—ཉག་རོང་དོན་གྲུབ།
ཁ་སང་ཨ་རིའི་སྲིད་འཛིན་གསར་པ་དགྲ་གནོན་ཁྲོཾ་ཕུར་མཆོག་ལ། ཐེ་ཝན་སྲིད་འཛིན་ལྕམ་ཚེ་གཡང་མཱ་ལགས་ཀྱིས་ཞལ་པར་ཕུལ་ནས་འཚམས་འདྲི་ཞུས། ཨ་རི་དང་ཐེ་ཝན་གཉིས་ཀྱི་སྲིད་འཛིན་ཕན་ཚུན་བར་ཁ་ཐུག་ཞལ་པར་གཏོང་སྲོལ་དེ་ཙམ་མེད་པ་མ་ཟད། ༡༩༧༩ལོ་ཨ་རིའི་སྲིད་འཛིན་སོ་དགུ་པ་དམངས་གཙོ་ཚོགས་པའི་ཚོགས་མི། འཇིགས་མེད་ཁ་རལ་ལགས་ཀྱིས་རྒྱ་དམར་པོའི་ངོ་བསྲུང་ནས། རྒྱ་ནག་གཅིག་ལ་རྩ་ཁྲིམས་གཉིས་ཟེར་བའི་ལམ་ལུགས་སྲིད་ཇུས་ཀྱི་འོག་ཏུ། ཐེ་ཝན་རྒྱ་ནག་གི་ཁ་འཐོར་ཞིང་ཆེན་ཞིག་ཡིན་པར་ངོས་འཛིན་བྱས་ཏེ། ཨ་ཐེ་གཉིས་ཀྱི་འབྲེལ་ལམ་མང་པོ་ཞིག་བཅད་ཡོད། འཇིགས་མེད་ཁ་རལ་ལ་༢༠༠༢ལོར་ནོལ་ཝེ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། དེ་ནས་བཟུང་སྟེ། ད་བར་ཨ་ཐེ་གཉིས་ཀྱིས་དངོས་སུ་མཛའ་མཐུན་མཉམ་འབྲེལ་གྱི་ཚོང་རོགས་བྱེད་མ་ཐུབ། ཡིན་ནའང་མཚོན་ཆའི་རིགས་ཁ་ཤས་ལྐོག་འཚོང་བྱེད་བཞིན་ཡོད། ད་ཐེངས་སྲིད་འཛིན་གཉིས་ཀྱིས་ཞལ་པར་བརྒྱུད་ནས། དཔལ་འབྱོར་དང་། ཆབ་སྲིད། བདེ་སྲུང་བཅས་ཀྱི་སྐོར་ལ་མཉམ་ལས་བྱེད་རྒྱུའི་གྲོས་མོལ་བྱུང་ཡོད།
ཐེ་ཝན་ནི་༡༩༤༩ལོར་KMTགོ་མིན་ཏང་མའོ་ཡིས་ཕམ་པར་བཏང་རྗེས། རྒྱ་ནག་ནས་མཚོ་གླིང་དེར་བྲོས་བྱོལ་ལ་ཕྱིན་པ་ཞིག་ཡིན། སྐབས་དེར་གོ་མིན་ཏང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་མང་པོས་ROCརྒྱ་ནག་སྲིད་གཞུང་ཡིན་པར་ངོས་འཛིན་བྱས་ཡོད། ༡༩༧༡ལོར་མཉམ་འབྲེལ་རྒྱལ་ཚོགས་ལ་འགྱུར་བ་ཐེབས་ཏེ། པེ་ཅིང་རྒྱ་དམར་སྲིད་གཞུང་ལ་ངོས་ལེན་བྱས་ཡོད་པ་རེད། ༡༩༧༩ནས་བཟུང་ཝ་ཞིན་ཁྲོན་དམངས་གཙོ་ཚོགས་པའི་གཞུང་འཛིན་སྲིད་གཞུང་གིས་ཀྱང་། རྒྱ་དམར་ལ་བསྟུན་མཁས་དང་ངོ་སྲུང་ཞུས་ཏེ། ཐེ་ཝན་རྒྱ་དམར་གྱི་ཆ་ཤས་ཡིན་ཟེར་བ་ལས། ལོགས་སུ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་རྒྱབ་སྐྱོར་མ་བྱས་པ་རེད། ཡིན་ནའང་། རྒྱ་དམར་གྱིས་ཐེ་ཝན་སྒང་ལ་གོ་མཚོན་དང་དམག་གྲ་སྒྲིག་བྱས་ནས། གལ་ཏེ་ཐེ་ཝན་གྱིས་རང་བཙན་བརྩད་ན་དྲག་གནོན་བྱེད་རྩིས་ཡོད་པ་དེར། ཨ་རིས་བར་འདུག་དང་སེམས་འཚབ་ཡོད་པའི་བཟོ་སྟོན་གྱི་ཡོད་འདུག
གཞན་ད་ཐེངས་ཁྲོཾ་གཡང་གཉིས་ཀྱི་ཞལ་པར་གཏམ་གླེང་དེར། རྒྱ་དམར་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེན་དང་ཉེན་བརྡ་ཡང་བཏང་ཡོད། ཨ་རིའི་ཕོ་བྲང་དཀར་པོ་ནས་ཁྲོཾ་གཡང་གི་གཏམ་གླེང་དེས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་འགྱུར་བ་ཅི་ཡང་མི་འགྲོ་ཞེས་ལབ་འདུག ཞལ་པར་གཏམ་གླེང་དེ་ཚར་རྗེས་མ་གཏོགས་ཕོ་བྲང་དཀར་པོས་ཧ་གོ་མི་འདུག ཁྲོཾ་གྱི་ཕྱི་འབྲེལ་མི་སྣ་ཞིག་གིས་ལབ་ན། ཁྲོཾ་རྒན་ཨ་རིས་ཐེ་ཝན་སྲིད་ཇུས་ལ་དེ་ཙམ་ཐུགས་དགྱེས་ཀྱི་མེད་པའི་རྣམ་འགྱུར་ཡོད་ལབ་འདུག
དཔྱད་བརྗོད་པ་ཁ་ཤས་ཀྱིས། ཁྲོཾ་གྱི་བྱེད་སྟངས་དེ་ཆབ་སྲིད་ལ་ཉམས་མྱོང་མེད་པས་སྐྱོན་ཡིན་ན། རྒྱ་དམར་གྱིས་ད་ཐེངས་ཁོ་ལ་ཀུ་ཡངས་བྱས་ན་བཟང་གི་རེད། དེ་མིན་དགོས་མེད་ཀྱི་རྙོག་དྲ་མང་པོ་ལངས་ཀྱི་རེད་ལབ་འདུག ཡིན་ནའང་། ཁྲོཾ་གྱིས་ཨ་རིས་རྒྱ་དམར་གྱི་ངོ་གདོང་དཀར་ནག་ལ་བསྟུན་ནས་ཐེ་ཝན་ལ་བརྙས་བཅོས་གཏོང་རུང་གི་མ་རེད་ཅེས་གསུང་འདུག དེ་ལྟར་ན། ཁྲོཾ་གཡང་གི་ཞལ་མོལ་དེ་ཐོལ་བྱུང་གི་སྐད་ཆ་ཙམ་ཡིན་པར། ཆ་རྐྱེན་དང་དམིགས་ཡུལ་ཡོད་པའི་བཟོ་མཐོང་གི་འདུག གལ་ཏེ་ཁྲོཾ་གྱིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། བོད་དང་ནང་སོག་སོགས་ཕྱོགས་མང་པོ་ཞིག་ནས། རྒྱ་དམར་ལ་སྔར་བྱུང་མ་མྱོང་བའི་གནོན་ཤུགས་དང་འཇིགས་སྐྲག་གསར་བ་ཅིག་སྟེར་གྱི་ཡོད་འདུག
སྤྱིར་ན་ཨ་རི་ལྟ་བུ་ལ་མཚོན་ན། སྟོབས་ཆེན་རྒྱལ་ཁབ་དང་། རང་དབང་དང་དམངས་གཙོ་གཞིར་འཛིན་བྱེད་པའི་ལུང་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་ཧྲིལ་བོའི་རང་དབང་དང་དམངས་གཙོའི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་གྱི་འགོ་འཛིན་རྒྱལ་ཁབ་དེ་རེད། རྒྱ་དམར་ལྟ་བུ་རང་དབང་དང་དམངས་གཙོ་རྡོག་རོལ་གཏོང་མཁན་ཞིག་ལ། ངོ་སྲུང་དང་བསྟུན་མཁས། ངོ་གདོང་དཀར་ནག་བསྲུང་བསྡད་པ་ཡིན་ན། གོ་ལ་ཧྲིལ་བོའི་རང་དབང་དང་དམངས་གཙོ་ཉམས་དམས་སུ་འགྲོ་བའི་གཞི་མ་ཞིག་ཏུ་འགྱུར་བཞིན་ཡོད། འདས་པའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། ཨ་རིའི་དམངས་གཙོ་ཚོགས་པས་རྟག་ཏུ་རྒྱ་དམར་ལ་བསྟུན་མཁས་དང་། ཚོང་འབྲེལ་རྒྱབ་སྐྱོར་བྱས་ཏེ། མཐར་དེང་གི་རྒྱ་དམར་སྲིད་གཞུང་འདི་བསྐྲུན་ཐུབ་པ་རེད། སྤྱི་མཐུན་ཚོགས་པ་ནི་དེ་ལས་ལྡོག་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་དམར་དང་། དམར་ལུགས་རྒྱལ་ཁབ་གཞན་དང་། ཁྲིམས་འགལ་ལུང་པ་མང་པོ་ཞིག་ལ་ཁ་གཏད་གཅོག་མཁན་གྱི་ཚོགས་པ་ཞིག་ཡིན། ཁྲོཾ་གྱི་སྲིད་གཞུང་དེ་ནི་ཨ་རིའི་ནང་བྱུང་མ་མྱོང་བའི་སྲིད་འཛིན་ཕྱུག་བདག་ཆེ་ཤོས་དང་། གཞུང་འཛིན་མི་སྣ་ཕྱུག་བདག་ཆེ་ཤོས་དེ་ཆགས་ཡོད་འདུག
ཆབ་སྲིད་ཚོགས་པ་གཉིས་ཀའི་ནང་མི་སྣ་འདྲ་མིན་ཡོད་རུང་། སྤྱི་མཐུན་ཚོགས་པའི་ཚོགས་མི་མང་ཤོས་ཕྱུག་བདག་ཅན་ཡིན་པ་དང་། སྤྱི་སེམས་བཅང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་རེད། དམངས་གཙོ་ཚོགས་པའི་ཚོགས་མི་མང་ཤོས་མི་ཚང་དཀྲུས་མ་ནས་མཚར་ལངས་བྱུང་བའི་མི་ཡིན་པ་དང་། གཙོ་བོ་མི་མང་འགུག་ཐབས་ཆེད་སྐྱོ་བོ་ལ་རོགས་རམ་གནང་སྦྱིན་དགོས་རབས་དང་། ཕྱུག་བདག་ཕྱུག་ནས་ཕྱུག་རུ་འགྲོ་དབུལ་བོ་དབུལ་ནས་དབུལ་དུ་འགྲོ་ཟེར་བའི་གཏམ་དཔེ་བཀོད་ནས་སྐད་ཆ་བཤད་ཀྱི་ཡོད།
སྐད་ཆ་འདི་དག་ལ་དགའ་མཁན་མང་ཆེ་བ་ཕྱི་མི་གཞིས་སྤོ་རྣམས་དང་། མི་རིགས་ནག་པོ་དང་ཧཱ་སི་ཕེ་ཉའི་རིགས་རྒྱུད་དག་ཡིན། ཡིན་ནའང་ཨ་རིའི་གཞུང་གི་སྲིད་ཇུས་གཏན་འབེབས་ལྟར་མ་གཏོགས། དམངས་གཙོ་ཚོགས་པས་དམིགས་བསལ་དབུལ་བོ་ལ་རོགས་རམ་ཅི་གང་བྱེད་ཀྱི་མེད། མི་རིགས་དཀར་པོ་མང་ཆེ་བ་ནི་སྤྱི་སེམས་ཅན་དང་། རྒྱལ་ཞེན་ཅན་ཡིན་པས་གཞུང་གིས་ཟུར་བཅད་ཐོབ་ཐང་ལ་དེ་ཙམ་མི་དགའ།
12/03/2016
རྒྱལ་ཁབ་ག་འདྲ་ཞིག་ཡིན་རུང་
སྲིད་འཛིན་དང་སྲིད་བློན་འོས་ཐོབ་
མཁན་ལ་རྒྱལ་ཁབ་ཚང་མས་
དགའ་བསུའི་འཚམས་འདྲི་ཕུལ་
དགོས་པ་དེ་རྒྱལ་འབྲེལ་ཆབ་སྲིད་
ཀྱི་འགྲོ་སྟངས་ཞིག་ཡིན་པ་ལས་
དེའི་རྒྱལ་ཁབ་ཕན་ཚུན་གྱི་མཐུན་འབྲེལ་ལ་དེ་ཙམ་གྱི་འགྱུར་བ་
འགྲོ་མི་ཐུབ་པ་མ་ཟད་ཨ་རྒྱ་ཐེ་
གསུམ་གྱི་ཆབ་སྲིད་འབྲེལ་ལམ་ལ་ནམ་ཡང་བརྡོ་ཕོག་དང་འགྱུར་བ་གང་ཡང་འགྲོ་མི་སྲིད་།
ང་ཚོས་སུ་ལ་རྒྱབ་སྐྱོར་བྱེད་དགོས་སམ། ང་ཚོ་དབུས་ལམ་པ་ཙམ་ལས། ང་རང་བཙན་པ་མིན་པས་་་་
དགྲ་གནོན་ཁྲོཾ་ཕུར དགྲ་གནོན་ཁྲོཾ་ཕུར དགྲ་གནོན་ཁྲོཾ་ཕུར
བོད་པས།
ཨོམ་དགྲ་གནོན་ཁྲོཾ་ཕུརསོ་ཧྰ།།
ཨོམ་དགྲ་གནོན་ཁྲོཾ་ཕུརསོ་ཧྰ།།
ཨོམ་དགྲ་གནོན་ཁྲོཾ་ཕུརསོ་ཧྰ།། ཞེས་འདོན་ཡ་ཉེན་ཁ་འདུག
དེ་བཞིན་དུ།
ཨོམ་ཐེ་ཝན་སྲིད་འཛིན་ལྕམ་ཚེ་གཡང་སྭོ་ཧྰ། །
་་་་་་་་ ཕྱུག་བདག་ཕྱུག་ནས་ཕྱུག་རུ་འགྲོ་དབུལ་བོ་དབུལ་ནས་དབུལ་དུ་འགྲོ་ཟེར་བའི་གཏམ་དཔེ་བཀོད་ནས་སྐད་ཆ་བཤད་ཀྱི་ཡོད། ་་་་་་་་
འདི་ཡང་བདེན་འོང་མི་སྲིད་པ་མིན་པས་་་་ ཀུན་གྱིས་རྒྱང་ལྟ་བྱ་དགོས།
ཨ་རྒྱ་ཐེ་ཝན་ཆབ་སྲིད་དཀར་ནག་ཁྲབ་།
བོད་མིའི་ལས་དབང་བོད་མིའི་སྲུང་ན་དགའ་།
ཨ་རྒྱ་ཐེ་ཝན་ཚོན་ཆའི་ཉོ་ཚོང་སྦྲེལ་།
བོད་མིའི་ལས་དབང་བོད་མིའི་སྲུང་ན་དགའ་།
ཨ་རྒྱ་ཐེ་ཝན་ཆབ་སྲིད་ཟློས་གར་ཁྲབ་།
བོད་མིའི་ལས་དབང་བོད་མིའི་སྲུང་ན་དགའ་།
ཨ་རྒྱ་ཐེ་ཝན་ཆབ་སྲིད་སྔོན་འཐོན་ལ་།
བོད་མིའི་ཆབ་སྲིད་དེ་དང་མགྲན་ནུས་དཀའ་།
མི་སྙོབས་གནམ་ལ་ཕྱོང་ན་མ་གིའི་གཏིང་རྩ་ཆད་།
མ་ཐུབ་ཁྲ་ལ་རྫིང་ན་ནམ་ཁ་བྱ་སྤུའི་ཁེངས་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
བདེན་གཏམ་འདི་རུ་བཤད་ཡོད་དོ་།
གྲོས་མི་ལ་གྱིས། ཐག་རང་གིས་གཅོད། ཟེར་བ་དེ་བདེན་ནོ།།
གྲོས་མི་ལ་དྲིས་ཐག་རང་གི་གཅོད་མ་རེད་དམ་?
ལགས་རེད། གྲོས་མི་ལ་དྲིས་དང་གྱིས་དོན་གཅིག་རེད། ཡིག་སྐད་དུ་གྱིས་དང་ཁ་སྐད་དུ་དྲིས་རེད། ཡང་། མི་ལ་ཞེས་པ་ཁ་སྐད་ཁྱད་མཚར་ཞིག་རེད། འདིར་མི་ལ་ནི། གཞན་ལ་ལ། མི་ལ་ཟེར། ཁྱད་མི་མཚར་རམ། གཞུང་པ་ལགས།
ཨ་རིའི་སྲིད་འཛིན་གསར་བའི་མིང་བོད་པའི་དྲ་རྒྱ་རེ་རེའི་ཐོག་ལ་འབྲི་སྟངས་མ་འདྲ་བ་རེ་ཡོད་པའི་ཁ་ཤས་ཀློག་མི་ཤེས་པ་དང་གོ་བརྡ་ཡང་མི་འཕྲོད་པའི་ཚོར་བ་བྱུང་། ཁྲོཾ་་་་འབྲི་སྟངས་འདི་ཧ་ཀྱང་སྣང་བ་འགྲོ་སོང་།
སྲིད་འཛིན་འོས་ཐོབ་ཁོའི་མིང་ལ་ཁྲམ་པ་ཟེེར། དབྱིན་སྐད་དུ་Trump
ཧ་་ཧ་
དཔའ་བརྗིད་ཆེ་བའི་སྲིད་འཛིན་ཁྲོཾ་ཕུར་གྱིས་ངོ་མ་རྒྱ་ནག་གི་སྐྲང་འབུར་ཐོག་ཏུ་མཛུབ་མོ་བཙུགས་འདུག
ཕོ་ལྷ་བསྭོ། དགྲ་ལྷ་བསྭོ།
བོད་མིས་བོད་ཀྱི་བདག་དབང་ལ་བླང་དོར་ཕྱིན་ཅི་ལོག་ཏུ་ཤོར་བ་རེད། དེ་ནི་ནམ་རྒྱུན་ནང་ཆོས་ནས་གསུངས་བསྡད་པའི་དོན་དེ་ངོ་མ་བོད་པ་ཚང་གི་བདག་དབང་ལ་ཕྱིན་ཅི་ལོག་པ་རེད། ཆོས་ལ་ཕྱིན་ཅི་མ་ལོག་པའི་ཐབས་ཤེས་བྱས་ནས་བོད་པ་ཡོང་རྫོགས་ཆོས་ལུགས་པ་ཞིག་ཡོང་བའི་ཐབས་ཤེས་ལ་བོད་པའི་བླ་ཆེན་རྣམ་པས་དབུ་ཁྲིད་པའི་ཐོག་ནས་རྒྱལ་ཁབ་མེད་པའི་ཆོས་ལུགས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཡོང་བའི་བློས་བླངས་དཀྱིལ་འཁོར་ཟེར་བ་ཞིག་འདུག་པ་དེ་ལྟར་བློས་བླངས་བྱས་ནས་ད་བར་དུས་ཚོད་ཟུམ་པ་རེད།
ཉག་རོང་དོན་གྲུབ—–དབང་ཆེན་ཉི་མ———སྤྲུལ་སྐུ་དབང་ཆེན་ཉི་མ——རྒྱ་རི་སྒྲོལ་མའི་ཚ་བོ—–??????????
མགོ་སེར་དག་ལ་རྐུབ་གཡོག་ཡག་པོ་རྒྱུགས། ཨ་རིའི་དང་རྒྱ་ནག་གི་ཆབ་སྲིད་ལ་ཇུས་གཏོགས་མི་དགོས།
‘This is how you explain Donald Trump to the world’
་
http://www.rfa.org/english/commentaries/trump-democracy-12012016144844.html
་
ཌོན་ནལmཌ་ ཊོམ་ཆབ་སྲིད་ཀྱི་རྙི་ལས་ཐར་དཀའ་ཙམ་མཐོང་།
འདི། ཌོ་ནཱལཌ། ཊརམ། Donald Trump གྱི་སྐད་དོད་ཡག་ཤོས་སུ་གྱུར་པའི་བོད་ཡིག་གི་ཕྱི་མིང་ཞིག་རེད་འདུག
ཌོ་ནལཌ། ཋརམྤ། འདི་དག་ཤོས་སུ་མཐོང་། T ལ་བོད་ཡིག་ཏུ་ཋའི་སྒྲ་ཐོན། ཡིན་འནང་ཁྲ་དང་ཕྲ་ཡང་སྒྲ་གདངས་གཅིག་རུང་། ལེགས་སྦྱར་ལྟར་མིང་བསྒྱུར་དུས་ལོག་ཡིག་དང་འཐུག་པོའི་ཡི་གེ་བེད་སྤྱོད་བཏང་དགོས། Trump མཐའ་མ་དེར་པའི་སྒྲ་གདངས་ཤིག་ཀྱང་དགོས།