ཨ་མྱེས་བྱ་ཁྱུང༌།
མདང་དགོང་གྲོགས་པོ་སྐོར་ཞིག་དང་ལྷན་དུ་ཡར་མར་བཅོ་བརྒྱད་གླེང་ནས་བསྡད། ཆབ་སྲིད་དང་རིག་གཞུང༌། མི་སྒེར་གྱི་སྐོར་སོགས་མང་དུ་གླེང༌། དེའི་ནང་གླེང་བྱ་གཅིག་ནི། བདག་སྒྲ་དང་མིང་མཐའི་པ་བའི་སྐོར་ཆགས་སོང༌། དེར་གྲོགས་པོ་ཁག་ཅིག་གིས། ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ།། བདག་སྒྲ་ཡ་གྱུར་བ་དང་ནི།། ཆ་ལ་པ་ཉིད་སྦྱོར་བ་ལེགས།། ཞེས་པའི་ཚིག་འདི་སྐྱོར་བཞིན་གླེང༌། ཡང་ཁག་ཅིག་གིས་ནི། བྱེད་པ་པོ་དང་བྱེད་མཁན་འདྲ།། གང་ཟག་ཡིན་གྱི་བེམ་སོགས་མིན།། མིང་དང་བྱ་བ་མ་ཕྱེད་ན།། མིང་མཐའི་པ་བ་འདྲ་འདྲེས་ཀྱིས།། བྱེད་ཚིག་བྱ་ཚིག་ངོས་མི་ཟིན།། ཞེས་སོགས་དཀར་ལེབ་དྲུང་ཡིག་གིས་མཛད་པའི་སུམ་རྟགས་དཀའ་འགྲེལ་གྱི་ཚིག་དག་སྐྱོར་བཞིན་གླེང༌། ཡང་ཁག་ཅིག་གིས་ནི། མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་ཐོན་མིའི་ཞལ་ལུང་ནང༌། རྐང་པ། བཅུ་པ། དཀར་པོ། སྙིང་པོ། དང་པོ་སོགས་ལ་པ་ཡེད་ཐོབ་པ་ནི་དཔེ་ཁུངས་དག་རྣམས་སུ་ཇི་ལྟར་འབྱུང་བ་བཞིན་བྲིས་ན་ལེགས་སྐོར་ལུང་དུ་དྲངས་ནས་གླེང༌། མཐའ་མ་དེར་ལྟ་ཚུལ་ཕྱོགས་གཉིས་སུ་གྱེས། དེ་ནི་པ་དང་བ་གང་བྲིས་ཀྱང་དོན་ལ་ཁྱད་པར་མེད་པར་འདོད་པ་དང༌། དེ་གཉིས་འདྲ་འདྲེས་སུ་བྲིས་པས་དོན་ལ་ཁྱད་པར་ཡོད་པར་འདོད་པ་དེ་རེད། འདོད་ཚུལ་ཕྱི་མ་འདོད་མཁན་ཚོས་དཔེར་བརྗོད་གཅིག་བཀོད། དེ་ནི། བཅུ་པ་དང་བཅུ་བ་གཉིས་རེད། བཅུ་པ་ནི་མིང་ཚིག བཅུ་བ་ནི་བྱ་ཚིག་རེད་ཅེས་རྒྱུ་མཚན་བགྲངས། དེར་ཕྱོགས་གཞན་དེས། རྒྱལ་བ་དང་རྒྱལ་པོ་དཔེ་མཚོན་དུ་བཀོད་ནས་ལན་བཏབས། དེར་ཡང༌། རྒྱལ་བ་ནི་བྱ་ཚིག་དང་རྒྱལ་པོ་ནི་མིང་ཚིག་རེད་ཅེས་ལན་བཏབས། ལན་ཕར་འདེབས་ཚུར་འདེབས་མང་དུ་བྱས་ནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་ལམ་རིམ་ཆེན་མོ་དང༌། ལོ་ཤས་གོང་ཆོས་དོན་ལས་ཁུངས་ཀྱིས་ཁུངས་ཐུབ་ཏུ་དཔར་སྐྲུན་དགོས་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་མྱོང་བ་དེའི་སྐོར་ནས་གླེང༌། ད་དུང་ལོ་ཤས་གོང་རྡ་རམ་ས་ལའི་གཞོན་སྐྱེས་མཁས་པ་ཚོས་པ་དང་བ་ཡི་སྐོར་གླེང་བའི་མགོ་མཇུག་དག་གླེང་བར་བྱས་སོ།།
http://www.tibetabc.cn/u/zelongcd/archives/2008/20081121122550.html
རེད་ཡ། ལ་ལས་རྩོམ་པ་པོ་ཟེར། འགའ་རེས་རྩོམ་པ་བོ་འབྲི། པ་པོ་བ་བོ་འདི་ཚོའི་ངོ་རྫོགས། འཆི་གི་ར་མི་འཇུག་གི
འདིར་བདག་སྒྲ་ཡ་ཆའི་སྐོར་ཅུང་ཙམ་ཞུ་བ་ལ།
དང་པོ། བདག་སྒྲ་ཡ་ཆའི་སྐོར་ཞུ་དགོས་པའི་རྒྱུ་མཚན་ནི།
སྤྱིར་རང་རེའི་བོད་འདི་ན་སོ་སོའི་རང་ལུགས་འདི་ཞེས་ཨུ་ཚུགས་མཁན་མང་བ་དང་། དྲང་མོས་དཔྱད་པ་བྱེད་མཁན་ཉུང་
བའི་ཕྱིར། ཐ་ན་བདག་སྒྲ་ལའང་ས་ཕྱོགས་རེ་ན་རང་ལུགས་མི་འདྲ་བ་རེ་དང་། སྦྱོར་ཚུལ་མི་འདྲ་བ་རེ་འདུག དཔེར་ན། ནང་པ་བ། ནང་བ་པ། ནང་བ་བ། ཞེས་པ་ལྟ་བུའོ། ། ད་ལྟ་རྩོམ་འབྲི་མཁན་དང་རྩོམ་སྒྲིག་མཁན་གཉིས་བར་རང་ལུགས་མི་འདྲ་བ་རེ་བྱུང་བས་ཕན་ཚུན་རྙོག་འཛིང་གི་དྲ་བར་ཚུདའདུག ལྷག་པར་ལེགས་བཤད་ལྗོན་དབང་དུ། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་ཡོད་པ་ལ། དེ་འགྲེལ་མཁན་རྣམས་ཀྱིས་དོན་ལོག་པར་བཀྲལ་ནས། ང་ཚོའི་ཁ་དཔེར། བླུན་པོས་འཆུགས་ན་མཐོ་གང་། །མཁས་པས་འཆུགས་ན་འདོམ་གང་། །ཟེར་ཡང་། འདིར་མཁས་བརྒྱས་འཆུགས་ནས་འདོམ་རྒྱ་རུ་གྱུར་ཡོད། སྤྱིར་ལེགས་བཤད་ལྗོན་དབང་ཞེས་པའི་སུམ་བཅུ་བའི་སྡོམ་ཚིག་དེ་དར་ཁྱབ་ཆེ་ཤོས་ཡིན་ཕྱིར་ལོག་འགྲེལ་དེ་ཡང་དར་ཁྱབ་ཆེ་ཤོས་སུ་གྱུརཡོད། དེ་བཞིན་ཨུ་ཚུགས་ཀྱི་དཔེར་བརྗོད་རེ་བཀོད་ནས་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཆེ་ཆུང་ཀུན་ལའང་འགྲེལ་ལོག་འདིས་མགོ་སྐོར་གཏོང་བཞིན་དང་། བོད་ཀྱི་སྐད་ཡིག་ལའང་འདིས་སླད་སྲེ་བཞིན་ཡོད། ཚུལ་འདི་ལ་བསམས་ནས་དྲང་མོའི་སྒོ་ནས་དཔྱད་པ་དང་བཅས་ དོན་ལེགས་པར་བཀྲལ་ནས་ཞུ་རྒྱུ་གལ་ཆེ་ཕྱིར་རོ། །
དོན་ཆེན་ཟབ་མོའི་ལྟ་གྲུབ་འདིར་མེད་ཀྱང་། །དོན་ཆུང་གཞན་གྱི་གསུང་སྒྲོས་རྐུས་པ་མིན། །
བོད་ལ་ད་དུང་བོད་སྐད་དགོས་གྱུར་ན། །གལ་ཆེན་དོན་ཆེན་ཡིན་མིན་ལྟོས་དང་ཤེས། །
གཉིས་པ། གཞན་གྱི་བདག་སྒྲ་ཡ་ཆ་འགྲེལ་ལུགས།
ལེགས་བཤད་ལྗོན་དབང་དུ། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན།།བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བ་ཕལ་ཆེར་འདྲ། །ཞེས་པའི་བདག་སྒྲ་ཡ་ཆ་གཉིས་ཀྱི་དོན་གཞན་གྱིས་ཇི་ལྟར་བཀྲལ་པར་ཞུ་བ་ལ། ཚྭ་སྤྲུལ་དང་། རྡོ་རྗེ་རྒྱལ་བོ། དུང་དཀར་བློ་བཟང་ཕྲིན་ལས་སོགས་མང་བོ་ཞིག་གིས་ཚེག་བར་བརྩིས་ནས། ཚེག་བར་གསུམ་ཅན། ཚེག་བར་ལྔ་ཅན་རྣམས་ལ་བདག་སྒྲ་ཡར་གྱུར་བ་དང་། ཚེག་བར་གཉིས་ཅན། ཚེག་བར་བཞི་ཅན། ཚེག་བར་དྲུག་ཅན་རྣམས་ལ་བདག་སྒྲ་ཆར་གྱུར་པ་ཞེས་འབོད། དཔེར་ན། ཚྭ་སྤྲུལ་གྱིས། གཟུགས་གཞི་ཐང་པོ་དང་། མི་གྱོང་བོ། ཉག་རོང་བ་དང་། རོང་པ། ང་མཐའི་བདག་སྒྲ་ཡར་གྱུར་བོ་དང་། ཆ་ལ་པོ། ཡང་ཡ་ལ་བ་དང་། ཆ་ལ་པ་སྦྱར་བ། ཉེ་པོ་དགའ་པོ་དང་། ཕན་པོ་མདའ་པ་དང་། རྒྱ་མདའ་བ། འ་མཐའི་བདག་སྒྲ་ཡར་གྱུར་བ་ཕྱེད་ཝ་དང་། ཆ་ལ་པོ། ཡང་ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པ་སྦྱར་བ། རྒྱན་ཆ་མཆོར་པོ་དང་། མི་འཕེར་བོ། མིག་ཞར་བ་དང་། གུར་པ། ར་མཐའི་བདག་སྒྲ་ཡར་གྱུར་བོ་དང་། ཆ་ལ་པོ། ཡང་། ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པོ་སྦྱར་བ། མི་དལ་བོ་དང་། སེམས་རྩ་འཁོལ་པོ། བློ་གསལ་བ་དང་། ཚལ་པ། ལ་མཐའི་བདག་སྒྲ་ཡ་ལ་བོ་དང་། ཆ་ལ་པོ། ཡང་། ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པ་སྦྱར་བ། ཁ་བདེ་བོ་དང་། ལག་པ་བདེ་པོ། སེ་ར་བ་དང་། ཉ་པ། མཐའ་མེད་ཀྱི་བདག་སྒྲ་ཡ་ལ་བོ་དང་། །ཆ་ལ་པོ། ཡང་ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པ་སྦྱར་བ་བཅས་ཡིན། ཞེས་སོགས་འཁོད་པ་ལ་གཟིགས་པར་འཚལ།
བདག་སྒྲ་ཡང་བརྗོད་བདེར་བྱས་ན་མི་ཆོག་གམ།
ཨ་ཙི་སྐུ་རྩེད་ཞུས་པ་ཡིན།
བོད་ཀྱི་དུས་བབ་ཀྱིས།འཕར་གྱི་རེད།བྱེད་ཀྱི་ཡོད།བསམ་གྱི་འདུག་ལྟ་བུའི་རིགས་ལ་བརྗོད་བདེར་བསམ་པའམ་མཁས་དབང་རེ་གཉིས་ལ་བཅར་འདྲི་གནང་རྗེས་རང་ལུགས་ལྟ་བུར་བཟུང་སྟེ་དེང་དུས་བོད་ཀྱི་དུས་བབ་ནང་གྱི་སོགས་ཀྱི་ཚིག་སྔ་ཕྱི་འབྲེལ་བའི་འབྲེལ་སྒྲའི་ཚབ་ཏུ་གི་སྒྲ་ཁོ་ན་བེད་སྤྱོད་གནང་གི་འདུག
དེའི་ཐོག་དཔྱད་གླེང་རེ་གནང་ན་བདག་སྒྲར་དཔྱད་གླེང་གནང་བ་ལས་གནད་དུ་སྨིན་པ་ཡོང་གི་རེད་སྙམ།
བོད་ཀྱི་དུས་བབ་ཀྱིས་གི་སྒྲའི་རང་བཙན་སླར་གསོ་གནང་ཡང་།
བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་ཅན་ཚོས་རང་བཙན་ངོས་ལེན་གནང་མི་སྲིད་པ་ཞིག་རེད།
དེར་བརྟེན་བདག་སྒ་གླེང་དགོས་ན་གི་སྒྲ་ཡང་གླེང་བར་ཕེབས་དང་།
དེ་སྐོར་རྩོམ་སྒྲིག་པ་དང་ཐེངས་གཅིག་གླེང་མྱོང་། ཡིན་གཅིག་མིན་གཉིས་བརྡ་སྤྲོད་ཀྱི་གཞུང་གི་ཁྲིམས་དང་འགལ་ནས་འབྲི་མི་ཆོག་ཅེས་མུ་མཐུད་རྒྱག་རེས་བརྒྱབ་ནས་ཡོང་རྒྱུ་མེད། སྨྲ་བརྗོད་རང་དབང་ཟེར་བ་ལྟར། ཁོ་ཚོས་འཕྲད་སྦྱོར་རང་དབང་ཟེར་ནས་མང་པོ་འབྲི་སྲིད། ངོ་ནས་ཡིན་ན་གི་སྒྲ་ལ་དམིགས་བསལ་གྱི་ཐོབ་
ཐང་སྤྲད་པ་ཡིན་ན། གི་སྒྲའི་ནང་མི་དང་སྤུན་ཉེ་གཞན་པ་ཚོས་ཀྱང་རང་དབང་དང་ཐོབ་ཐང་དགོས་ཟེར་ནས་དུས་བབ་ཚང་གི་ལས་ཁུངས་སྒོ་འགྲམ་ནས་སྐད་འབོད་བརྒྱག་སྲིད། དཔེར་ན་གིས་དང་གིན་གཉིས་ཀྱིས་གྱེན་ལངས་དང་སྐད་འབོད་བརྒྱག་ཆོག་ཆོག་བྱས་ནས་ཡོད་པ་རེད། ཀྱི་གྱི་དང་ཀྱིས་གྱིས། ཀྱིན་གྱིན་གྱི་ཚིག་ཕྲད་ལས་ངན་འདི་ཚོའི་དུས་རབས་ཉེར་གཅིག་མ་རྫོགས་སྔོན་ལ་རང་དབང་དང་ཐོབ་ཐང་ཆ་ཚང་ཤོར་འགྲོ་དེ་རེད། ཁྲིམས་འདིའི་ཁུངས་གཏུགས་ས་རྒྱ་མི་བོད་ཡིག་སྦྱོང་མཁན་ཚོས་བོད་ཡིག་སྦྱངས་ནས་མ་ཤེས་པ་དང་། བོད་ཡིག་ལ་རྒྱ་ཡིག་གི་འགྲོ་སྟངས་བསླབ་བཞག་པ་རེད། རྒྱ་ཡིག་ལ་འབྲེལ་སྒྲ་的གཅིག་ལས་མེད་པ་དེ་ལ་དཔེ་ལངས་ནས་བཅོས་བསྒྱུར་བཏང་བ་རེད། རྩ་བརླག་ཏུ་འགྲོ་ཉིན་གྱི་གོང་གི་ཚིག་འཕྲད་དེ་ཚོ་ཛ་དྲག་སྲུང་སྐྱོབ་བྱེད་ཐབས་མེད་པ་འདྲ། མུ་མཐུད་གླེང་འདོད་མེད། མ་ཤེས་པ་ལ་ཡང་ཡང་བཤད་ཆོག་མོད མི་ཉན་པ་ལ་ཐེངས་གཅིག་བཤད་ནའང་མང་དྲགས་པ་རེད།
དེ་སྐོར་རྩོམ་སྒྲིག་པ་དང་ཐེངས་གཅིག་གླེང་མྱོང་། ཡིན་གཅིག་མིན་གཉིས་བརྡ་སྤྲོད་ཀྱི་གཞུང་གི་ཁྲིམས་དང་འགལ་ནས་འབྲི་མི་ཆོག་ཅེས་མུ་མཐུད་རྒྱག་རེས་བརྒྱབ་ནས་ཡོང་རྒྱུ་མེད། སྨྲ་བརྗོད་རང་དབང་ཟེར་བ་ལྟར། ཁོ་ཚོས་འཕྲད་སྦྱོར་རང་དབང་ཟེར་ནས་མང་པོ་འབྲི་སྲིད། ངོ་ནས་ཡིན་ན་གི་སྒྲ་ལ་དམིགས་བསལ་གྱི་ཐོབ་ཐང་སྤྲད་པ་ཡིན་ན། གི་སྒྲའི་ནང་མི་དང་སྤུན་ཉེ་གཞན་པ་ཚོས་ཀྱང་རང་དབང་དང་ཐོབ་ཐང་དགོས་ཟེར་ནས་དུས་བབ་ཚང་གི་ལས་ཁུངས་སྒོ་འགྲམ་ནས་སྐད་འབོད་བརྒྱག་སྲིད། དཔེར་ན་གིས་དང་གིན་གཉིས་ཀྱིས་གྱེན་ལངས་དང་སྐད་འབོད་བརྒྱག་ཆོག་ཆོག་བྱས་ནས་ཡོད་པ་རེད། ཀྱི་གྱི་དང་ཀྱིས་གྱིས། ཀྱིན་གྱིན་གྱི་ཚིག་ཕྲད་ལས་ངན་འདི་ཚོའི་དུས་རབས་ཉེར་གཅིག་མ་རྫོགས་སྔོན་ལ་རང་དབང་དང་ཐོབ་ཐང་ཆ་ཚང་ཤོར་འགྲོ་དེ་རེད། ཁྲིམས་འདིའི་ཁུངས་གཏུགས་ས་རྒྱ་མི་བོད་ཡིག་སྦྱོང་མཁན་ཚོས་བོད་ཡིག་སྦྱངས་ནས་མ་ཤེས་པ་དང་། བོད་ཡིག་ལ་རྒྱ་ཡིག་གི་འགྲོ་སྟངས་བསླབ་བཞག་པ་རེད། རྒྱ་ཡིག་ལ་འབྲེལ་སྒྲ་的གཅིག་ལས་མེད་པ་དེ་ལ་དཔེ་ལངས་ནས་བཅོས་བསྒྱུར་བཏང་བ་རེད། རྩ་བརླག་ཏུ་འགྲོ་ཉིན་གྱི་གོང་གི་ཚིག་འཕྲད་དེ་ཚོ་ཛ་དྲག་སྲུང་སྐྱོབ་བྱེད་ཐབས་མེད་པ་འདྲ། མུ་མཐུད་གླེང་འདོད་མེད། མ་ཤེས་པ་ལ་ཡང་ཡང་བཤད་ཆོག་མོད མི་ཉན་པ་ལ་ཐེངས་གཅིག་བཤད་ནའང་མང་དྲགས་པ་རེད།