གཅན་བཟོད་རྒྱམ།
(སྣང་རའི་དཔོན་ཚང་ན་རྟེན་འགངས་ཆེན་གསུམ་ཡོད། དེ་གསུམ་ནི་མངའ་བདག་ཁྲི་རལ་པ་ཅན་གྱི་ཤང་ལང་། རྨོག་དང་ཁྲབ། རལ་གྲི་གསུམ་ཡོད། ང་བརྒྱད་ལོའི་དུས་འགྱུར་སྐབས་བོར་བརླག་ཏུ་སོང་འདུག)
གཅན་ཚ་སྣང་རའི་དཔོན་ཚང་གི་ལོ་རྒྱུས་འདི་ཁུངས་དེད་ནས་སོང་ན། ཐོག་མར་མངའ་བདག་ཁྲི་རལ་བ་ཅན་གྱི་རྒྱུད་པ་ཡིན་ཟེར། མངའ་བདག་ཁྲི་རལ་པ་ཅན་གྱི་རྒྱུད་པ་མར་ཡོང་བ་དེའི་མིང་ལ་རྟ་གསུམ་སྟོང་དཔོན་ཟེར། རྒྱ་སྐད་ཀྱིས་ཆན་ཙུན་ལིས་ཀྲན་ཞེས་སྒྱུར་ན་དེ་འདྲ་ཞིག་རེད། ཡིན་རྒྱུ་ནི་དམག་ཁྲི་བཞིའི་དཔོན་པོ་རེད། དེ་དམག་གི་སྒྲིག་གཞི་རེད།
དཔོན་པོའི་ལོ་རྒྱུས་དེད་ནས་སོང་ན་ཐོག་མར་བོད་བཙན་པོས་གནང་བའི་དམག་གི་ཐོབ་ཐང་རེད། ཐོག་མའི་གཞི་ཆགས་ས་སྣང་ར་མ་རེད། གཅན་ཚ་ཐང་རེད། ཐོག་མར་དམག་གི་དཔོན་པ་དང་ཕྱིས་སུ་རིམ་པས་མདག་འཐབ་མེད་པས་ས་གནས་ཀྱི་དཔོན་པོར་གྱུར་སོང་བ་རེད། དེ་ནས་བཟུང་གཅན་ཚའི་དཔོན་པོ་ཟེར་བ་རེད། བར་སྐབས་ཞིག་ནས་གཅན་ཚའི་དཔོན་པོ་ཉམས་སོང་བ་རེད། སྐབས་དེའི་གཅན་ཚའི་དཔོན་པོའི་མངའ་འོག་ན་སྣང་ར་ཟེར་བ་ཞིག་ཡོད་པ་རེད། སྣང་རའི་དཔོན་པོ་ཟེར་བ་ཞིག་ཀྱང་ཡོད་པ་རེད། དེ་དཔོན་པོ་ཆུང་ཆུང་ཞིག་རེད། གཅན་ཚའི་དཔོན་པོའི་མངའ་འོག་གི་དཔོན་པོ་ཆུང་ཆུང་ཞིག་རེད།
གཅན་ཚའི་དཔོན་པོ་ཉམས་པ་དང་སྣང་རའི་དཔོན་པོ་དར་སོང་བ་རེད། དེ་ནས་སྣང་རའི་དཔོན་པོས་གཅན་ཚའི་དཔོན་པོའི་བུ་གཙུག་དོར་སྐྱབས་མག་པར་བསུས་པ་རེད། སྣང་རའི་གྲམ་པ་ནང་དེར་མག་པར་བསུས་པ་རེད། དེ་བས་གཅན་ཚ་ཉིན་སྲིབ་གཉིས་ཀ རྨ་ཕ་རིས་ཚུར་རིས་གཉིས་ཀྱི་དཔོན་པོ་སྣང་ར་ཡིན་ཟེར་བ་རེད།
ཞེས་སོགས་ལོ་རྒྱུས་་ཀྱི་གལ་གནད་འགྲེལ་བཤད་གནང་མཁན་ནོར་བུ་ལྷུན་གྲུབ་ལགས་རེད།
དྲ་ཐག་འདི་ནས་ཁོང་གིས་འགྲེལ་བཤད་གནང་བའི་སྣང་རའི་དཔོན་ཚང་གི་ལོ་རྒྱུས་སྙིང་ལ་གསན་གཟིགས་གནང་ཐུབ།
ཨ་མདོའི་མི་རྒྱུད་མང་དག་ཅིག་གི་མཆེད་ཁུངས་དབུས་གཙང་ནས་ཡིན་པའི་ངག་རྒྱུན་ལོ་རྒྱུས་ཡོད། འདིའང་དེའི་གྲས་ཤིག་ཡིན་འདུག
མདོ་སྨད་མང་ཆེ་བ་གནས་སྔ་མོ་དབུས་གཙང་གི་དམག་མི་ས་གནས་དེར་གཞིས་ཆགས་པ་རེད་ཟེེར། ཁམས་ཕྱོགས་ས་ཁུལ་འགའ་ཞིག་ནི་དབུས་གཙང་གི་མི་ངན་དང་དེ་མིན་ཁྲིམས་བཅད་ནས་གནས་དབྱུང་བཏང་སའི་ས་ཁུལ་རེད་ཟེར།
་་་་་་་་ གཅན་ཚ་སྣང་རའི་དཔོན་ཚང་གི་ལོ་རྒྱུས་འདི་ཁུངས་དེད་ནས་སོང་ན། ཐོག་མར་མངའ་བདག་ཁྲི་རལ་བ་ཅན་གྱི་རྒྱུད་པ་ཡིན་་་་་་་་
ཚིག་སྦྱོར་མི་བདེ་བ་དང་།
ཀློག་མི་ཤེས་པའི་དཀའ་ངལ་ཞིག་འདུག
ངོ་མ་སྐྱོ་བོ་ཞིག་བྲིས་འདུག
གཅན་ཚའི་ལོ་རྒྱུས་པ་ཚོ་གལ་ལ་ཐུག་དུས་དེ་འདྲ་ཞིག་རེད།
ཐུགས་ལ་ཕོག་ན་དགོངས་དག་ཞུ།
ནོར་བུ་ལྷུན་འགྲུབ་ཀྱིས་གསུངས་པའི་ལོ་རྒྱུས་དེ་དག་ནི་ཁུངས་བཙུན་པ་ཞིག་མ་རེད། གུས་པ་གཅན་ཚ་བ་མིན་ནའང་གཅན་ཚའི་ལོ་རྒྱུས་ལ་གང་འཚང་བལྟ་མྱོང་ཡོད། མདོ་སྨད་ལོ་རྒྱུས་ཆེན་མོ་དང་བྲག་སྒོམ་པའི་མདོ་སྨད་ཆོས་འབྱུང་ལའང་མཇལ་མྱོང་། སྣང་ར་སྟོང་དཔོན་ཚང་གི་ལོ་རྒྱུས་དང་སྐྱ་རེངས་ཁྲི་དཔོན་ཀྱི་ལོ་རྒྱུས། གཅན་ཚ་ཉིན་ཕྱོགས་ནས་བྱུང་པའི་གཡུ་ཚ་དཔོན་གྱི་ལོ་རྒྱུས་དང་མངའ་དབང་སོགས་དཔྱད་བསྡུར་བྱེད་ན་ད་གཟོད་སྣང་ར་སྟོང་དཔོན་ཚང་གི་ལོ་རྒྱུས་དང་ཁྱིམ་རྒྱུད་ལ་ཅུང་ཆ་ཚང་བ་ཞིག་རྒྱུས་ལེན་བྱེད་ཐུབ་པ་ལས། ཨ་མདོ་བརྙན་འཕྲིན་གྱི་ཆེད་བསྒྲིགས་ལེ་ཚན་དེ་ཆ་ཚང་བ་ཞིག་མ་རེད། སྣང་རའི་སྟོང་དཔོན་མཇུག་མ་དབང་ཆེན་སྐྱབས་ཀྱི་སྐབས་སུ་དགུ་རོང་དང་གཡོན་རུ་སོགས་ད་ཡོད་གྲོང་བརྒྱད་ཙམ་དབང་དུ་བསྡུས་པ་ལས་ཁོང་གི་ཡབ་ཀྱི་སྐབས་དབང་ཐང་དེ་ལས་ཆུང་བ་ཡོད་བཟོ་འདུག བྲག་ཁང་སྣ་ཁ་དང་རྒྱ་བོད་བྱ་ཚང་སོགས་སོགས་ཀྱང་དབང་དུ་བསྡུས་གྲབས་སྐབས་སུ་རྒྱ་དམག་གིས་བཅིངས་འགྲོལ་བཏང་། སྣང་ར་ནས་ཀུན་མཁྱེན་འཇིགས་མེད་དབང་པོ་དང་། ཀོའུ་བ་ཆོས་རྒྱ་མཚོ། འཁྲུངས་ཡུལ་ལ་དོགས་གནས་ཡོད་པའི་བླ་ཆེན་དགོངས་པ་རབ་གསལ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་མཁས་དབང་བསམ་གྱི་མི་ཁྱབ་པ་མང་པོ་འཁྲུངས་པ་སོགས་ལས་སྙན་གྲགས་ཆེ་བའི་ས་ཁུལ་ཆུང་ཆུང་ཞིག་ཡིན་པ་ནི་རྩོད་མེད་རེད། ད་དུང་དཔལ་དོན་གྲུབ་རྒྱལ་དྲག་བཙན་རང་གྲོལ་དང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་ཀྱང་ས་ཁུལ་འདི་ནས་ཡིན་པ་རེད།
ཧཧཧབརྒད་མོ་ཤོར་སོང་བོད་རྒྱལ་ཁབ་དང་བོད་མི་རིགས་བོད་པའི་ཆོས་དང་རིག་གཞུང་བོད་མི་རིགས་དང་བོད་ཀྱི་འཁོར་ཡུག་ཡོངས་རྫོགས་རྒྱ་མིའི་མེད་པ་བཟོས་ནས་ད་དུང་གཅན་ཚ་དང་སྣང་ར་བཤད་ན་ས་ག་རེ་ཕན་གྱི་རེད་
བོད་ལུང་ཆུང་ནང་གི་དཔོན་ཆུང་ཚོ་།
འབངས་མི་མང་བྲན་གཡོག་བསྐུལ་དྲག་ནས་།
རྒྱ་གུང་ཁྲན་ཐུག་དུས་མགོ་སྦར་བཀབ་།
དུས་དང་པོར་མགོ་འབུལ་ལུས་འབུལ་དང་།
དུས་མ་རན་གོང་ནས་སྔོན་བྲོས་བྱས་།
ད་ལོ་རྒྱུས་ཡོད་ན་རང་ཚང་བལྟོལ་།
ཡང་གཞུང་པས་སྦི་རག་བཏུང་ཚར་འདུག
དྲང་པོའི་གཏམ་དང་འདྲོང་པའི་མདའ་།
བཤོད་མཁན་འཕེན་མཁན་རེ་རེ་ཙམ་།
ངོ་དགའ་སྤྲེལ་ལས་སྤྱི་ཚོགས་རུལ་།
ཕྱོགས་གཏོགས་འགན་འཁུར་མང་གཙོའི་དགྲ་།
ངོ་དགའ་སྤྲེལ་ལས་
འདི།
ངོ་དགའ་སྤྲེལ་ལད་
ནོར་བཅོས་གནང་བ་ཐུགས་རྗེ་ཆེ་བཀྲིན་ཆེ་།
སྣང་རའི་སྟོང་དཔོན་གྱི་རྒྱུད་པ་ཁྲི་རལ་བ་ཅན་ལ་ཐུག་ཟེར་བ་དང་། གཙན་ཚ་ཉིན་སྲིབ་གཉིས་ལ་དབང་བསྒྱུར་ཟེར་བ་སོགས་ནི་རྒྱུས་མེད་ཀྱི་བབ་ཅོལ་རེེད།
དེང་སང་རང་བཙན་ཤོར་སོང་བ་དེ་སྔོན་གྱི་རང་བཙན་བཤད་མི་ཆོག་པའི་སྒྲུབ་བྱེད་དུ་འགོད་པ་ལ་གད་མོ་ཐེངས་དགུ་སྟུག་ཁུང་ནས་ཤོར་སོང་ངོ་། གཞུང་པ་ཟེར་བ་དེར།