(བཙོན་ཁང་ཕྱི་རོལ་གྱི་རྗེས་དྲན།)
རས་པ།
སྐུ་ཞབས་ཞོགས་དུང་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཏེ་གནས་སྟངས་ཅི་འདྲ་ཞིག་གི་ངོར་ཡོད་མེད་མི་ཤེས་པའི་དེ་རིང་ང་ཚོ་འདི་རུ་ལྷན་འཛོམས་གནང་སྟེ་མི་སྒེར་གྱི་ཐོབ་ཐང་ངོས་ནས་རྣམ་འགྱུར་ཞིག་སྟོན་གནང་བཞིན་པ་འདི་ནི་དཔའ་བོར་སྟག་བསྟོད་ཀྱི་རིག་གནས་སླར་གསོན་བྱེད་པ་ཞིག་དང་། ང་ཚོའི་རྩ་ཆེ་བའི་མི་ཞིག་དོན་མེད་བཀག་ཉར་བྱས་པར་མ་འདོད་པའི་རྣམ་འགྱུར་སྟོན་ཆེད་ཡིན། ཚང་མས་མཁྱེན་གསལ་ལྟར་སྐུ་ཞབས་ཞོགས་དུང་ལགས་ཀྱི་ཀུན་སྤྱོད་ནམ་ཁོང་གི་བཤད་སྟངས་ལྟར་ན་མི་གཞི་ནི་སྤྱི་ཚོགས་ལ་སེམས་འཁུར་དེང་ལེན་བྱས་ཡོད་པའི་རླབས་ཆེན་ཞིག་ཡིན་པས་ང་ཚོས་སྐུ་ཞབས་ཁོང་མྱུར་ནས་མྱུར་ཏུ་གློད་གྲོལ་ཡོང་བ་དང་།
ཁོང་གི་རིག་པའི་ཕོ་བྲང་ཏུ་དུས་ནས་དུས་སུ་གཏམས་བཞིན་པའི་རིན་ཐང་བྲལ་བའི་རིག་པ་དེ་དག་མུ་མཐུད་ཐུབ་པར་རེ་བ་རྒྱག་གི་ཡོད།
ཉེ་སྔོན་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་བ་དང་། བོད་མི་དཀྱུས་མ་དང་ཤེས་ལྡན་པ་མང་པོ་རིམ་པས་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་དང་། དམར་གསོད་གཏོང་བཞིན་པའི་ཡ་ང་ཞིང་ཡིད་སྐྱོ་བའི་གནས་སྟངས་ཤིག་རང་རེ་རྣམ་པར་བྱུང་སྟེ་སྐྱེ་རྒུ་མདོའི་རིགས་མཐུན་སྤུན་ཟླ་རྣམས་གཙོས་རང་རེ་རྣམ་པས་རིགས་མ་འདྲ་བའི་སྡུག་བསྔལ་གཉིས་ལ་ཁ་གཏད་གཅོག་དགོས་ཐུག་ཡོད་ཀྱང་། རང་རེའི་མི་ཆོས་རིག་གནས་ཀྱི་རྩ་བར་གྱུར་བའི་སྡུག་ལ་གདོང་གཏད་ཐུབ་པའི་སྤོབས་པ་དེ་ཡིས་ས་ཡོམ་གྱི་འཇིགས་པ་དང་། མི་དང་རྒྱུ་ནོར་ཤོར་བར་གདོང་ལེན་མ་ཐུབ་པའི་གནས་སྟངས་ལས་ཡོལ་ཏེ་བློ་སྤོབས་ཆེན་པོས་མདུན་དུ་བསྐྱོད་ཀྱིན་ཡོད་པས་དཔའ་ངར་ལྡན་པའི་མི་རིགས་ཤིག་གི་རིག་གནས་བག་ཆགས་ཀྱི་རྒྱུན་མ་ཉམས་པར་གནས་ཡོད་པ་ལ་ངོམ་སོར་ཡང་བྱེད་འོས་པ་དང་། སེམས་པ་རྣམ་དག་གིས་འདས་པོ་རྣམས་ལ་མྱ་ངན་དང་།ཤུལ་ལུས་སྤུན་ཟླ་རྣམ་པར་གདུང་སེམས་བསྐྱེད་ཞུ་ནུས་ཞུ་བ་འོས་སུ་ཆེ། ང་ཚོའི་རེ་བ་ནི་སྐྱེ་དགུའི་མདོའི་མི་མང་གིས་མཚོན་པའི་རང་རེ་རྣམས་ཀྱིས་གོད་ཆག་གི་དོན་རྐྱེན་འདི་ནི་འཚོ་གནས་ལ་འདུན་པ་ཉམས་པའི་་རྒྱུ་རྐྱེན་ཞིག་ཏུ་འཁྱེར་མི་རུང་བ་དང་། འཁོར་བར་སྙིང་བོ་མེད་པའི་རིག་པའི་བཤད་སྲོལ་གྱི་བདེན་སྟོབས་ཀྱིས་བློས་གཏོང་གི་ཚོར་བ་སྐད་ཅིག་སྐད་ཅིག་ཏུ་སྐྱེས་པ་ལ་བསྟེན་ནས་འཐུས་ཤོར་ཏུ་འགྲོ་ངེས་པའི་ལམ་ཁར་འགྲོ་བ་ནི་རང་རེའི་བོད་ཀྱི་གནས་བབ་ལ་བལྟས་ཚེ་འོས་སུ་མ་ཆེ། ངས་རང་རེའི་སྲིད་དོན་གོད་ཆག་དང་ས་ཡོམ་གྱི་འཇིགས་པ་སླེབས་པ་འདི་ལྟ་བུའི་རྗེས་སུའང་མི་རྣམས་ཀྱི་དགོངས་པའི་གཏད་སོ་གང་ཏུ་འཁྱེར་དགོས་མིན་ཐད་སྐུ་ཞབས་ཞོགས་དུང་ལགས་ཀྱི་ལྟ་ཚུལ་བརྗོད་འདོད་ཡོད་ཅིང་། དབྱེ་ཞིབ་མཐུན་ཕྱོགས་སུ་འཁྱེར་ཏེ་སྐུ་ཞབས་ཁོང་བཙོན་ཏུ་བཅུག་པར་ཕྱི་ལོགས་ནས་རྗེས་དྲན་ཡང་བྱེད་ཀྱི་ཡིན། སྐུ་ཞབས་ཞོགས་དུང་ལགས་ཀྱིས་བག་ཆགས་རྙིང་པའི་ངོས་ཀྱི་དགྲ་འདྲེ་འཕུར་སྦྱོར་གྱི་དཔུང་ཚོགས་དེ་དག་གནས་སྐབས་སུ་རིམ་པ་བཞི་རུ་ཕྱེས་ནས་རེ་རེ་བཞིན་གཞོམ་གཞིག་གཏོང་དགོས་པར་གསུངས་ཡོད་པ་བཞིན། དེང་གི་དུས་སུ“ཞོགས་དུང་གིས་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས་”དང་།“ཅི་ཞིག་བཤད་བཞིན་པ།” “ཅི་ལྟར་སྙེགས་བཞིན་པ། ”“མཐའ་མའི་ར”བཅས་རིམ་པ་བཞི་ཡི་ཐད་ནས་ཁོང་གི་བརྩམས་ཆོས་ཀྱི་བདེན་པ་ཅི་སྙེད་ཅིག་བརྗོད་པར་འབད་བརྩོན་བྱེད་ཀྱི་ཡིན།
དང་པོ། ཞོགས་དུང་གིས་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས།
བོད་ཀྱི་རིག་གནས་འཕེལ་བའི་ལོ་རྒྱུས་ཁྲོད་དུ་རིག་གནས་ཀྱི་ཤུགས་རྐྱེན་སྤྱི་ཚོགས་སུ་སོང་བའི་ཚད་ཧ་ཅང་གི་མཐོན་པོ་ཡིན་ཡང་། མི་སྒེར་མི་ཇུས་རིག་གནས་ཀྱི་ཤུགས་རྐྱེན་གྱིས་སྤྱི་ཚོགས་ཁྲོད་བསམ་བློའི་དཔུང་ཡོད་པར་བྱས་པ་འབུར་དུ་ཐོན་མེད།
ཕྱི་ལོ་༡༩༩༧་ལོར་སྐུ་ཞབས་ཞོགས་དུང་གིས<<མཚོ་སྔོན་བོད་ཡིག་གསར་འགྱུར་>>སྟེང་<<འཕག་འཚག་གི་ང་རོ་>>བཏོན་པ་ནས་བོད་ཀྱི་སྤྱི་ཚོགས་སུ་རྣམ་པ་གསར་བའི་རིག་གནས་དགག་བཞག་གི་ལམ་སྲོལ་ཞིག་ཐོན་ཡོད་པ་དང་།
ལམ་སྲོལ་དེ་ཉིད་ཀྱིས་ཐོག་མར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་དུ་ཆགས་པའི་དགོན་སྡེ་ཁག་དང་།རིག་གནས་ལས་རིགས་གཉེར་བའི་སྤྱི་ཚོགས་སྟེང་གི་མི་སྡེ་ཁག་ཅིག་ལ་ཤུགས་རྐྱེན་སྤྲད་དེ་རིག་གནས་དགག་སྒྲུབ་ཀྱི་ཚ་རླབས་ཆེན་པོ་འཕྱུར་ཡོད།
ཚ་རླབས་འདི་ཉིད་ནི་བོད་ལ་མཚོན་ན་ས་རྒྱ་ཧ་ཅང་ཆེན་པོའི་ངོས་ནས་བྱུང་སྟེ་བོད་ཀྱི་རིག་གནས་འཕེལ་རིམ་གྱི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་གྱུར་ཡོད། སྐད་གྲགས་ཅན་གྱི་རྩོམ་ཡིག་<<འཕག་འཚག་གི་ང་རོ་>བཏོན་པ་ནས་རིམ་པས་<<གངས་རྒྱན་མེ་ཏོག་>སོགས་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་ཐོན་པ་དང་། རྩོམ་ཡིག་དེ་དག་ཕྱོགས་བསྡུས་ཀྱིས་ཕྱི་ལོ་༢༠༠༡ཟླ༧པར་ལོར་ཀན་སུའི་མི་རིགས་དཔེ་བསྐྲུན་ཁང་གིས་སྐུ་ཞབས་ཞོགས་དུང་ལགས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ཐོག་མ་<<དཔྱོད་ཤེས་རྒྱང་འབོད་>>པར་བསྐྲུན་བྱས། དེ་ལ་བརྟེན་ནས་རིག་གནས་དགག་སྒྲུབ་ཀྱི་ལས་ལ་འཇུག་པའི་སྡེ་ཁག་གཉིས་བྱུང་ཡོད་པ་དང་། དེ་ལས་གཅིག་ནི་རབ་བྱུང་གྲྭ་བ་དང་།གཅིག་ནི་སྤྱི་ཚོགས་སྟེང་གི་ལས་ཞུགས་མི་སྣ་ཧ་ཅང་ཉུང་ཤས་ཏེ་སྐུ་ཞབས་ཞོགས་དུང་སོགས་ཡིན། འོན་ཀྱང་།ཕྱོགས་ཁག་གཞན་ཞིག་འཚར་ལོངས་བྱུང་བ་ནི་སློབ་ཆེན་སློབ་མ་དང་རབ་བྱུང་བའི་སྡེ་ནས་སྒྲུབ་ཕྱོགས་སུ་གཏོགས་པ་དང་། གདམས་གསེས་ཡོད་པའི་ལྟ་སྟངས་སྤྱོད་པའི་སྡེ་ཚན་ཞིག་བྱུང་བ་དེ་རེད། སྐབས་འདི་རུ་རིག་གནས་དགག་བཞག་གི་ལམ་ཁར་ནོར་འཁྲུལ་ཚབས་ཆེན་ཐེབས་པའི་བལྟས་ཤིག་ཀྱང་ཐོན་ཏེ་མི་སྒེར་གྱི་གཟུགས་པོའི་རྣམ་པ་སོགས་ལ་ངན་འཚང་འདྲི་བའི་ཡིག་ཚོགས་ཁ་ཤས་ཀྱང་ཐོན་ཡོད། སྤྱི་ཡོངས་ཀྱི་ཆ་ནས་<<འཕག་འཚག་གི་ང་རོ་>ཀྱིས་མི་སྡེའི་སྤྱི་ཚོགས་སུ་རང་དབང་གི་བསམ་གཞིགས་བཏང་ཡོད་པ་དང་། མིའི་རང་དབང་གི་འདུ་ཤེས་བཙལ་ཏེ་མཐའ་རུ་གཏུགས་ཡོད། དེའི་རྐྱེན་གྱིས་<<འཕག་འཚག་གི་ང་རོའི་ >>ཁྲོམ་རྭ་རྒྱ་ཆེན་པོར་གྱུར་ཡོད་པ་དང་།མཚམས་ལན་རེར་ལྟ་ཚུལ་མ་འདྲ་བ་དང་ལྟ་བ་མ་འདྲ་བ། ལངས་ཕྱོགས་མ་འདྲ་སོ་སོས་རང་རང་ས་ནས་རང་བསྟོད་གཞན་དམོད་ཀྱི་ལས་བགྱིས་ཏེ་མིའི་རང་དབང་གི་འདུ་ཤེས་འགོག་བྱེད་རིག་གནས་(<<དཔྱོད་ཤེས་རྒྱང་འབོད་>>ལས གང་ལ་ངོས་བཟུང་བ་དེ་ཉིད་ཡང་དག་པར་བསྒྲུབ་པའི་གནས་ཚུལ་བྱུང་ཡོད་ཅིང་། དེ་ཡི་དཔེར་མཚོན་ནི་ལས་འབྲས་ཁས་མི་ལེན་པར་སྨྲ་བའི་རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་ནང་པ་སངས་རྒྱས་པས་ཕྱི་རོལ་བ་ཞེས་མིང་འདོགས་བྱས་ཡོད་པ་དེ་དག་འགོག་པ་ལྟར་ཐོན་ཡོད་པ་སོགས་ཡིན། <<དཔྱོད་ཤེས་རྒྱང་འབོད་>ལ་རྟེན་འབྱུང་གི་འབྲེལ་བ་བྱུང་བའི་དཔེ་དེབ་ནི་གྲངས་མང་བྱུང་ཡོད་པ་དང་། དེ་ལས་དགག་ཕྱོགས་ཀྱི་དཔེ་དེབ་ནི་གྲྭ་བ་དང་། དགེ་རྒན། ལས་རིགས་སྣ་མང་བྱེད་མཁན་བཅས་ཀྱི་མིང་གནས་འཛིན་པ་སོགས་ཀྱིས་བཏོན་པའི་དེབ་དང་རྩོམ་ཡིག་སོགས་རག་རྩིས་བྱས་ན་བཞི་བཅུ་མ་བརྒལ་བ་ཡོད་པ་དང་། རྩོམ་ཡིག་དེ་དག་ནི་རྩོམ་ཡིག་ལྟར་བྲིས་ཡོད་མེད་དང་། རིག་གནས་དགག་སྒྲུབ་ཀྱི་ལུགས་སུ་བྱས་ཡོད་མེད་ནི་གླེང་བའི་དགོས་པ་མ་མཆིས། དགག་ཕྱོགས་ཀྱི་རྩོམ་ཡིག་དག་ལས་ཡོངས་ཁྱབ་སམ་གཙོ་རྒྱུགས་ཅན་གྱི་བྲིས་རྩོམ་མ་བྱུང་བར་གྲངས་ཙམ་གྱི་ངོར་གནས་ཡོད་པར་བཤད་ཆོག
སྒྲུབ་ཕྱོགས་ཀྱི་དཔེ་དེབ་དང་རྩོམ་ཡིག་རང་རེའི་སྤྱི་ཚོགས་སུ་ཧ་ཅང་བྲིན་པོ་བྱུང་ཡོད་པ་དང་།
གནས་ཚུལ་འདི་ལ་བརྟེན་ནས་རིག་གནས་ལོ་རྒྱུས་ཁྲོད་དུ་མི་ཇུས་རིག་གནས་ཀྱི་སྒྲོམ་གཞི་ཅུང་འཐུས་ཚང་ཅན་དུ་མགོ་ཚུགས་པར་སྟོབས་ཤུགས་དང་ལྡན་པར་བརྗོད་མ་ཆོག་པ་མེད།
<<དཔྱོད་ཤེས་རྒྱང་འབོད་> དང་རྟེན་འབྱུང་གི་འབྲེལ་བ་བྱུང་བའི་དཔེ་དེབ་གྲགས་ཅན་ཁག་ཅིག་ཡོད་པ་ནི་ཞོགས་དུང་ལགས་ཀྱི་གཙོ་སྒྲིག་གནང་བའི་<<བདག་དཔེ་ཚོགས་>>དང་མེ་ལྕེ་ལགས་ཀྱི་གཙོ་སྒྲིག་གནང་བའི་<<བླ་དཔེ་ཚོགས།>རྒྱ་ནག་གི་གསར་ཤོག་སྐད་གྲགས་ཅན་ལྔ་བཞིའི་ལས་འགུལ་སྐབས་བྱུང་བའི་<<.ན་གཞོན་གསར་བ་>>དང་མཚུངས་བསྡུར་བྱེད་པ་དང་བྱས་མྱོང་བའི་<<ཤར་དུང་རི་>>དང་དམངས་ཁྲོད་རང་བཞིན་གྱིས་དུས་དེབ<<དུས་རབས་ཀྱི་ང་>>སོགས་མང་དག་ཅིག་བྱུང་ཡོད་པ་དང་། <<དཔྱོད་ཤེས་རྒྱང་འབོད་>བྱུང་བ་ནས་བོད་ཀྱི་མི་ཇུས་རིག་གནས་ཐད་ཀྱི་རྩོམ་ཡིག་གྲངས་འབོར་ཧ་ཅང་མང་པོ་བྱུང་སྟེ་བོད་ཀྱི་སྤྱི་ཚོགས་སུ་རིག་གནས་གསར་བའི་ཁ་ཕྱོགས་སུ་སྙེགས་པའི་གསར་རྩོམ་མི་ཉུང་བ་ཞིག་བྱུང་ཡོད།
རྩོམ་པ་པོ་མེ་ལྕེ་ལགས་ཀྱིས་སྐུ་ཞབས་ཞོགས་དུང་ལ་“བློ་འབྱེད་བསམ་བློ་བ་”ཞེས་ངོས་འཛིན་གནང་ཡོད་པ་དང་། ཞིབ་མོར་དཔྱད་ན་སྒོ་ཤེར་ལགས་ཀྱི་<<ད་ང་ཚོ་སད་རན་>>དང་།
སེང་རྡོར་ལགས་ཀྱི་<<རྟུལ་ཕོད་>>སོགས་མང་དག་ཅིག་ཀྱང་<<དཔྱོད་ཤེས་རྒྱང་འབོད་>>སོགས་ཀྱི་རྒྱུད་དུ་ངེས། སྒྱུ་སྩལ་བ་ཆེན་མོ་སྐུ་ཞབས་སྨན་བླ་སྐྱབས་ལགས་ཀྱིས་གསུང་རྒྱུར་“དུས་རབས་ཉེར་གཅིག་གི་ལོ་རབས་དང་པོ་ནི་སྐུ་ཞབས་ཞོགས་དུང་ལགས་ཀྱི་འབོལ་རྩོམ་གཙོ་བོ་ཡིན་པའི་རིག་གནས་དགག་སྒྲུབ་ཀྱི་ལོ་རབས་ཤིག་སྟེ། སྐབས་འདིར་འབོལ་རྩོམ་ཙམ་དུ་མ་ཟད། སྒྲུང་གཏམ་དང་། དྲན་ཐོ། དྲ་རྩོམ་སྣ་ཚོགས།
ཟློས་གར་རྩོམ་རིག
ད་དུང་སྙན་ངག་ཉུང་ཤས་ཤིག་བཅས་ལའང་རིག་གནས་ཕྱིར་རྟོག་གམ་དགག་སྒྲུབ་ཀྱི་བྲོ་བ་ཞིག་འཁྱིལ་འདུག་ལ་བོད་ལའང་རང་དབང་རྩོམ་པ་པོའི་དཔུང་སྡེ་ཞིག་ཆགས་པའི་སྟ་གོན་བྱས་སྙམ།”
ཞེས་བོད་ལ་“དགག་སྒྲུབ་རིག་གནས”དར་བའི་མགོ་ཚུགས་ཚུལ་བརྗོད་ཡོད། སྐུ་ཞབས་ཞོགས་དུང་ལགས་ཀྱིས་ད་བར་དཔེ་དེབ་བཞི་བརྩམས་གྲུབ་སྟེ་བཏོན་པ་ལས་བཀྲམ་གྲངས་ཀྱི་མྱུར་ཚད་ཐད་ནས་ཚོད་དཔག་གིས་བལྟས་ན་<<གནས་ས་གོ་འབྱེད་>རྒྱལ་མཚམས་ནས་རྒྱལ་མཚམས་བརྒལ་ཏེ་མགྱོགས་མྱུར་གྱིས་སོང་ཡོད་པ་དང་། སྤུས་གཟིགས་ཀྱི་གྲངས་འབོར་ཐད་ནས་<<དཔྱོད་ཤེས་རྒྱང་འབོད་>>བོད་ཀྱི་ངོས་འཛིན་ལྟར་ན་མི་སྤྱིར་བཏང་བའི་བརྩམས་ཆོས་ལས་ཆེས་མང་ཤོས་ཆགས་ཡོད།
ཚང་མས་མཁྱེན་གསལ་ལྟར་ཞོགས་དུང་ལགས་ནི་གནའ་བོའི་ཕོ་ལ་ཏྲི་(Plato)དང་། སོ་གི་ར་ཏྲིས(Socrates)བཞིན་སྤྱི་ཚོགས་ཀྱི་ནང་དུ་བློ་འབྱེད་མཁན་དང་། ལྟ་ལོག་པ་ལྟ་བུའི་ངོས་འཛིན་ཕྱོགས་རེས་པ་ཅན་ཞིག་ཡིན།
གཉིས་པ།
ཅི་ཞིག་བཤད་བཞིན་པ།
དེ་སྔ་སྲོལ་རྒྱུན་མཁས་ཆེན་རྣམ་པའི་གསུང་ཟུར་རེ་འགར་མི་ཇུས་ཀྱི་གནས་ལུགས་ཕྲ་མོ་རེ་ཐོན་ཡོད་ཀྱང་། དེ་དག་མཁས་ཆེན་རྣམས་རང་ཉིད་རིགས་པའི་གཞུང་ལུགས་གང་གི་ལྟ་གྲུབ་ལ་དེང་ལེན་བྱེད་པོ་ཡིན་པ་དེ་ཉིད་ཀྱི་དབང་གིས་གསལ་བོ་དང་ཆ་ཚང་བ་ཐོན་མེད་པ་དང་། བཙན་པོའི་སྙིང་སྟོབས་ཀྱི་རིག་གནས་རྣམ་གྲངས་ཤིག་གིས་“སུམ་ཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྡུས་”ཞེས་བཤད་ཤོམ་བྱས་པའི་ཆེ་བརྗོད་རེའང་ཡོད་པ་ལ་ངོ་མ་གནོངས་པ་ཡོད་ཀྱང་། ལོ་རྒྱུས་རིག་པའི་བབ་ལས་ཕྱི་རབས་པའི་གསིལ་ཏེ་ལེན་དགོས་པའམ་དགེ་སྒྲུབ་ཀྱི་ལམ་ཕྱོགས་དང་མི་ཇུས་ཀྱི་རིག་སྲོལ་འདྲེས་ཤིང་འཛིངས་ཏེ་སྟབས་བདེ་བ་ཡོང་མེད ལྷག་པར་ཏུ་རང་རེའི་སྲོལ་རྒྱུན་རིག་གནས་ཁྲོད་དུ་མིའི་རྩིས་ཐང་ནི་“སེམས་ཅན་ཐམས་ཅད་མ་རུ་མ་གྱུར་བ་མེད་”ཅེས་ཆོས་ལུགས་ལྟ་ཚུལ་ལྟར་གྱི་ཀུན་སྙོམས་བྱམས་བརྩེའི་བཤད་སྲོལ་ཅིག་ལས་སྤྱི་ཚོགས་ཀྱི་དོན་དངོས་དང་གཏོང་གཏད་པའི་“རང་དབང་འདྲ་མཉམ་” དང་“འདྲ་མཉམ་རང་དབང་”གི་ཡིད་བྱེད་གླེང་མི་ཐུབ་ཅིང་། མིའི་སེམས་གཤིས་ཀྱི་དོན་དངོས་སམ་རང་ཚུགས་ཅན་གྱི་ལྟ་ཚུལ་ཕྱིར་མངོན་པར་བགེགས་དང་བར་ཆད་ཧ་ཅང་མང་། དེ་ལས་ཀྱང་དེ་སྔའི་སློབ་གསོའི་རིག་གནས་སམ་“ཐོས་བསམ་”གྱི་ལམ་ཕྱོགས་སྐབས་སུ་“སློབ་པ་བས་”དགག་སྒྲུབ་སྤངས་ཏེ་ངོས་ལེན་དང་པོ་བྱས་ཤིང་དཔྱད་པ་རྗེས་སུ་ཡོང་དགོས་པ་གསལ་བོ་ཡིན།
སྐུ་ཞབས་ཞོགས་དུང་ལགས་ཀྱི་རིག་གནས་ལས་མིའི་རང་དབང་གི་སེམས་ཁམས་འཚར་ལོངས་བྱུང་སྟངས་བརྗོད་ཀྱི་ཡོད་པ་དང་། རང་ཉིད་ནས་མགོ་རྩོམ་པ་དང་རང་ཉིད་རང་ལ་དབང་བའི་མི་ཇུས་ལམ་ཕྱོགས་གཙོར་བརྗོད་བྱེད་ཀྱི་ཡོད།
ཁོང་གི་བརྗོད་སྟངས་ལྟར་ན་མི་ཇུས་འདི་དེང་ལེན་བྱེད་དགོས་པའི་སེམས་ཅན་དེ་ལ་“བདག་”ཅེས་ཟེར་ཞིང་། བདག་གི་ཁྱད་ཆོས་སུ་བསྐྲུན་པའི་རིག་གནས་གང་ཡིན་པ། དཔེར་ན་ཤེས་ཡོན་དང་ཀུན་སྤྱོད། རང་དབང་། མདོར་ན་མིའི་བསམ་པའི་འཁྱེར་ཕྱོགས་ཆ་ཚང་“བདག་”གི་དོན་དུ་ཡིན་དགོས་པ་དེ་རེད། བདག་ནི་མདུན་ནས་མདུན་དུ་བསྐྱོད་དགོས་ཤིང་། མཇུག་མ་རྫོགས་པའི་གཏམ་ཅིག་གི་བརྗོད་དོན་བཞིན་མུ་མཐུད་ནས་བདག་གི་འཚོ་བ་ལ་འཇུག་དགོས། ཁོང་གིས་འདི་ལྟར་རེ་བ་བྱས་ཤིང་སྙིང་སྟོབས་མ་དོར་བར་ཡོད། ལྷག་པར་ཏུ་ཁོང་གིས་“དོགས་སློང་”དང་“ལྟ་ཚུལ་”ནི་དཔྱོད་ཤེས་ཀྱི་ཆ་རྐྱེན་གལ་ཆེན་དུ་བརྩིས་ཡོད་པ་དང་། དོགས་སློང་དང་ལྟ་ཚུལ་ཡོད་དགོས་པ་དང་ཡོད་ཆོག་པའི་ལྟ་ཚུལ་འཛིན་གྱི་ཡོད། དེ་སྔའི་བོད་ཀྱི་ཐོས་བསམ་ལམ་ཕྱོགས་ཁྲོད་དུ་“བླ་མས་ཅི་གསུང་ཆོས།། མཛུབ་གུ་གར་བསྟན་ཤར།། ”ཞེས་པའི་བཤད་སྲོལ་ལམ་རྩ་འཛིན་ཞིག་ཡོད་པ་དང་སྐུ་ཞབས་ཁོང་གིས་ཀྱང་འདི་ཉིད་དྲངས་ཡོད། མ་མཐའི་ཚད་གཞིའི་ཐད་ནས་ཁོང་གིས་བྱིས་པའི་མཚར་སྣང་བསྐྱེད་བསྲིངས་བྱེད་པ་ནས་མིའི་དཔྱོད་ཤེས་ཀྱི་བློ་ཁ་རང་དབང་གིས་སླེབས་དགོས་པར་བརྗོད་ཀྱི་ཡོད་པ་དང་། འདི་ཉིད་ནི་ད་གཟོད་འཁོར་བ་ལ་སྙིང་བོ་ཡོད་པར་བྱེད་པ་དང་། དོན་དང་ལྡན་པ། འཕེལ་རྒྱུས་ཀྱི་རྩ་བ་ཡིན་པར་བརྗོད་ཀྱི་ཡོད། འོན་ཀྱང་། ངས་རང་རེའི་གཙོ་རྒྱུགས་རིག་གནས་ནང་པའི་ཆོས་ཀྱི་ཐད་ནས་ཆོས་དང་ཆོས་མིན་གྱི་དབྱེ་བ་གསལ་བོ་མ་ཤེས་བར་དུ་སྐུ་ཞབས་ཞོགས་དུང་གིས་ཆོས་ལ་དགག་གི་ཡོད་མེད་བཤད་པའི་གདེངས་མ་རྙེད།
གསུམ་པ།
ཅི་ལྟར་སྙེགས་བཞིན་པ།
བོད་མི་ཚོར་ཤ་འདྲེས་བག་འདྲེས་སུ་སོང་བའི་གཙོ་རྒྱུགས་རིག་གནས་ནི་ཆོས་ལུགས་ཡིན་པ་དང་། ལོ་རྒྱུས་དང་ཚིག་རྒྱན་རིག་པ། གསོ་རིག་དང་སྐར་དཔྱད་ལྟ་བུའི་སྤྱི་ཚོགས་ཚན་རིག་གི་ཁོང་སུ་གཏོགས་པ་དེ་དག་ཀྱང་ཆོས་ལུགས་ཀྱི་ཆ་ཤས་ལྟ་བུར་ཆགས་ཏེ་ལོ་ངོ་སྟོང་ཕྲག་མང་པོར་འབྲེལ་འདྲིས་བྱས་པས་བོད་མི་ཚོས་རིག་གནས་བྱེ་བྲག་པས་བསྐྱེད་པའི་བག་ཆགས་འདི་་ལས་སླ་བོར་དོར་མི་ཐུབ་པ་ཧ་ཅང་གསལ་བོ་ཡིན། ལོ་རབས་བརྒྱད་ཅུ་བའི་ནང་དུ་དཔལ་དོན་གྲུབ་རྒྱལ་ལགས་ཀྱིས་ <<སྤྲུལ་སྐུ་>>དང་<<རྐང་ལམ་ཕྲ་མོ་>>སོགས་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་བོད་ཀྱི་སྲོལ་རྒྱུན་སེམས་ཁམས་སམ་བག་ཆགས་རྙིང་བའི་རིགས་སུ་རྒོལ་བ་བཏང་ཞིང་། འབྲོང་བུ་ཚེ་རིང་རྡོ་རྗེ་ཡིས་ཀྱང་བོད་ཀྱི་ཆོས་དད་སེམས་ཁམས་སམ་བག་ཆགས་སྙིང་བ།
དཔེ་སྲོལ་རྙིང་བ་སོགས་ལ་རྒྱུད་ལམ་འདྲ་མིན་ནམ་གར་སྟེགས་འདྲ་མིན་གྱི་སྟེང་ནས་དགག་པ་བྱས་ཡོད། ལྷག་པར་ཏུ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱི་<<སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་>>ནི་རིགས་པའི་གཞུང་ལུགས་ཀྱི་གཙོ་ཚིག་བྱེ་བྲག་པ་གནད་དུ་བཟུང་ནས་ལྟ་སྟངས་རྙིང་བར་རྒོལ་བ་བཏང་ཡོད་པ་ཞིག་ཡིན། དེ་དག་གང་ཡིན་ཡང་། རྩོམ་པ་པོ་རང་ཉིད་ལ་ངེས་ཟིན་ཐོབ་པའི་གནས་ལུགས་གཙོ་བོར་བརྗོད་པ་ལས་བརྗོད་སྲོལ་ནི་རང་བཞིན་པ་ཡིན་པ་དང་། དུས་སྐབས་དང་བསྟུན་པའི་སེམས་ཁམས་རང་བཞིན་པ་ཞེས་བརྗོད་ཀྱང་ཆོག འོན་ཀྱང་། སྐུ་ཞབས་ཞོགས་དུང་ལགས་ཀྱི་བརྗོད་སྟངས་ནི་དེ་དག་དང་མི་འདྲ་བར་རྣོ་བ། འབིགས་པ། འཕོག་པ། ཉབ་པ་སོགས་ཀློག་མཁན་གྱི་བསམ་པའི་འཁྱེར་སོ་གཉིད་ལས་སློངས་པ་ལྟ་བུའི་བཤད་སྟངས་གཙོར་འདོན་བྱས་ཡོད་ཅིང་། ལྷག་པར་<<དཔྱོད་ཤེས་རྒྱང་འབོད་>>ལ་བདེན་པའི་ཆ་དང་འགུགས་ཤུགས་ཀྱི་ཆ་གཉིས་ལས་འགུགས་ཤུགས་ཀྱི་ཆ་མང་པའང་ཀློག་མཁན་གྱི་དོ་སྣང་འདྲེན་པའི་ཆེད་དུའམ། རྩོམ་རིག་གཞུང་ལུགས་སྨྲ་བས་བཤད་སྒྲོས་ལྟར་ན་ཡིད་འགུགས་ཀྱི་ནུས་པ་འབུར་ཏུ་ཐོན་ཡོད་པའམ་མདོར་ན་དོ་སྣང་འདྲེན་པར་བསམ་བློ་རྩལ་ཏུ་བཏོད་ཡོད་པ་ཞིག་ཡིན་པར་བརྗོད་ཆོག་པར་སྙམ། སྐུ་ཞབས་ཞོགས་དུང་ལགས་ཀྱིས་མི་རྣམས་ལ་དང་པོ་འབོད་པ་བཏང་ཞིང་། དེ་ཡང་ཉེ་བར་བཅར་ཏེ་མ་ཡིན་པར་རྒྱང་ནས་བོས་པ་དང་། རྒྱང་ནས་བོས་པ་དེ་ཡང་རིག་གནས་རང་གི་གནས་ལུགས་ཀྱི་ཐད་ནས་དང་། སྤྱི་ཚོགས་དང་རྒྱང་བཀྱེད་པའི་སེམས་གཤིས་ཀྱི་ཆ་ནས་སམ། ཁ་ཁུ་སིམ་པའི་བོད་ཀྱི་སྤྱི་ཚོགས་དང་བར་ཐག་གི་ཆ་བཅས་ནས་འབོད་པ་བཏང་བ་ཞིག་ཡིན་ཞིང་། དགག་སྒྲུབ་རིག་གནས་འབོད་པའི་དོན་དུ་འུར་འུར་ཟིང་ཟིང་བཟོས་པ་ཞིག་སྟེ་འདི་ལྟར་རང་གི་ལྟ་ཚུལ་གྱི་ཐད་མི་རྣམས་འབོད་པའོ། གསལ་བོར་ངོས་འཛིན་བྱེད་དགོས་པ་ཞིག་ལ་སྐུ་ཞབས་ཞོགས་དུང་ལགས་ཀྱི་“ང་ནི་བདེན་གྱི་གཞན་ནི་གཏུ་མིག་གོ་”ཞེས་བརྗོད་མ་མྱོང་མི་འདུག
བཞི་བ།
མཐའ་མའི་རེ་བ།
སྐུ་ཞབས་ཞོགས་དུང་ལགས་ཀྱི་རྩོམ་ཡིག་ནི་རང་དབང་གི་ཆེད་དུ་བྲིས་ཡོད་པ་དང་། བསམ་བློའི་རང་དབང་ཤོར་བ་དང་། འཚོ་གནས་རང་དབང་ཤོར་བ། རིག་གནས་གང་རུང་གི་བཤད་སྟངས་ཀྱིས་སེམས་ལ་བཞག་པའི་བག་ཆགས་ཀྱི་དབང་གིས་སམ།
འདུ་ཤེས་འཁྱེར་ཕྱོགས་ཀྱིས་མི་སེམས་ལ་བཞག་པའི་གོམས་སྲོལ་རང་བཞིན་གྱི་འཇིགས་སྐྲག འཇིགས་སྐྲག་དེ་དག་ལ་བརྟེན་པའི་གཞན་དབང་གི་སེམས་ཁམས་ཀྱི་འཁྱེར་ཕྱོགས་དང་། ལས་མཁྱེན་གནམ་གྱི་སྒྱུད་ལུག་གི་སྤྱོད་སྟངས། འཚོ་བའི་སྤྱོད་སྒོ་ལས་དབང་གིས་ཐག་གཅོད་པར་སྒུག་པས་འཕེལ་རྒྱས་ཀྱི་བཀག་རྡོ་སོགས་དབང་འོས་པ་ཅི་སྙེད་ཅིག་ཡོད་པ་དེ་དག་འབོད་པ་གཏོང་གི་ཡོད་པ་དང་། བསྡུས་ཏེ་བཤད་ན་སྐུ་ཞབས་ཁོང་གིས་“རང་དབང་”བཤད་ཀྱི་ཡོད། ཟུར་དང་ཆ་སོགས་གང་དུའང་མདོར་ན་རང་ཚུགས་ཅན་གྱི་མི་དང་། དོན་སྙིང་ལྡན་པའི་མི་ཚེ། ཉམས་མ་ཤོར་བའི་འཚོ་བ་སོགས་མངོན་གྱུར་བྱེད་རྒྱུ་ནི་ཁོང་གི་མཐའ་མའི་རེ་ཡིན་ཞིང་། དེ་དག་སྙེགས་པའི་ཐབས་ལམ་ནི་ཁོང་གི་རིག་གནས་ཁྲོད་དུ་མུ་མཐུད་ནས་བརྗོད་ཀྱི་ཡོད་པ་དང་།
སྲོག་ལ་བབ་ཀྱང་བརྗོད་ཀྱི་ཡིན་པའི་དགོངས་བཞེས་གནང་ཡོད། གོང་གི་ལྟ་ཚུལ་འདི་དག་ནི་སྐུ་ཞབས་ཞོགས་དུང་ལགས་ཀྱི་དཔེ་དེབ་ལས་མཐོང་བའི་ཁོང་གི་ལྟ་ཚུལ་ཡིན། ལས་ཞོར་གྱི་དུས་ཚོད་བེད་སྤྱོད་ཀྱིས་དེ་སྔའི་ཁོང་གི་དཔེ་དེབ་དང་མཇལ་དུས་ཀྱི་གནས་དོན་ཡིད་དུ་བསྡད་ཡོད་པ་དག་འདི་རུ་དྲངས་པ་ཡིན་ཞིང་། བགྲོ་གླེང་འདི་མ་ཚུགས་པའི་ཉིན་འགའི་སྔོན་ཁོང་གི་དཔེ་དེབ་དག་ལ་བསྐྱར་མཇལ་བྱེད་འདོད་ཀྱིས་ཐབས་ཤེས་བྱས་ཀྱངརེ་དོན་མ་འགྲུབ་པ་ནི་སྐུ་ཞབས་ཁོང་གི་ལྟ་ཚུལ་ལ་སྣང་ཆུང་གིས་ལབ་ལབ་མང་དུ་བྱས་པ་ཞིག་ཏུ་དགོངས་བཞེས་མི་གནང་བ་དང་། ནོར་བའི་ཆ་གང་ཡོད་པའི་ཐད་དུ་སྐུ་ཞབས་ཞོགས་དུང་ལགས་དང་ཁོང་གི་ཀློག་པ་པོ། ཁོང་གི་སྤྱི་ཚོགས་བཅས་སུ་དགོངས་དྭངས་ཡོང་བའི་རེ་བ་ཞུ་གི་ཡིན།
ཕྱི་ལོ་༢༠༡༠ཟླ་༥ཚེས་༧དགོང་མོ་རྫོགས་པར་བྱས།
ཟུར་མཆན།]
༡ མི་སྒེར་མི་ཇུས་རིག་གནས་ཀྱི་ཤུགས་རྐྱེན__མི་སྒེར་གྱི་འཚོ་གནས་ལྟ་ཚུལ་ལམ་ལངས་ཕྱོགས་ཀྱིས་མི་མང་གི་བསམ་བློར་བློ་འབྱེད་དམ་སྣེ་འཁྲིད།
དོགས་སློང་གི་ཚོར་བ་སྤྲད་པའི་དཔུང་ཡོད་པ།
(རྩོམ་ཡིག་འདི་ནི་”ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ་སྙན་ངག་གིས་མྱ་ངན་ཞུ་”ཞེས་པའི་འདུ་འཛོམས་སྐབས་ཀྱི་སྒྲོག་གཏམ་རྩོམ་ཡིག་ཡིན།)
ཞོགས་དུང་ལ་ཧ་ལས་དགོས་དོན་གང་མེད། ཞོགས་དུང་གི་བཤད་བཤད་གནས་ལུགས་དང་མཐུན་པ་ཆེས་ཉུང་ཉུང་ཡིན། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་དམའ་འབེབས་དང་བརྙས་བཅོས་གཏོང་སྟངས་་གནའ་སྔ་མོ་མོའུ་ཙེ་ཏུང་གི་རྒྱུགས་ཁྱི་ཚོས་ལོ་རབས་ལྔ་བཅུ་ཙམ་གྱི་ཡུན་ལ་ཁ་ནས་མ་ཎི་མང་ནང་བཞིན་བགྲངས་བསྡད་པ་དེ་བསྐྱར་ཟློས་བྱས་པ་ཙམ་རེད། ཁོང་གིས་ཆབ་སྲིད་ཀྱི་གཏན་དེ་ཚོ་གསར་བ་ཞིག་གང་ཡང་མ་རེད། བོད་མི་ཡོངས་་ཁྱིས་ཁ་ནས་མ་ཎི་བགྲངས་བ་ནང་བཞིན་བཤད་བསྡད་ཡོད་པ་ཞིག་རེད། བསྐྱར་ཟློས་ནི་བསྐྱར་ཟློས་རང་རེད།
བཀུར་འོས་ན་གཞོན་རྩོམ་པ་པོ་རས་པ་ལགས།
ཁམས་བཟང་། ཉིད་ཀྱི་གནད་ལ་འཁེལ་ཞིང་དོན་ལ་གནས་པའི་ཕྱོགས་སྡོམ་རང་བཞིན་གྱི་ཆེད་རྩོམ་ཞིག་སྤེལ་བར་ཡི་རངས་ཞུ།
སྤྱིར་ན།
མི་སོ་སོར་ངོས་འཛིན་བྱེད་ཕྱོགས་དང་དཔྱད་སྟངས་མི་འདྲ་བ་རེ་ཡོད་པས་ན། གནད་དོན་ཆེ་ཆུང་གང་ཞིག་གི་གནས་བབ་ཕྱོགས་སྡོམ་བྱེད་དུས། མཇུག་འབྲས་མི་འདྲ་བ་རེ་གསལ་སྟོན་བྱེད་པ་སྤྱིར་བཏང་ཙམ་རེད་མོད། འོན་ཀྱང་།
ཅིའི་ཕྱིར་དུ། གནད་དེར་འཇུས་པ་ཡིན་མིན་གྱི་ས་མཚམས་ཤིག་ངེས་པར་དུ་ཡོད་དགོས་པ་རེད་འདོད། དེ་མིན་དབྱེ་མཚམས་ཤིག་མ་བཅད་པ་ཡིན་ན། ཉིད་ཀྱིས་གང་ཞིག་གི་ཆེད་དུ་བསླངས་པ་ཡིན་མིན་གྱི་དགོས་དོན་རྟོགས་མི་ནུས་སྟབས། དེ་ལ། གསལ་ཁ་ཞིག་བཏོན་ཐུབ་བམ།
དྲ་གྲོགས་ཐུབ་བསྟན་ལགས། བསྐྱར་ཟློས་ཀྱི་རིག་གནས་བསྐྱར་ཟློས་བྱེད་སྟངས་ཤེས་སོང་ན། བསྐྱར་ཟློས་རིག་གནས་ཀྱིས་བསྐྱར་དུ་ནུས་པ་ཐོན་ཐུབ། བསྐྱར་དུ་ནུས་ཤུགས་ཅི་ཙམ་ཐོན་པ་དེའི་ཚོད་ཀྱིས། བསྐྱར་ཟློས་རིག་གནས་ཀྱིས་བསྐྱར་ལངས་བྱེད་ངེས་རེད། དེའི་སྐབས་སུ། བསྐྱར་ཟློས་མ་ཡིན་པའི་རིག་གནས་ཤིག་བསྐྱར་དུ་གྲ་སྒྲིག་བྱེད་དགོས་པ་ཤར། དྲ་གྲོགས་ལགས།
ཐུབ་བསྟན་ལགས།
བསྐྱར་བཟློས་བྱས་པ་ཙམ་ཀྱིས་རྒྱུ་མཚན་གང་ཡང་མེད་པའི་ཁོངས་སུ་འདེད་དགོས་ན།་ཁྱོད་ཀྱི་འདོད་པའི་དང་རྩེར་མཆོད་བཞིན་པའི་ནང་བསྟན་ཆོས་ལུགས་ནི་དེ་བས་ཀྱང་བསྐྱར་བཟློས་ཡང་བཟློས་ཀྱི་སྙིང་པོ་ཡིན་པ་མ་ཡིན་ནམ།བཤད་མི་ཤེས་ན་མ་བཤད་ན་ཤིན་ཏུ་བཟང་།ཞེན་ཁོག་ཁོ་ནས་སྐད་ཆ་བཤད་པ་ནི་རང་ཉིད་ཀྱི་མགོ་བོ་རྡུང་བྱེད་ཁོ་ན་ཡིན།ཨེ་གོ་ཐལ།
ཐུབ་བསྟན་ཟེར་བའི་ཤ་གསེབ་ན་རུས་དང་རུས་གསེབ་ན་རྐང་མེད་མཁན་ཁྱོད།
ཁྱི་ལབ་མ་རྒྱག། ཞོགས་དུང་གིས་ཅིག་བྲིས་བྲིས་ཚང་མ་སྐད་གྲགས་ཅན་རྐྱང་རྐྱང་རེད། འདི་ལ་བསྐྱར་བསྡུས་ཟེར་ན། ཁྱོད་ཀྱིས་མ་ཡིན་པའི་གསར་བ་ཞིག་ཕྲིས་དང་། ལག་པ་ནི་ཁྱོད་ལ་ཡང་ཡོད་རེད་ལོ།
གཞན་ལ་མི་དགའ་ཡང་ཕྲག་དོག་མ་བྱེད་རོགས། འདི་ད་བོད་པའི་རང་གཤིས་ངན་ཤོས་གཅིག་རེད། སྔོན་མ་ཚོས་གཅིག་གཅིག་ལ་ཕྲག་དོག་བྱས། རྗེས་མ་ཚོས་ཀྱང་དེ་ལྟར་བྱས། ད་འདི་ལ་ཆོ་ཀ་རེད་འདུག། གསུངས་དང་། སྐུ་ཞབས་ཞོགས་དུང་ལགས་བཟང་རུང་ངན་རུང་། རང་གི་མི་རིགས་ཀྱི་ཆེད་དུ་རྒྱ་ནག་གི་ཁྲིམས་ཁང་ལ་ལྷུང་ཡོད་པའི་མི་ཞིག་རེད། གནས་སྐབས་འདི་འདྲ་ཞིག་ལ་ཁྱོད་ཀྱིས་ད་དུང་འདི་ལྟར་བཤད་ཐུབ་པ་དངོས་གནས་ཁྱོད་ལ་རྒྱ་ནག་གིས་ཟ་རྒྱུ་ཞིག་སྤྲད་ཡོད་པ་རེད་དམ།
¯ô¤-‚P-»G-qô-ºhÝG-qÅ-ŸÛz->ÀôG-‚ïh-hGôÅ-ˆP-h-fïPÅ-¤-Dô¤-qÅ-IôGÅ-qô¼-hGôPÅ-Åï¾-ŸÝ-m-ºhôhü hôm-lôG-¤Û-WâÅ-¼ÛG-GmÅ-hP-¤ÛºÛ-¼ÛG-q-GZÛÅ-zh¤Å-m-MãÅ-»ôh-ŸôGÅ-hÝP-ÇS-xÛ-GP-hÝ-º±¤Å-¤Ûm-GTÛG-‚Åü GŸm-ÁÝGÅ-zÇem-m¤-PôÅ-ŸôGÅ-hÝP-GÛ-GÅP-z-ŸïÅ-ºzôh-ˆÛ-»ôh-q-ŸÛG-¼Û¤-qÅ-JÀïP-Dô¤-»ôP-¼ïÅ-zdÅü Eïh-ˆÛ-h‚ï-ŸÛz-ºhÛ-z®ôm-DP-xÛ-¼ô¾-mÅ-PôÅ-½ÀzÅ-Vïm-¼ïh-ŸïÅ-zôÅ-z-»Ûm-¾ôü
ཞོགས་དུང་གི་ རྩོམ་ཡིག་ ནང་ལ། བཙན་བྱོལ་ བོད་གཞུང་གི་ ཆོས་དང་། མང་གཙོ་ལ་ མ་ཕན་པ་ དང་། ཡང་ རྒྱ་ནག་ གཞུང་གི་ ཁ་བྲལ་ མ་ཡིན་པ་ དང་། དམར་པོ་ གཅིག་བསྡུས་ གཉིས་ཀ་ལ་ གནོད་པ་ཅིག་ བྲིས་ ཡོད་པ་ ཡིན་ནམ།
རེད་རེད། ཞོགས་དུང་གིས་མོ་ཙེ་ཏུག་གི་སྒྱུགས་ཁྱི་བསྟན་བཤིག་དག་གི་རྗེས་ཟློས་བྱས་ཙམ་ཧ་ལས་གྱི་གང་མེད། ད་ཁྱེད་ཚོའི་ཆོལ་ཁིའ་དུག་ཞེན་གྱི་ཞོགས་དུང་ལ་བསྟོད་བསྔགས་བྱེད་ས་ནས་བོད་རང་གི་ཞབས་འདྲེན་བྱེད་ཡོང་། གཞན་གང་ཡང་མེད། སྔོན་མ་ལ་མཚོན་ན་ང་ཚོ་བོད་པ་ལ་རྒྱལ་གཅེས་མང་པོ་བྱུང་ཡོད་རེད། དེ་ཚོ་ལ་འདི་ཙམ་གྱི་བསྟོད་བསྔགས་བྱེད་མྱོང་ཡོད་མ་རེད།
ཐུབ་བསྟན་གྱི་རྩོམ་ཡིག་ཁྱེད་ཚོས་མཐོང་མྱོང་མེད་པ་རེད། ཁ་སྔོན་ཧོར་འཇིགས་ཀྱིས་བཤད་པ་ནང་བཞིན་རེད། ཞོགས་དུང་ཁོ་ངརང་གིས་ཡིན་བསམ་ནས་བཤད་ཀི་ཡོད་འགྲོ ཆོས་སྲིད་གཉིས་ཀའི་ཆ་ནས་གནད་དུ་ཕོག་པ་གཅིག་ཀྱང་བཤད་མྱོང་མེད། དམར་ཤོག་ཚོགས་པའི་སྒྱུགས་ཁྱི་ཚོས་བོད་འདི་རྩ་མེད་བཟོ་ཐབས་ལ་བོད་ཀྱི་ནང་ཆོས་ལ་དམའ་འབེབས་བྱས་བསྡད་པ་དེ་བསྐྱར་དུ་རྗེས་ཟློས་བྱས་ཏེ།་རྒྱལ་བའི་བསྟན་རིན་པོ་ཆེ་ལ་ཚད་ལ་བརྒལ་བའི་མཚན་སྨོད་བྱས་འདུག གཞན་ཅ་མི་ཤེས་མཁན་ཞིག་རེད། ཞོགས་དུང་གིས་སྤྲུལ་སྐུ་མི་དགོས་ཟེར་ས་ངོ་མ་ནི་རྒྱལ་བ་རིན་པོ་རེད། དེ་ནི་རྒྱ་མི་དགོས་ཡག་རེད། ཞོགས་དུང་ནང་ཆོས་ལ་དམའ་འབེབས་བྱས་པ་རེད། དེ་ནི་རྒྱ་དམར་ལ་དགོས་ཡ་རང་རེད། ད་ཞོགས་དུང་ལ་ག ཁྱེད་ཚོས་གཅིག་ཤོད་དང་།
ཆབ་སྲིད་ཀྱི་སྐད་ཆ་ཉག་ཉོག་དེ་ཚོ་སྔོན་མ་ནས་བརྒྱ་སྟོང་མང་པོ་ཚོར་མྱོང་ཡོད་པ་རྐྱང་རྐྱང་རེད།
དཀྱེལ་ཡངས་ཀྱི་བསམ་བློ་མེད་ས་ནས། རང་ཉིད་ལ་དབང་བའི་སེམས་གཤིས་གཉོམ་པོ་ཞིག་ཁུར་ནས་དྲ་སྒོར་འཛུལ་དུས། འཐབ་འཛིང་གི་རུ་རྩེ་མཁའ་རུ་བསྒྲང་འདུག་མ་མཐོང་ན་སེམས་བསམ་པའི་གཏིང་ནས་སྐྱོ་ནི་ཞིག
རས་པ་སོགས་ཀྱིས་ཞོགས་དུང་སོགས་གློད་གྲོལ་ཡོང་སླད་ལས་འགུལ་གནང་བར་ཚང་མས་རྗེས་སུ་ཡི་རང་དང་ཆབས་ཅིག འདི་རིང་སྤྱི་་ཟླ་ ༥ པའི་ ༡༤ ནས་བོད་ཟླ་བཞི་པ་ས་ག་ས་ག་ཟླ་བའི་ཚེས་གཅིག་འགོ་ཚུགས་པ་ནས། སྤྱི་ཟླ་ ༥ པའི་ཚེས་ ༢༧ དང་། སྤྱི་ཟླ་ ༦ པའི་ཚེས་ ༡༢ ལ་གནམ་གང་འཁེལ་བ་སོགས་དྲྭ་གྲོགས་རྣམས་ཀྱིས་ཐུགས་ལ་བཅངས་ནས་འགྲོ་སོང་ཆུང་ལ་ཕན་ཡོན་ཆེ་བའི་དམར་ཟས་དང་ཆང་སོགས་སྤོངས་ཐབས་ཡོང་བའི་དྲན་གསོ་དང་རེ་བསྐུལ་ཞུ།
གྲོགས་རས་པ་ལགས་ཀྱི་སྒྲོག་སྦྱང་རྩོམ་ཡིག་འདི་དེ་རིང་ཞིབ་ཚགས་པོས་ཐེངས་གཅིག་བཀླགས་པ་ཡིན།
ཡག་པོ་འདུག
དྲ་གྲོགས་ཐུབ་མིང་འཛིན་པ་ལགས། ཁྱོད་ཀྱིས་ཅིག་ཅིག་ཤེས་མདོག་ཁུལ་གྱིས་བོད་ཀྱི་བསམ་བློ་བ་ཞོགས་དུང་ལའང་དམའ་འབེབས་ཀྱི་སྐད་ཆ་ཁ་ཤས་ཤིག་བརྗོད་འདུག ཞོགས་དུང་ཟེར་བའི་མི་དེ་ཁྱོད་དང་ང་གཉིས་ཀྱིས་ཁོང་གི་བསམ་བློའི་ཚད་ཐིག་ལ་མཇལ་ཐུབ་པ་ཞིག་མ་རེད། དེ་བས་ཉིན་རྒྱུན་གྱི་ཁ་ཟས་ཙམ་ལ་རོལ་ཞིང་རང་གནས་སར་་གཉིད་ལོག་བརྒྱབ་བསྡད་ན་ཡག་གི་རེད། ཞོགས་དུང་རྒྱ་དེ་བ་ཚང་གི་བཙོན་ཁང་ལ་འགྲོ་དོན་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གྱི་དོན་དུ་སོང་བ་མ་ཡིན་པར་ཆེས་ཉེན་ཕྲེང་ཆེ་བའི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་སོང་བ་རེད། ཞོགས་དུང་གིས་བཙོན་ཁང་ལས་མནར་གཅོད་སྡུག་བསྔལ་ཇི་འདྲ་ཞིག་མྱང་མིན་ཤཻས་བཞིན་དུ་དེ་ལྟར་འགྲོ་དགོས་དོན་ཁྱོད་ལྟ་བུ་བསམ་བློ་མུ་གེ་འཐིམ་པ་དག་གི་མ་འོངས་པའི་འཚོ་ལམ་ལ་གཞིགས་ནས་སོང་བ་རེད ཨེ་གོ་ཐལ།
ཞོགས་དུང་ཉིན་ཤས་རིང་བཀར་ཉར་བྱས་པ་དེ་ཆབ་སྲིད་བཙོན་པ་གཞན་པ་ཚོར་བལྟས་ན་ཧ་ལས་དགོས་ཡ་གང་ཡང་མེད། ད་རུང་ཁོ་བཀག་ཉར་བྱེད་དོན་དངོས་གནས་གང་ཡིན་ནམ་འཁྲབ་སྟོན་འདྲ་ཡིན་ནམ་བལྟ་རྒྱུ་དང་ཉམས་ཞིབ་བྱེད་ཀྱི་གལ་ཆེ། ཁོས་ཟི་ལང་གི་ཉེ་འཁོར་ཞིག་ཏུ་གཞང་ཁང་ཞིག་བཙུགས་ཏེ་མི་མང་པོ་མགོ་སྐོར་བཏང་བའི་ལོ་རྒྱུས་སྐྱུགས་བྲོ་བ་ཞིག་ཀྱང་ཤོད་ཀྱི་འདུག
མིག་གསུམ་པས་བཤད་པ་ལ་ངོས་ལེན་མེད། ཞོགས་དུང་ལ་དེ་འདྲའི་ཧ་ལས་དགོས་པའི་ལྟ་གྲུབ་གསར་བ་ཞིག་གང་ཡང་མེད་པ་ཁོ་རང་གི་རྩོམ་ཡིག་གིས་གསལ་སྟོན་བྱས་ཡོད། ཞོགས་དུང་ལ་བོད་ཞེན་ཡོད་པར་བདེན་དུ་ཆུག་ཀྱང་དེ་ནི་བོད་མི་ཚང་མ་ལ་ཡོད་རེད། ཞོགས་དུང་གཅིག་པུ་མ་རེད། བོད་ཚང་མའི་སེམས་ནང་ན་བསམ་བསྡད་ཡོད་རེད་ལ་དེང་སང་དུས་དབང་གིས་འདས་པའི་ལོ་རྒྱུས་དང་བོད་ལ་དགོས་ཡ་དེ་གང་ཡིན་ཡང་ཚང་མས་ཤེས་བསྡད་ཡོད་རེད། ཡིན་ན་ང་ཚོའི་སྟོགས་ཤུགས་ནུས་པས་ཕ་རོལ་པོ་ལ་ཁ་གཏད་གཅོག་མ་ཐུབ་པར་ལུས་བསྡད་ཡོད་རེད། དེ་ཚང་མས་ཧ་གོ་ཡི་རེད། ཞོགས་དུང་ལ་གསར་བ་ག་རེ་འདུག གཅིག་ཤོད་དང་???????????
༡༩༥༩ ལོར་མྱི་ལོ་གཉིས་གསུམ་གྱི་རིང་བཅིང་གྲོལ་དམག་མི་ལ་འཐབ་རྒོལ་བྱས་ཏེ་མཐར་རྒྱ་མིས་བཟུང་སྟེ་ལོ་ ༢༢ ལ་བཙོན་དུ་བཅུག་དཀའ་སྡུག་མྱང་མཁན་དེ་འདྲ་ཡོད་རེད། ང་ཁོང་ཚོ་དངོས་སུ་ཐུག་མྱོང་ཡོད། སྐད་བཤད་ཡོང་དུས་ཧ་ལས་པ་དེ་འདྲ་རེད། རྒྱལ་མི་ལ་དམག་འཁྲུག་བྱས་རབས། དེ་ནས་བཙོན་སྡུག་པོ་མྱང་རབས། དེ་ནས་རྒྱ་གར་ལ་ཡོང་སྐབས་བོད་གཞུང་གིས་ཐ་ན་གཟིམ་ཆུང་མཇལ་ཁ་ཙམ་ལ་ཡང་བཀག་འགོག་བྱས་ཏེ་སྣང་མེད་བྱས་ཚུལ་མང་པོ་བཤད་ཀྱི་འདུག ད་རུང་ཁོང་ཚོ་ངོ་ཤེས་མཁན་གྱི་བོད་མི་རྒན་པ་འགལ་ཞིག་ལ་དེའི་སྐོར་སྐད་ཆ་དྲིས་པ་ཡིན། ལ་ལས་ཁོ་ཆུ་བཞི་སྒང་དྲུག་དང་འབྲེལ་ཡོད་རེད་ཟེར། ལ་ལས་ཁོ་ད་ཁམས་པ་རེད་ཟེར། ལ་ལས་ཁོ་ད་རྙིང་མ་རེད་པ་ཟེར།
ཞོགས་དུང་ཉིན་ཤས་རིང་བཀར་ཉར་བྱས་པ་དེ་ཆབ་སྲིད་བཙོན་པ་གཞན་པ་ཚོར་བལྟས་ན་ཧ་ལས་དགོས་ཡ་གང་ཡང་མེད། ད་རུང་ཁོ་བཀག་ཉར་བྱེད་དོན་དངོས་གནས་གང་ཡིན་ནམ་འཁྲབ་སྟོན་འདྲ་ཡིན་ནམ་བལྟ་རྒྱུ་དང་ཉམས་ཞིབ་བྱེད་ཀྱི་གལ་ཆེ། ཁོས་ཟི་ལང་གི་ཉེ་འཁོར་ཞིག་ཏུ་གཞང་ཁང་ཞིག་བཙུགས་ཏེ་མི་མང་པོ་མགོ་སྐོར་བཏང་བའི་ལོ་རྒྱུས་སྐྱུགས་བྲོ་བ་ཞིག་ཀྱང་ཤོད་ཀྱི་འདུག
ཞོགས་དུང་ཉིན་ཤས་རིང་བཀར་ཉར་བྱས་པ་དེ་ཆབ་སྲིད་བཙོན་པ་གཞན་པ་ཚོར་བལྟས་ན་ཧ་ལས་དགོས་ཡ་གང་ཡང་མེད།
དྲ་གྲོགས་ཐུབ་མིང་འཛིན་པ་ལགས། སེམས་པ་རྣམ་གཡེང་གི་དབང་དུ་མ་འགྲོ་བར་ཚུར་རེ་ཞིག་གསོན་དང་། ཁྱོད་ཀྱི་སེམས་ནང་གི་སྐད་ཆ་རྡོག་རྡོག་པོ་སྐུ་ཞབས་ཞོགས་དུང་ལ་གང་ཡང་སྟོན་རྒྱུ་མེད་པ་དང་། བཙོན་ཁང་དུ་འགྲོ་བའང་ཧ་ལས་ཧང་སངས་མེད་པའི་གཏམ་འཆལ་ཞིག་བརྗོད་འདུག་པ་དེ་རེད་ལ། ཞེན་སྣང་འཚེར་སྣང་གང་ཡང་མེད་པར་དེ་ལྟར་བརྗོད་དགོས་པའི་དམིགས་དོན་ཅི་ཡིན། ཁོང་གིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཆེན་པོའི་སླད་དུ་བསམ་གཞིགས་གང་མང་བགྱིས། བསམ་བློ་གནད་དུ་བཏང་བའི་མཐའ་དོན་བོད་ཀྱི་ཁ་ཚ་དགོས་གཏུགས་ལ་སྨན་པའི་འཇགས་རྩོམ་མང་པོ་ཞིག་གནང་བ་ཡོད་པ་རེད། ཁོང་གི་བརྩམས་ཆོས་རེ་རེ་ཞིབ་ཏུ་ཀློག་དང་བོད་མི་རིགས་ལ་སྨན་པའི་སྐད་
ཆ་རྣོན་པོ་རེ་བཤད་ཡོད་མིན་ཤེས་རྟོགས་ཐུབ་ངེས། དེ་མིན་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲངས་ན་ནི་རང་ཉིད་ལ་ཆོས་དང་རྣམ་འབྱེད་ཀྱི་ཤཻས་རབ་དམན་པའི་འབྲས་རྟགས་སུ་འགྲོ་ངེས། གཞན་སྐུ་ཞབས་ཞོགས་དུང་ལ་ནག་ཉེས་ཀྱི་སྐྱོན་ཞིག་འཛུགས་འཆར་གྱི་ཀུན་སློང་མ་དག་པ་ཞིག་འདུག་མོད། དེ་ལ་བདེན་ལུགས་དངོས་མཐོང་གི་དབང་པོ་ཞིག་མེད་ན་བཏང་སྙོམས་སུ་བཞག་ན་འོས་པར་མཐོང་ངོ། རྗེས་སུ་མཇལ་ཆོག གོ་སོང་ངམ།
སྐུ་ཞབས་ཞོགས་དུང་གིས་ནང་པའི་ཆོས་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་རང་རེའི་བོད་ཀྱི་གནས་བབ་ལ་བལྟས་ཏེ་དགག་གིན་འདུག་གོ།