ཟླ་བ་གཞོནནུ།
འདི་ནི་རཀ་ར་རིན་པོ་ཆེའི་སྤྲིན་འགྲེལ་གློག་ཕྲེང་མ་བྱ་བར་མ་ཚང་བའི་ཤོ་ལོ་ཀ་དག་རིག་པའི་གྲོགས་པོ་ཞིག་གིས་བསྐུལ་བ་བཞིན་བསྒྱུར་བའོ།།
༥༣
ཁྱོད་ནི་གལ་ཏེ་ཆུ་འཐུངས་བསམས་ན་ལུས་ཕྱེད་ཕྱི་མ་མཁའ་ལས་འཕྱང་བ་ནི།།
ལྷ་ཡི་གླང་བོ་བཞིན་ཏེ་ཆུ་དེའི་ཞིང་ནི་དྲི་མེད་དཀར་བའི་ཤེལ་བཞིན་སྣང་བ་ཉིད།།
ཆུ་བོ་དེ་ལ་ཁྱོད་ཀྱི་གྲིབ་མ་བབས་པས་འཕྲལ་ལ་ཡང་དག་འབྱུང་འགྱུར་མཛེས་པ་ནི།།
ཡ་མུ་ན་ཡི་ཆུ་དང་གངྒཱ་འགྲོགས་པའི་མཛེས་པ་ལས་འོངས་གྱུར་ལ་གནས་མ་ཡིན།།
ཞེས་པ་ནི། ཀྭ་ཡེ་སྤྲིན་པ། ཁྱོད་ནི་ལྷ་ཡི་གླང་བོ་བཞིན་དུ་མཁའ་ནས་ལུས་ཕྱེད་སྔ་མ(ཁོག་སྟོད)་དཔྱངས་ནས་དྲི་མེད་ཤེལ་བཞིན་གཙང་བའི་གངྒཱའི་ཆུ་འཐུང་བར་བསམས་ན་ནི། དེ་མ་ཉིད་དུ་གངྒཱའི་རྒྱུན་ལ་ཤར་བའི་ཁྱོད་ཀྱི་གཟུགས་བརྙན་ལས། གནས་མ་ཡིན་ཡང་(དོན་དུ་གངྒཱ་དང་ཡ་མུ་ན་འདྲེས་ས་ནི་པྲ་ཡཱ་ག་བྱ་བའི་ཡུལ་ཡིན་པས་འདིར་གནས་མ་ཡིན་ཡང་ཞེས་པའོ)ཆུ་བོ་ཡ་མུ་ན་དང་འགྲོགས་པ་བཞིན་དུ་མཛེས་པར་སྣང་ངེས་སོ།། ཞེས་པའོ།།
༥༤
རྡོ་ལེབ་སྟེང་དུ་རི་དྭགས་གནས་པའི་རི་དྭགས་ལྟེ་བའི་དྲི་བཟང་འཛིན་པའི་རྡོ་ལྡན་ཞིང་།།
གངྒཱ་ཉིད་ཀྱི་ཡབ་གྱུར་ཁ་བས་དཀར་བའི་གཡོ་མེད་གངས་ལྡན་དེ་ཉིད་ཐོབ་བྱས་ནས།།
ལམ་གྱི་ངལ་བ་རྣམ་པར་འདུལ་བའི་ཆེད་དུ་དེ་ཡི་རྩེ་ལ་སླེབས་ནས་འདུག་པ་ཡི།།
མཛེས་པ་མིག་གསུམ་པ་ཡི་བཞོན་པ་དཀར་བའི་ཁྱུ་མཆོག་རྭ་ཡིས་འདམ་ནི་བླངས་པ་བཞིན།།
ཞེས་པ་ནི། ཀྭ་ཡེ་སྤྲིན་པ! རི་དྭགས་གླ་བའི་ལྟེ་བ་ལས་དྲི་བཟང་བསྒོས་པའི་རྡོ་དང་ལྡན་པའི་གངྒཱའི་ཡབ་ཏུ་གྱུར་བ་སྟེ་འབྱུང་གནས་སུ་གྱུར་བ་རི་བོ་གངས་ཅན་ཁ་བས་གཡོགས་ཏེ་དཀར་བོར་གྱུར་བ་དེའི་རྩེ་མོར་རང་གི་དུབ་པ་བསལ་བའི་སླད་དུ་ཁྱོད་སྡོད་པར་འགྱུར་ན་ནི། མིག་གསུམ་པའི་བཞོན་པ་གླང་མོ་དཀར་མོས་ས་རྩེད་ལས་གཏོར་བའི་འདམ་ལ་བསྒྲུན་དུ་རུང་བའི་མཛེས་པ་འཛིན་པར་འགྱུར་རོ་ཞེས་པའོ།།
༥༥
དེ་ལ་གལ་ཏེ་རླུང་གིས་རབ་བསྐྱོད་ཐང་ཤིང་ལག་པ་ཀུན་ཏུ་འཐབས་པ་ལས་བྱུང་བའི།།
མེ་ཡི་དུགས་དང་མེ་སྟག་དག་གིས་འབྲོང་གི་དགའ་མའི་སྤུ་ཚོགས་མང་བོ་སྲེག་བྱེད་ན།།
ཁྱོད་ཀྱིས་དེ་རྣམས་ཞི་བའི་ཆེད་དུ་ཆུ་འཛིན་སྟོང་ཕྲག་མང་བོའི་ཆར་ནི་བྱ་བར་འོས།།
གང་ཕྱིར་ཆེན་པོ་རྣམས་ཀྱི་ཕུན་ཚོགས་འབྲས་བུ་མང་བོའི་སྡུག་བསྔལ་ཞི་བར་བྱེད་པ་ཉིད།།
ཅེས་པ་ནི། སྤྲིན་པ! གལ་ཏེ། རླུང་རབ་ཏུ་བསྐྱོད་པས་ཐང་ཤིང་གི་ཡལ་ག་ཕན་ཚུན་གཙུབས་པ་ལས་བྱུང་ཞིང་འབྲོང་གི་རྔ་སྤུ་བསྲེགས་པར་བྱེད་པའི་ནགས་ཀྱི་མེས་རི་བོ་གངས་ཅན་གཙེས་པར་བྱེད་ན་ནི། ཁྱོད་ཀྱིས་ཆུ་རྒྱུན་སྟོང་ཕྲག་ལོང་བ་ཕབས་ནས་དེ་ངེས་པར་ཞི་བར་བྱའོ།། གང་གི་ཕྱིར་ན། སྐྱེས་བུ་ཆེན་པོ་རྣམས་ཀྱི་ཕུན་ཚོགས་ཀྱི་འབྲས་བུ་ནི་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱེད་པ་དེ་ཉིད་དོ་ཞེས་པའོ།། བཀྲ་ཤིས!
སྙན་ཞིང་འཇེབས། ཤིནད་ཏུ་སྙན། ཤིནད་ཏུ་ལེགས།། །།
ཟླ་བ་གཞོན་ནུ། ཐུགས་རྗེ་ཆེ། བུ་རེ་བ་ཅན་རེད། ངའི་དགེ་རྒན་ཞིག་གིས་འགྲེལ་བ་གློག་ཕྲེང་མ་རག་རས་བརྩམས་པ་མ་ཡིན་པར་བསྒྱུར་བ་རེད་ཅེས་གསུངས་སོང་། ཞོར་འཕྲོས་ཤིག་ངས་ཀྱང་སྤྲིན་གྱི་ཕོ་ཉ་ཆ་ཚང་བ་དགེ་རྒན་གཉིས་ཀྱི་མདུན་ནས་ཚར་གཉིས་ཙམ་ཞུས་པ་ཡིན། ད་ལྟ་དྲ་ངོས་ན་གསལ་པོ་ཞིག་མི་འདུག ཚིག་ཕྲེང་ཞིག་ན་སྨད་ཚོང་མ་དག་གིས་བྲག་ཕུག་ན་འགྲོན་པོ་ཚོར་སྒུག་ནས་བསྡད་པའི་སྣམ་པ་ཞིག་བྲིས་ཡོད། སྐབས་ཤིག་ལ་ང་རང་རྡི་ལི་གཞང་ཚོང་ཁང་དུ་འགྲོ་དུས་ཚིག་ཕྲེང་དེ་ཡིད་ལ་ལྦ་ལེར་ཤར་སོང་། གཞང་ཚོང་མ་དག་གིས་སྨག་སྟུགས་པའི་སྐས་འཛེགས་ཀྱི་སྦུག་ན་འགྲོན་པོ་ཚོར་ལག་བརྡ་བཏང་ཏེ་ཕེབས་ཤོག་ཕེབས་ཤོག་ཅེསའཛུམ་གྱིས་བསུ་བར་བྱེད། དངོས་གནས་དེ་ནི་བྲག་ཕུག་ཅིག་དང་འདྲ་ཨང་།
བོད་ལ་སྤྲིན་གྱི་ཕོ་ཉ་ལྟ་བུའི་སྙན་ངག་རྩོམ་མཁན་ཡོད་དམ། ཡོད་ན་གསུང་རོགས། མེད་ན་རྒྱུ་མཚན་ཅི།
སློབ་དཔོན་རྟ་དབྱངས་དང་། རྒྱ་གར་ལེགས་སྐད་ཀྱི་སྙན་དངགས་པ་ཆེན་པོ། ནག་མོ་འཁོལ་གཉིས་ཀྱི་སྙན་ཚིག་ལ་གཅིག་གིས་གཅིག་ལ་ཤན་ཞུགས་མཆིས་གླེང་། སྤྲིན་གྱི་ཕོ་ཉར་བོད་འགྲེལ་སྔོན་བརྩམས་མེད་པ་དང་། ཨ་བླ་ཆེན་པོ་དོར་ཞི་མཆོག་གིས་༡༩༨་ལོར་བརྩམས་པ་དང་། མཁས་པ་ཆེན་པོ་རཀ་ར་རིན་པོ་ཆེས་བསྒྱུར་པ་འམ་བརྩམས་པ་གང་ཡིན་རུང་། སྟོད་ཆ་ལ་ཤློ་ཀ་༦༥་ཡི་ཁ་སྐོང་དུ་བསྒྱུར་པའི་མ་དཔེ་དེ་སྐད་རིགས་གང་དུ་ཡོད་པ་དང་། དཔེ་ཆའི་མིང་ཡོད་པ་ཡང་གལ་ཆེ། དེས་ན། ཚིགས་བཅད་༥༣་ནས་༦༥་བར་ས\ཁ་སྐོང་དང་། སྨད་ཆ་ལ་ཚིགས་བཅད་༥༥མཆིས་པའི་འགྲེལ་པ་ཟླ་བ་གཞོནནུ།མཆོག་གིས་བསྒྱུར་ན་བོད་སྐད་སྙན་དངགས་་རིག་པས་ཕྱུག་པར་འགངས་ཆེར་འགྱུར་རོ།
་
སྙན་ཚིག་དེ་ཆད་ལྷག་མེད་པ་བསྒྱུར་པ་ཞིག་
རང་གི་བྱ་བར་བག་མེད་པ་ཡིས་སྙིང་སྡུག་བྲལ་བས་སྡུག་བསྔལ་ལྕི་བ་དང་།
རྗེ་བོའི་དམོད་པས་ལོ་འཁོར་སྡུག་བསྔལ་མྱོང་བས་ཆེ་བ་ཉིད་ནི་ནུབ་པར་གྱུར།
སྐྱེད་བྱེད་བུ་མོའི་ཁྲུས་ཀྱི་བསོད་ནམས་ཆུ་དངལྗོན་ཤིང་འཇམ་པའི་བསིལ་གྲིབ་ཅན།
དགའ་བྱེད་རི་བོའི་བསྟི་གནས་དག་ཏུ་གནོད་སྦྱིན་གང་ཞིག་གནས་བྱས་གྱུར།། ༡ །།
འདོད་པའི་གདུང་བའི་མི་རྣམས་ལ་སྤྲིན་གྱི་ཕོ་ཉ་འདི་ཡག་པོར་སྣང་བ་ཙམ་ལས་ཧ་ལས་ཧོན་འཐོར་དགོས་པ་ཞིག་ནི་ཚོར་མ་སོང་།
ང་ནི་འདིའི་བརྗོད་བྱ་ལས་རྗོད་བྱེད་ཀྱི་སྒྱུ་རྩལ་ལ་དགའ་མོས་ཆེན་པོ་འདུག
ཇི་སྐད་དུ།
རྰགྷུའི་བདག་པོའི་ཡུལ་གྱི་བསྔགས་པ་གསར་པ་གསེར་གྱི་ཐང་མར་བརྡལ་ན་ཡང་། །
དེ་ཡི་དགྲ་བོའི་གླིང་དུ་ནག་མོ་ཁོལ་པོ་གདོད་མའི་ཁྱིམ་དུ་འདས་སོ་ཞེས། །
སྨྲས་ཏེ་རིག་བྱེད་སྨྲ་རྣམས་གཙུག་ཕུད་གྱེན་དུ་བསྒྲེང་ཏེ་ཚངས་སྐུད་ཀྱིས། །
དགེ་འདུན་ཆོས་འཕེལ་མགྲིན་པ་འགེགས་ཞེས་སྒྲོགས་ལ་འཇིགས་པ་མ་སྐྱེས་སམ། །
༡༽
རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་། །
གནོད་སྦྱིན་འགའ་ཞིག་ལ་ནི་རང་ཉིད་བག་མེད་དབང་གྱུར་མཛེས་མ་སྤངས་ལ་ལོ་ཡི་བར། །
ཡིད་འོང་སྐྱེད་བྱེད་བུ་མོ་ཁྲུས་བྱས་བསོད་ནམས་ཆེ་བ་རྣམས་དང་ཤིན་ཏུ་རབ་མཛེས་པའི། །
རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་རྰ་མི་རི་བོར་སོང་ལ་སྤྱོད་པས་གནས་པར་གྱིས། །
༢༽
ལན་ཅིག་གནོད་སྦྱིན་གང་ཞིག་རང་གི་བགྱི་བ་བག་མེད་དབང་གྱུར་པས། །
རྗེ་བོ་ཁྲོས་པའི་དམོད་པས་མཛེས་མ་དང་འབྲལ་གཟི་བརྗིད་རྒུད་བཞིན་དུ། །
སྐྱེད་བྱེད་བུ་མོས་ཁྲུས་བྱས་གཙང་བའི་ཆུ་དང་ལྗོན་ཞིང་དྲི་བཟང་ཅན། །
རྰ་མའི་རི་བོའི་གནས་སུ་ལོ་ཡི་བར་དུ་གདུང་བ་རབ་ལྗིད་མྱོང་། །
༣༽
རང་གི་བྱ་བར་བག་མེད་པ་ཡིས་སྙིང་སྡུག་བྲལ་བས་སྡུག་བསྔལ་ལྕི་བ་དང་།
རྗེ་བོའི་དམོད་པས་ལོ་འཁོར་སྡུག་བསྔལ་མྱོང་བས་ཆེ་བ་ཉིད་ནི་ནུབ་པར་གྱུར།
སྐྱེད་བྱེད་བུ་མོའི་ཁྲུས་ཀྱི་བསོད་ནམས་ཆུ་དངལྗོན་ཤིང་འཇམ་པའི་བསིལ་གྲིབ་ཅན།
དགའ་བྱེད་རི་བོའི་བསྟི་གནས་དག་ཏུ་གནོད་སྦྱིན་གང་ཞིག་གནས་བྱས་གྱུར།། ༡ །།
༤༽
??????????????
༥༽
!!!!!!!!!!!!!!!!!!!!!!!
རི་དྭགས་བུ་མོའི་ཡབ་དྲང་སྲོང་དང་། རྰ་མ་དགའ་བྱེད་གཉིས་ཀའི་གནས་ལ་སྦྱར་སྲིད། ང་ལ་རྒྱ་དཔེ་མེད་པས་་་་་ དཔྱད་མཐའ་རྫོགས་མེད།
4.
ངོ་ཚ་ཁྲལ་མེད་རང་གི་བག་མེད་བྱས་པས་སྙིང་སྡུག་བྲལ་བས་སྡུག་བསྔལ་ལྕི་བའི་སྒང་། །
རྗེ་བོས་བཀྱོན་ཕབ་གནས་དབྱུང་སྡུག་བསྔལ་ལོ་འཁོར་མྱོང་བས་ལུས་རིད་གཟི་བརྗིད་ཉམས་པར་གྱུར། །
ཤ་ཀུན་ཏྰ་ལེའི་ཡབ་ཀྱི་ཁྲུས་ཀྱི་བསོད་ནམས་ཆུ་དངལྗོན་ཤིང་འཇམ་པའི་བསིལ་གྲིབ་ཅན། །
དགའ་བྱེད་འཁྱམས་པའི་རི་བོའི་བསྟི་གནས་དག་ཏུ་གནོད་སྦྱིན་གང་ཞིག་གནས་བྱས་བྱ་དགོས་བྱུང་།། ༡ །།
་
རྒྱ་དཔེ་མེད་ན་ཡང་། འགྱུར་སྔ་མ་གསུམ་ལ་བརྟེན་ནས་བདག་གིས་འདི་བྱས་པས། རྐྱོན་བརྗོད་དང་དག་བཅོས་ལ་དགའ་བསུ་ཞུའོ།།
སྙན་ངག་སྤྲིན་གྱི་ཕོ་ཉའི་གོ་བ་ལོན་མ་ཐུབ་པ་ནི། བོད་སྐད་དང་སྙན་ངག་གི་སྒྱུ་རྩལ་ལ་སྦྱོང་བ་དེ་ཙམ་སོང་མེད་པའི་རྟགས་རེད།
མུ་མཐུད་སྦྱང་བརྩོན་བྱེད་དགོས་འདུག དཔའ་ཆེན།
འདི་ནི་འཛམ་གླིང་རྩོམ་རིག་ཁྲོད་ཀྱི་རིན་ཆེན་ལྟ་བུར་མཁས་པ་མང་པོས་བརྩི་བའོ།།
སྐྱེ་བྱེད་བུ་མོ་དང་། ཡིད་འོངས་སྐྱེད་བྱེད་ཅེས་པའི་སྐྱེད་བྱེད་དེ། སྐྱེད་པར་བྱེད་མཁན་ཕ་་ལ་དང་། དེ་ཡང་རི་དྭགས་མིག་ཅན་བུ་མོ་སྟེ་དྲང་སྲོང་གིས་སོ།། ཞེས་པ་འདིར་སྐྱོན་བརྗོད་གནངས་རོགས། བྱུང་ན་རྒྱ་དཔེ་འདིར་བཀོད་གནང་མཛོད་དང་། ཞིབ་བསྡུར་བྱ་ཡ་ལ་ཕན་པས་་་་་་་
བྱེད་སྒྲ་ཀྱིས་དང་། འབྲེལ་སྒྲ་གི་དང་། ལ་དོན་ལ་གཅིག་པུས་ཀྱང་། བོད་སྐད་ཆ་ཚང་བ་བཀོལ་སྤྱོད་ཐུབ་པ་འདུག
དཔེར་ན། ང་གི་ ལག་པ་ གཉིས་ཀྱིས་ གློག་ཀླད་ སྒང་ལ་ བོད་ཡིག་ འབྲི་རྩོམ་ བྱས་པ་ ཡིན།
ལྟ་བུ་ལ་སྐྱོན་ཅི་འདུག་གམ། ལགས། ལོ་ཡག་ལགས། ལགས།། །།
སྤྲིན་གྱི་ཕོ་ཉའི་སྐོར་ལ།
https://hi.wikipedia.org/wiki/%E0%A4%AE%E0%A5%87%E0%A4%98%E0%A4%A6%E0%A5%82%E0%A4%A4%E0%A4%AE%E0%A5%8D