ཀུན་ཕན་ཚང་།
དགེ་བཤེས་སྨོན་ལམ་མཆོག་ནས་སྤྱི་ཟླ་ ༡༢ པའི་ཚེས་ ༥ ཉིན་གྱི་དགོང་དྲོ་དུས་ཚོད་ ༦།༣༠ ནས་ ༨།༣༠ བར་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་གློག་ཀླད་སྟེང་གི་བོད་ཡིག་གི་སྤྱོད་སྒོ་དང་ཡིག་གཟུགས་ལ་ཡར་རྒྱས་ཅི་སོང་ངོ་སྤྲོད་གནང་རྒྱུ་དང་། ཞོར་དུ་ཁོང་གིས་ད་བར་དུ་དྲ་རྒྱའི་སྡེ་དང་ལྷག་པར་དུ་བོད་ཡིག་གི་དྲ་རྒྱའི་སྡེ་ལ་གློག་ཀླད་ཀྱི་བོད་ཡིག་སྤྱོད་སྒོ་འདྲ་རིན་མེད་དུ་འགྲེམས་འབུལ་གྱི་འབད་བརྩོན་གནང་བའི་སྐོར་གྱི་གསུང་བཤད་གནང་རྒྱུ་ཡིན་ན། དགེ་བཤེས་ཁོང་གི་མཛད་རྗེས་ལ་རྗེས་སུ་ཡི་རངས་དང་། ཁོང་གི་མཛད་པ་ལ་རྒྱབ་སྐྱོར་མཚོན་སླད་ཉན་མཁན་གང་མང་མང་ཞིག་ཕེབས་རོགས་གནང་།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་གློག་ཀླད་ཀྱི་འཕྲུལ་ཆས་ལ་བྱང་ཆུབ་པ་ཡིན་པས་གློག་ཀླད་ཐོག་ཚན་རིག་པ་ཞེས་བརྗོད་ཀྱང་འགྲིགས།
ཐད་གཏོང་རེ་ཡོད་ན་བཟང་། ང་ཐག་རིང་ཟིག་ན་ཡོད།
དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་ཐོག་ལ་བཀའ་དྲིན་ཞུ། ཁྱེད་ཀྱི་བསམ་དོན་ཆོས་བཞིན་ལ་འགྲུབ་པའི་སྨོན་འདུན་དང་ཡིད་ཆེས་ཡོད།🙏🙏🙏
སེ་འབྲས་དགེ་གསུམ་ནང་ནས་ཕན་ཐོག་པ་གཅིག་བྱུང་འདུག ཡག་པོ་རེད། རྗེས་སུ་ཡིད་རངས་ཡོད། དེ་མིན་པའི་སེ་འབྲས་དགེ་གསུམ་གྱི་གྲྭ་བ་རྣམས་གསར་འབྱོར་བ་མང་བས། རྩོད་གྲྭར་རིགས་ལམ་ཡག་པོ་ཡོད་རུང་། རིག་གནས་སྐྱོ། ཡི་གེ་ཡག་པོ་འབྲི་མི་ཤེས། སྤྱོད་པ་རྩིང་། ཆོས་ལུགས་གཞན་ལ་མཐོང་ཆུང་ཆེ། དེ་འདྲ་ཤ་སྟག་རེད། བླ་རྒན་འགའ་ཤས་ཡག་པོ་ཡོད།
༅༅། ཀུན་ཕན་ཐེབས་རྕའི་འགན་འཛིན་དགེ་བཤེས་ལགས་ནས་་་དཔེ་མི་སྲིད་པའི་ཆོས་དང་མཐུན་
པའི་གཞན་ཕན་གྱི་ཕྱག་ལས་ཡག་པོ་གནང་འདུག་་་བཀྲིས་བདེ་ལེགས་དང། སྙིང་ནས་ཐུགས་རྗེ་ཆེ།
༅༅། སངས་རྒྱས་ཆོས་བཞིན་མཛད་པ་བཀའ་དྲིན་ཆེ།
རྒྱལ་བའི་བཀའ་བཞིན་བསྒྲུབས་པ་བཀའ་དྲིན་ཆེ།
གཞན་ཕན་བྱ་བ་ཆོས་ཀྱི་སྙིང་པོ་ཡིན།
སླར་ཡང་གཞན་ཕན་མུ་མཐུད་མཛད་པ་འཚལ།།
༅༅། བསྟོད་དོ་བསྟོད་དོ་དགེ་བཤེས་སྨོན་ལམ་མཆོག།
ཁྱོད་ཀྱི་ཐུགས་རིག་ཀུན་ལས་མཆོག་ཏུ་ལེགས།
ཁྱོད་ཀྱང་གངས་ཅན་མཁས་པའི་ཁྱུ་ཕྱོགས་དགེ་ཆོས་འདྲ།
ཁྱེད་ཀྱི་ཕྱག་ལས་ཇི་གནང་བཀྲིས་ཤོག་
ཁོང་གི་རིགས་རྩལ་འདི་སྐྱེས་སྟོབས་རེད་དམ། སྦྱང་སྟོབས་ཀྱིས་རེད། ལགས། གང་ཡིན་ན་ཡང་རྗེས་སུ་ཡི་རང་ཆེན་པོ་ཡོད་དོ།།