དེ་རིང་ཉིན་གུང་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བར། ༧གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་མཇུག་བསྒྲིལ་བའི་མཛད་སྒོ་ཚོགས་པའི་སྟེང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་རྩིས་ཁྲ་དབྱིན་བོད་གཉིས་ནང་གསལ་བསྒྲགས་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་བར་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་གཤམ་གསལ་ལྟར་ཆགས་ཡོད་འདུག
༼འཕྲོས་འདི་མནན་ནས་ཀློག་རོགས།༽
དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས།
་
https://www.youtube.com/watch?v=fDx9Q_25KfQ
རྩིས་ཁྲ་མགོ་རྙོག་ཞེ་དྲག་ཅིག་གསལ་བསྒྲགས་གནང་སོང་། སྐུ་ངོ་མཆོག་གིས་རྩིས་ཁྲ་ཀློག་སྐབས་དོན་ཚན་ཁ་ཤས་ཐོག་ནོར་འཁྲུལ་ཤོར་མེད་དམ་སྙམ་པ་ཞིག་དྲན་སོང་། ད་ལྟ་དྲན་པ་ཞིག་ལ་དགེ་འདུན་པ་ཚོར་སྐུ་འགྱེད་འབུམ་ཁྲི་གཅིག་ལྷག་གསུང་སོང་། དེ་ཚོ་ནོར་འཁྲུལ་ཤོར་བ་མིན་འགྲོ་བསམ་བྱུང་་
ཞལ་འདེབས་གནང་མཁན་དང་། བཞེས་མཁན་གཉིས་ཀ་ལ་རྗེས་སུ་ཡི་རང་ཞུའོ།།
མདོར་ན། ཞལ་འདེབས་གབང་མཁན་དང་ཕྱག་ལས་གནང་མཁན་ཡོངས་ལ་རྗེས་སུ་ཡི་རང་ཞུ། གོ་སྒྲིག་ཚོགས་གཙོ་མཆོག་ལའང་བཀའ་དྲུན ཆེ།
དུས་འཁོར་གོ་སྒྲིག་ཚོགས་ཆུང་ནས་ཕྱག་ལས་ཕྱི་ནང་གསང་གསུམ་ཡོངས་ལ་བཀྲིན་ཆེན་པོ་གནང་བ་དེར་བཀྲིས་བདེ་ལེགས།
དྲང་པོ་བཤད་ཀྱི་ཡིན། ཕོག་ན་ཐོན་ཤོག བོད་ཀྱི་ཆོས་རྒྱུད་ཆེན་པོ་དྲུག་དང་བཅས་པའི་བླ་ཆེན་མི་ཆེན་ནང་ནས། གསུང་ཆོས་ཀྱི་འགྲོ་སོང་ཁ་གསལ་སྤྱི་བསྒྲགས་དང་། འགྲོ་སོང་སྤྱི་ཕན་ལ་གཏོང་མཁན་༧རྒྱལ་བ་རིན་པོ་ཆེ་གཅིག་པུ་རེད། ནམ་རྒྱུན་ངའི་བླ་མ་འདི་བཟང་། ཁོའི་བླ་མ་འདི་རྫིག ངའི་ཆོས་རྒྱུད་འདི་གཙང་། ཁོའི་ཆོས་རྒྱུད་འདི་ཟབ་ཟེར་མཁན་འདུག ཁ་ཡོད་ལག་ཡོད་ལ་རྒྱལ་བ་རིན་པོ་ཆེའི་ཆོས་རྒྱུད་འདི་གཙང་བ་དང་ཟབ་པ་འདུག ཆོས་འདི་ལག་ལེན་ཐོག་འགྲོ་བཞིན་འདུག སློབ་མ་མང་ཤོས་འཁོར་གྱི་འདུག སྤྱི་ཚོགས་ལ་ཕན་ཐོགས་མང་ཤོས་ཡོང་གི་འདུག འབུལ་བ་མང་ཤོས་ཡོང་གི་འདུག སྦྱིན་པ་མང་ཤོས་གཏོང་གི་འདུག
རྒྱལ་བ་རིན་པོ་ཆེས་ཉམས་ལེན་གནང་བའི་ཆོས་འདི་ཟབ་ཤོས། གཙང་ཤོས། ལེགས་ཤོས། ཁུངས་དག་ཤོས། ལྟ་བ་ཡང་རྩེའི་ཡང་རྩེ། མན་ངག་ཟབ་ཤོས་རེད་འདུག ཁོང་གི་བྱ་སྤྱོད་ལ་གཟིགས་ནས་བཤད་ཀྱི་ཡོད།
ཟུར་གནས་ལགས་ཀྱིས། ཟུར་གནས་ཀྱི་གནས་བཤད་ལ་དགའ་གུས་ངང་ལ་གུས་བཏུད་དང་། རྗེས་སུ་ཡི་རང་དང་། རྒྱབ་སྐྱོར་གཙང་མ་ཡོད་དོ།།
སྦྱིན་བདག་ཆེ་བ་སྒོར་འབུམ་སུམ་ཅུ་འབུལ་དགོས་མཁན་ཉིེར་གསུམ་ཙམ་གྱི་མིང་ཙམ་ཡང་མ་སྨྲོས་པ་འདི། ད་ལོའི་དུས་འཁོར་ཚོགས་ཆུང་གིས་གཡོ་ཁྲམ་ཅུང་ཟད་བསྟན་པ་རེད་སྙམ་མོ།།
བོད་མིའི་སྒྲིག་འཛུགས་ཀྱིས་དབང་ཞུ་མཁན་ཁོ་རང་ཚོ་ཡིན་པ་དང་། འདས་པའི་ལོ་ངོ་ལྔ་བཅུའི་ནང་བོད་མིའི་སྒྲིག་འཛུགས་ཀྱིས་དུས་འཁོར་དབང་ཆེན་ཞུས་པ་དང་པོ་ཡིན་ལུགས་ལབ་ཀྱི་ཡོད་པ་ལས། དངུལ་གྱི་འགྲོ་སོང་གཏོང་མཁན་གཙོ་བོ་རྣམས་སྦྱན་བདག་ཚོ་ཡིན་ཡང་། དེ་དག་གི་མིང་ཙམ་ཡང་མ་གླེང་བ་དེར་ཧ་ཅང་བློ་ཕམ་ཆེན་པོ་ཡོད། ད་རེས་དུས་དབང་སྐབས་ཀྱི་ཞལ་འདེབས་འཕུད་པའི་དུས་འཁོར་དབང་ཆེན་ལ་སྦྱན་བདག་ཆེན་པོ་23ཡོད་པ་དག་གི་དངུལ་དམར་ཕུལ་བ་འབུམ་སྟོང་གི་སྒང་ཟིན་ཡོད་པ་གསལ་བོར་ཤེས་ཡོད། དེ་དག་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་གསལ་བོ་བཟོ་དགོས།
སྦྱིན་བདག་ཆེན་མོའི་འབུལ་དངུལ་རྣམས་མཆོད་འབུལ་ཡིན་པ་ལས་སྤྱི་བསྒྲགས་ཆེད་མིན་ཞེས་གསུངས་རབ་འདུག་པ་གོ་སོང་ང།
དབང་རེ་སྐུལ་ཞུ་མཁན་དང་། སྦྱིན་བདག་གཉིས་སོ་སོར་ཆགས་པ་རེད་པེ། ལགས།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་བར་གྱི་ཉིན་གྲངས་བཅུ་གསུམ་གྱི་རྩིས་ཁྲ་རེད། མགོ་རྙོག་ཞེ་དྲག་ཡོད་པ་མ་རེད། བོད་གཞུང་ལ་མཚོན་ན། ལས་ཀ་ཆེན་པོ་གཞན་པ་མང་པོ་ཡོད་པ་རེད། ད་རེས་རྩིས་ཁྲ་ཁ་གསལ་མེད་པ་ཙམ་ལ་ཡུས་བཤད་དགོས་པ་ཨེ་ཡོད།
སྐུ་ངོ་རྣམ་པས་ཕྱག་ལས་ཧུར་ཐག་གནང་གི་ཡོད་ཤག་རེད། ལས་ཀ་ཚང་མ་ཕྱི་གསལ་ནང་གསལ་དགོས་པ་མ་རེད། གལ་སྲིད། རྩིས་ཁྲ་ཁ་གསལ་བཟོས་ན། དེ་ལས་ལྷག་པའི་རྙོག་དྲ་ཡོད་ན་གང་བྱེད་ག དེ་ལས་ད་ལྟའི་རྩིས་ཁྲ་འདི་ལ་ཆ་འཇོག་བྱས་ནས་ཁ་བཙུམ་བསྡད་ན་དེས་དགའ་གི་རེད།
༸གོང་ས་མཆོག་མགུལ་ཆམས་བཞེས་པ་འདི་བློ་ཕམ་བྱུང་། དེ་མིན་ཚང་མ་ཡག་པོ་བྱུང་སོང་། རྩིས་ཁྲ་ད་ཡག་པོ་བྱུང་ད་འབྱུང་། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།
བསམ་ཡུལ་ལས་འདས་པ་ཞིག་ལ། སྦྱིན་བདག་མང་པོས་དེང་སང་རང་གི་མཚན་ཕྱིར་བསྒྲགས་འདོད་མི་བྱེད། གཅིག་ནས་ཚོང་པ་ཡིན་ན་རྒྱ་ནག་ཚང་གི་རྡུང་རྡེག་ཕོག་པ་དང་། དེ་མིན་བླ་བྲང་དང་དགོན་སྡེ་མང་པོས་་་སྦྱིན་བདག་འདོན་རོགས་ཅེས་བསུན་པོ་བཟོས་ནས། དངུལ་མ་སྤྲད་ན་ཆོས་ལུགས་ཀྱི་སྙོག་ཁྲ་བཟོ་བཞིན་པ་ཡིན།
བསྟན་པའི་སྦྱིན་བདག་རྣམས་ཀྱིས་ཕུལ་བའི་དུས་དབང་ཇ་ཁང་ནས་ལྷག་ལུས་རྩམ་པ་དང་མར་དང་སྣུམ་སོགས་མཆོད་རྟེན་ནང་གི་ཕྱག་འཚོལ་མཁན་དང་མན་ཊལ་འབུལ་མཁན་དག་ལ་སྤྲད་ན་འོས་མཚམས་རེད། གལ་ཏེ་བཙོང་ན་ཡང་རིན་གོང་ཁེ་པོར་བཙོང་ན་ཡག་པོ་རེད། དེ་མིན་དུས་དབང་ལས་བྱེད་རྣམས་ཀྱིས་ཐག་རིང་ནས་འོངས་པའི་ཆོས་ཞུ་བ་ཚོར་རྣམ་འགྱུར་ཡག་པོ་སྟོན་དགོས་པ་གལ་ཆེན་པོ་རེད། གཞན་གྱི་སྣང་ངོར་མི་འདི་དག་པད་ཤག་མ་གཏོགས་བསམ་རྒྱུ་མེད་པའི་བཟོ་འདྲ་བོ་ཆགས་ན་ཡག་པོ་མ་རེད།
དུས་དབང་སྐབས་ཀྱི་དང་བླང་ཞབས་ཞུ་བ། ཁོ་ཚོས་མཚན་མོའི་གཉིད་དང་ཉིན་གྱི་དཀའ་ངལ་སོགས་ཁྱད་དུ་བསད་ནས་ཆོས་ཞུ་བ་ཚོར་ཕྱོགས་གང་ཅིའི་ཐད་ནས་རོགས་སྐྱོར་རམ་འདེགས་གང་ནུས་གནང་ཡོད་ལ། ཕན་ཐོགས་ཆེན་པོ་བྱུང་བར་མ་ཟད་བོད་རིགས་ན་གཞོན་ཚོ་འདི་ལྟའི་རང་གཞན་གཉིས་ཕན་གྱི་གོམས་གཤིས་བཟང་པོ་ཞིག་ལོབས་པ་འདི་ལ་དགའ་སྤྲོ་མི་སྐྱེ་མཁན་སུ་ཞིག་ཡོད།
དུས་དབང་སྐབས་ཀྱི་དང་བླང་ཞབས་ཞུ་བ་ཁོ་ཚོས་མཚན་མོའི་གཉིད་དང་ཉིན་གྱི་དཀའ་ངལ་སོགས་ཁྱད་དུ་བསད་ནས་ཆོས་ཞུ་བ་ཚོར་ཕྱོགས་གང་ཅིའི་ཐད་ནས་རོགས་སྐྱོར་རམ་འདེགས་གང་ནུས་གནང་ཡོད་ལ། ཕན་ཐོགས་ཆེན་པོ་བྱུང་བར་མ་ཟད་བོད་རིགས་ན་གཞོན་ཚོ་ལ་འདི་ལྟའི་རང་གཞན་གཉིས་ཕན་གྱི་གོམས་གཤིས་བཟང་པོ་ཞིག་ལོབས་འདི་ནི་དགའ་འོས་པ་ཞིག་རེད།
དུས་འཁོར་དབང་ཆེན་དང་ལྷ་ལ་ཕུལ་བའི་དངུལ་ཡིན་ན་ནག་ཁུངས་ནང་ཕྱིན་བཞག་ན་འགྲིག་གི་རེད་དམ། སུ་དང་སུས་ཕུལ་བ་དང་གྲངས་ཀ་ག་ཚོད་ཕུལ་བ། དངུལ་དེ་དག་གང་དུ་ཕྱིན་པ་དང་ཤུལ་ད་ག་ཚོད་ལག་པ། ལྷག་དངུལ་དེ་དག་ཅི་ཞིག་ལ་གཏོང་རྩིས་ཡོད་མེད་སོགས་གསལ་ཁ་མེད་ན། བསྟན་པའི་སྤྱིན་བདག་ཚོས་དངུལ་ཕུལ་བ་དེ་དག་ནང་ཁུངས་ནང་ཕྱིན་པ་མ་རེད་དམ།
ད་བར་དུ་དུས་དབང་གི་རྩིས་ཁྲ་ཕྱི་གསལ་ནང་གསལ་བྱེད་མཁན་གྱི་གོ་སྒྲིག་ཚོགས་ཆུང་ག་ཚོད་བྱུང་ཡོད་པ་རེད། དུས་དབང་ཐེངས་སུམ་ཅུ་བ་སྤྱི་ལོ་ ༢༠༠༦ ལོར་ཨ་མར་ཝ་ཏི་ནས་གནང་བ་དེར་རྗེས་ནས་ལབ་གླེང་ག་རེ་བྱུང་ཡོད་པ་རེད། དུས་དབང་གི་རྩིས་ཁྲའི་ལབ་གླེང་ཆེ་ཤོས་གཅིག་དེ་དུས་བྱུང་བ་རེད།དེ་ཡི་རྗེས་ནས་བཟུང་རྩིས་ཁྲ་ཕྱི་གསལ་ནང་གསལ་བྱས་ནས་གསལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།
ད་ལོ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་རྩིས་ཁྲ་ཀློག་སྟངས་ཐད་ནས་ནོར་འཁྲུལ་ཤོར་ཡོད་སྲིད་པ་རེད། རྩིས་ཁྲ་ཟེར་བ་ཞིག་ཕྱི་ལོགས་ལ་བསྒྲགས་པ་འདི་ཧ་ཅང་རྩ་ཆེན་པོ་རེད། འདིས་གང་ལ་གང་འཚམ་གྱིས་ཕྱི་གསལ་ནང་གསལ་ཡིན་པ་ཞིག་སྟོན་གྱི་ཡོད་པ་རེད།་
གོ་ཐོས་ལྟ་ན། ད་རེས་དུས་འཁོར་དབང་ཆེན་ཞུ་མཁན་བོད་མིའི་སྒྲིག་འཛུགས་ཡིན་པ་མ་གཏོགས། དངུལ་གྱི་འགྲོ་སོང་གཏོང་མཁན་ཚང་མ་སྦྱིན་བདག་༢༢ཡོད་པ་དེ་དག་ཆགས་ཡོད་པ་རེད་ཟེར་བ་ཞིག་གོ་སོང་། ད་དུང་དུས་འཁོར་དབང་ཆེན་སྐབས་རྩིས་ཁྲར་ཞིབ་བཤེར་བྱེད་སྐབས་སྦྱིན་བདག་རྣམས་སྐད་བཏང་ཡོད་པ་མ་རེད་ཟེར།
ད་དུས་འཁོར་དབང་ཆེན་ལེགས་གྲུབ་བྱུང་རྗེས། ཡང་སྐྱོན་དེ་རང་རེའི་གཞུང་གཅིག་པུ་དེ་ལ་བཙུགས་ཀྱི་འདུག ཡིད་ཐང་ཆད་ཡག་རེད།
བཀའ་ཤག་ལ་སྐྱོན་བརྗོད་མ་བྱས་ན་ཡག་གི་རེད། དུས་དབང་གི་རྩིས་ཁྲ་གཙང་མ་མེད་ནའང་། བོད་གཞུང་ལ་སྐྱོན་བརྗོད་མ་བྱས་ན་བཟང་གི་རེད། རྩིས་ཁྲ་རྩིས་ཁྲ་ལབ་བསྡད་ན། རྗེས་མ་སྐྱོན་ཆེན་པོ་དེ་འདྲ་ཐོན་ན་ཡག་པོ་ཡོད་པ་མ་རེད། དེ་ལས་རྩིས་ཁྲ་ཕྱིར་བསྒྲགས་བྱས་པ་འདི་ལ་ཆ་འཇོག་བྱས་བཞག་ན་ཡག་པོ་ཡོད་པ་རེད། གལ་སྲིད་དུས་དབང་གི་རྩིས་ཁྲ་གཙང་མ་མེད་པ་དེ་འདྲ་ཐོན་པ་ཡིན་ན། གཞུང་མང་བར་གྱི་ཡིད་ཆེས་བརླག་འགྲོ་བ་རེད། དེ་ལས་གང་ཡང་མ་ལབ་པར་གཙང་མ་བྱས་ནས་བཞག་པ་དགའ་གི་རེད།
བོད་པའི་ནང་ལ་ལྐོག་ཟ་རུལ་རུངས་ཉུང་ཉུང་རེད། འོན་ཀྱང་། ད་དུང་ལྐོག་ཟ་རུལ་སུངས་བྭང་ན། དེ་དག་ཐེར་འདོན་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེན་པ་རེད་དོ།།
དྲ་འབུ་རྣམ་པ།
སེམས་ཁྲལ་རྩ་བ་ནས་མ་གནང། རྩིས་ཁྲའི་སྐོར་དེ་རོབ་རྩིས་ཡིན་གསུངས་པ་གསལ་པོ་འདུག་་་ད་དུང་ལོ་གཅིག་རིང་རྩིས་དག་ཐེར་ཡོང་བར་སྒོ་ཕྱེས་ཡོད་ཅེས་ཆོས་རིག་བཀའ་བློན་གྱིས་གསུངས་སོང་བས་གང་བྱུང་གསུངས་ན་ཡག་པོ་རྩ་བ་ནས་ཡོད་མ་རེད།
ཕན་མ་ཐོགས་ཀྱང་གནོད་མ་བསྐྱལ་ན་དེ་ཡང་ཆོས་ཕྱོགས་ཀྱི་བྱ་བ་ཞིག་རེད་གདའ།
ཞེས་གསལ་བསྒྲགས་གནང་བ་དང་འབྲེལ་ཏེ། གོང་གི་རྩིས་ཁྲ་དེ་རོབ་རྩིས་ཡིན་པ་དང་། ལོ་གཅིག་རིང་སྒོ་ཕྱེས་ཏེ་འཇོག་རྒྱུ་ཡིན་སྟབས། དོགས་འདྲི་དང་ནོར་འཁྲུལ་རིགས་ཡོད་ཚེས་འབྲེལ་བ་གནང་རོགས་གསུངས་སོང་།
ལོ་གཅིག་རིང་སྒོ་ཕྱེ་ནས་འཇོག་གི་ཡིན་ལབ་པ་དེའི་ནང་དུ་གནད་དོན་ཆེན་པོ་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་འགྲོ་སོང་མ་བཏང་བར་ཧིན་སྒོར་ཀོ་རོ་བརྒྱ་གཉིས་བརྒྱ་ལྷག་རེག་པ་དེ་ཕན་ཐོགས་པ་མིན་ན་གནོད་བསྐྱལ་བ་རེད་དམ། དེ་རྣམས་དད་ལྡན་མང་ཚོགས་ཚོས་རེད། མ་མཐར་ད་རེས་ཀྱི་སྦྱིན་བདག་ཁག་ཉི་ཤུ་རྩ་གཉིས་བྱུང་ཡོད་པའི་མཚན་ཐོ་དང་། དངུལ་ཚུར་ཡོང་བ་ག་ཚོད་ཡོད་པ་དང་ཕར་བཏང་བ་ག་ཚོད་ཡོད་པ། ཤུལ་སུ་ག་ཚོད་ལྷག་ཡོད་པ་དང་། དེ་དག་གང་ཞིག་ཏུ་ནམ་ཞིག་ལ་གཏོང་རྩིས་འཆར་ཡོད་པ་སོགས་ངེས་པར་དུ་གསལ་ཁ་བཟོ་དགོས།
དུས་དབང་ཞུས་ནས་དམ་ཚིག་སྲུང་རྒྱུ་དང་སྤང་བླང་བྱ་
རྒྱུ་དེ་ཚོ་གལ་ཆེན་པོ་ཡིན་པ་ལས་རྩིས་ཁྲ་གལ་ཆེན་
པོ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་དུས་དབང་གི་སྦྱིན་
བདག་ཚོའི་ཆོས་དགེ་བ་བསམ་ནས་སྦྱིན་བདག་འཐོན་
པ་ལས་གཏམ་དང་མིང་ལ་བསམ་ནས་སྦྱིན་བདག་གནང་མཁན་དེ་འདྲ་ཨ་ཡོད་།
སྔ་མོ་བོད་ཀྱི་གཏམ་དཔེ་ལ་ཕུལ་ནི་ལྷ་སའི་ཇོ་བོ་ལ་
ཕུལ་ཡོད་།
འགྲུལ་བ་ཡར་འགྲོ་ཞིག་གི་ཁྱེར་ནའང་ཁྱེར་འགྲུལ་བ་
མར་འགྲོ་ཞིག་གི་ཁྱེར་ནའང་ཁྱེར་ཟེར་བ་ལྟར་སྦྱིན་བདག་ཚོའི་མཆོད་སེམས་ཀྱི་ཐོག་ནས་ཕུལ་བ་ལ་རྗེས་འདེད་ཨ་ཡོད་།
གཞུང་པ་ཚེ་དབང་བསོད་ནམས་ལགས་དེ་ག་རང་རེད་གདའ།
ཧཧཧཧཧཧཧ་་་་་་་་་་་་་་་་་་་་་་་་་་དངོས་ནས་བྲིས་འདུག་ལགས་་་་་་་་་་་་