རྩེཿ མུན་སེལ།
ཕ་བློ་རྒྱ་ཅན་པོ་ཕྱི་མར་ཆས།།
མ་བྱམས་སེམས་ཅན་པོ་རྒ་བས་མནར།།
སྤུན་མིང་སྲིང་ཞེ་འདང་བརྩེ་བས་ཁེངས།།
གཉེན་ཕུ་ནུའི་རེ་བར་ལྷོད་པ་མེད།།
འཛུམ་ཀྱི་ལེར་བཞུགས་པའི་ནང་མི་ལ།།
འབྲལ་མ་འདོད་ལས་དབང་བཙན་པོས་གྱེས།།
དྲིན་ཕ་མའི་ཐུགས་ཀྱི་བཀའ་དགོངས་ལ།།
འབྱོལ་མ་བསམས་གཡེང་བའི་ལས་ཀྱིས་ལྷག།
མཁའི་འགྱུར་བ་སྐྱེན་པོའི་གནམ་འོག་ནས།།
སྐྱིད་ཉམས་དགས་གཏམས་པའི་ཡུལ་ལྗོངས་དྲན།།
གྲོགས་བསླུ་བྲིད་མང་པའི་གྲོང་ཞིག་ཏུ།།
ཁྲེལ་ཕྱི་ཐག་རིང་བའི་ཡུལ་མི་དྲན།།
བཤེས་ན་ཟླ་དྲན་པས་ཅི་ཞིག་ཕན།།
རྒྱ་དམར་པོའི་ལོག་པའི་ཁྲིམས་ཀྱིས་བསྡམས།།
ཡུལ་ཉམས་དགའ་དྲན་པས་ཅི་རེ་བྱ།།
མཐའ་སྲུང་བའི་མཚོན་གྱི་སོ་ཁ་གཟེང་།།
གཅེས་ཕ་མའི་ཞལ་ཏ་དོན་རེ་ཆེ།།
དེ་ཡིད་ལ་བརྣགས་ནས་ལོ་འགའ་ཐལ།།
མཆེད་བློ་གཙང་ཁ་ཆད་འགངས་རེ་ཆེ།།
དེ་སེམས་ལ་ཉར་ནས་ལོ་འགའ་ཐལ།།
ཐབས་ཟད་ལ་ཉེ་བའི་སྐབས་ཤིག་ཏུ།།
སྟབས་བདེ་བའི་འཕྲིན་གྱི་ལམ་མང་བརྡོལ།།
སེམས་སྙིང་གཏམ་སྐད་དང་ཡི་གེར་བརྒྱུས།།
གཉེན་ནང་མིར་འཕྲིན་རེས་མང་ཙམ་བགྱིས།།
འཕྲིན་བསྐུར་རེས་བགྱིས་པས་བརྩེ་བ་འཕེལ།།
གཏམ་གླེང་རེས་བྱས་པས་ལྷག་པར་རྒྱས།།
ཞལ་མྱུར་བོར་མཇལ་ན་དགའ་བ་ལ།།
གདུང་མ་འགྱངས་སེལ་ན་ཆོག་པ་ལ།།
ཚུགས་མི་ཐུབ་དྲན་པས་ལུས་སེམས་གཙེས།།
མིག་མཆི་མའི་རྒྱུན་ཐག་བྲང་ལ་སླེབས།།
ང་ཁེར་བོར་རྒྱུ་རུང་ལབ་སྙིང་འདོད།།
མིས་ཉན་འདོད་མེད་ཀྱང་གླེང་སྙིང་བྲོ།།
ཡུལ་རྒྱང་རིང་གཏམ་གྱི་ཐོས་ཚུལ་ལ།།
རྒྱ་དམར་པོའི་བཀག་རྒྱ་ལྷོད་འགྱུར་ཟེར།།
དེ་བདེན་ན་མྱུར་དུ་བདེན་པར་སྨོན།།
བུ་ང་ཡི་ཞེ་འདུན་ཉག་གཅིག་ལགས།།
2016.11.13 ཉིན་བྲིས།
དྲན་པའི་མིག་ཆུ།
ང་དགུའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ནི།
དྲན་པའི་མིག་ཆུ།
ོདོན་བཞིའི་སྐབས་ཀྱི་དབུས་ལམ་ལ་ཕྱིན་པ་ནི།
དྲན་པའི་མིག་ཆུ།
ཉི་སྟོང་བཅུ་གཅིག་ལ་༸གོང་མཆོག་གིས་སྐུ་དབང་སྩལ་པ་ནི།
དྲན་པའི་མིག་ཆུ།
༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ཟིན་ན་ཡང་། རྒྒ་གཞུང་གིས་དབུས་ལམ་མ་སྤྲད་པ་ནི།
དྲན་པའི་མིག་ཆུ།
༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་ཟིན་ན་ཡང་། རྒྱ་གཞུང་གིས་དབུས་ལམ་མ་སྤྲད་པ་ནི།
དྲན་པའི་མིག་ཆུ།
དྲན་པའི་མིག་ཆུ།
་
རིག་གནས་མཛོད་ཁང་རྙིང་པ་། རིག་གནས་གསར་བརྗེས་རྩ་གཏོར་བཏང་ན་ནི།
དྲན་པའི་མིག་ཆུ།
་
དམར་དམག་དམག་གིས། དགོན་གྲངས་དྲུག་སྟོང་ལྷག་པ་གྱང་ཧྲུལ་བཏང་བ་ནི།
དྲན་པའི་མིག་ཆུ།
་
རྒྱ་གཞུང་སྲིད་བྱུས་ཀྱིས། བོད་མི་ས་ཡ་བརྒལ་བ་དམར་གསོད་དང་། སྡུག་ཤི་ཐེབས་སུ་བཅུག་པ་ནི།
དྲན་པའི་མིག་ཆུ།
་
བོད་མཐོ་སྒང་རྔ་པར་དགོན་གཏོར་གྲྭ་བཙུན་ཕྱིར་ཕུད་བཏང་དང་། གཏོང་བཞིན་པ་ནི།
དྲན་པའི་མིག་ཆུ།
་
མདང་རང་རྒྱ་གཞུང་གིས་བཙན་དབང་གིས་འོག་ལ། བོད་བཙུན་སྡིང་ཆའི་སྟེང་ལ། དམར་ཤོག་རྒྱལ་འགྱུ་ར་ཅིག་ཅེས་པ་སོགས། ཁ་ནས་གཞས་དང་བཙུན་ཆས་གྱོན་ནས་འཁྲབ་ཏུ་བཅུག་པ་ནི།
དེ་རིང་གི དྲན་པའི་མིག་ཆུ།
༅༅། བཙུན་གོས་ཕྱིར་ཕུད་བྱས་ནས་དམག་ཆས་གཡོགས།
གཞས་ལ་རང་དབང་མེད་པར་དམར་གཞས་ལེན།
འདི་ནི་བཙན་གནོན་ཡིན་ལ་རང་དབང་མིན།
འདི་བསམ་ན་སེམས་པ་གཏིང་ནས་སྐྱོ།