ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་།
སྐལ་བཟང་སངས་རྒྱས་སྟོང་གི་ཐུགས་ཀྱི་སྲས་།
ཁ་བའི་ཡུལ་དུ་ལས་སྨོན་རྟེན་འབྲེལ་ཟབ་།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག་།
ང་ཚོ་གཞིས་བྱེས་ཆོལ་གསུམ་བོད་མིའི་མགོན་།
བཅོས་མིན་སྒོ་གསུམ་གུས་པས་གུས་ཕྱག་འཚལ་།
ཆོས་ཀྱི་རྒྱལ་པོ་འཛམ་གླིང་ཞི་བདེའི་མགོན་།
ཇི་སྲིད་འཇིག་རྟེན་ནམ་གནས་དེ་སྲིད་བཞུགས་།
ཉི་འོག་གནས་པའི་ལུས་ཅན་འཚོ་་བའི་མགོན་།
ལྟ་སྒྲུབ་ཀུན་བཏུས་གཞན་ཕན་བྱང་ཆུབ་སེམས་།
ཐོས་བསམ་སྒོམ་གྱི་གནས་ལུགས་ཀུན་ལ་དཀྲོལ་།
དུས་རབས་ཉེར་གཅིག་ཞི་བདེ་འཆམས་མཐུན་བསྐྲུན་།
ནག་ནོག་མེད་པའི་ནོ་ཝེལ་གཟེངས་རྟགས་བཞེས་།
པད་མའི་མཚན་གྱི་ས་གསུམ་འགུལ་དུ་བཅུག་།
འཕགས་ནོར་རིན་ཆེན་བདུན་གྱི་མངོན་པར་བསྟོད་།
བོད་རྒྱ་བདེ་བའི་གཉིས་སྨན་དབུ་ལམ་བསྟན་།
མ་ཤེས་ཆོས་སྲིད་བཀའ་སློབ་གནད་དུ་དཀྲོལ་།
བརྩེ་བའི་སྤྱན་གྱི་འཇིག་རྟེན་ཀུན་ལ་གཟིགས་།
ཚ་གྲང་སྡུག་བསྔལ་སེལ་བའི་བདུད་རྩིའི་ཆོས་།
འཛམ་གླིང་ཡུལ་གྲུ་ཀུན་ལ་འབྲུག་ལྟར་གྲགས་།
ཝ་སྤྱང་དམར་པོ་ཆོས་མེད་ཀླ་ཀློ་ཡང་།
གཞན་ཕན་བྱམས་བརྩེའི་སྤྱན་འོག་རྟག་ཏུ་བཟུང་།
བཟང་སྤྱོད་སྒོམ་བཤིས་བོད་མིའི་སྲོལ་རྒྱུན་རིག་།
འོ་མའི་རྒྱ་མཚོ་ཇི་བཞིན་མ་སྐམ་སྲུང་།
ཡ་རབས་བཟང་སྤྱོད་ཆོས་དང་མ་འབྲེལ་སྐོར་།
རབས་དཀར་བདུད་རྩིའི་ལམ་སྟོན་སྙིང་ལ་གཏིམ་།
ལམ་གྱི་རིམ་པ་བདེན་བཞིའི་གནས་ལུགས་དང་།
ཤེས་ཡོན་སྦྱང་བརྩོན་སྤྱི་སྒེར་མདུན་ལམ་བསྟན་།
ས་ཆེན་འདི་རུ་སྟོན་པ་གཉིས་པར་གྲགས་།
ཧ་ལམ་འཛམ་གླིང་ཧྲིལ་པོའི་བཙུགས་ཏུ་བཀུར་།
ཨེ་མ་འགྲོ་དྲུག་སྡུག་བསྔལ་ཁྱེད་ཀྱིས་སེལ་།
ཁྱེད་རང་གི་རྩོམ་ཡག་པོ་བྲིས་འདུག བཀའ་དྲིན་ཆེ། ཡིན་ནའང་འགོ་བརྗོད་དུ་ཀ་བཤད་མ་བྲིས་རོགས། སྐུ་མཁྱེན། ཀ་བཤད་དངོས་གནས་རྣམས་འཕྲོ་བརླག་བཏང་གི་འདུག
ཐོག་མའི་ཀ་བཤད་དར་ཚུལ་དང་ཀ་བཤད་ཀྱི་གཞུང་ཁུངས་གཏུགས་སའི་ཡིག་ཆ་དེ་འདྲ་ཡོད་ན་འདིར་དྲ་ཐོག་བཀོད་རོགས་གནང་ང་དང་ང་འདྲ་བའི་བླུན་པོ་ཆུ་སྣ་འདྲེན་མཁན་ལ་ཕན་ས་རེད་ཐུགས་རྗེའི་གཟིགས་།
ལྷག་བསམ་རྨ་མེད་དཱངས་པ་ཆེན་པོའི་འོག་།
ལྷག་བསམ་བཟང་པོའི་བྲིས་པའི་ཀ་བཤད་འདི་།
ལྷག་བསམ་ཅན་གྱི་ཐུགས་དང་འགལ་མཆིས་ཚེ་།
ལྷག་བསམ་གཡོ་མེད་བཟོད་སྲོལ་ནན་པོས་ཞུ་།
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
རང་རང་བསམ་ཚུལ་གླེང་སའི་བརྒྱུད་ལམ་མང་།
རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས་།
རང་གི་སྙིང་དུ་གསལ་བ་ཕྱི་འདོན་བྱས་།
བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་ཀྱི་སྲས།།
སྔོན་འཇུག་དགོས།
ད་དུང་ཚེག་དང་ཤད།
སྐལ་བཟང་་་་་་་ བསྐལ་བཟང་
ལྟ་སྒྲུབ་་་་་ ལྟ་གྲུབ་
བརྩེ་བའི་སྤྱན་གྱི་འཇིག་རྟེན་ཀུན་ལ་གཟིགས་། ་་་་་ བརྩེ་བའི་སྤྱན་གྱིས་འཇིག་རྟེན་ཀུན་ལ་གཟིགས་།
བཟང་སྤྱོད་སྒོམ་བཤིས་་་་་གཟིས་ སྲོལ་རྒྱུན་རིག་། ་་་་ རིགས།།
ཧ་ལམ་འཛམ་གླིང་ཧྲིལ་པོའི་བཙུགས་ཏུ་བཀུར་། ་་་་ ཧ་ལམ་འཛམ་གླིང་ཧྲིལ་པོས་་བཙུགས་ཏུ་བཀུར་། །
ཀ་ཕྲེང་ཡིན་མིན་ངས་མི་ཤེས་གབ་ཡན་ཡང་། །
ཁ་བའི་ལྗོངས་ཀྱི་ཡ་རབས་བཟང་སྤྱོད་འདུག །
ག་ལེར་ཀློག་དུས་བརྗོད་བྱ་བཟང་ན་ཡང་། །
ང་ཡིས་རྗོད་བྱེད་འགའ་ལ་དག་ཐེར་ཐལ། །
ནོ་བེལ་དྲན་ཚིག
ཏ་ཐྰ་ག་ཏེའི་བསྟན་འཛིན་ཀུན་གྱིས་བཙུགས་སུ་བཀུར། །
ཐ་ན་རྒྱ་དམར་གུ་དོག་ཀླ་ཀློ་འགའ་རེས་ཀྱང་། །
ད་ནས་ཁྱེད་ལ་སྲི་ཞུ་གུས་འདུད་འབུལ་ངེས་ལ། །
ན་ནིང་ད་ལོའི་བར་ལ་འགྱུར་བ་འགྲོ་ལ་སྐྱིད། །
ཀ་དག་ཏྰ་ལའི་བླག་མ་མཆོག །
ཁ་བ་་ལྗོངས་པའི་སྲོག་སྙིང་ཁྱོད། །
ག་དུས་དྲན་ཡང་དད་གུས་འཕེལ། །
ང་ཡི་དྲན་མཆོག་ཡུན་བརྟན་ཤོག །