—རྔ་བ་རྒྱལ་ཁམས་པ།
དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཤམ་བྷ་ལའི་སྐོར་དང་། ཁྱབ་འཇུག་གི་འཇུག་པ་བཅུ་བའི་བཤད་ཚུལ་ལས་འཕྲོས་ཏེ།ཤམ་བྷ་ལའི་མཐུ་སྟོབས་ཀྱི་བསམ་བློའི་སློབ་གསོ་དག་གིས། གནའ་ནས་ད་བར་ནང་པ་ཡིན་མིན་དང་། ཆོས་ཁས་ལེན་མི་ལེན། མི་རིགས་དང་རྒྱལ་མཚམས་མེད་པར་ཤམ་བྷ་ལའི་གསང་བ་ལྐོག་གྱུར་གྱི་སྐོར་ལ་མཉུལ་ཞིབ་དང་། ཞིབ་འཇུག ལྷ་སྣང་གི་ལྟ་བས་དཔྱད་པ་སོགས་མང་དུ་བྱས་འདུག་མོད། དོན་དག་འདི་ད་ལྟའང་ཡོད་པས་ཡོད་ཐག་མ་ཆོད། མེད་པས་མེད་ཐག་མ་ཆོད་པར་ཐེ་ཚོམ་གྱི་གནས་སུ་ལུས་ཡོད། ཤམ་བྷ་ལའི་གསང་བ་ལྐོག་གྱུར་གྱི་གཏམ་རྒྱུད་ཀྱིས་མི་ཚོར་སྙིང་སྟོབས་དང་། སྤོབས་པ། སེམས་འགུལ་བཅས་ཐེབས་ཏེ་ནམ་ཞིག་རང་ཉིད་ཀྱང་ཤམ་བྷའི་མཐུ་སྟོབས་ཀྱི་ཆ་ཤས་སུ་གྱུར་ཏེ་འཇིག་རྟེན་གང་ཞིག་ལ་དབང་སྒྱུར་གྱི་རྨི་ལམ་གཏོང་གི་ཡོད། ལ་ལས་ཤམ་བྷ་ལ་འདི་ནི་ནང་པ་གཅིག་པུས་ཐོབ་སྐལ་དུ་གྱུར་པ་ཞིག་མ་ཡིན་པར་ཞིང་ཁམས་དེ་ནི་ནང་པའི་ངོར་མ་འོངས་པའི་སངས་རྒྱས་བྱམས་པ་དང་། ཁྱབ་འཇུག་བཅུ་པ་ཀ་ལིས། མེ་རིའི་གདེངས་ཀ་ནས་རྟ་དཀར་ཆིབས་ནས་ཕེབས་མཁན་ཕར་སིག་གི་གྲུབ་ཆེན་སོ་སིོས་ཡོ་ཤSosiosh། ཡུ་ཤི་ཆོས་པའི་ངོར་ཕེབས་པའི་ཇེ་སི་སུ། ཡ་ཧུ་དཱ་བའི་མ་ས་ཡMessiahསོགས་ཆེན་པོ་དག་བཞུགས་པའི་གནས་མཆོག ཧི་མ་ལ་ཡའི་རྒྱབ་ངོས་ཀྱི་སྦས་ཡུལ་ན་ཡོད་པར་འདོད་པ་དང་། དེའང་གངས་རིན་པོ་ཆེའི་གཤམ་འོག་གི་མ་ལེ༧༥ཙམ་གྱི་སྦས་ཡུལ་ན་ཡོད་པ་འདོད་པ་དང་། གོ་ལའི་ཚིངས་ཐིག་གི༤༥ནས༥༠བར་གྱི་ཀ་ཟེ་ཀུམ་བྱེ་ཐང་ནKizilkum Desertཡོད་པར་འདོད་པ་དང་། ལ་ལས་ཤར་ཏུར་ཀི་སི་ཏྲན་ནམ། དབུས་ཨེ་ཤ་ཡ་དང་འབྲེལ་བའི་བོད་དང། སོག་པོ། ཨུ་རུ་སུ། ཁ་ཟ་ཁི་སི་ཏྲན་བཅས་ཀྱི་རི་རྒྱུད་ཅིག་ལ་ཡོད་པར་འདོད་པ་བཅས། རང་རང་ཞིབ་དཔྱོད་ལྟར་ལྟ་ཚུལ་སྣ་ཚོགས་ཤིག་བཏོན་ཡོད།
ཤམ་བྷ་ལའི་མཐུ་སྟོབས་སློབ་གསོ་ལ་བརྟེན་ནས་ན་ཟེ་སྲིད་གཞུང་དང་། འཇར་པན། ཨ་རུ་སི་སོགས་རྒྱལ་ཁབ་འགའ་རེར་འཇིག་རྟེན་གྱི་བདག་པོ་རང་ཉིད་བྱེད་འདོད་ཀྱི་ངར་ཤུགས་བསླངས་ཡོད་པ་དང་། ནང་པ་དང་། ཧིན་དྷུ། ཡ་ཧུ་དཱ་པ། ཟོ་ར་ཟོ་ཏེ། ཁ་ཆེ་སོགས་ཆོས་ལུགས་མང་བོ་ཞིག་གིས། རང་རང་གི་ལྟ་བའི་བསམ་བློར་འཛམ་གླིང་འདིར་མཐའ་མའི་ཞི་བདེ་ཞིག་བསྐྲུན་ནུས་པ་ནི། ཁོ་བོ་ཅག་གི་ཆོས་ཡིན་ཞེས་དཀར་ནག་འདྲེས་མའི་རྨི་ལམ་སྣ་ཚོགས་པ་ཞིག་གཏོང་གིན་ཡོད། འོན་ཀྱང་། ཤམ་བྷ་ལའི་གསང་བ་ལྐོག་གྱུར་གྱི་མཐུ་སྟོབས་དང་། མཚར་སྡུག་རྫོགས་པའི་ཞིང་ཁམས་ཀྱི་བཤད་པ་ཞིབ་ཚགས་པོའི་སྒོ་ནས་གསུང་མཁན་ནི་སངས་རྒྱས་དང་། དེའི་གསུང་བའི་དུས་ཀྱི་འཁོར་ལོའི་ཆོས་ཚན་རྩ་འབྲེལ་ཁག་ཡིན་པར་ལོ་རྒྱུས་ཕལ་ཆེར་ཞལ་མཐུན་པ་མ་ཟད། སྦས་ཡུལ་དེར་དངོས་སམ་ཉམས་སྣང་གི་སྒོ་ནས་ཕེབས་ཏེ་ཞིང་ཁམས་ཀྱི་བཤད་པ་དང་། ལམ་ཡིག་བཅས་གསལ་བོར་འབྲི་ཐུབ་མཁན་ནི་ཕལ་ཆེར་བོད་པ་གཅིག་པུ་དེ་ཨེ་ཡིན་སྙམ།
བོད་པ་དེ་ཚོས་བྲིས་གནང་བའི་ལམ་ཡིག་དེ་དག་བརྒྱུད་ནས་ང་ཚོ་མི་དཀྱུས་མ་ཞིག་སྦས་ཡུལ་དེར་འགྲོ་ཐུབ་མཁན་ཞིག་ད་བར་ཕལ་ཆེར་བྱུང་མྱོང་མེད། ངས་བསམ་པར་ཨིན་ཇི་དང་། རྒྱ་ནག་གི་ཤུགས་རྐྱེན་བོད་དུ་སླེབས་སྐབས། སོག་པོ་རྡོ་རྗེ་ཡུབ་ཀྱིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་ཨུ་རུ་སུ་ནི་ཤམ་བྷ་ལའི་ཞིང་ཁམས་ཡིན་པ་དང་། ཨུ་རུ་སུའི་རྒྱལ་ཐོག་མཐའ་མ་ཟར་ནེ་ཁོ་ལ་སི་ནིCzarNicholas11རྗེ་ཙོང་ཁ་བའི་སྤྲུལ་སྐུ་ཡིན་པར་བཏོན་གནང་བའི་གྲོས་སྟོན་དེར་ལམ་འགྲོ་ཞིག་རྒྱུག་ཡོད་ཚེ། དེང་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀར་ཤམ་བྷ་ལའི་མཚར་སྡུག་གི་ཉམས་ཤིག་འཛོམས་ཡོད་ལས་ཆེ། སྟབས་མ་ལེགས་ཤིག་ནི། ཨུ་རུ་སུའི་རྒྱལ་སར་ནང་པའི་ལྷ་ཁང་ཞིག་བཞེངས་ཐུབ་པ་ཙམ་ལས། རྡོ་རྗེ་ཡུབ་ཀྱི་དམིགས་ཡུལ་དངོས་མ་དེར་ལམ་འགྲོ་རྒྱུག་ཐུབ་མེད། ད་འོ་ན་ཤམ་བྷ་ལའི་ཞིང་ཁམས་དངོས་མ་དེ་གང་ཞིག་ཏུ་ཡོད་དམ། དེས་ང་ཚོ་བོད་ལ་ཕན་ཐོགས་ཡོད་དམ་མེད་ཅེས་པ་ནི་གནད་འགག་ཅན་གྱི་དྲི་བ་ཞིག་ཡིན། འདིའི་སྐོར་ངས༧གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཁྲོན་དུ་དུས་འཁོར་དབང་ཆེན་སྐབས། ང་རང་ཉིད་ལ་བྱུང་བའི་ཚོར་སྣང་ཞིག་བྲིས་ནས་ཁ་བརྡ་དྲྭ་བར་བཀོད་མྱོང་། རིགས་ལྡན་དྲག་པོས་ཆོས་ཀྱི་འཁོར་ལོ་སྐོར་བ་ལ་ཞི་དྲག་གཉིས་ཀྱི་ལམ་འབྱུང་སྲིད་པ་ཡིན། ཤམ་བྷ་ལའི་སྦས་ཡུལ་ཧི་མ་ལའི་རི་རྒྱུད་དང་། དེ་ལས་བོད་ཀྱི་གངས་ཏི་སེའམ། དེ་དང་ས་ཁད་ཉེ་བའི་ཕྱོགས་ཤིག་ལ་ཡོད་ངེས་པ་ང་ཚོས་བརྒྱ་ཆ་བརྒྱ་ཅུས་ཐག་གཅོད་ཐུབ་པ་ཞིག་རེད། རྒྱུ་མཚན་ནི། སངས་རྒྱས་རང་ཉིད་ཀྱིས་སྦས་ཡུལ་དེ་རྒྱ་གར་ནས་བརྩིས་པས་བྱང་གི་ཕྱོགས་སུ་ཡོད་པར་གསུང་བ་དང་།(ཆ་འཇོག) རྒྱ་གར་གྱི་ཆོས་དང་རིག་གཞུང་ཕལ་ཆེར་ཞིག་གི་སྣེ་མོ་གངས་ཏི་སེ་དང་། ཁ་འབབ་རྣམ་བཞིའི་མགོ་ཁུངས་ཤིག་ནས་འཇོག་ཡོང་གི་ཡོད་པ། བོད་ཀྱི་ཡུལ་འདི་སའི་གོ་ལའི་དཀྱིལ་སྙིང་ཡར་འཕྱུར་བའི་ཁ་ཆེར་གྱི་སྟེང་གནས་ཡོད་པ། གངས་ཏི་སེ་འདི་འཛམ་གླིང་ཤར་ནུབ་ཀྱི་ས་གནད་གཅིག་གི་སྟེང་གནས་པ། གངས་རིན་པོ་ཆེ་དེ་བཞིན་སའི་གོ་ལའི་སྲོག་ཤིང་དུ་འདོད་པ། བོད་དང་འབྲེལ་བའི་ཧི་མ་ལའི་རི་རྒྱུད་ནས་ངོས་གཟུང་དཀའ་བའི་འོད་ཀྱི་སྣང་བ་དང་། གོ་ལ་གཞན་གྱི་འཕུར་གྲུ་དང་མི་སྣ་ལྟ་བུ་ཡང་ཡང་མཐོང་རྒྱུ་ཡོད་པའི་གསང་བ་རྡོལ་ཡོང་གི་ཡོད་པ། རི་རྒྱུད་དེ་ནས་གྲུབ་པ་ཐོབ་པའི་སྐྱེས་བུ་ངོ་མཚར་ཅན་མང་བོ་ཕེབས་བཞིན་ཡོད་པ་སོགས་རྒྱུ་མཚན་མང་བོ་འདྲེན་རྒྱུ་ཡོད་ཅིང་། བོད་ཀྱི་ཉམས་ལེན་པ་ཚོར་སྦས་ཡུལ་དེར་སོང་བའི་ལོ་རྒྱུས་ངོ་མཚན་ཅན་དང་ལམ་ཡིག་ཀྱང་སྟོན་རྒྱུ་ཡོད་པ་འདི་ཚོ་གཞི་འཛིན་ས་མེད་པ་ཞིག་གཏན་ནས་མིན། འོན་ཀྱང་། ཡོད་ཚེ་ང་ཚོས་སྤྱོད་ཡུལ་དུ་འགྱུར་དགོས་པར་འདོད་པའི་དངོས་གཙོ་བའི་བསམ་ཚུལ་དེ་ནི་ཅུང་མ་འགྲིགས་པ་རེད།
ང་ཚོར་མངོན་སུམ་མྱོང་བས་གྲུབ་པ་ཞིག་ནི། བྱ་དངོས་གང་ཡིན་རུང་ཕྲ་རུ་སོང་གིན་སོང་གིན་ང་ཚོའི་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་དུ་མངོན་མི་ཐུབ་པ་ཞིག་རེད། ཆོས་པ་ཡིན་མིན་ལ་མ་ལྟོས་པར་ང་ཚོ་མི་དཀྱུས་མར་ལྐོག་གྱུར་དུ་སོང་བའི་གནས་ཚུལ་མང་བོ་ཞིག མི་འགའ་རེས་མཐོང་ཐུབ་ཀྱིན་ཡོད་པ་ནི། པྲ་ཕབ་པ། མིག་མཐོང་། གཅོད་མིག མངོན་ཤེས་ཤོད་མཁན་ལྟ་བུ་དང་། ཡོངས་གྲགས་ཤམ་བྷ་ལར་ཕེབས་པར་བཤད་པའི་བོད་ཀྱི་བླ་མ་ཚོ་དང་། ཁྱད་པར་དུ་འཇམ་དབྱངས་མཁྱེན་བརྩེའི་གསང་རྣམ་དང་། ཀ་ཐོག་མཁན་ཆེན་ངག་ཆུང་གི་གསང་རྣམ་ལས་གསུང་བའི་གཟིགས་སྣང་ལྟ་བུར་ཧ་ལས་པའི་ངོ་མཚར་བའི་ལྟད་མོ་མྱོང་རྒྱུ་ཡོད་པ་རེད། བླ་མ་དེ་ཚོ་ནི་རྒྱུ་མཚན་ཅི་ལ་བསམ་རུང་ཤམ་བྷ་ལའམ། སྦས་ཡུལ་དེ་དག་མ་མཐོང་ཡང་མཐོང་མདོག་བྱེད་མཁན་གྱི་རྫུན་མ་དེ་འདྲ་གཏན་ནས་མ་རེད། ངས་རྒྱུན་པར་ཤམ་བྷ་ལའི་བཤད་པ་དང་། ད་ལྟའི་བོད་ཀྱི་ནང་ཆོས་ཕྱི་ལ་མཆེད་བཞིན་པ་འདི་གཉིས་ཀྱི་བར་གསང་བ་ལྐོག་གྱུར་གྱི་གནས་སྟངས་ཡ་མཚན་པ་ཞིག་ཡོད་པར་ཚོར་གྱིན་ཡོད།
ཉེ་ཆར་ངས་བསམ་ཚུལ་དང་མཐུན་པའི་ལྟ་ཚུལ་ཕྱི་རྒྱལ་གྱི་མཁས་པའི་ཁྲོད་ནའང་ཡོད་པར་མཐོང་བས། ངས་བསམ་བློ་གཏོང་སྟངས་དེ་ཨུ་ཚུགས་ཤིག་མ་ཡིན་པར་ཡིད་ཆེས་འདྲ་ཞིག་སྐྱེས་བྱུང་། ཨོ་སི་ཁྲོ་ལི་ཡའི་སེམས་གཙོ་སྨྲ་བRudolf Steiner(1861-1925)། ཁོང་ལྟར་ན་ཡང་དག་པའི་ལུང་སྟོན་པ་ནི་ཁུ་རེ་སི་ཡིན་ཞིང་། ཁོང་ཐེངས་གཉིས་པར་ཕེབས་ནས་ཤམ་བྷ་ལའི་ཞིང་ཁམས་བསྟན་ཏེ། རྗེ་བཙུན་བྱམས་མགོན(དང་སྦྱར་ནས་བཤད་ཀྱིན་ཡོད་པའི་བཟོ་འདྲ་བོ་ཞིག)་གྱི་ཞལ་ནས་གང་གསུང་ཁོང་གི་ནུས་ཤུགས་ལ་བརྟེན་ནས་འབྱུང་རྒྱུ་ཡིན་པར་བཤད་ཡོད། དེའི་དོན་འབུམ་རམས་པ་སྐུ་ཞབས(Alexander Berzin)མཆོག་གིས་གསལ་བཤད་གནང་དོན་ལྟར་ན། ཡུ་ཤིའི་ཆོས་ལུགས་ལེགས་བཅོས་ཀྱི་དོན་དུ་བཤད་འདུག
དེར་བརྟེན་ངས་བསམ་ཚུལ་ལྟར་གྱི་བོད་པའི་ནང་ཆོས་ཀྱིས་ཕྱི་གླིང་གི་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་དང་། ཤམ་བྷ་ལའི་རིག་ལྡན་གྱི་འཕྲུལ་འཁོར་ཡ་མཚན་ཅན་དེ་ཚོ་ཕྱི་གླིང་འཕྲུལ་གྱི་རྒྱལ་ཁམས་ནས་འབྱུང་རྒྱུ་ཡིན་པའི་རྣམ་རྟོག་ཅིག་རྒྱུན་དུ་སྐྱེ་བཞིན་ཡོད་ཅིང་། ཕྱི་གླིང་བའི་གློག་བརྙན་ཁག་གི་ནང་མིའི་འཆར་སྣང་ངོ་མཚར་བ་དང་། བསམ་ཡུལ་ལས་འདས་པའི་སྒོམ་གྱི་ནུས་པ། ཆེས་ཡར་ཐོན་དང་མགྱོགས་མྱུར་ལྡན་པའི་འཕུར་གྲུ་སྣ་ཚོགས། འཕྲུལ་འཁོར་ཡ་མཚན་པ་མང་བོ་ཞིག་རྟོག་སྒྲུང་གི་ཚུལ་དུ་སྟོན་བཞིན་པ་འདི་དག བོད་ཀྱི་ཤམ་བྷ་ལའི་རིག་ལྡན་དྲག་པོའི་མཐུ་སྟོབས་ཀྱི་ཟུར་རེ་ཕྱི་ལ་ཐོན་ཡོང་གི་ཡོད་པའི་སྣང་བའང་འཆར། འོན་ཀྱང་དེ་ཚོ་ཕྱིའི་ཤམ་བྷ་ལའི་གྲིབ་མ་ཙམ་ལས། ནང་གི་ཤམ་བྷ་ལ་དངོས་མ་དེ་མ་ཡིན། ཤམ་བྷ་ལ་དངོས་མ་དེར་མཇལ་འདོད་ན་རང་རྒྱུད་མ་རིག་པ་ཅི་ཙམ་སྦྱོང་ཕུལ་ཆེ་ན། དེ་ཙམ་གྱིས་ཤམ་བྷ་ལའི་ཞིང་ཁམས་དང་། དུས་ཀྱི་འཁོར་ལོ། ཆོས་རྒྱལ་རིག་ལྡན་རྣམས་མེ་ལོང་ནང་གཟུགས་བརྙན་འཆར་བ་བཞིན་ངང་གིས་འཆར་ཡོང་བ་ནི། དོན་གྱི་ཤམ་བྷ་ལའི་ཞིང་ཁམས་ངོ་མ་དེར་སླེབས་པ་ཡིན། དེ་འདྲའི་སྦས་ཡུལ་གྱི་ཞིང་ཁམས་ཤིག་བོད་ཀྱི་ཡུལ་ན་ཏན་ཏན་ཡོད་པ་རེད། མདང་དགུང་ངའང་རྨི་ལམ་ནང་ཞིང་ཁམས་དེའི་ཟུར་ཞིག་ཏུ་སླེབས་བྱུང་། ཚོར་སྣང་དེ་འགྲེལ་བརྗོད་བྱེད་མ་ཤེས་པ་ཞིག་རེད། ངའི་རྨི་ལམ་ནི་ངོ་མ་ཡིན། རྨི་ལམ་ནི་རྨི་ལམ་རང་ཡིན་པས་འཁྲུལ་སྣང་ཞིག་ཡིན་སྲིད་པ་རེད། ཉེ་ཆར་ཇོ་ནང་མཁན་པོ་ངག་དབང་རྡོར་རྗེས། ཤམ་བྷ་ལའི་ཞིང་ཁམས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་གོ་ས་མི་འགོག་པར་གསུངས་པ་དེར་ང་སེམས་ཤིན་ཏུ་འཐད། འདིའི་སྐོར་ནང་པའི་ཆོས་ཀྱི་དག་པ་ལྷའི་སྣང་བ་སྨྲ་བའི་གཞུང་ལུགས་དང་། དངོས་ཁམས་ལ་བརྟེན་པའི་གཟུགས་མེད་ལྷའི་རང་བཞིན་གཉིས་ལྟོ་སྦྱར་ནས་ཉམས་ཞིབ་དང་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་གཏིང་ཟབ་པོ་ཞིག་ཡོད་པར་འདོད། མ་དག་པ་དང་འཁྲུལ་བཤད་ཡོད་ན་མཁྱེན་ལྡན་དག་ལ་དགོངས་དག་ཞུས་པ་ཡིན།
1/14/2017
་་་་་་་་་་ ཤམ་བྷ་ལའི་ཞིང་ཁམས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་གོ་ས་མི་འགོག་པར་གསུངས་པ་དེར་ང་སེམས་ཤིན་ཏུ་འཐད། ་་་་་་་་་
རྔ་བ་རྒྱལ་ཁམས་པས་བྲིས་པ་ཞིག་ཡིན་ན་ནམ་ཡིན་ཀྱང་ཡག་པོ་ཞིག་ཀློག་གི་ཡོད། རྒྱུ་མཚན་ནི་ཁོང་གིས་རྩོམ་རྩལ་བཟང་བ་དང་ལྟ་སྤྱོད་མཐུན་པོ་ཡོད་པས་ཡིན། རེད་ཡ་ངེད་ཀྱིས་ཤམ་བྷ་ལ་སྦས་པའི་ཞིང་ཁམས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། སྤྱིར་ང་ཚོའི་གོ་ལ་འདིའི་སྟེང་དུ་ཡོངས་གྲགས་སུ་འཇིག་རྟེན་གཉིས་མཉམ་དུ་སྡོད་ཀྱི་ཡོདཔ་རེད། དང་པོ་ནི་ང་ཚོས་དངོས་སུ་སྤྱོད་ཀྱིན་ཡོད་པའི་འཇིག་རྟེན་འདིའི་ཕྱི་སྣོད་ནང་བཅུད་ཆ་ཚང་རེད། གཉིས་པ་ནི་གང་ཟག་ཁྱད་པར་ཅན་མ་གཏོགས་ང་ཚོས་སྤྱོད་ཡུལ་མ་ཡིན་པའི་འཇིག་རྟེན་ཁམས་ཕྱི་སྣོད་ནང་བཅུད་ཆེ་ཁྱད་དུ་འཕགས་པ་དེ་རེད། ཤམ་བྷ་ལ་ནི་དེའི་ཆ་ཤས་ཤིག་རེད། ང་ཚོའི་བོད་ཡུལ་ན་མགུལ་ལྷ་བཅུ་གསུམ་བརྟན་མ་བཅུ་གཉིས་ལ་སོགས་གཞི་བདག་རེ་གཉིས་ཀྱི་མིང་ཙམ་ལས་མེད་པ་རེད། དེའང་ང་ཚོའི་བསམ་བློར་གཞི་བདག་དེ་དག་གིས་སྡོད་གནས་རི་མགོའི་ལ་ཙེ་ཆུང་ཆུང་དེ་ཡིན་པར་སྙམ་མོ། དོན་ལ་དེ་འདྲ་ཞིག་གཏན་ནས་མ་རེད་སྙམ།
གཟུགས་མེད་དག་གི་གྲངས་འབོར་དང་གྲོང་འཁྱེར་ནི་ང་ཚོའི་བློ་ཡུལ་དུ་ཤོང་དཀའ་བར་སྣང་། དེའི་མ་ཚད་གཟུགས་མེད་ཡུལ་ན་ཆོས་ལུགས་ཀྱང་རིགས་མང་པོ་ཡོད་པ་དང་། ཆོས་ལུགས་ཕན་ཚུན་གྱི་རྩོད་རྙོག་ནི་ང་ཚོའི་འཇིག་རྟེན་འདི་ལས་མང་བ་ཡོད་ས་རེད་སྙམ། ཤམ་བྷ་ལའི་ལོ་རྒྱུས་ནང་དུའང་ཀླ་ཀློ་ཡོད་པར་བཤད་པ་བཞིན་ནོ། ད་དེ་ཙམ་ཡིན། །
བོན་དང་་དབང་ཕྱུག་ལུགས་བན་དེ་་སོགས་ཆོས་ལུགས་ཁག་འགའི་མིང་འདོག་སྲོལ་མི་འདྲ་ཙམ་ལས། དོན་དུ་ཡུལ་དེའི་ས་མིང་རི་མིང་སོགས་ངོས་འཛིན་སྟངས་གཅིག་པ་རེད། ཡིན་ཡང་དེ་མ་དག་སྣང་གི་སྒོ་ནས་སྒྲོ་བཏག་མང་དག་ཞིག་བྱས་འདུག བོན་ལུགས་པས་འོལ་མོ་ལུང་རིང་། དབང་ཕྱུག་པས་སུམ་བཅུ་རྩ་གསུམ། བན་དེ་བས་ཤམ་བྷ་ལ། སོགས་མིང་མི་འདྲ་བ་འགའ་བཏག་འདུག ཤབ་བྷ་ལ་ཡི་ལམ་ཡིག་དང་། དབང་ཕྱུག་སྨྲ་བ་ཚོའི་སུམ་བཅུ་རྩ་གསུམ་གྱི་ངོ་སྤྲོད་སོགས་ལ་ལྟས་ནས། ཡུལ་དེར་རྩད་གཅོད་བྱེད་མཁན་ནུབ་ཕྱོགས་པའི་དཔུང་དམག་འགའ་ཡོང་ཡོད་ཚུལ་གྱི་ལོ་རྒྱུས་འདུག་བ།
དེ་དག་ཚང་མས་རྩད་གཅོད་ཀྱི་གྲུབ་འབྲས་དེ། གངས་ཏི་སེ་ལས་སླེབ་ནས་དཔར་རིས་འགའ་ཁུར་ནས་ལོག་སོང་བ་དེ་རེད། དབང་ཕྱུགས་པ་ཡིན་ཡང་ལོ་ལྟར་མི་འབུམ་ལ་ཉེ་བར་ཡོང་འདུག་གི་འདུག་བ། ང་ཚོ་བོད་པ་ཚང་ལ་ཤར་ཕྱོགས་པའི་རིག་གཞུང་གི་མགོ་ཁུངས་འདི་འདྲའི་ཡུལ་ཞིག་ཡོད་པ་འགའ་འོས་པ་ཞིག་རེད་གདའ།
་
སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། རང་ཅག་འཚོ་གནས་བྱེད་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ལ་ནང་གསེས་ཁམས་གསུམ་དུ་ཕྱེ་བ་སྟེ། འདོད་ཁམས།གཟུགས་ཁམས། གཟུགས་མེད་ཁམས་བཅས་ཡོད་པ་དང༌། འདོད་ཁམས་ལ་འགྲོ་བ་རིགས་དྲུག་དང༌། གཟུགས་ཁམས་ལ་གནས་རིས་བཅུ་བདུན། གཟུགས་མེད་ཁམས་ལ་གནས་བཞི་བཅས་ཡོད་པར་གསུངས། དེ་ལས་འདོད་ཁམས་འདིའི་ལྷ་ལ། རྒྱལ་ཆེན་བཞིའི་རིས། སུམ་ཅུ་རྩ་གསུམ་པ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དང་དྲུག་ཡོད་པ་དང་། དེའི་སྟེང་ཡར་གཟུགས་ཁམས་གནས་རིགས་བདུན། དེའི་སྟེང་གཟུགས་མེད་སྐྱེ་མཆེད་མུ་བཞི་དེའི་སྟེང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཆགས་ཡོད་པར་གསུངས་ཡོད། གོང་དུ་རྟ་བདུན་དབང་བོ་ལགས་ཀྱིས་གསུངས་པ་ལྟར། འཇིག་རྟེན་ལས་འདས་པའི་ལྷ་རིགས་ཕར་ཞོག འཇིག་རྟེན་པའི་ལྷ་རིགས་རྣམས་ཀྱང་འཁོར་དང་། གནས་དང་། ལོངས་སྤྱོད་སོགས་བསམ་ཡུལ་ལས་འདས་པ་རེ་ཡོད་པར་ང་ཚོའི་སྲོལ་རྒྱུན་བསང་གསོལ་གྱི་ཆོ་ག་དང་། བསྐང་གསོའི་ཡིག་རིགས་ཁག་ཏུའང་མཐོང་རྒྱུ་ཡོད། འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ལ་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་བཅས་གསུམ་དུ་ཕྱེས་ཡོད། ཁམས་གསུམ་པོ་འདི་གཞི་གཅིག་གི་ཐོག་ནས་འཇོག་ཐུབ་བམ་མི་ཐུབ། དེ་དག་གཅིག་གིས་གཅིག་གི་གོ་ས་འགོག་གམ་མི་འགོག ང་ཚོ་བོད་ཡུལ་ཙམ་དུ་མ་ཟད་གནའ་བོའི་ཡར་ཐོན་སྤྱི་ཚོགས་རྒུ་རུ་སུ་ལྟ་བུའི་ཡུལ་ཁམས་སུའང་། རི་ཆེན་པོ། ཆུ་ཆེན་པོ། ནགས་ཀླུང་ཆེན་པོ་སོགས་སུ་མཐུ་སྟོབས་མངའ་ཐང་ཕུན་སུམ་ཚོགས་པའི་ལྷ་རིགས་མང་བོ་གནས་ཡོད་པའི་ལོ་རྒྱུས་མང་བོ་མཐོང་རྒྱུ་ཡོད། རྟེན་བོད་ཀྱི་གནས་རྩ་ཆེན་ཁག་ཏུ་བརྟེན་པ་ལྷའི་ཞིང་ཁམས་བསམ་གྱིས་མི་ཁྱབ་ཡོད་ཀྱང་། ང་ཚོ་ལས་ཕྲ་བའི་རྟེན་ཅན་ཡིན་པས་ང་ཚོས་མི་ཐུབ་ཅེས་སྨྲས་སྐྱོན་མེད་པར་འདོད།
ཁྱེད་རྣམ་པས་དགོངས་ཚུལ་གསུངས་པར་དགའ་ཡོད།
ང་ཚོས་མཐོང་མི་ཐུབ་ཅེས་སྨྲས་ན་སྐྱོན་མེད་པར་འདོད། ཅེས་བཅོས།
རྔ་བ་རྒྱལ་ཁམས་པ་ལགས། ངེད་ཀྱི་བསམ་བློར་སྣོད་གཅིག་གི་ནང་དུ་བཅུད་མི་འདྲ་བ་གཉིས་གནས་ཆོག་པར་འདྲ། རྒྱུ་མཚན་ནི་ཕན་ཚུན་གྱིས་མཐོང་ཐུབ་ཀྱི་མེད་པ་འདྲ། ང་ཚོས་ནི་ལྷའི་མིག་ཤེས་ལྡན་མཁན་རེ་གཉིས་མ་གཏོགས་གཟུགས་མེད་དེ་དག་མཐོང་ཐུབ་ཀི་མེད་པ་སྨས་མ་དགོས་སོ། གཟུགས་མེད་དེ་དག་གིས་ཀྱང་ང་ཚོ་མི་དང་མིས་སྤྱོད་ཡུལ་མཐོང་ཐུབ་ཀྱི་མེད་པ་འདྲ། གལ་ཏེ་ཐུབ་ན་སྣོད་གཅིག་གི་ནང་དུ་གནས་ཐབས་བྲལ། འོན་ཀྱང་གཟུགས་མེད་ཁྱད་པར་བ་དེ་དག་གིས་མི་དང་མིས་སྤྱོད་ཡུལ་དག་མཐོང་ཐུབ་ཀྱི་ཡོད་པ་སྨོས་མ་དགོས་སོ། གཟུགས་མེད་ནི་ཧ་ཅང་གི་གྲངས་མང་ཞིང་ཕྱུག་དབུལ་གྱི་ཁྱད་པར་ཧ་ཅང་གི་ཆེན་པོ་ཡོད་ས་རེད། དབུལ་བོ་ཡི་དྭགས་ཀྱི་རིགས་མང་བོ་ཞིག་གིས་ཁ་ལ་ཟ་བའི་ཟས་མིག་གིས་མཐོང་མ་མྱོང་ལོ་རྒྱུས་ཡོད་པ་བཞིན་ནོ། གལ་ཏེ་ཆོས་ལུགས་ནས་བཤད་པ་བཞིན་ཡོད་ན་འདོད་ཁམས་མ་གཏོགས་གཟུགས་ཁམས་དང་གཟུགས་མེད་ཁམས་གཉིས་ང་ཚོའི་གོ་ལ་འདིའི་ནང་དུ་ཨེ་ཡོད་སྙམ། གལ་ཏེ་ཡོད་ན་འདོད་ལྷ་རིགས་དྲུག་པོ་ནམ་མཁའ་ལ་འཕགས་ནས་ཡོད་པ་འདྲ་བོ་རེད། ད་མུ་མཐུད་ནས་སྒོམ་བརྟན་པོ་ཞིག་རྒྱབ་ནས་ལྷའི་མིག་གི་མངོན་ཤེས་ཤིག་ཐོབ་ཨེ་ཐུབ་ལྟ་དགོས་ས་རེད། །
འདོད་ལྷ་དང་། གཟུགས་གཟུགས་མེད་ཀྱི་ཁམས་དང་། ཡི་དྭགས་དང་དམྱལ་ཁམས་སོགས་དང་། ཤམ་བྷ་ལ་གཉིས་ཅུང་མི་འདྲ་སྟེ། ཤམ་བྷ་ལར་མི་ཡི་རྒྱལ་པོ་ཡོད་པ་འདིས་མི་འདྲ་བ་ཆེན་པོ་ཡོད་རེད།
བཀུར་འོས་རྔ་བ་རྒྱལ་ཁམས་པའི་གསུང་ལ་མངོན་པར་བསྟོད། རྩེད་མོ་ཞིག་ཞུ་ན། ངའི་འདོད་པ་ནི། བོན་པོ་རྣམས་ཀྱིས་ཞང་ཞུང་སྒོ་ཕུག་བར་གསུམ་འདོད་པ་བཞིན་ཤམྦྷ་ལར་སྒོ་མང་པོ་ཞིག་ཡོད་པར་འདོད།
༡༽ཕྱི་ཡི་གནས་ནི་ཨུ་ཀནྡ། 乌干达 Ugandaབྱེ་བྲག་ཀམྦྷ་ལ། 坎帕拉/ Kampalaསྟེ་བདེ་བའི་གྲོང་། སྒོ་གཅིག་ནི་གངས་ཏི་སིའོ། །
༢༽གནང་གི་གནས་ནི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར། སྒོ་གཅིག་ནི་གསང་བའི་འཁོར་ལོ། །
༣༽གསང་བའི་གནས་ནི་ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། སྒོ་གཅིག་ནི་དྲན་པ་རྣམ་པར་བཀོད་པའོ། ། མདོར་ན།
།སྨྱོན་པའི་གཏམ་དང་འཁྲུལ་བའི་ཚིག །ཡིད་རྟོན་གཏན་ཚིག་བྲག་ཆུའི་ཟླ། །
གང་གིས་ཅི་ལྟར་བདེན་འཛིན་པ། །དེ་ལ་སྲིད་པའི་གྲོང་ཁྱེར་འབྱུང་། །ཅེས་འཁྲུལ་སྣང་ཡི་གེར་བཀོད་པའོ། །
རྔ་པ་རྒྱལ་ཁམས་པ་ལེགས་ཀྱིས་བྲིས་པའི་རྟོག་དཔྱོད་ལ་བསམ་གཞིགས་གཏིང་ཟབ་དགོས་ཀྱང་། མདོར་བསྡུ་ན། སྤྱོད་འཇུག་ཤེས་རབ་ལེའུའི་ཚིགས་བཅད་གསུམ་པའི་རྐང་པ་བཞི་པ་ལས་མ་འདས་པ་སྟེ། དེ་ཡང་།
་
འབྲས་བུའི་དོན་དུ་མ་དཔྱད་ཕྱིར།། ༤ །།
འདིར། ཕྱིར། ཞེས་པ་རྣམ་དབྱེ་ལྔ་པ་ཡིན་དགོས་སོ།
་ཚིགས་བཅད་གསུམ་པའི། ནོར་འདུག བཞི་པ་ཞེས་འདོན་པར་མཛོད།
ཀླ་ཀློའི་ཆོས་འདི་རང་གི་ལྟ་སྤྱོད་དང་མི་མཐུན་པའི་ཆོས་ལུགས་དང་། མི་རིགས། རྒྱལ་ཁབ། རིག་གནས་མཐའ་དག་མེད་པར་བཟོ་མཁན་གྱི་ཆོས་ལུགས་ཤིག་ཡིན་པའི་ཆ་ནས། ཆོས་ལུགས་དེའི་ལྟ་སྤྱོད་དང་འཇིག་རྟེན་ལ་འཛིན་པའི་འདུ་ཤེས་འཛིན་སྟངས་ཀྱི་ཐད། དགག་ཕྱོགས་ཀྱི་ནུས་པའམ། མི་དགེ་བའི་ལས་སྨོན་ནག་པོ་ཞིག་གི་ནུས་སྟོབས་ཤུགས་ཆེར་འཕེལ་བཞིན་ཡོད་པ་ཤིན་ཏུ་གསལ་བོ་རེད་བསམ། ལྟ་ཚུལ་འདི་སྒྲུབ་ཕྱོགས་ཀྱི་ནུས་པ་ཆེན་པོ་ཞིག་གིས་འགོག་མ་ཐུབ་ཚེ། མ་འོངས་པའི་འཛམ་གླིང་འདིར་དཀའ་ངལ་ཆེན་འབྱུང་ངེས་ཡིན་པ་ད་ལྟ་དཀྱིལ་ཤར་དང་། ཁ་ཆེ་དྲག་སྤྱོད་པའི་བྱ་སྤྱོད་དང་བསམ་བློའི་དམིགས་འབེན་དག་ལས་ར་འཕྲོད་ཐུབ་པ་ཞིག་རེད། སྤྱིའི་ཆ་ནས་ཁ་ཆེའི་ཆོས་དེ་རང་ཉིད་དང་ལྟ་སྤྱོད་མི་མཐུན་པའི་ཆོས་ལུགས་མཐའ་དག་གི་ཁ་གཏད་དུ་ལངས་ཡོད་པ་ཞིག་རེད། དེར་བརྟེན། ཡུ་ཤི་ཆོས་ལུགས་དར་སོ་ཆེ་བའི་རྒྱལ་ཁབ་དང་ཁ་ཆེ་དག་གི་བར་འགལ་བ་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད། ཧིན་དྷུ་དང་ཁ་ཆེ་གཉིས་མི་མཐུན། ཡ་ཧུ་དྰ་པ་དང་ཁ་ཆེ་གཉིས་མི་མཐུན། ནང་པ་དང་ཁ་ཆེ་གཉིས་མི་མཐུན། དེ་དག་ལས་ནང་པའི་ཆོས་ལུགས་ཕུད། གཞན་པ་ཚང་མ་དད་པ་རྐྱང་རྐྱང་གིས་འགྲོ་བཞིན་པའི་ཆོས་ལུགས་རེ་ཡིན་པས། ཆོས་ལུགས་དེ་ཚོར་དེང་རབས་ཚན་རིག་གི་ཉེ་སར་བཅར་བའི་སྤོབས་པ་མེད། ནང་པ་ཚོས་མ་མཐའང་རྒྱུ་འབྲས་དང་། རྟེན་འབྲེལ་གྱི་རྣམ་བཞག་ཡག་པོ་ཞིག་འཇོག་ཐུབ་ཀྱིན་ཡོད་སྟབས། དེ་ནི་ཚན་རིག་ནང་ཆོས་གཉིས་ཐག་ཅུང་ཉེ་བོར་འགྱུར་བཞིན་པའི་རྒྱུ་མཚན་གཅིག་རེད། དེ་ནས༧རྒྱལ་བའི་བསམ་ཡུལ་ལས་འདས་པའི་མཛད་འཕྲིན་གྱིས་ཆོས་ཁས་ལེན་མི་ལེན་གྱི་འཛམ་གླིང་གི་མི་མང་བོ་ཞིག་ཡིད་དབང་འཕྲོག་བཞིན་པ་ནི་རྒྱུ་མཚན་གཉིས་པ་རེད། དེ་ལྟར་ལྟ་ཡོང་དུས་ཆོས་ཁས་མི་ལེན་མཁན་རྣམས་ནང་པ་དང་ཕྱོགས་ཉེར་འགྲོ་རྒྱུ་ཡིན་པ་དང་། ཆོས་ཁས་ལེན་མཁན་གྲས་ནས་ཁ་ཆེ་ཕུད་པས་ཆོས་རྒྱུད་གཞན་རྣམས་ནང་པར་མ་འགྱུར་ཡང་། སྐྱིད་སྡུག་ལངས་ཕྱོགས་ཀྱི་ཐད་ནས་ནང་པ་དང་མཐུན་ཕྱོགས་སུ་འགྱུར་ངེས་ཡིན་པ་ནི་བཤད་ཐུབ་པ་ཞིག་རེད་བསམ། ཤམ་བྷ་ལའི་རྒྱལ་བོས་འཛམ་གླིང་ལ་ཞི་བདེ་བཟོ་བསམ་གྱིན་ཡོད་པ་རེད། ཞི་བདེ་བཟོ་བ་ལ་ཐོག་མར་ཞི་བདེའི་ཆོས་ཀྱིས་འཛམ་གླིང་མི་མང་གི་ཁ་ཕྱོགས་བསྒྱུར་དགོས། ཞི་བདེ་དེའང་ཆོས་ལུགས་རིས་མེད། རྒྱལ་ཁབ་རིས་མེད། མི་རིགས་རིས་མེད། བསམ་བློ་རིས་མེད་སོགས་རིས་སུ་མ་ཆད་པའི་ལྟ་ཚུལ་ཞིག་གི་ཐོག་ནས་འབྱུང་དགོས། དེ་ནི༧གོང་ས་མཆོག་དང་བོད་ཀྱི་ཆོས་པ་ཚོས་བཟོ་བཞིན་ཡོད་པ་ཞིག་རེད་བསམ། དེ་ནི་ཤམ་བྷའི་ཆོས་འཁོར་བསྐོར་བའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད་བསམ། བསམ་གཞིག་འདི་ནི་ང་སྒེར་གྱི་བསམ་ཚུལ་ཙམ་རེད།
མཁས་པའི་དབང་བོ་དྲི་མེད་ལྷག་བསམ་ཚང་དང་། ལ་དྭགས་བློ་བཟང་འཇམ་དཔལ། ཀརྡོ་སོགས་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་དྲངས་པའི་སྤྱོད་འཇུག་གི་ཚིག་བཅད་ཆ་ཚང་། དེ་ལ་འཇིག་རྟེན་རྣམ་གཉིས་མཐོང་། །རྣལ་འབྱོར་པ་དང་ཕལ་པའོ། །དེ་ལ་འཇིག་རྟེན་ཕལ་པ་ནི། །རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །གཉིས་ཀ་ཡང་ནི་འདོད་པའི་དཔེས། །འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །འཇིག་རྟེན་པ་ཡིས་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ཀྱི། །སྒྱུ་མ་ལྟ་བུར་མིན་པས་འདིར། །རྣལ་འབྱོར་པ་དང་གཇིག་རྟེན་རྩོད།
འཛམ་གླིང་རྒྱས་བཤད་ལས།
དུས་འཁོར་ནས་བཤད་པའི་ཀླ་ཀློ་ནི་མུ་སཱལ་མཱན་ཡིན། མཚན་གཞི་ནི། པར་སིག་པ། དུརུཤྐ་པ་དང་ཐོ་དཀར་བ། རྒྱ་གར་ན་ཡོད་པའི་མོོ་གལ་དང་པ་ཐཱན། ས་ཡེེ་ཏ། སེ་ཤ་སོགས་དང་། རྒྱ་ནག་ལ་ཡོད་པའི་ཧོས་ཧུས་སོགས་སོ།། མདོ་སྡེ་ནས་བཤད་པའི་ཀླ་ཀློ་ནི་། དགེ་མི་དགེ། རུང་མི་རུང་། ཆོས་དང་ཆོས་མིན་གྱི་དབྱེ་བ་མི་འབྱེད་པ་ཞིག་ལ་ངོས་འཛིན་པ་ཡིན། མཚན་གཞི་ནི། བོད་ཡུལ་གྱི་ཉེ་སར་ཡོད་པའི་གློ་བ་ཁ་ཁྲ་སོགས་དང་ཕ་མ་སོགས་ཀྱི་དྲིན་ལན་གཞལ་བར་རློམ་སྟེ་གསོད་པ་དང་། ནང་ཕན་ཚུན་བསད་དེ་ཟ་བ་སོགས་ཀྱང་ཡིན། རིག་བྱེད་ནས་བཤད་པའི་ཀླ་ཀློ་ནི་རྒྱ་ནག་པ་དང་བོད། ཧོར་སོག མུ་སཱལ་མན་སོགས་ཀྱང་ཀླ་ཀློ་ཡིན་ཟེར།
སྤྱིར་ཀླ་ཀློ་ནི་འཚེ་བ་ཆོས་སུ་འདོད་མཁན་དག་ལ་ཟེར། དུས་འཁོར་ནས་བཤད་པའི་ཀླ་ཀློ་ནི་ཤམ་བྷ་ལ་རང་ན་ཡོད་དགོས་སོ། །
སྐབས་འདིར་ཀླ་ཀླའོ་ཆོས་ལུགས་ཞེས་པ་ཁ་སྟོན་སྦྲང་རྩིའི་བློ་གྲོས་ཀྱིས་སྤྱི་ལོ༦༢༤ལོར་པར་མ་ཁའི་ཡུལ་དུ་བཙུགས་པའི་ཆོས་ལུགས་ལ་གོ་དགོས། སྤྱིར་ཀླ་ཀློ་ཞེས་པ། ཤེས་རིག་མ་དར་བའི་མིའི་རིགས་དང་བྱ་སྤྱོད་གདུག་རྩུབ་ཅན་སོགས་ལའང་སྦྱོར་སྲོལ་ཡོད།
རྒྱ་ནག་ཐང་གི་སྤར་རྩིས་འདིས་ཤམ་བྷ་ལའམ། ཡང་ན། སྐུ་མདུན་གྱི་སྐོར་ཅིག་བསྟན་ཡོད་མེད་སྙམ་དུ་བདག་ནི་དྭོགས་པ་ཞིག་སྐྱེ་བཞིན་འདུག མཁས་དབང་དྲི་མེད་ལྷག་བསམ་མཆོག་དང་། རྟ་བདུན་དབང་རྣམ་གཉིས་ཀྱི་དགོངས་ཚུལ་ག་འདྲ་ཡིན་ནམ། ངས་རྒྱ་ཡིག་ཡག་པོ་ཞིག་མི་ཤེས། འོན་ཀྱང་། ཨིན་སྒྱུར་གྱི་ནང་དོན་ལ་བལྟས་ན་རྩིས་འབྲས་འདི་མི་སོ་སོས་རང་རང་གི་འདོད་ཕྱོགས་སུ་འགྲེལ་བཞིན་ཡོད་པ་ལྟར། ངས་ཀྱང་འདིས་ཤམ་བྷའམ། ༧སྐུ་མདུན་གྱི་སྐོར་ཞིག་བསྟན་ཨེ་ཡོད་སྙམ་དུ་དྭོགས་པ་ཞིག་སྐྱེ་བཞིན་འདུག མ་གཞི་རྩིས་འདི་རྒྱ་ནག་རང་ལ་གཟིས་པ་ཞིག་ཡིན་ས་རེད་ལགས།
推背图详解:第五十九象 世界大同
第五十九象 壬戌 艮下兌上 咸
谶曰
无城无府 无尔无我
天下一家 治臻大化
颂曰
一人为大世界福
手执签筒拔去竹
红黄黑白不分明
东南西北尽和睦
ཤམྦྷ་ལ་དང་འབྲེལ་པའི་ཀླ་ཀློ་དེ། རྒྱ་གར་དུ། ན་ལ་ནྡཱ་སོགས་ཕྱི་ནང་གི་དགོན་པ་མང་པོ་མེད་པར་བཟོ་མཁན་རིགས་ལ་གོ་བར་སེམས། ཀླ་ཀློ་དེ་དག་གི་སྐད་སྒྲ་འགའ་ཞིག་དུས་འཁོར་རྩ་འགྲེལ་ན་གསལ་བར་ཐོས། གཞན་ཡང་སྐད་རིགས་ལ་བརྟགས་ཏེ། དུས་འཁོར་གྱི་རྩ་འགྲེལ་དག་ཡུལ་བྷང་ག་ལ་རུ་ཡི་གེར་བཀོད་དོ། ཞེས་དིང་སང་གི་བརྩད་གཅོད་བྱེད་པ་འགའ་ཞིག་གིས་་བཤད་དོ།
ཆོས་ལུགས་ཇི་ལྟར་ཡིན་ཡང་། ༧་གོང་ས་མཆོག་གི་རྗེས་སུ་འབྲངས་ཏེ། མཐུན་ལམ་གྱིས་བརྩི་དགོས་ཤིང་། རང་ཉིད་ཀྱི་ཆོས་ལེགས་པ་དང་། དེ་ལས་གཞན་གྱི་ཆོས་ལུགས་ལ་ཀློ་ཀློ་ཟེར་ན་གཞན་ལ་བལྟོས་ཏེ། རང་ཉིད་ཀླ་ཀློར་འགྱུར་བ་ཡོད་པ་འདི་ལ་གཟབ་དགོས་སོ།
༧གོང་ས་རྒྱལ་བ་རིན་པོ་ཆེ་ཐོག་མར་ལ་དྭགས་ལ་ཕེབས་དུས་མུ་སུལ་མཱན་ཁ་ཆེའི་སློབ་དཔོན་དགའ་ནས་མིག་ཆུ་འབབས་པར་ཐོས་སོ།
༄བྱམས་མགོན་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་ལོ། ། སྐྱེས་མཆོག་དམ་པ་རྔ་པ་རྒྱལ་ཁམས་པས་གསུངས་པ་མད། ཕྲན་གྱིས་བསྒྱུར་ཏེ་གཟིགས་འབུལ་ཞུས་ཆོག
ངེད་ཀྱི་ཕ་ཡུལ་ན་བུད་མེད་ལྷ་འདྲེ་མང་བོ་མཐོང་མཁན་ཞིག་ཡོད་པ་དེས་བཤད་པ་ལྟར་ན་འཇིག་རྟེན་གཉིས་པའི་ཡུལ་ན་ང་ཚོའི་མིའི་འཇིག་རྟེན་བཞིན་དགོན་པ་དང་བླ་མ་གྲྭ་བའང་ཡོད་པར་འདུག།དེ་ལས་གཞན་བྲན་གཡོག་ལམ་ལུགས་ཀྱི་སྲོལ་ཤིན་ཏུ་ནས་ཡ་ང་བ་ཡོད་པར་སྣང་ཟེར། སྤྱིར་འཇིག་རྟེན་གཉིས་པའི་ཡུལ་ན་སྐྱེ་གནས་བཞི་ཀ་ཚང་ཞིང་ཕལ་མོ་ཆེ་ཞིག་མངལ་སྐྱེ་ཡིན་ཞིང་འགྲོ་བ་མི་བཞིན་ཕོ་མོའི་བརྩེ་ཏུང་ཡང་ཡོད་པར་འདུག་ཟེར། བུད་མེད་དེས་མཐོང་སྣང་ནི་ལྷ་འདྲེ་རེ་གཉིས་ཙམ་མཐོང་བ་མ་ཡིན་པར། འཇིག་རྟེན་གཉིས་པའི་ལྷ་འདྲེ་དང་། དེའི་སྤྱོད་བྱ་དང་གྲོང་ཁྱེར་ཚང་མ་མཐོང་ཐུབ་ཀྱི་ཡོད་པ་འདྲ། དེ་ཙམ་མ་ཟད་འགྲོ་བ་མི་དང་མིས་སྤྱོད་ཡུལ་རི་ལུང་མང་བོའི་ཕར་ཕྱོགས་ཀྱང་མཐོང་ཐུབ་ཟེར། སྐབས་ཤིག་ལུང་བ་དེའི་གྲྭ་བ་ཞིག་དབུས་གཙང་དུ་མཆོད་མཇལ་ལ་བསྐྱོད་ནས་ཟླ་བ་མང་བོར་རང་ཡུལ་ལ་མ་འབྱོར་བར་གཉེན་ཉེ་ཚོས་བུད་མེད་དེར་ལུང་བསྟན་ཞུ་སྐབས། འོ་ཁོ་དེ་རིང་སྐུ་འབུམ་དགོན་པ་སོང་ནས་ཕྱིར་སྤོས་ཆག་ཅིག་ཉོས་ནས་ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་ཞིག་ན་འགྲོ་བཞིན་འདུག ཉིན་ལྔ་ལས་ལྷག་མི་འགོར་བར་རང་ཁྱིམ་དུ་འབྱོར་ངེས་རེད་ཟེར། རྗེས་སུ་གྲྭ་བ་ཁོ་དག་དག་ཉིན་ལྔའི་ནང་རང་ཁྱིམ་ལ་འབྱོར་ཞིང་དེའི་ཉིན་ཟི་ལིང་གྲོང་ཁྱེར་ན་ཁོའི་ལག་ཏུ་སྤོས་ཆག་པ་ཞིག་ཡོད་པའང་བདེན་པ་ཡིན་ཟེར། །
༄། ། ༧གོང་ས་སྐྱབས་མགོན་༡༤་པ་ཆེན་པོ་ལུང་བསྟན། རྒྱ་ནག་རྒྱབ་རིས་ལུང་བསྟན་དུ་གསལ་བ་བཞུགས་སོ། །
བྱམས་མགོན་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་ལོ། །
རྒྱ་ནག་གི་རྒྱབ་རིས་ལུང་བསྟན་དུ་གྲགས་ནི། རྒྱ་ནག་རྒྱལ་ཁབ་ཀྱི་འཕོ་འགྱུར་གསལ་བའི་ལུང་བསྟན་གྲགས་ཆེ་ཤོས་རེད། འོན་ཀྱང་གཞི་སྔ་མོ་ནས་ཡོད་པ་ཞིག་ལ་ཕྱིས་སུ་གནས་ཚུལ་རེ་བྱུང་དུས་ཁ་སྣོན་རེ་བཏང་ནས་འགྲེལ་བཤད་བྱས་པར་འདོད་མཁན་ཡང་མང་། ། གང་ལྟར་རྒྱ་ནག་མི་མང་ཁྲོད་ལུང་བསྟན་འདི་ལ་ཡིད་ཆེས་མཁན་ཤིན་ཏུ་མང་ཞིང་། དེ་བཞིན་འགྲེལ་བཤད་དང་པར་རིས་ཀྱང་མང་དུ་བཞུགས་སོ། །འདི་བོད་ཡིག་ཏུ་རོབ་ཙམ་བསྒྱུར་ན།
推背图详解:
ཚོད་དཔག་རྒྱབ་རིས་ཞིབ་འགྲེལ་ལས།
第五十九象 世界大同
རྩིས་ཀྱི་བྱང་བུ་༥༩་པ། ༼གབ་ཙེའི་མིང༽འཛམ་གླིང་ཆིག་སྒྲིལ་ཆེན་མོ།
第五十九象 壬戌 艮下兌上 咸
谶曰 བྱང་བུ་༥༩་པ། ཀུན་རི་འོག་ལ་དྭ་ལྕགས་སྟེང་། འདི་ལྟར།
无城无府 无尔无我
天下一家 治臻大化
མཁར་མེད་ཕོ་བྲང་མེད། །ཁྱོད་མེད་བདག་ཀྱང་མེད། །
གནམ་འོག་ཁྱིམ་ཚང་གཅིག །བསྒྱུར་བཅོས་ཆེན་པོ་འབྱུང་། །
颂曰
ཚིགས་སུ་བཅད་པར།
一人为大世界福
手执签筒拔去竹
红黄黑白不分明
东南西北尽和睦
མི་གཅིག་གིས་ནི་འཛམ་གླིང་ཆེན་པོར་བསོད་ནམས་བསྐྲུན། །ལག་ན་མོ་རྡེའུ་ཐོགས་ཤིང་སྨྱུགས་མ་ཕྱུངས། །
དམར་པོ་དང་ནི་སེར་པོ་དཀར་ནག་རིས་མེད་མཛད། །ཤར་ལྷོ་ནུབ་བྱང་ཐམས་ཅད་མཐུན་པོར་སྒྱུར། །ཅེས་གསུངས་སོ། །
མཆན། ལུང་བསྟན་འདི་༧སྐྱབས་མགོན་རྒྱལ་བའི་དབང་པོ་ལས་གཞན་དུ་འགྲེལ་ཐབས་མེད་པ་ཞིག་གོ། རྩིས་བྱང་གི་དྭ་ལྕགས་སྟེང་ཡིན་པ་༧གོང་ས་མཆོག་གི་རྨེ་བ་གཉིས་ནག་ལྕགས་ཁམས་ཡིན་པར་བསྟན། ཡང་ན་ཁྱི་འབྲུག་ཕག་གསུམ་ལྕགས་ནས་བརྩི་ཞེས་ལུས་ཀྱི་གནས་དང་པོ་བསྟན། འོག་ཏུ་ཀུན་རི་ས་ཁམས་སྟེ་བོད་མིའུ་གདུང་དྲུག་ལས་མདོ་སྨད་ལྡོང་གི་རིགས་ས་ཁམས་ཡིན་པར་བསྟན། རྒྱ་ནག་ལུགས་ལ་སྤར་ཁ་སྟོང་འཇུག་གི་མན་ངག་ཡོད་པ་ཟུར་དུ་བཞག་ནས་ཐད་གར་འགྲེལ་ན། ལྕགས་མ་ས་སྟེ་མ་འཕྲད་དུ་གྱུར་བས་འགྲོ་བ་མ་ལུས་པར་མ་ལྟར་བརྩེ་བའི་བདག་ཉིད་ཆེན་པོ་ཞིག་ཡིན་པ་དང་། ལྕགས་སྟེང་དུ་ཡོད་པས་བར་ཆད་ཀྱང་ཤིན་ཏུ་ཆེ་བའི་རྩིས་འབྲས་ཤར་རོ། །ཚིགས་རྐང་དང་པོས་བོད་ཀྱི་མཁར་གཞིས་ཤོར་ནས་མེད་པར་གྱུར་ཏེ་བཙན་བྱོལ་དུ་ཕེབས་པ་དང་། གཉིས་པས་སྒེར་སེམས་མེད་པར་བདག་ལས་གཞན་གཅེས་གནང་པ་དང་། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཆོས་འཁོར་སྐོར་བ། །གསུམ་པས་འཛམ་གླིང་འགྲོ་བ་མི་ཡི་རིགས་སུ་གྱུར་པ་ཁྱིམ་ཚང་གཅིག་གི་ལྟ་གྲུབ་སྤེལ་བ། བཞི་པས་ཞི་བདེའི་ལྟ་གྲུབ་ཀྱིས་འཛམ་གླིང་ལཤུགས་རྐྱེན་བླ་མེད་འབྱུང་ཚུལ་ལོ། །ཚིག་རྐང་ཕྱི་མ་བཞིས་དེ་ལས་ཀྱང་གསལ་པོར་བསྟན་ཏེ། དང་པོས་འཛམ་གླིང་སྤྱི་ལ་བདེ་སྐྱིད་ཀྱི་ཞིང་ས་བསྐྲུན་པ། ཚིག་རྐང་གཉིས་པས་མི་དེའི་སྒེར་གྱི་ཁྱད་ཆོས་བསྟན་ཏེ་(མོ་བྱང་གི་སྣོད་སྨྱུགས་དོང་)ཕྱག་མོ་ལུང་བསྟན་མཁན་ཞིག་ཡིན་པ། དྲང་བདེན་(སྨྱུགས་མ་ནི་དྲང་བདེན་མཚོན)གྱི་ལམ་སྟོན་མཁན་ཞིག་ཡིན་པར་བཤད། ཚིག་རྐང་གསུམ་པས་བོད་བརྒྱུད་དང་འཛམ་གླིང་ཆོས་ལུགས་རིས་མེད་གནང་མཁན།(བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་བཅས་རྒྱ་ནག་གི་འདོད་པའི་ཁ་དོག་ལྟར་རམ། དམར་པོ་ནི་ཡེ་ཤི། སེར་པོ་ནི་ནང་པ། དཀར་པོ་ནི་རྒྱ་གར། ནག་པོ་ནི་ཁ་ཆེའི་ཆོས་ལུགས་སྟ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་།) ཚིག་རྐང་བཞི་བས་འཛམ་གླིང་ཕྱོགས་ཀུན་ཏུ་ཞི་བདེ་བསྐྲུན་ཞིང་མཐུན་སྒྲིལ་ཆེན་པོ་སྤེལ་བར་མཛད་པར་བསྟན་ཏོ། ། དྲི་མེད་ལྷག་བསམ་གྱིས་འཕྲལ་དུ་བསྒྱུར་ཞིང་མཆན་བཏབ་པ་དགེའོ། །
རྒྱ་ནག་རྒྱབ་རིས་ལུང་བསྟན་དེ། སུས་ལུང་བསྟན་པ་རེད་དམ། ལགས།
འཕྲིན་བརྒྱུད་ནས་དབང་ཆེན་དང་པོ།
Connecting Faith Through Technology—Why the 34th Kalachakra is a Divine Gift for the World
་
https://www.youtube.com/watch?v=roD-aUlPKBg
་
༄། ། ༧གོང་ས་སྐྱབས་མགོན་༡༤་པ་ཆེན་པོ་ལུང་བསྟན། རྒྱ་ནག་རྒྱབ་རིས་ལུང་བསྟན་ལས་ཁོལ་དུ་ཕྱུངས་པ་པ་བཞུགས་སོ། །
བྱམས་མགོན་དགའ་རབ་རྡོ་རྗེ་ལ་ཕྱག་འཚལ་ལོ། །
རྒྱ་ནག་གི་རྒྱབ་རིས་ལུང་བསྟན་དུ་གྲགས་པ་ནི། རྒྱ་ནག་རྒྱལ་ཁབ་ཀྱི་འཕོ་འགྱུར་གསལ་བའི་ལུང་བསྟན་གྲགས་ཆེ་ཤོས་རེད། ཐང་ཐེ་ཙུང་གི་གནམ་རིགས་མཁས་དབང་ཆེན་པོ་ལེའུ་ཁྲུན་ཧྥུང་དང་། ཡཱན་ཐེན་ཀྭང་རྣམ་གཉིས་ཀྱིས་སྤར་ཀ་བརྒྱད་རྩིས་ཀྱི་སྒོ་ནས་ཏང་རྒྱལ་རབས་གཙོ་བོར་བྱས་པའི་མངའ་ཐང་་ལེགས་ཉེས་ལུང་བསྟན་པའི་གཞུང་ཞིག་ཡིན་གྲགས། 唐朝太宗皇帝(李世民)命两位当时著名的天相家李淳风和袁天罡所作,以推算大唐国运。འོན་ཀྱང་མ་དཔེ་སྔ་མོ་ཐང་གི་དུས་ནས་ཡོད་པ་ཞིག་ལ་ཕྱིས་སུ་གནས་ཚུལ་རེ་བྱུང་དུས་ཁ་སྣོན་རེ་བཏང་ནས་འགྲེལ་བཤད་བྱས་པར་འདོད་མཁན་ཡང་ཡོད། ། གང་ལྟར་རྒྱ་ནག་རྒྱལ་རབས་རིམ་བྱོན་གྱིས་སོ་སོའི་འདོད་པ་བཞིན་འགྲེལ་བ་དང་། རྒྱ་ནག་མི་མང་ཁྲོད་ལུང་བསྟན་འདི་ལ་ཡིད་ཆེས་མཁན་ཤིན་ཏུ་མང་ཞིང་། དེ་བཞིན་འགྲེལ་བཤད་དང་པར་རིས་ཀྱང་མང་དུ་བཞུགས་སོ། །འདི་བོད་ཡིག་ཏུ་རོབ་ཙམ་བསྒྱུར་ན།
推背图详解:
ཚོད་དཔག་རྒྱབ་རིས་ཞིབ་འགྲེལ་ལས།
第五十九象 世界大同
རྩིས་ཀྱི་བྱང་བུ་༥༩་པ། ༼གབ་ཙེའི་མིང༽འཛམ་གླིང་ཆིག་སྒྲིལ་ཆེན་མོ།
第五十九象 壬戌 艮下兌上 咸
谶曰 བྱང་བུ་༥༩་པ། ཀུན་རི་འོག་ལ་དྭ་ལྕགས་སྟེང་། འདི་ལྟར།
无城无府 无尔无我
天下一家 治臻大化
མཁར་མེད་ཕོ་བྲང་མེད། །ཁྱོད་མེད་བདག་ཀྱང་མེད། །
གནམ་འོག་ཁྱིམ་ཚང་གཅིག །བསྒྱུར་བཅོས་ཆེན་པོ་འབྱུང་། །
颂曰
ཚིགས་སུ་བཅད་པར།
一人为大世界福
手执签筒拔去竹
红黄黑白不分明
东南西北尽和睦
མི་གཅིག་གིས་ནི་འཛམ་གླིང་ཆེན་པོར་བསོད་ནམས་བསྐྲུན། །ལག་ན་མོ་རྡེའུ་ཐོགས་ཤིང་སྨྱུགས་མ་ཕྱུངས། །
དམར་པོ་དང་ནི་སེར་པོ་དཀར་ནག་རིས་མེད་མཛད། །ཤར་ལྷོ་ནུབ་བྱང་ཐམས་ཅད་མཐུན་པོར་སྒྱུར། །ཅེས་གསུངས་སོ། །
མཆན། ལུང་བསྟན་འདི་༧སྐྱབས་མགོན་རྒྱལ་བའི་དབང་པོ་ལས་གཞན་དུ་འགྲེལ་ཐབས་མེད་པ་ཞིག་གོ། རྩིས་བྱང་གི་དྭ་ལྕགས་སྟེང་ཡིན་པ་༧གོང་ས་མཆོག་གི་རྨེ་བ་གཉིས་ནག་ལྕགས་ཁམས་ཡིན་པར་བསྟན། ཡང་ན་ཁྱི་འབྲུག་ཕག་གསུམ་ལྕགས་ནས་བརྩི་ཞེས་ལུས་ཀྱི་གནས་དང་པོ་བསྟན། འོག་ཏུ་ཀུན་རི་ས་ཁམས་སྟེ་བོད་མིའུ་གདུང་དྲུག་ལས་མདོ་སྨད་ལྡོང་གི་རིགས་ས་ཁམས་ཡིན་པར་བསྟན། རྒྱ་ནག་ལུགས་ལ་སྤར་ཁ་སྟོང་འཇུག་གི་མན་ངག་ཡོད་པ་ཟུར་དུ་བཞག་ནས་ཐད་གར་འགྲེལ་ན། ལྕགས་མ་ས་སྟེ་མ་འཕྲད་དུ་གྱུར་བས་འགྲོ་བ་མ་ལུས་པར་མ་ལྟར་བརྩེ་བའི་བདག་ཉིད་ཆེན་པོ་ཞིག་ཡིན་པ་དང་། ལྕགས་སྟེང་དུ་ཡོད་པས་བར་ཆད་ཀྱང་ཤིན་ཏུ་ཆེ་བའི་རྩིས་འབྲས་ཤར་རོ། །ཚིགས་རྐང་དང་པོས་བོད་ཀྱི་མཁར་གཞིས་ཤོར་ནས་མེད་པར་གྱུར་ཏེ་བཙན་བྱོལ་དུ་ཕེབས་པ་དང་། གཉིས་པས་སྒེར་སེམས་མེད་པར་བདག་ལས་གཞན་གཅེས་གནང་པ་དང་། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཆོས་འཁོར་སྐོར་བ། །གསུམ་པས་འཛམ་གླིང་འགྲོ་བ་མི་ཡི་རིགས་སུ་གྱུར་པ་ཁྱིམ་ཚང་གཅིག་གི་ལྟ་གྲུབ་སྤེལ་བ། བཞི་པས་ཞི་བདེའི་ལྟ་གྲུབ་ཀྱིས་འཛམ་གླིང་ལཤུགས་རྐྱེན་བླ་མེད་འབྱུང་ཚུལ་ལོ། །ཚིག་རྐང་ཕྱི་མ་བཞིས་དེ་ལས་ཀྱང་གསལ་པོར་བསྟན་ཏེ། དང་པོས་འཛམ་གླིང་སྤྱི་ལ་བདེ་སྐྱིད་ཀྱི་ཞིང་ས་བསྐྲུན་པ། ཚིག་རྐང་གཉིས་པས་མི་དེའི་སྒེར་གྱི་ཁྱད་ཆོས་བསྟན་ཏེ་(མོ་བྱང་གི་སྣོད་སྨྱུགས་དོང་)ཕྱག་མོ་ལུང་བསྟན་མཁན་ཞིག་ཡིན་པ། དྲང་བདེན་(སྨྱུགས་མ་ནི་དྲང་བདེན་མཚོན)གྱི་ལམ་སྟོན་མཁན་ཞིག་ཡིན་པར་བཤད། ཚིག་རྐང་གསུམ་པས་བོད་བརྒྱུད་དང་འཛམ་གླིང་ཆོས་ལུགས་རིས་མེད་གནང་མཁན།(བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་བཅས་རྒྱ་ནག་གི་འདོད་པའི་ཁ་དོག་ལྟར་རམ། དམར་པོ་ནི་ཡེ་ཤི། སེར་པོ་ནི་ནང་པ། དཀར་པོ་ནི་རྒྱ་གར། ནག་པོ་ནི་ཁ་ཆེའི་ཆོས་ལུགས་སྟ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་།) ཚིག་རྐང་བཞི་བས་འཛམ་གླིང་ཕྱོགས་ཀུན་ཏུ་ཞི་བདེ་བསྐྲུན་ཞིང་མཐུན་སྒྲིལ་ཆེན་པོ་སྤེལ་བར་མཛད་པར་བསྟན་ཏོ། ། འདི་ལ་འགྲེལ་མཁན་མང་པས་འདོད་པ་སྣ་ཚོགས་འབྱུང་མ་བཤད་མ་དགོས་ཀྱང་། རང་ཉིད་ཀྱིས་སེམས་ལ་གང་ཤར་ལས་ཞིབ་ནན་བྱེད་རྒྱུ་མ་བྱུང་པས་དཔྱད་གཞི་གནང་བར་འཚལ། །དྲི་མེད་ལྷག་བསམ་གྱིས་འཕྲལ་དུ་བསྒྱུར་ཞིང་མཆན་བཏབ་པ་དགེའོ། །
གཟིགས་སྣང་དང་དག་སྣང་ལུང་བསྟན་སོགས་ཡིད་ཆེས་མེད་བཤད་བཤད། ད་ཡང་ཁ་དན་ཚིག་ལ་གནས་མི་འདུག ལུང་དེའི་ནང་ཕལ་
ཆེར་ངས་ལྟས་ན་བོད་རང་བཙན་ཤོར། རྒྱ་གར་ནང་བོད་མི་ཉུང་ཤས་
ཞིག་སླེབ་ཐུབ་རུང་ནང་འཁྲུག་རྒྱུན་མི་འཆད་ཞེས་གསལ་ཡོད་ཚོད་རེད།
རླུང་ཐོག་ཁྱོད། མི་ཁྱོད་བཀྲ་མི་ཤིས་པ་ཞིག་རེད་འདུག ད་ཁ་གཟབ་གཟབ་གྱིས།
དྲི་མེད་ལྷག་བསམ་ཚང་གིས་ཐང་གི་སྙན་གྲགས་ཤིན་ཏུ་ཆེ་བའི་རྩིས་འབྲས་འདི་ཉིད་བོད་སྒྱུར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་བྱུང་ཞུས་པ་ལགས། ད་ཚང་མས་རྩིས་འབྲས་འདིའི་ཐད་ཐུགས་བསམ་དང་དཔྱད་པ་རེ་གནང་རོགས་ཞུ་རྒྱུ་ཡིན། རྩིས་འབྲས་འདི་བཞིན་དྲི་མེད་པས་འགྲེལ་བརྗོད་གནང་དོན་ལྟར། ངས་ནི༧གོང་ས་མཆོག་དང་བོད་རྒྱུད་ནང་བསྟན་གྱི་གནད་དོན་ཞིག་གླེང་ཡོད་པར་ཡིད་ཆེས་བྱེད་བཞིན་པ་ཡིན། སྤྱིར་མ་འོངས་པའི་ལུང་བསྟན་དང་རྩིས་འབྲས་མང་བོ་ཞིག་ལུང་བསྟན་མཁན་དང་རྩིས་རྒྱག་མཁན་སུས་ཀྱང་སྐབས་དེར་གསལ་བོ་ཞིག་འགྲེལ་བརྗོད་གནང་མི་ཐུབ་པ་དེ་འདྲའང་ཡོང་གི་ཡོད་པ་རེད། རྗེས་ནས་གནད་དོན་དེ་ཚོ་ཐོག་ཏུ་བབ་ཡོང་དུས་འདི་དང་དེ་ལུང་བསྟན་དང་། རྩིས་འབྲས་ག་གེ་མོ་ཞིག་ཏུ་འདི་ལྟར་གསལ་བོར་སྔོན་ནས་བསྟན་ཡོད་ཚུལ་འགྲེལ་བརྗོད་དོན་ཐོག་ཏུ་བབ་པ་ཤིན་ཏུ་མང་། ངས་ནི༧གོང་ས་མཆོག་དང་བོད་རྒྱུད་ནང་བསྟན། ཤམ་བྷ་ལའི་མཛད་འཕྲིན་སོགས་རྩིས་འབྲས་འདིའི་ནང་གསལ་བོར་བསྟན་ཡོད་པ་ཞིག་ཏུ་ཚོར་གྱིན་ཡོད། རྣམ་པ་ཚོས་འདིའི་ཐད་དགོངས་འཆར་ལྷུག་སྩོལ་གནང་རོགས། དྲྭ་གྲོགས་ཚང་མར་མཚམས་འདྲི་བཅས།
དྲི་མེད་ལྷག་བསམ་ལགས་ཀྱིས་ཡག་པོ་བསྒྱུར་འདུག་པས་རྗེས་སུ་ཡི་རང་ཡོད། ལུང་བསྟན་གྱི་རིགས་ཕལ་ཆེར་འགྲེལ་བཤད་རྒྱག་ཁག་པོ་འདུག ལྷག་པར་དུ་རྒྱའི་ལུང་བསྟན་དེ་རྩིས་བཏབ་ནས་མ་འོང་ལུང་བསྟན་པ་རེད་འདུག ངེད་ནི་རྩིས་ལ་ནི་ཧ་ཅང་གི་ཡིད་ཆེ་མེད། སྤྱན་ལྔ་དང་མངོན་ཤེས་དྲུག་ལྡན་པའི་གང་ཟག་གིས་མ་འོངས་པར་ལུང་བསྟན་ན་ཡིད་ཆེ་ལོས་ཡོད། དེ་མིན་རྩིས་ཤིག་རྒྱབ་ནས་བཤད་ན་དེ་ཙམ་རེད། །
རྒྱ་རིགས་ཀྱིས་བོད་གཞས་ཐོག་ལ་ཁྲབ་པ།
https://www.youtube.com/watch?v=w9v2GPU-iHk
དྲི་མེད་ལྷག་བསམ་ལགས། འབྱུང་རྩིས་ལྟར་ན། “ཀུན་རི་འོག་ལ་དྭ་ལྕགས་སྟེང་།” ཞེས་པའི་ཀུན་རི་ནི་སྤར་ཁ་གིན་དང་། དེའི་ཁམས་རི། གནས་ཡུལ་འོག དྭ་ལྕགས་ཟེར་བ་ནི་སྤར་ཁ་དྭ། དེའི་ཁམས་ལྕགས། གནས་ཡུལ་སྟེང་ཟེར་བ་རེད། དེས་ན་”དྭ་ལྕགས་སྟེང་ཡིན་པ་༧གོང་ས་མཆོག་གི་རྨེ་བ་གཉིས་ནག་ལྕགས་ཁམས་ཡིན་པར་བསྟན།” ཟེར་བར་ཇི་ལྟར་འགྲེལ། ༧གོང་ས་མཆོག་གི་སྐྱེས་སྨེ་གཉིས་ནག་ཡིན་པ་བདེན་ཡང་། དེའི་ཁམས་ལྕགས་མ་རེད། ནག་མཐིང་ཆུ་ཟེར་བ་རེད། སྨེ་བ་གཉིས་ནག་གི་ཁམས་ཆུ་རེད།
“ཡང་ན་ཁྱི་འབྲུག་ཕག་གསུམ་ལྕགས་ནས་བརྩི་ཞེས་ལུས་ཀྱི་གནས་དང་པོ་བསྟན།” ཟེར་བ་དེ་ཡང་ཅུང་འཐད་པར་མ་མཐོང་། ཁྱི་འབྲུག་ཕག་སྦྲུལ་ལྕགས་ནས་བརྩི་ཟེར་བ་ནི། དེ་གསུམ་གྱི་ལུས་ཁམས་བརྩི་སྐབས་ལྕགས་ནས་མགོ་འཛུགས་དགོས་ཟེར་བ་ལས་ལུས་ཀྱི་གནས་དང་པོ་བསྟན་ཟེར་བ་ཞིག་འབྱུང་རྩིས་ན་མེད།
ངས་གོང་དུ་ཞུས་པ་དེ་དག་འབྱུང་རྩིས་གཞིར་བཟུང་བྱས་ནས་ཞུས་པ་ཙམ་ལས་ལུང་བསྟན་སྐོར་ལ་གང་ཡང་ཞུ་ཤེས་ཀྱིན་མེད། དེ་ཙམ་ཡིན།
ལ་དྭགས་པ་འགྲན་ཟླ་མེད་པའི་གཞན་ཕན་ཐོགས་བྱེད་པའི་ཚོང་པ་ཞིག་ལ་རྩིས་པ་ཞིག་དེ་ཉིད་ཀྱི་འགྲམ་དུ་འོངས་ནས་དེ་རིང་གཟའ་སྦྱོར་ངན་པས་ཅིས་ཀྱང་ཕྱོགས་ལ་མ་ཕེབས་ཞུས་པ་ན། ཁྱོད་འདིར་འོངས་ནས་དེ་ལྟར་སྨྲས་པར་བཀའ་དྲིན་ཆེ། དངུལ་བྱིན། ང་དེ་རིང་མ་འགྲོ་བར་ཐབས་མེད། བཟང་ངན་ཅི་འབྱུང་ཡང་དཀོན་མཆོག་ལ་སྐྱབས་འགྲོ་བྱེད། ཅེས་གསུང་འདུག
ལྔ་རིག་སྨྲ་བ་བེ་རི་རིག་པའི་རྡོ་རྗེ་ལ་གུས་གསོལ། བོད་བརྒྱུད་འབྱུང་རྩིས་ལྟར་ན་ཉིད་ཀྱི་གསུངས་པ་དེ་དེ་བཞིན་ནོ། །རྒྱ་ནག་འབྱུང་རྩིས་ལྟར་ན། སྤར་རྨེ་གཉིས་ལ་རང་བཞིན་དང་འགྱུར་བའི་བརྩི་སྟངས་གཉིས། འགྱུར་བ་སྲིད་པའི་ལོ་འགྲོས་ཁམས་གཞན་གྱིས་བསྒྱུར་བས་ནུས་པ་ཆེ་ཆུང་གི་དབྱེ་བ་མང་། མཁྱེན་དགོས་པ་ཞིག་ནི་འབྱུང་བ་བསྐྱེད་སྡུད་ཀྱི་དབྱེ་བ་རེད། དེ་ཕྱོགས་ཙམ་ཞུ་ན།
无极
无极生太极
太极生两仪
两仪生四象
四象生八卦
八卦生六十四卦.
དང་པོ་ཡེ་མེད་སྟོང་པ་ཉིད། །
དེ་ལས་སྣང་མུན་རྣམ་གཉིས་ཤར། །༼ཐབས་ཤེས། ཕོ་མོ༽
སྣང་མུན་གཉིས་ལས་འབྱུང་བཞི་བྱུང་། །
འབྱུང་བ་བཞི་ལས་སྤར་ཁ་བརྒྱད། །
དེ་ལས་སྤར་ཁ་དྲུག་ཅུ་བཞི། ། ཞེས་འབྱུང་བ་སོ་སོར་གྱེས་ཚུལ་ལམ་བསྐྱེད་ཚུལ་བསྟན། བསྡུ་ཚུལ་མས་རིམ་ནས་འཇུག་གོ། །
༡༽དྭ་ལྕགས། རྒྱ་ནག་ལུགས་ལ་ཁམས་ལྕགས་རེད། བརྒྱད་དུ་དབྱེ་སྐབས་ལྕགས་ཡིན་ཀྱང་འབྱུང་བཞིའི་སྐབས་ས་རེད། གཉིས་ནག རྒྱ་ནག་ལུགས་ལ་ས་ཁམས་རེད་ཆུ་ཁམས་མ་རེད། བསྡུ་ཚུལ་ལྕགས་ས་ལ་བསྡུ་དགོས་པ་རེད། ས་ལྕགས་གཉིས་རང་བཞིན་གྱི་འབྱུང་བ་གཅིག་ཏུ་ངོས་འཛིན་ནོ། ། སྤྱིར་དེ་ལྟར་ལགས་ཀྱང་ཡིག་ཆ་སྨྲ་བ་ཚོའི་དབྱེ་ཚུལ་ཐ་དད་ཡོད་པང་སྨྲ་མ་དགོས། ༢༽ཐོག་མའི་བརྩི་གཞི། རྒྱ་ནག་ལུགས་ལ་བརྕི་གཞི་ཐམས་ཅད་གློ་བུར་བ་ཞིག་མ་རེད། མགོ་འཛིན་ས། གནས་དང་པོ། བརྩི་གཞི་གསུམ་གཅིག་ཏུ་འདོད། ལུས་ཁམས་བརྩི་སྐབས་ལྕགས་ནས་མགོ་འཛུགས་དགོས་ཟེར་བ་དོན་དུ་ལུས་ཀྱི་གཞི་ལ་ངོས་འཛིན།
རྒྱ་ནག་གི་གཞུང་། 黃帝陰符經》奇門遁甲釋秘འདི་ན། གནས་དང་པོ་གཞི་འཛིན་ས། གནས་གཉིས་པ་སྟོང་འཇུག གནས་གསུམ་པ་རྣམ་འཕྲུལ། གནས་བཞི་བ་རྩིས་འབྲས། ཞེས་བཀོད་ཡོད་གནས་ཞེས་པ་ཕྲན་གྱིས་བསྒྱུར་བ་ཡིན་པས་སྐྱོན་མེད་དུ་ཁས་བླང་པ་ཡང་མིན། འདི་ལ་འགྲེལ་ཚུལ་ཤིན་ཏུ་མང་། གནས་དང་པོ་དང་སྟོང་འཇུག་གྱི་རྣམ་བཞག་ཤིན་ཏུ་གསང་བ་ཡིན་པས་འགྲེལ་བ་རྣམས་ཞལ་མི་མཐུན། ཕྲན་ཏྭ་ཅོའི་མཁས་པ་ཞིག་ལ་མཇལ་བར། ཁོས་ཉིན་རེར་མི་སུ་ཞིག་དང་སུ་འཕྲད། དེའི་གོས་རྒྱན། ཕྱོགས་གང་ནས་ཡོང་། ལོ་ཁམས། ལག་ཏུ་སྒོར་མོ་ཅི་ཙམ་ཡོད། སེམས་ལ་ཁ་དོག་དང་དབྱིབས་གྲངས་ཀ་སོགས་ཅི་ཤར། ནང་མི་ཅི་ཡོད། ཕ་མེས་གསུམ་བརྒྱུད་ཚུན་གྱི་ལོ་རྒྱུས་གསལ་བོར་སྨྲ་ཐུབ་པ་མྱོང་གྲུབ་ཡིན། ང་ཚོ་མི་༢༠་ཙམ་གྱི་ཚོད་ལྟ་བྱས་ཏེ་མྱོང་བ་ཐོན། ཁོའི་དྲུང་ནས་སྟོང་འཇུག་ས་དཔྱད་ཀྱང་ཕྲན་བུ་སྦྱང་མྱོང་། འོན་ཀྱང་ཤེས་བརྩོན་ཞན་པས་མཐའ་རྒྱ་ཆོད་པ་ཞིག་ག་ལ་ཤེས། གོང་དུ་ལུང་བསྟན་འདོད་ཕྱོགས་ཙམ་བསྒྲིགས་པ་ཡིན། དུས་ཚོད་བྲེལ་བ་ཆེ་བས་དེ་ཙམ་ལས་ཞུ་མ་ནུས། སྐུ་ཚེ་རིང་། །
དཀར་པོ་ཆག་གྲུགས་ཞིག་བབས་པ་དེ་གངས་ཅན་པའི་ཕ་ས་རྒྱ་ལ་
ཤོར། སེར་པོ་དུམ་གཉིས་ཞིག་བབས་པ་དེ་དགེ་ལུགས་པའི་བསྟན་
པ་དུམ་གཉིས་སུ་ཆག དམར་ཁྲ་ཤིག་ཤིག་ཞིག་བབས་པ་དེ། བཙན་
བྱོལ་ཡུལ་གྱར་བའི་ནང་དུ་དམེ་འཁྲུག་རྒྱུན་མ་ཆད་པའི་རྟགས། ད་ཡིན་
ན་མོ་དེ་ཐིག་པོ་བྱུང་འདུག་ཡ།
ཛམ་གླིང་ཡུལ་གྲུ་ཚང་མས་བོད་པ་དང་བོད་ཆོས་དགའ་ནས་སྡོད་དུས། ཁྱོད་རླུང་ཐོག་ཁ་ནས་སྲོག་རླུང་ལངས་པའི་སྐད་ངན་ཅིག་མ་གཏོགས་འདོན་ཡ་མེད་པ་འདྲ། ད་གཞི་ནས་ཧ་གོ་སོང་། མི་ཁྱོད་གོ་ཤེས་ཡོད་པའི་མི་ཞིག་གཏན་ནས་རེད་མི་འདུག
དྲི་མེད་ལྷག་བསམ་ལེགས་ཀྱིས་ལྷག་བསམ་ཆེན་པོས་བསྒྱྲུར་པ་ལ་བཀའ་དྲིན་ཆེ་ཞུ་འོས་ལགས། ང་བཙུན་ཆུང་ཡིན་དུས་གྲྭ་ཆེན་རྣམས་ཀྱིས་གཡང་འགུགས་ཆོ་ག་འདོན་པ་ན། ཕྱྭ་འགུག་ཀྱེ། སྐྱོར་བ་ཞིག་ཐོས། ཕྱྭ། ཞེས་པ་རྒྱ་ནག་སྐད་ཡིན་ཅིང་། གཡང་གིས་དོན་ཡིན་པར་སེམས། ལོ་ངོ་བཅུ་་ཕྲག་གཉིས་གསུམ་སྔོན་དུ། ཨ་རི་ཧ་ཝ་ཡི་རུ། ཐེ་ཝན་ནས་འོངས་པའི་རྒྱ་རིགས་དབོན་པོ་ཞིག་གིས་ཁང་མིག་དག་ལ་བལྟས་ཏེ། ཁང་མིག་འདིལ་ཕྱྭ་འདུག ཁང་མིག་འདི་ལ་ཕྱྭ་མི་འདུག་ཅེས་སྨྲས་པ་མཐོང་ངོ་། །
འཛམ་གླིང་ཡུལ་གྲུ་ཚང་མ་ནང་ཆོས་ལ་དགའ་ནས་བསྡད་འདུག xxxx འོ་ད་འདི་རེད།
ཡེ་ཤུ་སྤོབ་ཀྱི་ཆོས་བཤད་དུས་མི་ཉུང་ན་་ས་ཡ་་་གཅིག་གཉིས་འདུག རིན་མེད་ཐོག་ཆོས་བཤད་དུ་མི་ས་ཡ་བཞི་ལྔ་བར་ཡོང་གི་འདུག དེ་ཧིན་དྷ་བའི་་་རྩ་རླུང་་་བླ་མ་དེ་ཚོའི་ཆོས་བཤད་སྐབས་མི་ཉུང་མཐའ་་་ཁྲི་གསུམ་བཞི་ཡོང་གི་འདུག རིན་མེད་ཐོག་ཡིན་ན་ས་ཡ་གཅིག་ཡས་མས་རེད། བོད་ཀྱི་བོན་རྙིང་བཀའ་ས་ཇོ་དགེ་་སོགས་ཀྱི་ཆོས་ཚོགས་ཁག་མང་པོ་ཡོད། དེ་དག་གི་ཆོས་བཤད་སྐབས་རྒྱུན་ལྡན་ལྟར་ན་མི་དྲུ་བཅུ་བདུན་བཅུ་ཡས་མས་ཙམ་ཡོང་གི་ཡོད། རིན་མེད་ཐོག་ཡིན་ན་200་ཡས་མས་རེད།
ད་དེ་ཙམ་ལ་འཛམ་གླིང་ཡུལ་གྲུ་ཚང་མ་བོད་ཀྱི་ནང་ཆོས་ལ་དགའ་མཁན་རེད་ཟེར་ན་ཧམ་པ་ཆེ་སོང་བ་མ་རེད་དམ།
བོད་ཀྱི་བླ་མ་དེ་ཚོས་ནང་གི་དྲི་ངན་དེང་སང་ཕྱི་ལ་ཤོར་བཞིན་པ་རེད། ཕྱི་རྒྱལ་བུད་མེད་ལ་བཙན་གཡེམ་བྱས་ནས་ཁྲིམས་ཁང་གི་ཉེས་ཆད་ཕོག་པ། ཆོས་ལུགས་འཐེནའཁྱེར་གྱི་སློབ་གསོ་སྤེལ་ནས་མི་སེམས་དཀྲུག་པ་སོགས་བྱ་ངན་སྤེལ་དང་སྤེལ་བཞིན་པ་འདིས། ནུབ་ཕྱོགས་པའི་ཡུལ་ལུང་མང་པོ་ཞིག་གི་ནང་ཁ་གཏོང་མཁན་ཇེ་མང་ནས་ཇེ་མང་རེད།
བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་དགོངས་འཆར་གསུང་མཁན་ཚང་མར་འཚམས་འདྲི་ཞུས་པ་ཡིན།
༡༽སྐུ་མདུན་གྱི་མཛད་པ་འཕྲིན་ལས་འཛམ་གླིང་ཡོངས་ཁྱབ་ལྟ་བུ་ཡིན་པས་འདིའི་ཐད་ང་ཚོས་གསལ་བཤད་དང་རྩོད་པ་བྱེད་དགོས་དོན་མེད་སྙམ། ཡུ་ཤི་མཁྲེགས་འཛིན་བྱེད་མཁན་གྱི་ཚོགས་སྡེ་རེ་ཟུང་དང་། གནམ་ཆོས་བེ་ཁྲ་ཁན་སྲིད་གཞུང་ཡང་འདིའི་ཐད་བློ་འཚབ་ཆེན་པོ་ཞིག་སྐྱེ་བཞིན་ཡོད་པ་ཐག་གིས་ཆོད། འོན་ཀྱང་། ༧རྒྱལ་བའི་མཛད་འཕྲིན་ནི་གང་ལ་གང་འདུལ་དེ་ལ་དེ་སྟོན་ལྟ་བུ་ཡིན་པས། སྐྱོན་བརྗོད་དང་འགོག་གཏམ་སྒྲོག་པའི་གཞི་རྙེད་ཀྱི་ཡོད་པ་མ་རེད་བསམ།
༢༽ འཛམ་གླིང་ནུབ་ཕྱོགས་སུ་བོད་ཀྱི་ཆོས་ཚོགས་མ་མཐའང་སྟོང་བཞི་ལྔ་ཞིག་ཟིན་རྒྱུ་རེད། བཀའ་བརྒྱུད་པ་གཅིག་པུའི་ཆོས་ཚོགས༡༥༠༠ཡས་མས་ཤིག་ཡོད་པ་འདྲ། རྒྱལ་ཁབ་མི་འདྲ་བ་བདུན་ཅུ་ལྷག་ཅིག་ནང་ན་འདུག ཆོས་ཚོགས་དེ་ཚོ་ཆེན་པོ་མ་རེད། ཡིན་ནའང་བོད་པའི་ཆོས་ཚོགས་ཆ་ངུ་ཆུང་རུ་དེ་ཚོ་ཕྱོགས་གང་སར་མེ་ལྕེ་བཞིན་མཆེད་ཀྱིན་འདུག འདི་དག་ག་ལེར་བྱས་ནས་བསྐལ་བའི་མེ་དཔུང་ལྟ་བུའི་འགྱུར་ངེས་ཡིན་པའི་གནས་ལུགས་འདིར་ཧ་གོ་དགོས་པ་ཞིག་རེད་བསམ། དེ་དག་ནི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་སྨྲོས་མ་དགོས་པ་ཞིག་རེད།
༣༽ང་ཚོས་གཟབ་ནན་གྱིས་བསམ་གཞིག་གཏོང་འོས་པ་ཞིག་ནི། ང་ཚོ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིར་བོད་པའི་ཆོས་དང་རིག་གཞུང་། དབུ་ཁྲིད་སོགས་ལ་དམའ་འབེབས་དང་། མཐོང་ཆུང་། གུས་ཞབས་མེད་པའི་ན་ཚ་ཞིག་སླེབས་ཡོང་གི་འདུག བོད་ལ་ལྟོས་ན་ངས་ནི་དེ་དོན་དག་ཛ་དྲག་ཅིག་ཏུ་མཐོང་གི་ཡོད། ང་ཚོའི་མི་འབོར་ཉུང་དྲགས། སྲིད་གཞུང་ཆུང་དྲགས། གནོན་ཤུགས་ཆེ་དྲགས་པས། གསོན་ཐུབ་མི་ཐུབ་ཀྱི་གནས་སྟངས་ཤིག་གི་འོག་ཡོད་པ་རེད། རང་མཐོང་ནང་ཁུལ་ནས་ཞིག་སོང་ན། བོད་རྩ་མེད་དུ་འགྲོ་བར་ཐག་མི་རིང་། ཡང་གཅིག་བཤད་ན་ཆོས་ལུགས་གཞན་དང་གཞན་དུའང་ཆོས་ལུགས་ཀྱི་མིང་ཐོག་ནས་བྱ་སྤྱོད་ངན་པ་སྤེལ་མཁན་མང་བོ་རེད། སྔོན་མར་ངའང་ཕྱི་ཕྱོགས་ཀྱི་ཆོས་ཚོགས་དང་ཆོས་ལུགས་མི་སྣ་ཤིན་ཏུ་སྤུས་དག་པོ་ཡིན་དགོས་པའི་ལྟ་ཚུལ་འཛིན་མཁན་ཞིག་ཡིན། དེ་རིང་ཁ་སང་བོད་ཀྱི་ཆོས་ཚོགས་དང་། ཆོས་ལུགས་ནུབ་ཕྱོགས་ཀྱི་ཡུལ་གང་དུ་མི་སུས་གྲངས་ག་ཚོད་སྤེལ་ཐུབ་ན་དགེ་མཚན་ལས་སྐྱོན་ཆུང་བར་མཐོང་གི་ཡོད།
ལས་མཐུན་གྱི་དྲྭ་གྲོགས་རྣམ་པ་ལ་འཚམ་འདྲི་ཞུ། ང་ནི་བོད་ནང་གཞིས་སྡོད་པ་ཞིག་ཡིན། དྲྭ་གྲོགས་ཡོངས་ལ་དྲི་བ། ད་ལོའི་དུས་དབང་སྐབས་༧གོང་ས་ཐམས་ཅད་མཁྱེན་པ་སྲིད་ཞིའི་གཙུག་རྒྱན་དམ་པ་མཆོག་གིས་ཇོ་ནང་སྐོར་གསུང་ཡོད་མེད་གསལ་བོ་ཞིག་གསུང་བར་ཞུ་ཞུ།🙏🙏🙏
་་་་་་་་་ ང་ཚོས་གཟབ་ནན་གྱིས་བསམ་གཞིག་གཏོང་འོས་པ་ཞིག་ནི། ང་ཚོ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིར་བོད་པའི་ཆོས་དང་རིག་གཞུང་། དབུ་ཁྲིད་སོགས་ལ་དམའ་འབེབས་དང་། མཐོང་ཆུང་། གུས་ཞབས་མེད་པའི་ན་ཚ་ཞིག་སླེབས་ཡོང་གི་འདུག བོད་ལ་ལྟོས་ན་ངས་ནི་དེ་དོན་དག་ཛ་དྲག་ཅིག་ཏུ་མཐོང་གི་ཡོད། ་་་་་་་་
ད་ལོ་དུས་འཁོར་ཆོས་ཞུ་བའི་ཁུངས་སུ་ཇོ་ནང་པ་མཁན་བླ་ཞིག་ཕེབས་པ་ཐང་མ་དང་པོ་རེད་སྙམ་ལགས།
འཇར་མན་ནེའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཧི་ཁྲི་ ལེར་གྱིས་ཤམ་བྷ་ལར་དབང་སྒྱུར་བྱེད་འདོད་བྱུང་སྟེ། དམག་མི་ཁ་ཤས་ཤམ་བྷ་ལ་འཚོལ་དུ་བཏང་། དེ་ནི་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུའི་ནང་ཞིག་ཡིན། དམིགས་ཡུལ་གཙོ་བོ་བོད་ལ་དབང་སྒྱུར་བྱ་འདོད་པ་རེད། ཐོག་མར་ཆོས་གཞུང་ནས་གསུངས་པར་གཞི་བཅོལ་ནས་ཤམ་བྷ་ལ་འཚོལ་མཁན་གྱི་དམག་མི་དེ་ དག་བོད་ཡུལ་དུ་བསླེབས་ཤིང་། བོད་ཡུལ་ནས་ཁོ་ཚོས་གངས་ཏི་སེ་ལ་ཞིབ་འཇུག་བྱས་ཤིང་། གངས་ཏི་སེ་ནི་ཁྱད་མཚར་གྱི་རི་བོ་ཞིག་ཏུ་མཐོང་བར་མ་ཟད་རི་ངོས་ཀྱི་རི་མོར་ དཔེ་བྱས་ནས་གཡང་དྲུང་གི་རི་མོ་དམག་རྟགས་སུ་བླངས་ཏེ། མཚན་མོ་ཞིག་ལ་དམག་མང་བང་བསྒྲིགས་ཤིང་ལག་ཏུ་དཔལ་འབར་བཟུང་ནས་དགའ་སྟོན་བྱས་ ཤིང་། དགའ་སྟོན་གྱི་སྐབས་སུ་དམག་དཔུང་གཡུང་དྲུང་གི་དབྱིབས་སུ་བང་བསྒྲིགས་ཡོད། སྤྱིར་གཡུང་དྲུང་འདི་རྒྱལ་ཁབ་མང་བོར་དར་ཡོད་པ་དང་། བོན་རྣམས་ཀྱི་རྩ་ཆེན་ཞིག་ཏུ་འདོད་ཀྱི་ཡོད། འདིར་གཡུང་དྲུང་གི་འབྱུང་ཁུངས་ནི་གངས་ཏི་སེའི་ངོས་ཀྱི་རི་མོ་དེ་ཡིན་མིན་ ལའང་བསམ་ཞིབ་མང་དུ་བྱེད་རྒྱུ་འདུག་སྙམ། ཕྱི་ལོ་༡༩༤༠ ཡས་མས་ཤིག་ནས་ཕལ་ཆེར་དམག་ལྭའི་དཔུང་པ་དང་དམག་དར་སྟེང་ཡོངས་ཁྱབ་ལྟར་གཡང་ དྲུང་གི་རྟགས་བཀོད། མཁས་པ་ཁ་ཤས་ཀྱིས་དེ་ནས་བཟུང་གཡང་དྲུང་གི་རི་མོ་ནུབ་ཕྱོགས་སུ་དར་ནས་ཨུ་རུ་ སུ་ལའང་དར་བར་བཤད་མོད། ༡༩༡༨ ལོའི་ཨུ་རུ་སུའི་སྒོར་མོའི་སྟེང་དུ་གཡང་དྲུང་གི་རི་མོ་བཀོད་ཡོད་པས་ཨུ་རུ་ སུ་ལ་དེའི་སྔོན་ནས་ཡོད་པ་ཧ་ཅང་གསལ། གང་ལྟར་དེ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ་ཤམ་བྷ་ལ་འཚོལ་མཁན་མང་བོ་ཞིག་ གངས་ཏི་སེ་ཡོད་སར་སོང་ཡོད། ཨུ་རུ་སུའི་སྨན་པ་ཚན་རིག་པ་གྲགས་ཅན་ཨེར་ནེ་སི་ཐི་མུལ་ད་ཧྲི་ཧྥུ་ Эрнест Мулдашев སོགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། གངས་ཏི་སེའི་ནང་དུ་འགྲོ་ཨེ་ཐུབ་ལྟ་མཁན་མང་བོ་བྱུང་འདུག་མོད། བཤད་མི་ཤེས་པའི་གནས་ཚུལ་ཡ་མཚན་དང་འགྱུར་ལྡོག་ཡ་མཚན་བྱུང་ནས་ལམ་ལྷོང་བྱུང་ མེད་ཅིང་། ཚེ་སྲོག་ལས་མ་ཐར་བའང་གང་མང་བྱུང་འདུག ཁོ་ཚོས་ད་དུང་གངས་ཏི་སེའི་ནང་རོལ་ཏུ་འགྲོ་ནུས་ཚེ་ཞིང་བཀོད་ཅིག་གམ་ཡ་མཚན་ པའི་གནས་ཤིག་མཐོང་རྒྱུ་ཡོད་པར་ཡིད་ཆེས་བྱེད་ཀྱིན་འདུག ཤམ་བྷ་ལ་འཚོལ་མཁན་མང་བོ་ཞིག་གིས་ཡུན་རིང་བཙལ་ཏེ་ཤམ་བྷ་ལར་བརྗོད་ཆོག་པ་དེ་ བོད་ཡུལ་གྱི་གངས་ཏི་སེ་ཡིན་པར་བསམ་ཡོད། གངས་ཏི་སེ་ནི་སུ་ཞིག་གིས་ཆེད་དུ་བཞེངས་པ་ལྟར་སའི་གོ་ལའི་ཐོག་གི་ས་ཁུལ་གནད་ འགག་ཅན་ཞིག་ལ་ཁེད་ཡོད་ཅིང་། ད་དུང་མི་ལོ་སྟོང་ཕྲག་དུ་མའི་སྔོན་ལ་བཞེངས་པའི་ཨེ་རྗིབ་མཆོད་རྟེན་སོགས་འཛམ་ གླིང་གི་གནའ་ཤུལ་རྩ་ཆེན་ཁག་དུ་མ་ཞིག་དང་འབྲེལ་བ་ཟབ་མོ་ཞིག་ཀྱང་ཡོད་འདུག གངས་ཏི་སེ་ནས་ས་གོ་ལའི་བྱང་སྣེ་བར་དུ་སྤྱི་ལེ་༦༦༦༦ཡོད་པ་དང་། གངས་ཏི་སེ་ནས་ས་གོ་ལའི་ལྷོ་སྣེ་བར་དུ་སྤྱི་ལེ་༦༦༦༦+༦༦༦༦ཡོད། གངས་ཏི་སེ་ནས་དབྱིན་ཡུལ་གྱི་གནའ་ཤུལ་རྩ་ཆེན་སི་གྲོན་ཧེན་རྗེ་ Стоунхендж བར་དུ་སྤྱི་ལེ་༦༦༦༦བཅས་ཡོད་ལ། ད་དུང་མཐོ་ཚད་ལའང་རྒྱ་མཚོའི་ངོས་ནས་སྨི་༦༦༦༦ཡོད། ས་བབས་འགྱུར་ལྡོག་གི་རྐྱེན་གྱིས་མཐོ་ཚད་ལའང་འགྱུར་བ་ཐེབས་བཞིན་ཡོད་ལ། ཚད་འཇལ་སྟངས་ཀྱི་དབང་གིས་རྒྱ་མཚོའི་ངོས་ནས་༦༦༥༦ཡིན་པར་འདོད་མཁན་ཡང་ཡོད། འདི་ལྟར་ཨང་གྲངས་༦བཞི་ཅན་ཞིག་མང་བོ་ཞིག་ལ་ཁེལ་འགྲོ་བ་འདི་ཆེས་ཡ་མཚན་ཞིག་ལ་ བརྩིས་ཏེ། ཞིབ་འཇུག་པ་མང་བོ་ཞིག་གིས་གངས་ཏི་སེ་ནི་སུ་ཞིག་གིས་ཆེད་དུ་བཞེངས་སྐྲུན་བྱས་ པ་ཡིན་པར་དོགས་པའང་ཟ་བཞིན་ཡོད། ད་དུང་ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་ Египетские Пирамды Хеопса དང་། དབྱིན་ཡུལ་གྱི་སི་གྲོན་ཧེན་རྗེ་ Стоунхендж ཞེས་པའི་གཙུག་ལག་ཁང་གི་ཤུལ། ཨ་རིའི་གླིང་གི་པ་སི་ཧིས་ Остров Пахи གླིང་ཕྲན། གངས་ཏི་སེ་བཅས་པའི་གནས་མཆོག་འདི་དག་ལའང་འགྲེལ་བཤད་རྒྱག་མི་ཐུབ་པའི་འབྲེལ་བ་ ཡ་མཚན་ཞིག་ཡོད་པ་ནི། བོད་ཡུལ་གྱི་གངས་ཏི་སེ་དང་། ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་དང་། དབྱིན་ཡུལ་གྱི་མཁར་ཤུལ་སི་གྲོན་ཧེན་རྗེ་བཅས་གསུམ་ནི་སའི་གོ་ལའི་སྟེང་དུ་ དྲང་ཐིག་གཅིག་གི་ནང་དུ་ཁེལ་ཡོད་པ་དང་། ཨ་རིའི་གླིང་གི་པ་སི་ཧིས་ Остров Пасхи གླིང་ཕྲན་ནི་གངས་ཏི་སེའི་དྲང་ཐད་ཀྱི་སའི་གོ་ལའི་རྒྱབ་ལོགས་སུ་ཁེལ་ཡོད་པ་ བཅས་ཡིན། དེ་ཡང་འདི་ནས་གངས་ཏི་སེ་དང་འབྲེལ་ཡོད་ཀྱི་གོང་གི་གནས་མཆོག་གསུམ་རགས་ཙམ་ གླེང་ན། གཅིག ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་ནི་སྤྱི་ལོ་སྔོན་གྱི་དུས་རབས་སྔོན་གྱི་ ༢༦ནང་བཞེངས་པར་གྲགས་ཤིང་། ཨེ་རྗིབ་ཏུ་མཆོད་རྟེན་འདི་འདྲ་༡༡༨ཡོད་པ་དང་། ཆེས་ཆེ་བ་ནི་ཨེ་རྗིབ་ཕས་རམ་དས་ཧོབ་ས་ Египетские Пирамды Хеопса ཞེས་པ་འདི་ཡིན་ལ། འཛམ་གླིང་གི་གནའ་ཤུལ་རྩ་ཆེན་གནས་བདུན་གྱི་ནང་གི་གཅིག་ཡིན། གཉིས། དབྱིན་ཡུལ་གྱི་སི་ཁྲོན་ཧན་རྗེ་ནི་ལོ་ངོ་༣༠༠༠སྔོན་སྟེ་རྡོ་ཆས་སྤྱོད་པའི་དུས་ སུ་བཞེངས་པར་འདོད་ཅིང་། འདི་ནི་གཙུག་ལག་ཁང་ཞིག་འཐོར་ཤུལ་དང་། ཡང་ན་གསར་བཞེངས་བྱེད་སྐབས་ལས་མཚམས་བཞག་པ་གང་རུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ ཡོད་ལ། འཕྲུལ་ཆས་མ་དར་གོང་ལ་དེ་ལྟ་བུ་ཞིག་བཞེངས་པ་ནི་ཡ་མཚན་ཞིག་ཡིན་པ་དང་། ད་ལྟ་འཛམ་གླིང་གི་རྩ་ཆེ་བའི་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད། གསུམ། པ་སི་ཧིས་ Остров Пасхи གླིང་གི་རྡོས་བཟོས་པའི་མི་གཟུགས་ནི་སྤྱི་སྔོན་གྱི་ལོ་ངོ་༩༠༠ དང་ཡང་ན་༣༠༠/༤༠༠ བར་བྱུང་བར་འདོད་ཀྱིན་ཡོད་པ་དང་། གང་ལྟར་ད་ལྟའི་བར་དུ་ལོ་ངོ་༢༥༠༠ཡས་མས་འགོར་ཡོད། རྡོ་གཟུགས་དག་ནི་གླིང་ཕྲན་གྱི་མཐའ་འཁོར་དུ་ཡོད་ཅིང་། རྡོ་གཟུགས་གཅིག་གི་རིང་ཚད་ལ་གོམ་པ་ཉི་ཤུ་ཡོད། གླིང་ཕྲན་གྱི་དཀྱིལ་དུ་རྡོ་མང་ཞིང་དེའི་ཁྲོད་དུ་བཟོས་ལྷག་ཀྱང་ཡོད་པས། གླིང་དཀྱིལ་ནས་བཟོས་ཏེ་ཁྱེར་ཡོང་བ་ཤེས་ཐུབ་མོད། ཇི་ལྟར་ཁྱེར་ཡོང་བ་ཤེས་མི་ཐུབ་པ་ཞིག་ཡིན། ར་ཕ་ནོ་ཡེ་ཞེས་པའི་མི་རིགས་དེས་རྡོ་གཟུགས་དེ་དག་སྤྱིར་བཏང་བ་ཞིག་མིན་པར་ འདོད་ཅིང་། མཚོ་མཐའ་རུ་གཞན་གྱིས་ཁྱེར་ཡོང་བ་མ་ཡིན་པར་རང་འགུལ་གྱིས་སོང་བར་ཡིད་ཆེས་ བྱེད་པར་མ་ཟད། ཁོ་ཚོས་ངག་རྒྱུན་འདྲ་མིན་ཡང་འཆད་ཀྱིན་ཡོད། ཆོས་ལུགས་དང་འབྲེལ་བའི་ཁྱད་འཕགས་གནས་མཆོག་འདི་ཚོ་དང་གངས་ཏི་སེའི་བར་དུ་གསང་ བ་ཞིག་ཅིས་ཀྱང་ཡོད་པ་འདྲ། དེ་ཡང་གནའ་ནས་ད་ལྟ་ལ་ཐུག་གི་བར་དུ་ཞིབ་འཇུག་པ་དང་རྩོམ་པ་པོ་མང་བོ་ཞིག་གིས་ ནང་ཆོས་ལས་གསུངས་པའི་ཤམ་བྷ་ལ་བཙལ་འཚོལ་ཡུན་རིང་གནང་བའི་མཐར་གངས་ཏི་སེ་ནི་ ཤམ་བྷ་ལ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད། རྒྱ་གར་དུའང་ཆུ་བོ་གངྒ་དང་དེའི་མགོ་ཁུངས་གངས་ཏི་སེའི་ཡུལ་ལ་ལྷ་ཡུལ་གྱི་འདུ་ ཤེས་འཛིན་ཞིང་། བོད་ཡུལ་དུའང་གངས་ཏི་སེ་གནས་མཆོག་ཞིག་ཏུ་འཛིན་པར་བྱེད་ལ། ཕྱག་སྐོར་གྱིས་དགེ་སྒྲུབ་མང་བོ་བྱེད་ཀྱིན་ཡོད། འདི་དག་ལ་བལྟས་ན་ནང་ཆོས་ལས་ཤམ་བྷ་ལ་གངས་རི་ཡོད་ས་ཞིག་ཏུ་གསུངས་པ་འདུག་སོགས་ དོན་ལ་གངས་ཏི་སེ་ལས་མ་འདས་པ་འདྲ་བས། རང་ཉིད་ནང་པ་ཡིན་ཙམ་རྒྱུ་མཚན་དུ་བྱས་ནས་གནས་བཤད་དམ་ལམ་ཡིག་རེ་ཟུང་ལ་མཁྲེགས་ འཛིན་མི་གནང་བར་བསམ་ཞིབ་གནང་རྒྱུ་གལ་ཆེ་བར་མངོན། ཁོ་བོས་རྩོམ་ཡིག་འདི་འབྲི་དོན་ནི་ལུང་ཚིག་གི་ར་བ་ལས་བརྒལ་ཏེ་ཞིབ་འཚོལ་བྱེད་ འདོད་པ་དེ་ཡིན་ལ། ནང་ཆོས་ནས་གསུངས་པ་དག་ཀྱང་མིའི་བསམ་བློ་ལ་གཞི་བཅོལ་ནས་བྱུང་བ་ཞིག་ཡིན་སྟབས། ང་ཚོས་ཀྱང་གནའ་བོའི་མི་དག་གི་བསམ་བློ་གཏད་སོ་དེ་གང་ཡིན་བཙལ་འཚོལ་ཞིབ་འཇུག་ བྱ་དགོས་པ་ཞིག་ཡིན། འོད་དཀར་དྲྭ་བ་ལས་དྲངས།
ཀརྡོ་རབ་འབྱམས་པ་ལགས། དབང་སྒྲུབ་སྐབས་ཟེར་བ་ཡིན་ནམ། ཇོ་ནང་པའི་མཁན་པོ་དང་བླ་མའི་ཐེངས་དང་པོ་དབང་ཞུས་པ་རེད་ཟེར་བ་ཡིན་ལགས། གསལ་བོ་ཞིག་གསུང་རོགས། མགོ་མཇུག་མེད་པའི་སྐད་ཆ་དེ་ཧ་གོ་མ་སོང་།
ཤམ་བྷ་ལའི་དམག་འཁྲུག་སྐབས་པཎ་ཆེན་རིན་པོ་ཆེ་རིགས་ལྡན་དྲག་པོ་ལྕགས་འཁོར་ཅན་དུ་སྐུའི་སྐྱེ་བ་བཞེས་རྒྱུ་ཡིན་ལུགས་ཡིག་ཆ་འགའ་རེ་མཇལ། གོང་ས་མཆོག་དེ་དུས་སྐུའི་སྐྱེ་བ་ག་འདྲ་བཞེས་རྒྱུ་ཡིན་པའི་ཡིག་ཆ་འདྲ་ཡོད་དམ། བོད་པའི་བླ་མ་གཞན་རེ་ཟུང་ཡང་དེ་དུས་དམག་དཔོན་ཅིག་ཅིག་ཏུ་སྐྱེ་བ་ལེན་རྒྱུ་ཡིན་ཚུལ་ཡང་འདུག དཔེར་ན་ཨ་མདོ་འཇམ་དབྱངས་བཞད་པ་ལྟ་བུ་རེད།
ཀླུ་སྨྱོན་ལགས། ཁུངས་གསལ་བོ་ཡོད་མེད་ཧ་མ་གོ དྲྭ་ངོས་འགའ་རེ་ན་སྐད་ཆ་འདི་འདྲ་རེ་འདུག
དེ་ཡང་ཤམ་བྷ་ལ་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔས་དབང་བསྒྱུར་ཏེ། རྩོད་ལྡན་གྱི་དུས་མཇུག་ཏུ་ཀླ་ཀློའི་དཔུང་ཚོགས་ཀྱིས་ཆུ་བོ་ཤི་ཏཱའི་ཕྱོགས་དབང་དུ་བསྡུས་ཏེ་འཛམ་གླིང་གི་ཕྱེད་ཙམ་བཟུང་ནས་ ཤམ་བྷ་ལར་དམག་འདྲེན་པར་བཤད་དོ། སྐབས་དེར་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་འདུལ་བའི་ཆེད་དུ། རླུང་གི་ཤུགས་ཅན་རྟ་བྱེ་བ་དགུ་དང་། གླང་བོ་ཆེ་འབུམ་ཕྲག་བཞི། ཤིང་རྟ་འབུམ་ཕྲག་ལྔ། དམག་མི་དཔག་ཏུ་མེད་པ། མེ་སྒྱོགས་དང་མཚོན་ཆ་སྣ་ཚོགས་ཤམ་བྷ་ལ་ནས་འཛམ་བུ་གླིང་དུ་དྲངས་ཏེ་ གཡུལ་འགྱེད་ཚེ། གླང་བོ་ཆེས་གླང་བོ་ཆེ་དང་། རྟས་རྟ། དམག་གིས་དམག་འཇོམས་པར་བྱེད་ཅིང་། ཁྱད་པར་དུ་པཎ་ཆེན་རིན་པོ་ཆེ་རིགས་ལྡན་དྲག་པོའི་སྐུར་བཞེངས་ནས་ཀླ་ཀློའི་རྒྱལ་བོ་སྦྲང་རྩིའི་བློ་གྲོས་ལ་མཚོན་བསྣུན་ཅིང། རྒྱལ་དབང་ཐམས་ཅད་མཁྱེན་པ་དམག་དཔོན་ཧ་ནུ་མན་ཐའི་སྐུར་བཞེངས་ནས་ཀླ་ཀློའི་དམག་དཔོན་ཟླ་བ་ཆེན་པོའི་བུ་འཇོམས་པར་བཤད་ལ།
དེ་ལྟར་སའི་ཁྱོན་མཐའ་དག་རིགས་ལྡན་གྱིས་དབང་བསྒྱུར་ཅིང་། ཐེག་ཆེན་གྱི་ཆོས་དར་ནས། མི་ རྣམས་ཀྱང་ཚེ་ལོ་སྟོང་དང་བརྒྱད་བརྒྱར་འཕེལ་ནས་རྫོགས་ལྡན་ཕྱི་མའི་དཔལ་ལ་རོལ་བར་གསུངས་ལ། དེའི་ཚེ་དུས་ཀྱི་འཁོར་ལོའི་བསྟན་པ་དར་བར་མ་ཟད། འཕགས་པ་ཀླུ་སྒྲུབ་ཀྱང་དབུ་ལུས་མཚམས་སྦྱར་ ནས་བསྟན་པ་ལ་བྱ་བ་གནང་བ་དང་། རྗེ་ཙོང་ཁ་བའི་གསུང་རབ་རྣམས་ཀྱང་མཁའ་འགྲོས་ཤམ་བྷ་ལར་ སྤྱན་དྲངས་ཡོད་པས། ཁོང་གི་སྐུ་གདུང་ཀྱང་ཨ་ཙ་ར་ཞིག་གིས་རྒྱ་གར་དུ་གདན་དྲངས་ནས་རྗེ་བླ་མ་དངོས་སུ་གྱུར་ཏེ་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད་པར་གྲགས་སོ།
འདི་ནི་དངོས་གནས་ལྷ་སྒྲུང་ལྟ་བུ་རེད། འདིའི་རིགས་ལ་ནམ་ཡང་ཡི་རྟོན་མེད། རིགས་ལྡན་དྲག་པོས་ཀླ་ཀློ་ཚར་བཅད་རྗེས་རྗེ་རིན་པོ་ཆེའི་སྐུ་གདུང་ཡང་རྗེ་རིན་པོ་ཆེ་དངོས་སུ་འགྱུར་བ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་ཡང་སྐུ་ལ་འབྱར་ནས་སླར་ཡང་འགྲོ་དོན་བྱེད་ཅེས་པའི་ལོ་རྒྱུས་འདི་དག་གིས་ནང་ཆོས་ལ་རྨ་འབྱིན་པར་བྱེད་སྲིད་དོ། །
འཕགས་པ་ཀླུ་སྒྲུབ་སླར་ཡང་སྐུ་ལུས་འབྱར་ནས་བསྟན་པ་ལ་བྱ་བ་མཛད་རྒྱུ་ཡིན་པའི་ལོ་རྒྱུས་ཤིག་ཡོད་པ་ཡོངས་གྲགས་ལྟ་བུ་རེད། རྗེ་རིན་པོ་ཆེའི་སྐུ་གདུང་རྒྱ་གར་ནས་སླར་སྐུ་དངོས་སུ་འགྱུར་ངེས་དང་། ཁོང་གི་གསུང་ཤམ་བྷ་ལའི་ཡུལ་དུ་གདན་དྲངས་ཟིན་པ་སོགས་ངས་གོ་བ་ཐང་དང་བོ་ཡིན། དེ་འདྲའི་ཤོད་སྲོལ་རེ་ཡོད་སྲིད། བོད་ཀྱི་བླ་མ་རྣམ་པའི་རྣམ་ཐར་ཕལ་ཆེར་ཞིག་ལ་དངོས་དོན་ལས་བརྒལ་བའི་བཤད་པ་འདི་འདྲ་མང་བོ་ཡོད་པ་རེད། དངོས་གནས་བཤད་ན་རྣམ་ཐར་འབྲི་སྟངས་འདི་ལྟ་བུས་བླ་མ་ཚོའི་རྣལ་མའི་ཀུན་ཏུ་སྤྱོད་པའི་ཆ་མང་བོ་སྒྲིབ་བསྡད་འདུག དེ་ནི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ཤིན་ཏུ་ཕངས་སེམས་ཆེན་པོ་སྐྱེ་ཡོང་བ་ཞིག་དང་། བླ་མའི་མཛད་རྣམ་དངོས་ལ་དད་པས་སྒྲོ་སྐུར་དུའང་འགྲོ་སྲིད་པ་ཞིག་རེད།
དབང་རྒྱལ་ལགས།
ཇོ་ནང་པའི་མཁན་ཆེན་ཞིག ༸གོང་ས་མཆོག་གི་དྲུང་ནས་དུས་དབང་གསན་པ་ཐང་མ་དང་པོར་མཇལ་བྱུང་ཟེར་ནས་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཤམྷ་ལ་མ་འཚོལ། དུས་འཁོར་ཉམས་ལེན་གང་ཐུབ་གྱིས་དང་། དེ་གས་འཐུས་པ་རེད།
རྔ་བ་རྒྱལ་ཁམས་པས་ཤམ་བྷ་ལའི་སྐོར་ལ་དཔྱད་པ་བཏང་བ་ཧ་ཅང་བཟང་། ཤམ་བྷ་ལ་དང་ཤམ་བྷ་ལའི་དམག་ཁྲུག་སྐོར་ལ་ད་དུང་དོགས་སློང་མང་ཙམ་གནང་ན་གནང་རྒྱུ་ཆེན་པོ་ཡོད་འདུག ཡིན་ཡང་ཁ་གསལ་དྲག་ན་མི་བཟང་བའི་གནད་འགག་རེ་ཟུང་ཡང་ཡོད་ཚོད། གང་ལྟར་གོ་བ་ལེན་དུས་གོ་ལོག་ཐེབས་མི་ཉན་པ་ཡང་འགའ་རེ་ཡོད་སྟབས་རླུང་གི་ཤུགས་ཅན་དང་རྡོ་ཡི་རྡ་གླང་སོགས་ལའང་གོ་རྒྱུ་ཆེན་པོ་མེད་པ་རེད་མི་འདུག
༼སྤྱིར་གཡུང་དྲུང་འདི་རྒྱལ་ཁབ་མང་བོར་དར་ཡོད་པ་དང་། བོན་རྣམས་ཀྱི་རྩ་ཆེན་ཞིག་ཏུ་འདོད་ཀྱི་ཡོད། འདིར་གཡུང་དྲུང་གི་འབྱུང་ཁུངས་ནི་གངས་ཏི་སེའི་ངོས་ཀྱི་རི་མོ་དེ་ཡིན་མིན་ལའང་བསམ་ཞིབ་མང་དུ་བྱེད་རྒྱུ་འདུག་སྙམ།༽
འཇར་མན་ནེའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཧི་ཁྲི་ལེར་གྱི་ལས་རྟགས་དེ་བན་དེའི་སོ་ཝས་ཏི་ཀ་རེད། བོན་པོའི་གཡུང་དྲུང་མ་རེད། ཁོ་ཚོའི་དར་ཆ་དེ་ཚོར་མིག་གིས་ཡག་པོ་ལྟོས་དང་གསལ་པོ་མཐོང་བ་འདུག །
བོན་པོའི་གཡུང་དྲུང་གི་རི་མི་འདི་འདྲ་ཡོད། 卍
བན་དེའི་སོ་ཝས་ཏི་ཀའི་རི་མོ་འདི་འདྲ་ཡོད། 卐
ཧི་ཁྲི་ལེར་གྱི་ལས་རྟགས་འདི་འདྲ་རེད། 卐
བོད་སྐད་ཀྱི་གཡུང་དྲུང་ཞེས་པའི་མིང་ཚིག་འདི་བོན་པོ་ཚོས་ཆེས་ལོངས་སུ་སྤྱོད་རྒྱུའི་མིང་ཚིག་ཅིག་རེད། མིང་ཚིག་འདི་རྒྱ་གར་གྱི་ཧིན་རྡུ་དང་བན་དེ་ཚོས་ལོངས་སུ་སྤྱོད་བཞིན་པའི Svastika स्वस्तिक ཞེས་པ་དེ་དང་མིང་དོན་གཉིས་ཀའི་ཆ་ནས་གཅིག་མཚུངས་ཡིན་མིན་ལེགས་པར་དཔྱད་པ་བྱ་དགོས་པའི་གནས་ཤིག་ཡིན་པར་སེམས།
ཁྱེད་ཚོས་སྔར་ནས་དེང་གི་བར་དུ་བོན་པོའི་སྐོར་ལ་ fake news གནས་ཚུལ་རྫུན་པ་རྐྱང་རྐྱང་བཟོས་ནས་མི་མགོ་བསྐོར་བ་རེད། དེང་སང་ད་དུང་དུས་རབས་ཉེར་གཅིག་པ་ཟིན་ནའང་མི་མགོ་བསྐོར་རྒྱུ་ཡིན་ནམ་ལགས། །
卍 འདི་ལ་གཡུང་དྲུང་གཡོན་སྐོར་དང་།
卐 འདི་ལ་གཡུང་དྲུང་གཡས་སྐོར་ཟེར།
གཡུང་དྲུང་གི་རི་མོ་འདིར་མི་ལོ་གཅིག་ཁྲི་གཅིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པར་བཤད་ཅིང་། དེ་ནི་རྟག་བརྟན་འགྱུར་མེད་ཀྱི་དོན་མཚོན་པའི་བཀྲ་ཤིས་པའི་རི་མོའི་བྱེ་བྲག་ཅིག་ཡིན་འདུག སྤྱིར་བཏང་ནང་པའི་ལུགས་ལ་ཆོས་ཀྱི་འཁོར་ལོ་ཟུར་བརྒྱད་པ། ཟུར་རེ་རེས་འཕགས་ལམ་རེ་རེ་མཚོན་པས་འཕགལ་ལམ་ཡན་ལག་བརྒྱད་མཚོན་ཚུལ་བཤད་པའི་ཆོས་འཁོར་འདི་བེད་སྤྱོད་བྱེད་པ་ཤུགས་ཆེ་བ་ཡོད། ནང་པ་ཐེག་ཆེན་པ་ཚོས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོའང་བེད་སྤྱོད་བྱེད། ཧིན་དྷི་ཚོས་ཨོམ ཡིག་ཆེན་པོ་འདི་བེད་སྤྱོད་པ་ཤུགས་ཆེ། ཇེན་ཆོས་ལུགས་པས་གཡུང་དྲུང་གི་རི་མོ་འདི་བེད་སྤྱོད་པ་ཤས་ཆེ་བ་འདྲ། སྐབས་འདིར་ང་ལ་དྭོགས་པ་ཞིག་ཡོད་པ་ནི། གཡས་སྐོར་དང་གཡོན་སྐོར་གྱི་ཁྱད་པར་རེད། བོན་པོའི་ལུགས་ལ་ཁོང་ཚོའི་སྐོར་སྟངས་དང་། གཡུང་དྲུང་གི་རི་མོ་འབྲི་ཐབས་དེ་གཡས་སྐོར་ཡིན་གསུང་གིན་འདུག བན་དེ་ཚོས་ཁོང་ཚོས་སྐོར་བ་སྐོར་སྟངས་དང་། འཁོར་ལོ་སྐོར་སྟངས། གཡུང་དྲུང་གི་རི་མོ་འབྲི་སྟངས་དེ་གཡས་སྐོར་ཡིན་ལབ་ཀྱི་རེད། དོན་དངོས་མ་གཡས་སྐོར་དང་གཡོན་སྐོར་དེ་ཇི་ལྟར་ངོས་འཛིན་དགོས་སམ། གཡས་སྐོར་དང་གཡོན་སྐོར་མི་འདྲ་བས་གནས་ལུགས་གང་ཞིག་ལ་ཤུགས་རྐྱེན་ཐེབས་སྲིད་དམ།
༡༽གངས་རིན་པོ་ཆེའི་ནཱ་རོ་བོན་ཆུང་གི་སྐུ་རྗེས་ཡོད་ས་ནས་གཞལ་ན་མཚོ་ངོས་སྨི་༦༦༦༦་ཏག་ཏག་ལ་སླེབས་ཡོད། དེའི་རྗེས་དེ་གོང་དུ་བཤད་པའི་གླིང་དཀྱིལ་རྡོ་གཟུགས་དང་ཕྱོགས་འདྲ། །༢༽卍 འདི་ལ་གཡུང་དྲུང་གཡོན་སྐོར་དང་།卐 འདི་ལ་གཡུང་དྲུང་གཡས་སྐོར་ཟེར་བ་བན་དེའི་བཤད་སྲོལ། དེ་དག་འདྲ་བ་དུང་དཀར་གཡས་འཁྱིལ་ལའང་རྒྱ་བོད་ཀྱི་ངོས་འཛིན་མི་འདྲ། །དེབ་ཀྱི་གཡས་གཡོན་གྱི་ངོས་འཛིན་ཀྱང་དེ་བཞིན་ནོ། །
བོད་ཀྱི་བོན་པོའི་་་卍་་་གཡུང་དྲུང་གི་རི་མོ་གཡས་སུ་སྐོར་བ་གཟི་བརྗིད་འོད་སྟོང་འཕྲོ་བ་འདི་ནི། སྔ་རབས་ཀྱི་ནང་པ་སངས་རྒྱས་པ་རྙིང་པ་ཕལ་ཆེ་བས་དེང་གི་བར་དུ་ཡང་ཧ་ཅང་རྩ་ཆེན་དུ་བརྩིས་ནས་ལོངས་སུ་སྤྱོད་བཞིན་ཡོད། དེ་ཡང་རྒྱ་ནག་དང་ཉི་ཧོང་། ཀོ་རི་ཡཱ་དང་ཐེ་ཝེན། ཧོ་ཀོང་དང་སིང་སྒ་པུར། ལ་ཧོས་དང་ཁམས་སྦོ་ཊི་ཡ། འབར་མ་དང་ཐཱཡི་ལནཊ། མ་ལེ་ཤིཡ་དང་ཨིན་ཊོ་ནི་ཤི་ཡ། ཝིད་ནམ་དང་ཕི་ལི་པིནས། ཞང་ཞུང་གངས་དཀར་ཏི་སེ་གངས་རྒྱལ་དུ་བརྩིས་པའི་གངས་ལྗོངས་ཀྱི་རི་བརྒྱུད་དང་རི་ཕྲན་དུ་གནས་པའི་ཡུལ་ལུང་ཕལ་མོ་ཆེས་གསོལ་བ་དང་སྨོན་ལམ་འདེབས་ས་ཡང་ཡིན་པ་རེད།།
ནང་པ་སངས་རྒྱས་པ་གསར་པ་དེ་ཚོས་卐 སོ་ཝ་སོ་ཏི་ཀ་གཡོན་སྐོར་འདི་འདྲ་བེད་སྤྱད་བྱེད་བཞིན་ཡོད་ལེ་གདའ། དོན་དག་ངོ་མ་གང་ཡིན་ངས་ནི་ཆེན་པོ་རང་མི་ཤེས་སོ།
ནཱ་རོ་བོན་ཆུང་ཟེར་བའི་སྐད་ཆ་དེ་ཚོ་ནི་ fake news གནས་ཚུལ་རྫུན་མ་མི་མགོ་སྐོར་གཏོང་ཡ་བཟོས་བཞག་པ་དེ་འདྲ་རེད། རི་བོང་རྭ་མེད་པ་ལ་དེའི་གཉེར་མ་ག་ཚོད་ཡོད་བརྩིས་པ་དང་གཅིག་པ་རེད་དོ། །
སོག་པོ་ཚོས་གཡུང་དྲུང་གི་རི་མོ་ལ་་་དྲུ་མུ་་་འབོད་སྲོལ་ཡོད་པར་སྣང་། དེ་ནི་བོན་དཔེ་རྙིང་པ་དེ་ཚོའི་ནང་གཡུང་དྲུང་ལ་་་དྲུང་མུ་་་་ཡང་འབོད་སྲོལ་ཡོད་པ་དེ་དང་གཅིག་གྱུར་རེད་འདུག དེ་འདྲ་ཡིན་དུས་སོག་པོ་ཚོས་ཀྱང་དངོས་གནས་བྱས་ན་རང་སྐད་དང་མཐུན་པའི་བོན་པོའི་གཡུང་དྲུང་གི་རི་མོ་གཡས་སྐོར་དེ་ངེས་པར་དུ་འབྲི་དགོས་པར་སྣང་ངོ་། །
བོན་པོ་ལགས། གཡུང་དྲུང་གི་རི་མོའི་སྐོར་ནས་ཅུང་མང་ཙམ་གསུངས་ན་ཆོག་གམ། བོན་ལུགས་གཡུང་དྲུང་རི་མོའི་སྲོལ་འབྱེད་མཁན་དང་། རི་མོ་དེའི་མཚོན་དོན། དེའི་དགོས་པ་དང་རྒྱུ་མཚན་སོགས་་་་་་་་་།
ན་རི་བོན་ཆུང་དང་རྗེ་མི་ལ་རྫུ་འཕྲུལ་འགྲན་པའི་ལོ་རྒྱུས་ཤིག་ཡོད་པ་རེད། ཅིག་བྱས་ན་དེ་ལ་སྒྲུང་གཏམ་རེ་འདྲེས་ཡོད་སྲིད་པ་རེད། ངས་བསམས་ན་རྒྱ་གར་པས་བོད་དང་འབྲེལ་བའི་ཧི་མ་ལའི་རི་རྒྱུད་དང་། ལྷག་པར་གངས་རིན་པོ་ཆེར་དད་གུས་དང་གཙིགས་འཛིན་ཆེན་པོ་བྱེད་པ་འདིས། ཤམ་བྷ་ལའི་སྐོར་དང་། ཤར་ཕྱོགས་པའི་རིག་པའི་འབྱུང་ཁུངས་ཐད་བསྔོག་དགོས་པའི་གནད་དོན་མང་བོ་ཤིག་
ཨེ་ཡོད་སྙམ།
ན་རི་ཞེས་པ་ན་རོར་བཅོས།
ཁ་སང་དེ་རིང་ཀོ་རི་ཡའི་གློག་བརྙན་ཞིག་ལ་ལྟ་ཀི་ཡོད། དེ་ནི་ཁོག་སྟོད་མཛེས་ཤིང་ཡིད་དུ་འོང་བའི་བུད་མེད་དང་ཁོག་སྨད་ཉའི་ལུས་ཅན་ཡིན་པའི་བུ་མོ་ཞིག་དང་ཕོ་སར་ཞིག་གཉིས་ཀྱི་བརྩེ་བ་ཆགས་པའི་སྐོར་རེད། དེ་དང་དེ་ལྟ་བུའི་ལོ་རྒྱུས་རྒྱལ་ཁབ་མང་བོ་ན་ལོ་བརྒྱ་ཕྲག་མང་བོ་གོང་ནས་བཤད་རྒྱུ་འདུག དབྱིན་སྐད་དུ་Mermaid ཟེར། ང་ཚོས་ཀླུ་ཟེར་བ་དེ་དང་འདི་གཉིས་གཅིག་པ་ཨེ་ཡིན་ནམ། དྲ་གྲོགས་ཚོའི་གྲལ་ན་ཤེས་མཁན་ཡོད་ན་གསུང་རོགས་ཞུ། །
ཤམ་བྷ་ལ་ཟེར་བ་གངས་ཏི་སེའི་ཁུལ་རེད། རི་རྒྱལ་ལྷུན་པོ་ཟེར་ནའང་གངས་ཏི་སེ་རེད། ཕྱིས་སུ་ཁ་ཚར་དང་རྣ་ཚར་མང་པོ་བཏགས་ཏེ་ངོ་མི་ཤེས་པའི་ཚད་དུ་བསྐྱལ་བཞག་པ་རེད་དོ།
ཀླུའི་སྐོར་ལ།
བོད་ནང་ལ་རྒྱལ་སྲས་སྟག་རི་མཉན་གཟིགས་ཀྱི་མ་ཡུམ་དེ་ཀླུ་མོ་ཡིན་སྟངས་ཤིག་གསུངས་ཡོད་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་གསུང་དུས་ཀླུའི་བུ་དང་བུ་མོ་རྣམས། མིའི་བུ་བུ་མོར་སྤྲུལ་ནས་ཆོས་ཉན་པའི་ལོ་རྒྱུས་ཡོད་རེད། ཀླུའི་སྒྲུང་སྙན་ཤོས་ཤིག་ནི། མདོ་མཛངས་བླུན་ནང་གི་རྒྱལ་པོ་དགེ་དོན་དང་། སྡིག་དོན་གྱི་རྣམ་ཐར་ནང་ལ་གསལ་པོ་ཡོད་རེད།
https://www.youtube.com/watch?v=m7Pe9iv5_AQ
་
Mermaid དངོས་གནས་འདི་ཡང་ཀླུའི་རིགས་ཤིག་ཡིན་ཆོག་སྙམ་མོ།།
Mermaid །གློག་བརྙན་འདི་རྫུན་མ་རེད་འདུག་ཟེར། ང་ལ་ཡང་གཟུགས་ཡོད་མེད་ཀྱི་ལྷ་ཀླུ་སྡེ་བརྒྱད་ཡོད་པར་ཡིད་ཆེས། བླ་མ་དང་སྤྲུལ་སྐུ་ཚོར་མོས་པའང་ཅུང་ཟད་ཡོད། འོན་ཀྱང་དེང་དུས་ཆེན་པོ་ག་གེ་མོས་གསུངས་ཟེར་བ་དང་། མཁས་པ་ཆེ་གེ་མོས་དཔྱད་ཟེར་བ་དང་། སྲིད་གཞུང་བཙན་པོ་དག་གིས་ངོས་ལེན་ཐོབ་ཟེར་བ་སོགས་ཕན་ཚུན་ཁེ་ཕན་དོན་དུ་གཉེར་བ་འབའ་ཞིག་ལས་བདེན་རྫུན་གྱི་རྗེས་སུ་མི་འབྲངས་པ་དང་། །སྐབས་རེར་མ་རིག་རྣམ་རྟོག་གིས་བཟོས་པ་དང་། སྐབས་རེར་ཆེད་དུ་མགོ་སྐོར་བྱེད་དུ་བཟོས་པ། སྐབས་རེར་རྩེད་མཚར་གྱི་ཚུལ་དུ་བཟོས་པའི་བླ་མ་དང་གྲུབ་ཐོབ། སྤྲུལ་སྐུ་ཆེན་པོ་ཚོའི་མཛད་པ། ལྷ་ཀླུའི་རོ་དང་རུས་པ། སྣང་བརྙན་འདི་དག་གི་རྒྱབ་ལྗོངས་ན་མཁས་པ་དང་། སྲིད་གཞུང་གཡོ་སྒྱུ་འཁྲབས་མཁན་མང་པོས་ལག་པ་འཚང་ཀ་ཤིག་ཤིག་སྐྱ་རུབ་རུབ་ཏུ་གཡོ་བ་མང་དུ་མཐོང་བས།
དགེ་ཆོས་ཀྱིས། །
དཔྱད་པ་འདི་ལ་ཐུག་པ་མེད་དམ་སྙམ། །ལག་པ་ཁབ་དང་འཕྲད་པས་ཡོད་དམ་སྙམ། །
མྱོང་བས་མངོན་སུམ་ལག་པ་ཡིན་ནམ་སྙམ། །སྣང་བ་འཁྲུལ་བ་སྲིད་པས་མིན་ནམ་སྙམ། ། ཟེར་བ་ལྟ་བུར་གནས་པའི་སྐབས་སོ། །
རྔ་བ་རྒྱལ་ཁམས་པ ལགས།
༼བོན་པོ་ལགས། གཡུང་དྲུང་གི་རི་མོའི་སྐོར་ནས་ཅུང་མང་ཙམ་གསུངས་ན་ཆོག་གམ། བོན་ལུགས་གཡུང་དྲུང་རི་མོའི་སྲོལ་འབྱེད་མཁན་དང་། རི་མོ་དེའི་མཚོན་དོན། དེའི་དགོས་པ་དང་རྒྱུ་མཚན་སོགས་་་༽
གཡུང་དྲུང་རི་མོ་ནི་སྔ་དུས་ནས་ཡོད་བསྡད་པ་ཞིག་ཡིན་པར་སེམས། སྲོལ་འབྱེད་མཁན་གཞན་སུ་གང་ཡང་མ་རེད་འདི་རང་རེད་ཟེར་ནས་ད་ལྟ་ལམ་སེང་ཞུ་མི་ཐུབ། ཡིན་ནའང་ཞང་ཞུང་གི་སྨར་ཡིག་ཆེ་བའི་ཡིག་མགོ་དེ་གཡུང་དྲུང་གི་རི་མོ་ཞིག་འབྲི་སྲོལ་འདུག ཕལ་ཆེར་དུས་དེ་འདྲ་ཞིག་ནས་བོན་ལུགས་སུ་གཡུང་དྲུང་གི་རི་མོའི་སྲོལ་ཕྱེས་པ་ཡིན་སྲིད། ད་དུང་བདག་བཅག་གི་སྟོན་པ་གཤེན་རབ་མི་བོའི་ཕྱག་མཚན་ལ་་་གཡུང་དྲུང་ཆག་ཤིང་་་ཞེས་པ་ཞིག་བསྣམས་སྲོལ་ཡོད། བོན་གྱི་བཀའ་འགྱུར་དཔེ་ཆ་མང་པོ་ཡོད་པའི་ནང་ནས་པོད་དང་པོ་དེ་ལ་་་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་་་ཅེས་པ་ཞིག་ཀྱང་བཞག་འདུག གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་་་བླ་ཆེན་དྲན་པ་ནམ་མཁའི་་་ཕྱག་གཡས་པས་ཕྱག་མཚན་གཡུང་དྲུང་བསྣམས་པ་ཞིག་ཀྱང་ཡོད། གཡུང་དྲུང་རི་མོའི་སྐོར་ལ་དོ་སྣང་དང་ཞིབ་འཇུག་གནང་དགོས་པར་སེམས་སོ། །
རི་མོ་དེའི་མཚོན་དོན་ནི་་་གཡུང་་སྟོང་ཉིད་དང་་དྲུང་་་དེ་རྟོགས་པའི་ཤེས་རབ་ལ་གོ་དགོས་པར་སེམས། གཡུང་ནི་སྐྱེ་བ་མེད་པ་དང་དྲུང་ནི་འགག་པ་མེད་པའི་དོན་ཡིན་ཞེས་བླ་མ་གོང་མས་གསུངས་ཡོད། གཡུང་ནི་རང་བྱུང་ཡེ་ཤེས་དང་དྲུང་ནི་རང་རིག་པའི་ཡེ་ཤེས་ལ་གོ་དགོས་པར་སེམས། ཡང་ན་གཡུང་ནི་བདེ་སྟོང་ལྷན་གཅིག་པ་དང་དྲུང་ནི་དེ་རྟོགས་པའི་ཡེ་ཤེས་ལ་གོ་དགོས་པ་སེམས། སྤྱིར་སྟངས་བོན་ལ་མཚན་བཅས་ཀྱི་བོན་དང་མཚན་མེད་ཀྱི་བོན་སོགས་འཇོག་རྒྱུ་ཡོད། གཡུང་དྲུང་གི་གོ་བ་དངོས་གནས་དེ་མཚན་མེད་གྱི་བོན་འགྱུར་བ་མེད་པ་ཞིག་ལ་གོ་དགོས་པར་སེམས། དེ་ནི་མདོ་ལྟར་ན་སྟོང་ཉིད་རྟོགས་པའི་སེས་རབ་ཅེས་པ་དེ་དང་། སྔགས་ལྟར་ན་བདེ་སྟོང་ཡེ་ཤེས་ཅེས་པ་དེ་དང་། རྫོགས་ཆེན་ལྟར་ན་གནས་ལུགས་ཐོག་ལེ་ཉག་གཅིག་ཅེས་པ་ལ་གོ་དགོས་པར་སེམས། ཡང་ན་གཡུང་ནི་་་ཡེ་་་དང་དྲུང་ནི་་་ཤེས་་་ལ་གོ་དགོས་པར་སེམས། ཡེ་་་ནི་གནས་ལུགས་ལ་གོ་དགོས་པ་དང་། ཤེས་ནི་དེ་རྟོགས་པའི་ཤེས་རབ་ལ་གོ་དགོས་པ་རེད། མང་པོ་སྤྲོ་རྒྱུ་འདུག་དེ་རིང་དེ་ཙམ་ཡིན། །
རི་མོ་དེའི་དགོས་པ་དང་རྒྱུ་མཚན་དངོས་ནི་་་བཀའ་རྟགས་ཀྱི་ཕྱག་རྒྱ་་་ཞེས་པ་དེ་ཡིན་པར་སྣང་། གཡུང་དྲུང་དངོས་དེ་ནི་རང་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་རྒྱུ་ཞིག་ཡིན་པས་དེ་ལྟར་གནང་ཐུབ་ན་དེའི་དགོས་པ་དང་རྒྱུན་མཚན་ཚང་བའོ། །
གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ།
མི་ནུབ་རྒྱལ་མཚན་འཛུགས་པར་ཤོག ། །
ཐིག་ལེ་ཉག་གཅིག་་་ལ་བཅོ་རོགས་གནོངས། །
རྔ་བ་རྒྱལ་ཁམས་པ་ལགས།
ཁྱེད་ཀྱིས་ཤམ་བྷ་ལའི་སྐོར་ལ་གསུང་གནང་བ་དེ་ངོ་མ་དགེ་མཚན་ཆེ། གང་ལགས་ཟེར་ན་དེང་ི་དུས་སུ་རང་མི་རིགས་ལས་ཕྱི་མི་ཚོས་དེའི་སྐོར་ཞིབ་གཤེར་དང་རྩད་གཅོད་བཏང་བ་མང་ཁྱེད་ཀྱི་དེའི་སྐོར་ལ་དོ་ཁུར་བཞེས་ནས་སྐྱར་གླེང་གནང་བ་ནི་དགོས་པ་མཆོག་ཏུ་སེམས།
གུས་པ་ཡང་དེ་ལྟ་བུའི་ལྷ་ཆོས་དག་སྣང་སོགས་ལ་མོས་པ་མི་དམན་པ་འཇོག་མཁན་ཞིག་ཏུ་ཡིན་ཕྱིན་དེ་ལྟ་བུའི་གནས་ཚུལ་གང་མང་མཁོ་སྒྲུབ་བྱས་ན་ཏན་ཏན་ཕན་ཐོགས་ཤིན་ཏུ་ཆེའོ།།
བོན་པོ་ལགས། གཡུང་དྲུང་ལ་དེ་འདྲའི་ནང་དོན་ཟབ་མོ་ཞིག་ཡོད་པ་ད་ལན་མ་གཏོགས་ཧ་མ་གོ བཀའ་དྲིན་ཆེ། ཕྱི་ནས་བོན་གྱི་ཤེས་རིག་སྐོར་ལ་རྒྱུས་ལོན་མང་ཙམ་བྱེད་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན། བློ་མང་དོན་གྲུབ་ལགས། གཞེན་སྐུལ་གནང་བར་བཀའ་དྲིན་ཆེ།