཨུ་རུ་སུ་ལ་རྒྱལ་ཁའི་གྲགས་པ་མེད། དེ་དང་འདྲ་བ་མང།
ཡིག་ནོར་མང་སོང་། བཅོས་རོགས་གནང་།
ང་དམག་ལ་མི་དགའ། ང་མིར་ཡང་མི་དགའ། ཨིན་དམག་ལ་མི་དགའ། གན་དྷི་དགའ། མི་རིགས་དཀར་པོའི་བཙན་གནོད་ལ་མི་དགའ། མི་རིགས་ནག་པོ་ལུ་ཐར་ཀིང་ལ་དགའ། རྒྱ་ནག་གི་དམར་དམག་མི་དགའ། ༸གོང་ས་མཆོག་གི་གཉིས་སྨན་གྲོས་མོལ་ལ་དགའ། དེས་ན་སོག་དམག་ལ་ཡང་མི་དགའ། དེའི་དུས་ཀྱི་ཉམས་ཆུང་རྒྱ་རིགས་ལ་དགའ།