དྲི་མེད་ལྷག་བསམ།
བློ་གཟུ་བོ་མིན་པའི་སྐད་ཆ་ལ་ཀུན་གྱིས་སྨོད་པར་འོས། འཛམ་གླིང་འཁྲུགས་ཆེན་གཉིས་པ་མཇུག་མ་བསྡུས་བར་གཏུམ་སྤྱོད་ནི་རྒྱལ་ཁབ་ཀུན་ལ་ཡོངས་གྲགས་རེད། རྒྱལ་ཁབ་སུ་ཡིན་ཡང་གཏུམ་སྤྱོད་མ་བྱས་པའི་ལོ་རྒྱུས་གཙང་མ་ཞིག་ཁས་ལེན་མི་ཐུབ། ཉི་ཧོང་ནི་ལོ་ལྔ་སྟོང་ལྷག་ལ་རང་ས་མ་ཤོར། གཞན་གྱི་བཙན་འོག་ཏུ་མ་སོང་པའི་རླབས་ཆེན་གྱི་མི་རིགས་ཅིག་རེད། ཉི་ཧོང་གི་རྒྱལ་རྒྱུད་ནི་འཛམ་གླིང་ན་ལོ་རྒྱུས་རིང་ཞིང་རྒྱལ་རྒྱུད་བརྟན་བརླིང་དཔའ་མཛང་གི་ཚད་དུ་འོས་པ་ཞིག་རེད། ཉི་ཧོང་ལ་ཡིག་རྨོངས་པ་མེད་ཅིང་དམངས་མི་ཕལ་མོ་ཆེ་སློབ་ཆེན་མཐར་ཕྱིན་རེད། འཛམ་གླིང་ན་ལོ་བརྒྱ་བརྒལ་བའི་ཚོང་ཁང་ཆེས་མང་ཤོས་དེ་ཉི་ཧོང་ན་ཡོད། ལོ་སྟོང་བརྒལ་བའི་ཚོང་བརྒྱུད་བར་མ་ཆད་པ་ཉི་ཧོང་ལས་གཞན་དུ་མེད། ལོ་རྒྱུས་བཟང་ངན་གཉིས་ཀ་ཡིག་ཚང་དུ་ཉར་ཡོད་མཁན་ལོ་རྒྱུས་རིག་རྙིང་ཆེས་མང་པའང་ཡང་ཉི་ཧོང་རེད། ཡོན་ཏན་རེ་རེ་བཞིན་དུ་བརྗོད་ན་ཚར་རྒྱུ་ཞིག་མེད།
༡༽ འཛམ་གླིང་འཁྲུགས་ཆེན་གཉིས་པ་བསླངས་པར་ཡང་རྒྱབ་ལྗོངས་གང་ལ་ཡང་མ་དཔྱད་ན་ཉི་ཧོང་རེད་བྱས་ཀྱང་དེ་ཀ་རང་། ཞིབ་ཏུ་དཔྱད་ན་སྐབས་དེར་རྒྱལ་ཁབ་ཚང་མས་རྒྱ་མཚོ་དང་མངའ་རིས་རྒྱ་བསྐྱེད་ལ་འགྲན་བསྡུར་བྱེད་པའི་སྐབས་རེད། ཀུན་ལ་སྐྱོན་ཆ་ཡོད། ཉེས་པ་ཀུན་གྱིས་བསག མི་སྤྱོད་ལས་འདས་པ་ཀུན་གྱིས་བྱས་ཡོད། བདེན་པའི་དམག་འཁྲུག་ནི་སྐབས་དེར་མེད་པ་འདྲ།
༢༽ རང་ཤིའི་དམག་ནི་ད་བར་འཛམ་གླིང་སྤྱི་ལ་ཡོད། རང་ཤིའི་བསྟན་བཅོས་特种部队 དམིགས་བསལ་གྱི་དམག་སྡེ་ཀུན་ལ་ཡོད། ཕྱི་གསལ་ནང་གསལ་བྱས་པ་ཉི་ཧོང་ཙམ་རེད།
༣༽ ནན་ཅིན་དམར་གསོད་ཆེན་མོའི་རྩ་བ་དམག་དཔོན་གཉིས་དང་སྐབས་དེའི་དམག་མི་ཉེས་པ་བྱེད་མཁན་ཐམས་ཅད་འཁྲུགས་ཆེན་གཉིས་པའི་མཇུག་ཁྲིམས་ལ་སྦྱར་ཏེ་སྲོག་ཐོག་བཏང་བ་རེད། འདས་པའི་ལོ་རྒྱུས་ལ་རྒྱལ་ཁབ་ཕལ་མོ་ཆེའི་དགོངས་སེལ་མི་ཞུ་སྲོལ་མེད། གཞུང་གི་སློབ་ཚན་ཁག་ཏུ་གཡུལ་ཆེན་གཉིས་པའི་བྱས་ཉེས་མང་པོ་ཞིག་རྦད་དེ་འཁྱོགས་བརྗོད་བྱེད་པ་ལ་ནི་ངོ་རྒོལ་ཡོད་ཀྱང་དེ་ཡང་རྩོད་གཞི་ཅན་ལས་འཁྲུགས་ཆེན་གཉིས་པའི་སྐབས་གཏན་ཁེལ་གྱི་བྱས་པའི་ཉེས་མ་རེད།༼རང་གི་རིགས་ལ་་མི་སྤྱོད་ལས་འདས་པ་བྱེད་མཁན་ཚོས་་དགོངས་སེལ་ཞུས་ཡོད་དམ། དེ་ལ་སྐྱོན་བརྗོད་བྱེད་ཕོད་དམ། རང་གི་མི་རིགས་ཀྱི་དོན་བཤད་མི་ཕོད་པར་མ་འོས་པའི་ལས་མི་རིགས་གཞན་གྱི་ཚབས་བྱས་ཏེ་སྐྱོན་བརྗོད་བྱེད་པ་ནི་བྱབ་ཆུང་གི་ལས་ཀ་རེད།༽
༤༽ ལོ་འགའི་སྔོན་གྱི་མཚོ་འཁྱོམས་སྐབས་གནས་ཚུལ་བྱུང་བ་བདེན་ཡང་། རྒྱལ་ཁབ་གཞན་ལའང་དེ་འདྲའི་གནད་དོན་མང་ཡང་ཤེས་བཞིན་མི་བརྗོད་མི་ཕོད་པ་འདམ་ང་བྱེད་པ་དྲང་པོར་མི་གནས་པའི་འཁྱོག་བཤད་རེད།
༥༽ ཉིན་མཚན་གྱི་སྤྱོད་པ་མི་འདྲ་བ་བདེན་སྲིད། འདི་རྒྱ་ནག་གི་དཔོན་རིགས། བོད་དང་རྒྱ་གར་གྱི་ཆོས་པ་རྫུ་བག་ཅན་དང་། དཔོན་པོ་སྤམ་མདོག་ཅན་སྤྱིའི་སྤྱོད་པ་རེད༎
༦༽ སྤྱིར་ཉི་ཧོང་གི་བཟང་སྤྱོད་ཉམས་ནས་འགྲོ་བ་བདེན་པ་རེད། རྒྱལ་ཁབ་གཞན་པའི་མི་དང་བསྟུན་ན་དེ་ཙམ་ཞན་རྒྱུ་མེད། དཔེར་ན་དཔྱ་ཁྲལ་དང་ཟས་རིགས་སོགས་ལ་རྒྱ་ནག་དང་ཀོ་རི་ཡས་ནན་གྱིས་སྐྱོན་བརྗོད་བྱས་ཀྱང་ཁྲིམས་རྩོད་བྱས་ཚེ་ཉི་ཧོང་ལ་བདེན་ཀ་ཐོབ་འགྲོ་བ་ལན་བཅུ་གྲངས་ཞིག་ལ་མཐོང་མྱོང་།
༧༽ མི་ཐད་རེ་གཉིས་ནི་འཛམ་གླིང་ཀུན་ལ་ཡོད། སྤྱིའི་ཆ་ནས་བཤད་ན་ཉི་ཧོང་ནི་བརྩེ་དུང་ནི་ཆེ་ཟབ་ཤོས་རེད། ང་ལ་སློབ་གྲོགས་ཉི་ཧོང་པ་ལྔ་ཡོད། སློབ་ཕྲུག་བཅུ་གྲངས་ཞིག་ཡོད། ལོ་ཉི་ཤུ་ཙམ་ལ་ཉི་ཧོང་གི་མི་དང་འབྲེལ་འདྲིས་བྱུང་བར་བོད་མི་དང་སོག་རིགས་ལས་ཀྱང་བློ་བརྟན་འགྱུར་མེད། གུས་ཞབས་ཆེ་བ། གྲོགས་ཀྱི་ལ་རྒྱ་ཡོད་པ། བློ་གཏད་ན་གྲོགས་ཀྱི་དོན་དུ་ཤི་ཐུབ་མཁན་དེ་འདྲ་རེད། ཁོང་ཚོ་ཕལ་མོ་ཆེའི་སྐད་རིགས་བཞི་རེ་ཤེས། བོད་སྐད་བོད་ཡིག་འབྲི་ཀློག་ཡང་ཅུང་ཟད་ཤེས་མཁན། བོད་ཀྱི་སྤྱི་ཚོགས་དང་ཉམས་ཆུང་ལ་རང་གི་གླ་ཕོག་གི་བརྒྱ་ཆ་༥་རེ་ཕུལ་ཐུབ་མཁན་རེད། ང་འདས་པའི་ཉི་ཧོང་གི་གཏུམ་སྤྱོད་ལ་མི་དགའ་ཡང་། ད་ལྟའི་གྲོགས་པོ་རྣམས་ལ་ཡིད་ཆེས་ཡོད། དགའ་མོས་ཡོད། ད་ལྟའི་རྒྱ་ནག་གི་ཆབ་སྲིད་མཁའ་དབུགས་དང་འདས་པའི་ལོ་རྒྱུས་ཀྱི་འཁོན་འཛིན་དང་བསྟུན་ནས་རླབས་ཆེན་གྱི་མི་རིགས་ལ་སྐྱོན་བརྗོད་བྱེད་འདོད་མེད། དྲི་མེད་པས་མགྱོགས་བྲིས་བྱས། །
དྲི་མེད་ལྷག་བསམ་གྱི་གསུང་ལ་རྒྱབ་སྐྱོར་དང་། ཉི་ཧོང་གི་དམག་ཆེན་གཉིས་པའི་སྐབས་རྒྱ་ནག་ལ་རྩུབ་སྤྱོད་བྱས་པར་དགོངས་སེལ་དགོས་སྙམ་པའི་གྲོགས་པ་ཚོ་ལ། ཐོག་མར་རྒྱ་ནག་པོས་བོད་མི་ས་ཡ་ཁ་ཤས་དམར་བསད་བཏང་བ་དེ་ལ་དགོངས་སེལ་ཞུས་དང་དེ་ནས་རིམ་པའི་གནས་ཚུལ་ཚང་མ་གཙང་མ་ཆགས་འགྲོ་བ་ཆོས་ཉིད་རེད། དེ་མིན་ན་དཀའ་ལས་ཁག
དྲི་མེད་ལྷག་བསམ་གྱིས་གསུངས་པ་ལྟར་ཉི་ཧོང་གི་ཡུལ་ན་བོད་ཀྱི་རིག་གཞུང་ལ་གཅེས་པར་འཛིན་པའི་མཁས་པ་མང་པོ་ཡོད་པར་མ་ཟད། ༡༩༨༩ ལོར་ཛམ་གླིང་གི་བོད་རིག་གཞུང་ལ་མཁས་མངས་བོས་ཏེ་བོད་རིག་གཞུང་ལ་བགྲོ་གླེང་ཉིན་མང་པོ་བྱེད་དུ་བཅུག་པ་དང་། ཕར་ཚུར་འགྲོ་འོང་དང་དེར་བཞུགས་རིང་གི་འགྲོ་སོང་ཚང་མ། ན་རི་ཏ་སན་ཞེས་པའི་དགོན་པ་ནས་བཏང་ཡོད། དེའི་དུས་བོད་ཀྱི་ཡོངས་གྲགས་ཀྱི་མཁས་པ་མང་པོ་ཕེབས་ཡོད་པ་ཁོ་བོས་མིག་མཐོང་ཉམས་མྱོང་ཡིན། ད་དུང་གནས་ཚུལ་མང་པོ་ཡོད་པ་རིམ་པས་ཞུ་ངེས་ལགས་སོ།
རླབས་ཆེན་ཟེར་བ་དང་མགྲན་ཟླ་མེད་པ་ཟེར་བ་རྡུག་ཤོས་ཟེར་བ
ི་དེ་ཚོ་རང་ལྟ་ཕྱོགས་ལྷུང་གི་སྐད་ཆ་ཙམ་ལས་ཐག་གཅོད་ཐུབ་པའི་གཏན་ཚིག་གང་ནས་ཡིན་།
སྔོན་དུས་རབས་བརྒྱ་ཕྲག་ཉི་ཤུ་པའི་ནང་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་ཟུར་པ་དར་མཆོག་དེ་ཉིད་ཉིང་ཧོང་ཡུལ་དུ་ཕེབས་ནས་བོད་ཆོས་གསུངས། དེ་ཉིད་ལ་བརྩི་བ་ཞུས་ཏེ། ད་ལྟའི་དར་བ་སྔགས་ཆེན་སྤྲུལ་སྐུ་ལ་ཡང་ཉིང་ཧོང་པ་དག་གིས་གུས་བཀུར་ཞུ་བ་ཐོས་སོ།
ཉི་ཧོང་མི་རིགས་འདི་མི་རིགས་གསུམ་ལས་གྲུབ་པ་འདྲ།
རྒྱུ་མཚན་གང་ཡིན་བཤད་ཡ་མེད་ཀྱང་ནམ་རྒྱུན་ཉི་ཧོང་གི་མི་ཞིག་མཐོང་ཡོང་དུས་ངའི་སེམས་ལ་དགའ་ཚོར་ཞིག་དབང་མེད་དུ་སྐྱེས་ཡོང་གི་ཡོད།
འགྲོ་བ་མིའི་སྤྱི་ཚོགས་ཤིག་ཡིན་ཚེ་མི་བཟང་ངན་གཉིས་ཀ་ཡོད། སྐྱོན་ལ་བལྟས་ཏེ་དཔྱད་པ་དང་ཡོན་ཏན་ལ་བལྟས་ཏེ་བསྟོད་པ་གཉིས་ཀར་རང་ས་ན་བདེན་སྙམ་པའི་གཏན་ཚིག་རེ་ཡོད། འོན་ཀྱང་བཟང་ངན་བསྡུར་ནས་བཤད་དུས་སྐྱོན་ཡོན་གང་ཆེ་གསལ་བོར་མངོན་ཡོང་། ཉི་ཧོང་གི་ལོ་རྒྱུས། ཚོང་ལས། དངོས་པོ། ཤེས་ཡོན། ཧུར་བརྩོན། མཉམ་འབྲེལ། ནང་མཐུན། འཛམ་གླིང་གི་ཤུགས་རྐྱེན་བཅས་ལ་ཡ་གླིང་འདིའི་ནང་གི་རྒྱལ་ཁབ་སུ་དང་བསྡུར་ཡང་རླབས་ཆེན་ཡིན་པའི་བྱས་རྗེས་མངོན་གསལ་དོད་པོ་ཡོད། །
གོང་གི་ཡི་གེ་ལ་ནོར་འཁྲུལ་མང་པོ་ཤོར་འདུག །དགོངས་དག་ཞུ། །
ཉི་ཧོང་ལ་གྲོགས་པོ་བསྒྲིགས་འདོད་མཁན་ཚོས་ཤེས་དགོས་པ་ཞིག་ནི། གྲོགས་ཁ་ཤས་ཡོད་ན་ཐོག་མར་གཅིག་ལ་བློ་གཏད་ནས་གཞན་རྣམས་ཟུར་བ་བྱེད་དགོས། མ་དྲིས་གོང་ནས་གྲོགས་མང་པོ་ལ་བློ་གཏད་ན་ཁོང་ཚོས་མགོ་བདེར་བརྩི། ཁོང་ཚོ་ལ་གྲོགས་ཀྱི་མགྲོན་འཕྲོག་མི་རུང་ཟེར་བའི་ལྟ་བ་ཞིག་ཡོད། མ་དྲིས་གོང་གྲོགས་པོ་རྣམས་འདུས་ནས་སྐད་ཆ་བཤད་ཀྱང་ཅུང་ཟད་དཔྱད་པ་བྱས་ཏེ་སྡོད་རྒྱུ་རེད། སུ་ཞིག་སུའི་གྲོགས་ཡིན་པ་ཤེས་ཏེ་རྒྱུས་ལོན་བྱས་ནས་སྐད་ཆ་ལྷུག་པོ་གནང་སྲོལ་ཡོད། ངའི་ཉི་ཧོང་གི་དགེ་རྒན་གྱིས། མ་འདྲིས་པ་ལ་བློ་མི་གཏད་ཅིང་། འདྲིས་ན་སྲོག་ཀྱང་གཏོང་ཐུབ་པ་དེ་ང་ཚོ་ཉི་ཧོང་གི་ལུགས་སྲོལ་ཡིན་ཟེར། བདེན་པ་རེད་སྙམ། ཁོང་ཚོ་གནའ་མིའི་དཔའ་བོའི་ལ་རྒྱའི་ལྷག་མ་ཅུང་ཟད་ཡོད་པས། ཤེས་ཡོན་ཅན། ལ་རྒྱ་ཅན། དྲང་བདེན་དང་སྤོབས་པ་ཅན་ལ་གུས་པ་བྱེད། སྐབས་འཚོལ་རིང་ལུགས་པ་ཞིག་རེད་སྙམ་པའི་དོགས་པ་སྐྱེས་ན་མི་དེ་དང་རྒྱང་བཀྱེད་འགྲོ་བ་ཞིག་རེད། འདི་སེམས་ཆུང་པའི་རྟགས་ཤིག་ཀྱང་རེད། །མི་ཆེན་རྣམས་ལ་སྐུ་དྲེགས་ལུགས་སྲོལ་གྱི་དྲི་མ་ཅུང་ཟད་ཞིག་ཀྱང་ཡོད་པས་མི་ཁྱིམ་ལོ་རྒྱུས་ཅན་གྱི་རིགས་བརྒྱུད་ཀྱིས་གོས་ངན་ལྷམ་ཧྲུལ་ཅན་གྱི་སྤྲང་པོའི་རིགས་ལ་སྙིང་རྗེའི་སྦྱིན་པ་ལས་སྙིང་ནས་གུས་པ་ཡོད་མེད་མི་ཤེས། མི་ཆེན་བརྒྱུད་པ་དང་མི་རིགས་གཞན་གྱི་བར་ན་ད་དུང་མི་མངོན་པའི་ལྕགས་རི་ཞི་ཡོད་པ་མཐོང་། མི་ཆེན་ཚོར་ཕ་མེས་བརྒྱུད་པའི་གཞིས་ཀ་དུ་མ་ཡོད་པའི་ཕྱི་མགྲོན་འོང་ཆོག་ས་དེ་གཞིས་ཕལ་བ་ཁག་རེད། ནང་གཞིས་ལ་ཁོང་ཚོའི་ནང་མི་དང་བླ་མ་རེ་ཡིན་ན་མ་གཏོགས་གྲོགས་པོ་ཡང་འཁྲིད་སྲོལ་མེད། འདི་ལྟ་བུའི་སྤྱི་ཚོགས་ཀྱི་ལུགས་སྲོལ་མང་ཡང་རེ་ཞིག་དེ་ཙམ་མོ། །
དྲ་གྲོགས་རྣམས་ལྟོས་དང་། 15個讓人「看到戰爭沒贏家」的二戰時期超黑暗.
འདི་ནི་འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུ་བྱུང་བའི་དོན་རྐྱེན་ཆེན་པོ་15་རེད། ཁ་བྱང་དུ༼དམག་འཁྲུགས་ལ་རྒྱལ་ཁ་མེད༽ཟེར་བ་དེ་རེད། འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུ་བྱུང་བའི་མུན་ནག་དེ་ཉི་ཧོང་གཅིག་པུས་བཟོས་པ་མ་རེད། སྐབས་དེར་འགྲོ་བ་མིའི་གདུག་རྩུབ་ཀྱི་སྤྱོད་པ་’འདྲ་པར་དང་བཅས་བསྟན་ཡོད། དེས་ལོ་རྒྱུས་ཉམས་མྱོང་ལས་བྱུང་བའི་སློབ་གསོ་ཐོབ་དགོས། དམག་འཁྲུགས་ནམ་ཡང་མེད་པར་ཤོག
དུས་ཕྱིས་ཀྱི་བོད་པས་བོད་རང་གི་ཡབ་མེས་གོང་མའི་ཆོས་དང་རིག་གནས་ལོ་རྒྱུས་ཡོད་ཚད་ལ་མཐོང་ཆུང་དང་ཁྱད་གསོད་དམའ་འབེབ་ཚོད་མེད་བྱས་པས་མ་ཚད། བསྣུབས་བཤིག་གཏོར་གསུམ་དང་གསོད་བརྡུང་གཉོག་གསུམ་ཡང་ཚད་ལས་འདས་པ་སྤེལ་ཡོད་ལེ་གདའ། ཕལ་ཆེར་ཚོད་དཔགས་བྱས་ན་བོད་པ་རང་གིས་བོད་རང་གི་རིག་གནས་བྱེད་མི་ཆོག་པའི་རིག་ནས་གསར་བརྗེ་སྤེལ་འདུག་སྙམ། ཤོག་བུ་དཀར་པོའི་སྒང་ལ་སྣག་ཚ་ནག་པོས་སུག་བྲིས་ཀྱང་མངས་པོ་བྲིས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། ད་དུང་ཆབ་སྲིད་ཀྱི་དབང་ལུང་བེད་སྤྱད་ནས། བོད་མི་ཡོད་ཚད་ལ་བོད་རང་ལུགས་ཀྱི་ཆོས་རིག་ལོ་རྒྱུས་ལ་དད་མོས་བྱེད་མི་ཆོག་པའི་ཁ་ཏ་སློབ་གསོ་ཡང་གང་ཐུབ་ཅི་ཐུབ་བྱས་པའི་རྐྱེན་གྱིས། བོད་མི་མངས་པོ་ཞིག་རང་གིས་རང་ལ་ཡིད་མི་ཆེས་པའི་ཚད་དུ་བསྐྱལ་ཡོད་དམ་མེད། །
ཉི་འོང་པས་ལས་ངན་འདི་འདྲ་བྱས་དང་བྱེད་བཞིན་ཀྱི་ཡོད་དམ། །
ཉི་ཧོང་པས་ལས་ངན་འདི་འདྲ་བྱས་དང་བྱེད་བཞིན་ཀྱི་ཡོད་དམ། །
ཉི་ཧོང་དུ་ནང་བསྟན་ཆོས་ལུགས་ལ་གཏོར་སྐྱོན་མང་པོ་ཞིག་ཐེབས་ཡོད། གནས་ཚུལ་འདིར་འདུག
https://en.wikipedia.org/wiki/Haibutsu_kishaku
འཛམ་གླིང་གི་ལུང་པ་ཚང་མའི་ནང་ཆོས་སྲིད་ལག་ཆ་ལ་ཁྱེར་ནས་མི་རིགས་ལ་ཉམས་ཆགས་ཆེན་པོ་བྱུངཡོད་པ་གཅིག་རྒྱུར་ཙམ་ལས་དམིགས་གསལ་ནང་ཆོས་ལ་ཆེད་དུ་དམིགས་ནས་ཉམས་ཆགས་གཏོང་མཁན་དེ་ཆོས་མེད་ཀླ་ཀློ་གུང་ཁྲན་རིང་ལུགས་རྒྱ་ནག་ལས་སྡུག་པ་ཞིག་གང་ན་ཡོད་།
ང་བོད་ནང་ཡོད་དུས་རྒྱ་ནག་ཡིག་རིགས་དང་གློག་བརྙན་མང་པོ་ཞིག་གིས་ཉི་ཧོང་མི་རིགས་ནི་དངོས་གནས་གདུག་རྩུབ་ཅན་ཡིན་རེད་དྲན་མྱོང།དེ་རྗེས་ང་ནུབ་ཕྱོགས་སུ་སླེབས་དུས་ཉི་ཧོང་མི་རིགས་ནུབ་ཕྱོགས་ཀྱི་རིག་གཞུང་ལད་ཟློས་བྱེད་མཁན་ཞིག་རེད་དྲན་མྱོང་ཡོད།ཡིན་ན་ཡང་༢༠༡༥ ལོ་ང་ཉི་ཧོང་ལ་ཟླ་བ་གཅིག་ཡུལ་སྐོར་འགྲོ་སྐབས་ཞིག་བྱུང། ང་ནི་ཉི་ཧོང་མིགས་ལ་ཡིད་དབང་འཕྲོག་སོང།གཞན་ལ་གུས་ཞབས་དང་རང་རིགས་གཞུང་ལ་དགའ་ཞེན་དང་རང་ལག་རྩལ་སྤོབས་ཡོད་མཁན་མི་རིགས་ཞིག་ཞི་བདེ་དང་གཙང་སྦྲ་ལྡན་པའི་ཡུལ་ལུང་མཛེས་སྡུག་པ་ཞིག་རེད་འདུག།ང་ནི་ང་ཚོས་ཤར་ཕྱོགས་མི་རིགས་ནང་ལ་ཉི་ཧོང་བ་འདྲ་བོ་མཐོང་སྤོབས་པ་བྱུང།ང་ཆུང་དུས་བགས་ཆགས་ངན་རྣམས་སེལ་སོང་དེ་མཉམ་དུས་ནུབ་ཕྱོགས་ནས་ནོར་བསམ་རྣམས་ནོར་བསམ་ཡིན་པ་གསལ་རྟོགས་སོང་་་་
་གུང་ཁྲན་རིང་ལུགས་རྒྱ་ནག་པ་་དང་། སྤྱིར་བཏང་རྒྱ་མི་གཉིས་ཀྱི་དབྱེ་བ་འབྱེད་དགོས་པ་གལ་ཆེ། དེ་མིན་རྒྱ་མི་ཟེར་ནས་རྒྱ་མི་ཡིན་ནོ་ཅོག་བོད་ལ་གནོད་མཁན་གྱི་གྲས་སུ་བཞག་ན་མི་འགྲིག་པ་ཞིག་མི་འདུག་གམ།
ལ་དྭགས་པ་འགའ་ཞིག་གི་བྱེད་སྟངས་བྱེད་ལུགས་ཀྱིས་བོད་ཀྱི་ཆོས་སྐད་མེད་པར་འགྲོ་བཞིན་འདུག ཡ་ང་བ་ཞིག་ནི། གཞན་གྱི་ལད་མོ་བྱས་ཏེ། “ཐེངས་གཉིས་པ།”ཞེས་ བྲིས་སོ།
ལེགས་སོ། རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། ཕྲན་བོད་ཡིག་གི་ཐ་སྙད་རིག་པར་དེ་ཙམ་བྱང་ཆུབ་པ་མིན་པས། དམ་པ་མཆོག་གི་ལམ་སྟོན་རྣམས་ཡིད་ལ་ཤིན་དུ་སྨན། ཉིད་ཀྱི་དགོངས་པ་ལྟར་ན་ལན་གཅིག་ལ་༼ཐེངས༽ཞེས་པ་དེ་མ་དག་པ་དང་། ༼ཐང་༽ཟེར་བ་དེ་དག་སྟེ། སྤྱོད་འཇུག་ལས། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས་པ་ལེགས། །བསམ་གཞིག་བྱས་ཚེ། ཐང་གཅིག། ལན་གཅིག་ལ་སྐྱོན་མེད་མེད་ཀྱང་། ཐང་མ་གཅིག་བརྗོད་ཚེ། ཐང་མ་བརྡལ་བའི་ཐང་མ་དང་ནོར་དོགས་འདུག ཐེངས་ཀྱི་སྐྱོན་ནི་གནའ་བོའི་ཡིག་རྙིང་དུ་མ་གྲགས་པ་དང་། སྨན་ཐང་གཅིག་ཐེངས། བསྙེན་པ་ཚར་གཅིག་ཐེངས་ཟེར་བ་སྟེ་རྫོགས་པའམ་འདས་ཟིན་ལ་་ནོར་དོགས་ཡོད་པ་ལས་གཞན་སྐྱོན་ཅི་མཆིས། བཀའ་སློབ་ལམ་སྟོན་གནང་བར་ཞུ། །སྐུ་ཚེ་རིང་། དགོངས་ལམ་པ་ཤེ་ཐུ་པ་དྲི་མེད་པས། །
རྣམ་དཔྱོད་དྲི་མེད་ལྷག་བསམ་ཆེན་པོ་དང་ལྡན་པ་གང་དེར་ཉིད་ལྟ་བུའི་ལྷག་བསམ་རྣམ་དག་ཡོད་ན། བོད་ཡིག་དག་ཆ་འཛིངས་པ་དག་གསོ་ཐུབ་པ་གདོན་མི་ཟ། བོད་ཡིག་འབྲི་བ་པོ་མང་པོས་ཕལ་སྐད་གཙོ་བོར་འཛིན་པས། བོད་ཡིག་སྐད་ནུབ་པར་མངོན་དུ་ཕྱོགས་ཀྱང་། རྣམ་དཔྱོད་ཀྱི་འབད་པས་རིང་དུ་གནས་པ་རེ་འདུན།
ཁ་སང་བག་སྟོན་སློབ་ཕྲུག་ཅིག་གོ་བག་སྟོན་ལ་འགྲོ་དགོས་པས། ཉིད་ལ་ལན་འབྲི་མ་ཐུབ་པར་དགོངས་སེལ་ཞུ།
སྐུ་ཉིད་ཀྱི་བརྗོད་བྱ་རྣམས་དོན་མཐུན་ཡོད་པས་དེ་དག་གི་ཡིད་ལ་གཟུང་དགོས་པ་ཞིག་འདུག། མིང་ཚིག་འགའ་ཞིག་སྐོར་ལ་དཔྱད་པ་ཞུ་ན། འཛམ་གླིང་ ཞེས་མང་པོས་འབྲི་ཞིང་སྤར་པའི་དཔེ་ཆ་འགའ་ཞིག་ན་མཆིས་ཀྱང་། སྣར་ཐང་བཀའ་འགྱུར་དང་། དེབ་ཐེར་སྔོན་པོ་སོགས་ན། ཛམ་གླིང་ཞེས་བྲིས་པ་དག་པར་མཐོང་། ཛམྦུ་ཞེས་པ་སྒྲ་བཤད་མེད་པའི་རྒྱ་གར་ཀྱི་མིང་ཚིག་ཅིག་ཏུ་སྣང་།
དམངས་ཞེས་པ་གཡོག་སྟེ་དམན་པའི་དོན་དང་། མངས་ཞེས་པ་བཟང་པོར་མཆིས་ཏེ། སྒོ་མངས་ཞེས་པ་ལྟུ་བུ། མང་པ་ལ་མང་བ་དང་། བསག ཅེས་པ་ལ་ད་ལྟ་འདས་མ་འོངས་ལ་གསོག བསགས། གསག། སྐུལ་སོགས་ཞེས་སམ་སྙམ། སྡེ་དགེ་བཀའ་བསྟན་དག་ན་སོགས་ཞེས་ད་ལྟ་བ་ལ་བྲིས་ཡོད་པ་དྲན། འཁྲུག་ལ་ས་ཡང་འཇུག་ཡོད་པ་བཟང་བ་ཞིག་ཏུ་མངོན། དགོངས་སེལ་མི་ཞུ་སྲོལ་མེད། འདིར། མི་ཞེས་པ་ཐོས་པ་ཤོར་བ་མ་ཡིན་ནམ་སེམས། ཚབས། འདི་ངའི་ལུང་སྐད་དུ་ཡོད་ཀྱང་། དཔེ་ཆ་དག་ན། ཚབ་ཅེས་ཏེ། རྒྱལ་ཚབ། ཅེས་པ་ལྟ་བུ། མཛངས་བླུན་ཞེས་པ་དག་པོ་ཡིན། མང་བ་དང་། གསལ་བ་སྟེ། བ་ལ་ན་རོ་སྦྱར་ན། མང་པོ་དང་། གསལ་པོ། རྒྱལ་པོ། ཞེས་པ་སོགས་བསྟན་དར་ལྷ་རམས་པས་དག་ཡིག་ཏུ་བཀོད་པ་ལྟར་དོན་དུ་ཡོད་པར་མཐོང་ངོ་། རང་གཞན་གྱི་བློ་གྲོས་རྒྱས་པར་མཛོད་ཅིག
རྒན་ལ་དྭགས་པ་ལ་ཐུགས་རྗེ་ཆེ་ཞུ། ། དུས་ཚོད་ནམ་བྱུང་ལ་ཉིད་ཀྱིས་མཆན་དང་དག་བཅོས་སོགས་ལ་རིན་ཐང་ཆེན་པོར་བརྩིས་ཏེ་མཇལ་བཞིན་ཡོད། ཐུགས་ངལ་ཁྱད་བསད་ཀྱིས་ཆོས་དང་རིག་གཞུང་ལ་གཅིག་ཏུ་བརྩོན་པའི་ཐུགས་སྟོབས་ཞུམ་པ་མེད་པ་རང་རེའི་མིག་ལྟོས་དང་། བསྔགས་པའི་ཡུལ་དུ་གྱུར། སྐུ་ཚེ་རིང་། ཐུགས་རྗེ་ཆེ། །
དམག་འཁྲུགས་འདི་དང་གསོད་གཅོད་འདི་འདྲ་ནམ་ཡང་མི་འབྱུང་བར་ཤོག ། ༀ་མ་ཎི་པདྨེ་ཧཱུྃ། http://www.bannedbook.org/ 禁片:中共疯狂的杀人历史