སྐྱོ་བྲག་དགའ་དབང་།
ང་སྐྱེ་བའི་དུས་ནི། བོད་ལ་དུས་འགྱུར་བྱུང་སྟེ་མི་དམངས་མུག་གེས་ཤི་མཚམས་ཆད་ཙམ་པ་ཟས་གོས་གནས་མལ་ཆེས་སྐྱོ་བའི་སྐབས་རེད་ལ། ད་དུང་ཕྲུག་གུ་ཆེས་མང་ཞིང་ཕ་མའི་ཁ་ཐབས་ཀྱང་སྐྱོ་བས་མཚམས་རེ་ངའི་ནང་ལ་ཆུ་ཚན་ཙམ་ལས་བཟའ་བཏུང་གཞན་མེད་པའང་ཐེངས་མང་པོ་ཡོང་གི་ཡོད།
ང་རང་ལོ་དགུར་སོན་པའི་སྟོན་ཀ་ནས་ནོར་གྱི་རྫི་བོར་སོང་། ཐོག་མའི་སྐབས་སུ་རི་ལུང་སྟོང་པ་དག་ཏུ་ཁེར་རྐྱང་འགྲོ་དགོས་ཐུག་པ་ན་གཅན་གཟན་གྱིས་ཟ་བའི་འཇིགས་པས་མིག་ནས་མཆི་མ་དབང་མེད་དུ་ཤོར་འགྲོ། ཡང་མི་གཞན་པས་རིག་ན་ངོ་ཚ་སྙམ་ནས་མཆིལ་མ་གདོང་པར་ཡང་སེ་བྱུགས་ཏེ་ངུ་ཤུལ་མེད་པ་བྱེད་ཀྱི་ཡོད། དེས་རྐྱེན་ཏེ་དགུན་ཚེ་གདོང་པའི་པགས་པའང་གྲུག་ཡོང་གི་རེད།
གོས་ཡག་པོ་དང་བཟང་པོ་ནི་ཕ་ཟད་རེད། དབྱར་དགུན་སྟོན་དཔྱིད་ངེས་མེད་དུ་ལྷམ་གཏན་ནས་མེད་པར་རི་ལུང་ཐེངས་མང་བརྒལ་མྱོང་ཡོད་པ་ལས། ལོ་ཞིག་གི་དཔྱིད་ཀའི་ཞོགས་པར་ཁ་ཆར་འདྲེས་མ་དྲག་ཏུ་འབབ་བཞིན་པའི་སྐབས་སུ་སྤྱང་སྟུག་ལ་ཟེར་བའི་རི་ངོགས་སུ་ར་ལུག་འཚོ་རུ་སོང་། རི་འདབས་སུ་ཁ་བ་ཆགས་མི་གདའ་བས་ཅང་མ་སྐྱོན། རི་སྟོད་ཀྱི་ཁ་བ་ཞུ་ལ་ཁད་པའི་ནང་ནས་རྐང་པ་ཤིན་ཏུ་གྲང་བས་ཉེན་ཏེ། ངའི་རྐང་པའི་ཞབས་ལ་རྡོ་ལེབ་རེ་འབྱར་ཡོང་ན་ཅི་འདྲའི་དགའ་བ་ལ་ཨང་། ཡང་ཡང་དྲན་མྱོང་ཡོད། དངོས་གནས་རྐང་ཞབས་སུ་རྡོ་ལེབ་རེ་འབྱར་བའི་དབང་དུ་བཏང་ན་བདེ་བོ་ཁྱོན་ནས་ཡོད་ཀྱི་མ་རེད་དེ། གྲང་ངར་མ་བཟོད་པའི་འུ་ཐུག་གི་རེ་སྨོན་ཙམ་རེད། མྱོང་ཚོར་འདི་གཏན་ནས་རྗེད་དུ་མི་འདུག །
ལྷམ་རེ་ཡོད་པ་ནའང་གཙང་སྦྲ་མ་བྱས་པར་ཡུན་རིང་གོན་པས་ལྷམ་སྣའི་ཕུག་ཏུ་ས་རྡོ་འཚངས་པ་རྡོག་རྡོག་ཆགས་ཡོང་ལ། ལྷམ་སྐུད་པས་བཙེམ་པ་ནི་གྲངས་ཀྱིས་ག་ལ་ཆོད། གཙོ་བོ་ཕ་མས་ཚེམ་ཡོང་གི་རེད་ལ། མཚམས་རེ་ངས་ཀྱང་བཙེམ་གྱི་ཡོད། འོན་ཏེ་གོས་ལྷམ་མེད་པའི་གྲང་ངར་གྱིས་རྐང་ལག་ཆད་དུམ་དང་ཤི་བ་སོགས་མ་བྱུང་བ་ནི་སྐལ་བ་བཟང་།
མི་ཚེའི་འཕོ་འགྱུར་ནི་ཧ་ལས་པ་སྟེ། ད་ལྟར་ང་ལ་བཟོ་གྲྭ་ཆེན་པོ་ནས་བསླེབས་པའི་ལྷམ་གོང་ཆེན་གསུམ་བཞི་ཞིག་ཡོད་པ་ལས་གཅིག་རྒྱ་གར་རྡོར་གདན་དང་། གཅིག་བལ་ཡུལ་ཡམ་བུ། ཁ་ཤས་འབྲས་ལྗོངས་ར་ལང་སོགས་སུ་རང་དགར་བཞག་ཡོད། རྒྱ་བལ་ཚ་བའི་ལུང་པ་ནང་ནས་དགུན་དུས་ལྟ་བུར་མཚམས་རེེ་གྱོན་སྲིད་པ་ཙམ་རེད།
ངའི་བསྐོས་ཐང་འདི་གང་ཡིན་ནམ། དགོས་དུས་མེད། མི་དགོས་དུས་ཡོད། ཅི་འདྲའི་གོ་ལོག་པ་ཞིག་རེད་ཨང།
ཁྱེད་ཀྱིས་མེད་ས་རེ་བཤད་དུས། ཆུ་འཁོལ་ཙམ་འཐུང་ནས་བསྡད་པའི་སྐྱོ་སྣང་གི་འཚོ་བའི་ལོ་རྒྱུས་ཤིག་གདའ།
ཡོད་རབ་ཅིག་བཤད་དུས། ནོར་གྱི་རྫི་བོར་སོང་བའི་ལོ་རྒྱུས་གདའ་བས། ནོར་ཡོད་དུས་ཆུ་འཁོལ་ཙམ་འཐུང་ནས་བསྡད་ཅེས་བཤད་ན་དངོས་འགལ་ལྟ་བུ་མི་འདུག་པས་གཟིགས།
ངས་ལོ་མང་རིང་གི་བསམ་བློའི་ནང་ལ། བོད་ཀྱི་འབྲོག་སྡེའི་ཁུལ་ལ། འགྱིག་ལྷམ་དང་། སྟོད་གོས་མཐུག་པོ་དང་། རྐང་ཤུབ་དང་ལག་ཤུབ་ཁྱབ་སྤེལ་དུ་མ་ཕྱིན་པ་འདི་འདྲ་ཅི་ཡིན་ནམ་སྙམ་ནས་རྒྱ་གཞུང་ལ་ཁོང་ཁྲོ་ཡང་ཟ་མྱོངས། འོནད་ཀྱང། དེ་ཚོ་ཚོང་པ་དང་མི་མང་གིས་བསྒྲུབས་དགོས་པ་ལས། གཞུང་དང་འབྲེལ་བ་ཆེར་མེད།
ང་ཆུང་དུས་དགུན་ཁ་གནམ་གྲང་ངར་ཆེ་སྐབས་ཀྱང་རྐང་ལ་ལྷག་གྱོན་རྒྱུ་མེད་པས་་་སག་རི་་་ཟེར་བ་དེ་མང་པོ་རྒྱག་མྱངས། སག་རི་་་ནི་གྲང་ངར་གྱིས་རྐྱེན་པས་རྐང་པ་དང་ལག་པའི་པགས་པ་སྔོ་ནག་ཆགས་པ་དེ་ལ་ཟེར། དཔྱིད་དུས་དྲོད་སླེབས་ཡོང་དུས་་་སག་རི་་་ཆུ་ལ་སྦངས་རྡོ་ལ་བརྡར་ནས་བཀོག་རྒྱུ་ཡོད་རེད། །
ཨ་ཁ། གྲོགས་པོ་ཚོ་འདི་ཐམས་ཅད་རྒྱ་གུང་ཕྲན་གྱི་བཀའ་དྲིན་ཞེ་གཅིག་ཡིན་པ་ཤེས་པར་བྱེད་དགོས། དེང་སང་ང་ཚོའི་དཔོན་པོ་ཚོས་རྒྱ་དང་མཉམ་གནས་བྱེད་རྒྱུའི་སྐད་ཆ་འདྲ་བཤད་ཀྱི་འདུག་པ་ཁྱད་མཚར་པོ་འདྲ་མི་འདུག་གམ།
༅༅།་དཀའ་སྡུག་གི་སྐོར་བརྗོད་པ་དངོས་བདེན་ལ་སོང་དགའ་བོ་བྱུང།
བོད་ལྗོངས་བོད་མི་རྒྱ་མི་དམར་པོས་བཅོམས།
བཅོམས་པས་མ་ཚད་གཉའ་གནོན་རང་དབང་མེད།
རང་སྣང་གང་ཤར་བོད་མིའི་ཐོག་ལ་སྤྱོད།
བོད་མིའི་ནང་སེམས་ནམ་ཡང་བརྗེ་མི་སྲིད།ྲ
བོད་ཀྱི་བླ་མའི་རྣམ་ཐར་ནང་རྐང་པའི་སྐོར་བྲིས་ཡོད་པ་གཅིག་ནི་རྗེ་མི་ལ་དང་གཞན་པ་ནི་འཇིགས་མེད་རྒྱལ་བའི་མྱུ་གུ་རེད།
མིའི་ཆས་གོས་རིགས་གཞུང་ནང་ལ། ལྷམ་རྙིང་པ་དེ་ཚོ་རིན་གོང་ཆེ་ཡང་། བེད་སྤྱོད་ཆུང་བ་རྐྱང་རྐྱང་བྱུང་ཡོད་རེད། དེས་ན་བོད་ཀྱི་ལྷམ་གོས་ཀྱང་། གང་མགྱོགས་བརྗེས་ན་ཡར་རྒྱས་སུ་ཐོངས་དགོས།
ལྷམ་ཀོག་རྙིང་པ་རྩ་ཆེན་དེ་འདྲ་མགོ་ལ་འཇོག་དགོས་ན་ཀླུ་སྨྱོན་ལ་བསྐུར་དང་ཁོས་ཉར་ཚག་ཡག་པོ་གནང་གི་རེད་གདའ། ཧཧཧཧ་་་་་ཕྱེད་ཀུ་རེ་དང་ཕྱེད་བདེན་པ་ཡིན་ལགས།