དགེ་འདུན་རབ་གསལ།
——————————–
འདས་པའི་བདུན་གཅིག་ཙམ་གྱི་རིང་ལ། ངེད་ཀྱི་ཉིན་རེའི་བྲེལ་བ་ཇེ་ཆེར་ཕྱིན། དེ་ནི་༧གོང་ས་མཆོག་ཕྲན་སྡོད་སའི་ས་གནས་སུ་ཆིབས་བསྒྱུར་གནང་བ་རེད། ཆིབས་བསྒྱུར་འདི་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་འཛུགས་གནང་མཛད་པའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་སྟེ། ད་ལྟ་ “བོད་དང་སོག་པོའི་ཆོས་རིག་བསྟི་གནས་ཁང་”དུ་མིང་བརྗེས་པ་འདིས་སྤྱན་དྲངས་པ་རེད། ཆིབས་བསྒྱུར་འདིའི་སྐབས་སུ་༧གོང་ས་ཆེན་པོའི་མཛད་འཕྲིན་ལ་བརྟེན་ནས་བསྟན་འགྲོའི་དགེ་རྩ་བླ་ན་མེད་པ་ཞིག་བསྐྲུན་པ་དང་། དེ་ཡང་བོད་མི་སྤྱི་དང་ནང་པ་ཡོངས་ཀྱི་གཟི་བརྗིད་དུ་ཆེ་བ་སོགས་རླབས་ཆེན་གྱི་ཕྱག་རྗེས་དག་ནི་ཕྱག་དང་དད་པའི་ཡུལ་ཁོ་ན་ཡིན་པ་དང་། དེ་དག་ནི་འདིར་དམིགས་བཀར་གྱིས་འབྲི་བའི་རྩོལ་བ་མ་བྱས། ཕྲན་གྱིས་ཞུ་བར་འདོད་པ་ནི། བོད་མི་ཞིག་དང་། ལྷག་པར་ས་གནས་ཀྱི་བོད་མི་ཞིག་ཡིན་པའི་ཆ་ནས་གཏམ་འགའ་གླེང་བར་འདོད་པ་ཡིན།
དད་པ་དང་སློབ་མ།
བོད་དུ་ནང་པའི་ཆོས་ཉམས་ལེན་བྱེད་པའི་རྩ་བའི་གནད་དོན་ཞིག་ནི་ “དད་པ་དང་དམ་ཚིག་”ཅེས་པ་འདི་ཡིན་པ་རེད། དེ་ཡང་བླ་མ་བསྟེན་ཚུལ་ལས་འཕྲོས་ཏེ་ཉམས་ལེན་གྱི་རིམ་པ་གསལ་པོ་ཞིག་ཡོད། རིམ་པ་འདིའི་ནང་སྐུ་ཐང་དང་སྐུ་པར་ཚུན་ནས་དད་པའི་རྟེན་དུ་བྱས་ཏེ་མཆོད་པ་བྱེད། ཕྱག་བྱེད། འོན་ཀྱང་དེང་སང་གི་འཇིག་རྟེན་ན། ༧རྒྱལ་བའི་སྐུ་པར་དག་ཚགས་པར་དང་གསལ་བསྒྲགས་སོགས་ཀྱི་སྟེང་འགོད་པ་ལ་འཛེམས་ཟོན་མེད་ཁར། དྲིལ་བསྒྲགས་ཀྱི་ཆེད་དུ་དམིགས་ཏེ་སྐུ་པར་གང་མང་བཀྲམས་པ་དང་། དེ་ཡང་ཚོང་ཟོག་དྲིལ་བསྒྲགས་ཀྱི་ཡིག་ཆ་ལྟར། མཛད་རིམ་དྲིལ་བསྒྲགས་བྱས་སྟབས། སྐུ་པར་ཁག་མཆོད་པའི་རྟེན་ལས་གོ་བབ་ཆག་སྟེ། རྐང་འོག་ཚུན་ལ་ཡང་ཁྱབ་བཞིན་འདུག ངས་རྐང་འོག་ལ་ཤོར་ཟིན་པའི་དྲིལ་བསྒྲགས་ཡིག་ཆ་ཞིག་ས་ནས་བླངས་ཏེ་ཉར་བ་ཡིན། དེ་ཙམ་གྱིས་ཀྱང་ག་ལ་ཚད་དེ། གསུང་ཆོས་ཀྱི་མཛད་རིམ་རེ་རེ་ནི་ གློ་བུར་དུ་སྒོར་མོ་མང་པོ་བཟོ་ཐུབ་པའི་མཛད་རིམ་ཞིག་ཏུ་བསྒྱུར། དེ་ཡང་། སྦྱིན་བདག་གི་རིམ་པ་སྟེ། ཨ་སྒོར་ཁྲི་གཅིག་ཡན་འབུལ་མཁན་ནི་ “རོགས་འདེགས་སྦྱིན་བདག་Benefactor”དང་། ཨ་སྒོར་ལྔ་སྟོང་ཡན་འབུལ་མཁན་ལ་ “གསེར་གྱི་སྦྱིན་བདག Gold Sponsor”། ཨ་སྒོར་སུམ་སྟོང་ཡན་འབུལ་མཁན་ནི་ “དངུལ་གྱི་སྦྱིན་བདག་ Silver Sponsor”སོགས་སྦྱིན་བདག་ གི་རིམ་པ་བཀར་བ་དང་། སྦྱིན་བདག་དེ་དག་ལ་དམིགས་བསལ་ཞབས་སྟེགས་འབུལ་བ་ཙམ་དུ་མ་ཟད། སྐུ་མདུན་ལ་སྒེར་གྱི་མཇལ་ཁ་ཡོད་པ། སྐུ་མདུན་དང་ལྷན་དུ་གསོལ་ཚིགས་ཡོད་པ་སོགས་ཁྱབ་བསྒྲགས་བྱས་ཏེ་དངུལ་བསྡུ་ཐབས་མཛད་འདུག(འབྲེལ་ཐག་འདི་ནས་ཁུངས་གཟིགས་ཐུབ།) འདི་དག་ནི་ཆིབས་བསྒྱུར་གྱི་མཛད་རིམ་གོ་སྒྲིག་ཐད་ཀྱི་འགྲོ་གྲོན་ལ་དམིགས་པ་ཡིན་ན། རྒྱུ་མཚན་ལྡན་པ་ཞིག་གིས་འཐུས་པ་ཡིན་མོད། ཐེངས་འདིའི་གསུང་ཆོས་ལ་ཁེ་བཟང་ཨ་སྒོར་འབུམ་གཅིག་ལྷག་དང་། གསུང་བཤད་ལ་ཡང་ཨ་སྒོར་འབུམ་གཅིག་ལྷག་བྱུང་བ་རེད་ཅེས་ཚགས་པར་ཁག་ཏུ་ཐོན་འདུག (འབྲེལ་ཐག་འདི་ནས་ཁུངས་གཟིགས་ཐུབ།) ད་ནི་དངུལ་འདི་དག་ཀྱང་དགུང་ན་བགྲེས་པོར་ཕེབས་པའི་༧རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་བྱུང་བ་རེད། སྦྱིན་བདག་གི་མཛད་རིམ་མང་དྲགས་པའི་རྐྱེན་ལ་བརྟེན་ནས་༧གོང་ས་མཆོག་གིས་བོད་མི་མང་ལ་མཇལ་ཁ་གནང་སྐབས། ད་ང་ “ཐང་ཡང་ཆད་གི།”ཞེས་སྐུ་ཐང་ཆད་པའི་སྐོར་ཞལ་གསོན་པོ་ནས་གསུངས་འདུག ད་དུང་ད་ལྟའི་ཆོས་ཚོགས་འདི་ད་མུས་བཞིན་གནས་ཐུབ་པའི་རྒྱུ་མཚན་ཉག་གཅིག་དེ་ཡང་སྐུ་སྒེར་ནས་མ་དངུལ་འབོར་ཆེན་གསོལ་རས་གནང་བ་ཁོ་ན་ལས་བྱུང་བ་རེད། ལར་ནས་ཨ་སྒོར་འབུམ་གཉིས་ལྷག་ཙམ་ཞིག་བོད་མི་ས་ཡ་དྲུག་ལ་ཡོད་དང་མེད་ལ་ཁྱད་པར་ཆེན་པོ་མི་འདུག འོན་ཀྱང་། ༧སྤྱི་ནོར་ཆེན་པོ་སྐུ་ཐང་ཆད་པ་ནི་བོད་མི་ས་ཡ་དྲུག་གིས་བཟོད་ཐབས་དཀའ་བ་ཞིག་རེད། དེ་ཡང་བསྟན་སྲིད་ཀྱི་ཆེད་དུ་མ་ཡིན་པར་སྒོར་མོའི་ཆེད་དུ་སྐུ་ཐང་ཆད་བཅུག་ན་དེ་ལས་ཀྱང་བཟོད་ཐབས་དཀའ་བ་ཞིག་རེད།
སྐུ་ཕྱྭ་དང་སྐུའི་བདེ་ཐང་།
༧སྐུ་མདུན་ཁ་སང་ས་གནས་ནས་ཆིབས་ཕེབས་གནང་གྲུབ་སོང་། ཁ་སང་མི་མང་ལ་གསུང་བཤད་གནང་སྐབས་ཁོང་གིས་སྐུ་རྩེད་དང་སྦྲགས་ནས་སྔོན་གཤགས་བཅོས་གནང་བའི་སྐབས་ཀྱི་ལོ་རྒྱུས་ཤིག་གསུངས་བྱུང་། གཤགས་བཅོས་འདི་རིགས་ནམ་རྒྱུན་ཡུན་ཐུང་ཞིག་གིས་འགྲུབ་པ་ཡིན་མོད། སྐུ་མདུན་རང་ལ་གཤགས་བཅོས་འབུལ་སྐབས་ཆུ་ཚོད་གསུམ་འགོར་བྱུང་ཞེས་གསུངས་སོང་། སྐབས་འདིར་ངའི་མིག་མཐའ་ན་མཆི་མ་ཤར་སེ་འདུག ངའི་སེམས་ལ་ལྭ་དཀར་པོ་གོན་པའི་སྨན་པ་དང་སྨན་ཁང་སོགས་གཤགས་བཅོས་ཀྱི་བརྒྱུད་རིམ་ཞིག་ཤར་བཞིན་འདུག སེམས་ཚོར་འདི་འདྲ་ནི་ང་གཅིག་པུ་ལ་ཡོང་བ་ཞིག་ག་ལ་ཡིན། བོད་མི་ཡོད་དོ་ཅོག་གིས་སྐུ་མདུན་གྱི་སྐུ་ཕྱྭ་ལ་ཐུག་སྐབས་འདི་ལྟར་མིག་ཆུ་གཏོང་བ་རེད།
ད་སྐུ་ཕྱྭའི་སྐོར་རང་གི་མྱོང་བ་སྦྱར་ནས་བཤད་ན། ཟླ་འདིའི་ཚེས་ ༡༡ ཉིན་སྐུ་མདུན་ཁོང་འདི་ག་ས་གནས་ལ་ཕེབས་པ་རེད། དེའི་མཚན་མོ་དེར་ང་ལ་གཉིད་མ་ཡོང་། མཚན་གང་ལ་ངང་སྒུག་ཅིག་གིས་གཉིད་ཡོངས་སུ་དཀྲོགས་བྱུང་། ངང་སྒུག་དེ་ནི་ཚེས་ ༡༢ ཉིན་གྱི་ཞོགས་ཀར་ ངས་བསྒྱུར་བའི་ “སངས་རྒྱས་ཀྱི་དཔའ་རྟུལ་ཚོ་” ཞེས་པའི་དེབ་དེ་༧སྐུ་མདུན་ལ་འབུལ་ཆེད་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་དང་ལྷན་དུ་མཇལ་ཁ་ཡོད་ཅེས་ང་ལ་བཤད་བྱུང་། དེར་བརྟེན། དེ་ལ་ངང་སྒུག་བྱས་པ་ཡིན། ཞོགས་ཀ་སྔ་པོ་ནས་བྱིས་པ་གཉིས་ཀྱི་སློབ་གྲྭའི་གྲ་སྒྲིག་ཟིན་པ་དང་། ངེད་ཐད་ཀར་ཆོས་ཚོགས་ལ་ཕྱིན་པ་ཡིན། དེར་ངེད་ཀྱིས་ལག་འཁྱེར་ཁ་པར་དང་ལྡེ་མིག་སོགས་ཅ་ལག་ཡོད་ཚད་རླངས་འཁོར་དུ་བཞག་ནས་ཕྱིན་པ་ཡིན། དེའི་རྒྱུ་མཚན་ནི་མཇལ་ཁ་ཡོད་སྟབས་ལུས་པོར་བརྟག་དཔྱད་བྱེད་རྒྱུ་རེད་བསམས་བྱུང་། ཆོས་ཚོགས་སུ་ཡུད་ཙམ་སྒུག་རྗེས་ང་ཚོ་༧སྐུ་མདུན་བཞུགས་སའི་དགོན་པའི་ནང་ཁྲིད་བྱུང་། དེ་ནས་ཁང་མིག་ཅིག་ཏུ་བསྡད་བཅུག་བྱུང་། ཡུད་ཙམ་ནས་༧སྤྱི་ནོར་ཆེན་པོ་ཆིབས་བསྒྱུར་གནང་ནས་ང་ཚོ་ལ་སྐར་མ་འགའ་ཡི་རིང་བཀའ་སློབ་གནང་བྱུང་། དེ་ནས་༧སྐུ་མདུན་ཕེབས་གྲུབ་རྗེས་ང་ཚོ་ཡང་རང་འགུལ་གྱིས་ལོག་ཕྱིན་པ་ཡིན། གཟིགས་དང་། ང་ཚོ་འདིར་སླེབས་ནས་༧སྐུ་མདུན་ལ་མཇལ་ཁ་ཞུས་གྲུབ་པའི་བར་དུ་ང་ཚོའི་ལུས་པོར་བརྟག་དཔྱད་བྱེད་མཁན་མི་འདུག འོ་ན། འདི་ནི་ང་ཡོད་པའི་ཚོགས་པ་འདི་ལ་འབྲེལ་ཡོད་རྣམས་ཀྱིས་ཡིད་ཆེས་བྱས་རྐྱེན་རེད་ཅེས་བཤད་ན། ང་ཚོའི་གྲས་སུ་ཚོགས་པ་ནས་མ་ཡིན་པའི་མི་གཅིག་ཀྱང་སླེབས་འདུག སྐུ་མདུན་མ་ཕེབས་པའི་གོང་རོལ་དེ་ག་རང་ལ་ང་ཡོད་པའི་ཚོགས་པ་དེའི་ཚོགས་གཙོས་ “ཁྱེད་རང་འདིར་བསྡད་ན་འགྲིག་གི་མ་རེད་”ཅེས་ངོ་སྤྲོད་གནས་ལུགས་བཤད་སྟབས་ཁོང་ཡང་ཕྱིར་ལོག་སོང་། དེ་མིན་ན། ཁོང་ཡང་ཚོགས་པའི་ཁོངས་སུ་མཇལ་ཁ་ཐོབ་རྒྱུ་ལ་དྭོགས་པ་མེད། ང་ལ་ཉམས་མྱོང་འདི་འདྲ་ཐེངས་མ་གཉིས་ལ་བྱུང་། གཉིས་ཆ་ལ་ལུས་པོར་བརྟག་དཔྱད་གཏོང་བ་དང་། མིང་ཐོ་ཞིབ་བཤེར་བྱེད་པ། མིང་དང་ངོ་སྤྲོད་ལག་འཁྱེར་བལྟ་བསྡུར་བྱེད་པ་སོགས་སྣེ་གཅིག་ཀྱང་མི་འདུག སྔོན་མ་ཡིན་ན་དེ་འདྲ་ཡོད། ད་ལྟ་མེད་པ་གང་རེད་ཅེས་ས་གནས་ཀྱི་མི་ཞིག་ལ་དྲིས་པ་ཡིན། ཁོང་གིས། “སྔོན་མ་ཡིན་ན། ༧སྐུའི་གཅེན་པོ་བཞུགས་སྐབས། ཨ་རིའི་དབུས་གཞུང་གི་བདེ་སྲུང་མི་སྣ་ཡོད་ཡོད་ཐོག ས་གནས་ཀྱི་ཉེན་རྟོག་པ་དང་བདེ་སྲུང་ལས་བྱ་གླ་གི་ཡོད་པ་རེད། དེ་ཐེངས་དེ་འདྲ་མི་འདུག”ཅེས་བཤད་བྱུང་། ད་ གོང་གི་ཨ་སྒོར་འབུམ་གཉིས་ལྷག་གི་ཁེ་བཟང་དེས་སྐུ་ཕྱྭའི་ཆེད་དུ་བདེ་སྲུང་གི་ལས་བྱ་འཕར་མ་གླ་མི་ཐུབ་པ་གང་ཡིན་ནམ། དགོས་པ་ཞིག་ཆད་འདུག་བསམས་ནས་སེམས་ཧ་ཅང་སྐྱོ་བྱུང་།
དེ་ནས་ཚེས་ ༡༣ ཉིན་དེར་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་ཡོད་པ་རེད། ཉིན་འདིའི་གནས་སྟངས་ནི་ ཁ་གདངས་ནས་སྡོད་དགོས་པ་ཞིག་འདུག་ཟེར། ང་དེ་ན་མེད། ཐོག་མའི་བོད་མི་གཅིག་པུར་མཇལ་ཁ་གནང་འཆར་དེ་འགྱུར་ནས་བོད་སོག་ཐུན་མོང་ལ་བཀའ་སློབ་གནང་རྒྱུའི་མཛད་རིམ་ཆགས། ཐོག་མར་འདུ་ཁང་ཕྱི་རོལ་དུ་བཀའ་སློབ་གནང་རྒྱུའི་འཆར་གཞི་བྱས་ཡོད་པ་དེ་གློ་བུར་གྱི་ཆར་ཤུགས་ཆེ་སྟབས་འདུ་ཁང་ནང་དུ་སྤོས་ནས་གནང་དགོས་ཤར། བོད་སོག་མི་རིགས་བསྡོམས་བཞི་བརྒྱ་ལྷག་ཡོད་པ་དང་། དེ་ཚོ་ཚང་མ་ལ་གཟུགས་པོར་བརྟག་དཔྱད་མེད་པར་ཐད་ཀར་འདུ་ཁང་ནང་འཚང་ཁ་བརྒྱབ། ངོ་ཤེས་དང་མི་ཤེས་པའི་མི་སྣ་སྣ་ཚོགས་སྐུ་མདུན་གྱི་མདུན་ཏག་ཏག་ལ་སླེབས་ཐུབ་པར་གྱུར། དེ་ནས། མཐའ་ན་གསུང་བཤད་གནང་རྒྱུའི་སྒྲ་འཕེལ་ཁ་པར་༼ microphone༽ཡང་གྲ་སྒྲིག་མེད་པར་༧སྐུ་མདུན་དང་སོག་སྐད་སྐད་བསྒྱུར་གཉིས་བརྗེ་རེས་བྱེད་དགོས་པ་བྱུང་འདུག ད་སྐུ་ཕྱྭའི་གནད་དོན་དེ་གང་དུ་ཡོད། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་གི་སྤྱི་ནོར་རེད། མཁྱེན་ནམ། སྲུང་སྐྱོབ་ཀྱི་གྲ་སྒྲིག་སྲ་ཐག་ཐག་ཅིག་གནང་མི་ཐུབ་པ་དེ་གང་ཡིན་ནམ། སྐུའི་མཛད་རིམ་ལས་བྱུང་བའི་ཁེ་བཟང་ཨ་སྒོར་འབུམ་གཉིས་ལྷག་ཡོད་པ་དེ་ནས་འགྲོ་སོང་བཏང་སྟེ། གསུང་ཆོས་གནང་སའི་སློབ་གྲྭའི་ཚོགས་ཁང་དུ་མི་མང་ལ་བཀའ་སློབ་གནང་མ་ཆོག་པ་གང་ཡིན་ནམ། ཚོགས་ཁང་དེར་མ་མཐའ་ལ་ཡང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། ཆར་ཤུགས་ཆེ་ན་ཡང་༧སྐུ་མདུན་གྱི་འཁྲིས་ལ་མི་མང་འཚང་ཁ་རྒྱག་པ་ཞིག་ཡོང་གི་མ་རེད། ཐུགས་རྗེས་གཟིགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ལྷོད་གཡེང་མ་ཤོར་པ་ཞིག་གནང་རོགས།
མཐའ་དོན་ས་གནས་འདིའི་ཆོས་ཚོགས་ཀྱི་གནས་བབ་དང་དེའི་ཕན་ཐོགས་དང་། ཆོས་ཚོགས་དང་བོད་མིའི་འབྲེལ་བ། ཆོས་ཚོགས་ཀྱི་རྒྱུན་ལྡན་མཛད་རིམ་སོགས་ཀྱི་སྐོར་ལ་བསམ་ཚུལ་འགའ་ཡོད་མོད་ཐེངས་འདིར་བྲིས་མེད་ལ། གོང་གི་དོན་ཚན་རྣམས་འདི་ལྟར་དམར་རྗེན་དུ་བྲིས་པ་ནི། གནས་ཚུལ་འདི་དག་མཐོང་བ་དང་ཐོས་པའི་རྐྱེན་བྱས་ཏེ། “མཚམས་དང་ཚོད་ཅིག་དགོས་”ཞེས་པའི་བཤད་སྲོལ་ལྟར་བློས་མ་བཟོད་ནས་བྲིས་པ་ཡིན། ད་དུང་སྐད་ཆ་འདི་དག་འབྲི་བའི་ཀུན་སློང་ནང་། ཕྲག་དོག་དང་ཡིད་མ་རངས་པ་སོགས་སྒེར་གྱི་གནད་དོན་སྣེ་གཅིག་ཀྱང་འདྲེས་མེད་ཅེས་གསལ་བཤད་བྱེད་རྒྱུ་ཡིན། དེས་ན། གནས་ཚུལ་འདི་དག་ལ་འབྲེལ་ཡོད་ཁག་གིས་ཀྱང་ཞིབ་འཇུག་དང་། གསལ་བཤད། ཡར་རྒྱས་སོགས་གནང་རྒྱུའི་འབོད་སྐུལ་ཤུགས་ཆེར་ཞུ་བ་དང་ཆབས་གཅིག ངེད་ཀྱིས་མ་ཤེས་མ་རྟོགས་པའི་དབང་གིས་སྐད་ཆ་ནོར་འཁྲུལ་ཅན་བཤད་ཡོད་ཚེ། “ལྐུགས་པ། ཁྱོད་ནོར་འདུག”ཅེས་སོགས་ཀྱི་གཤེ་ཚིག་གིས་སྤྱོས་ན་ཡང་། ༧སྤྱི་ནོར་ཆེན་པོའི་སྐུ་དོན་ཡིན་སྟབས། ལག་གཉིས་ཐལ་མོ་སྦྱར་ཏེ་ “ཐུགས་རྗེ་ཆེ་”ཞུ་བ་ཡིན།
དགེ་འདུན་རབ་གསལ་ལགས། བཀའ་དྲིན་ཆེ། ད་ཐང་གི་ཁྱབ་བསྒྲག་འདི་དྲང་བདེན་ལྷག་བསམ་གྱིས་བཤད་པ་ཞིག་ལ་ངོས་འཛིན་བྱས་ཡོད། དེས་ན་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་ཡོད། ཤྲྰིས་སོ།
དེ་བཞིན་ རྒྱ་གར་ན་སྐྱོན་ཡོད་སྲིད། དེ་ཚོ་སྐབས་འདིའི་གནད་དོན་མིན། ངེད་ཀྱིས་བཤད་པ་དེ་གཅིག་ནི་༧སྐུ་མདུན་གྱི་གསུང་ཆོས་དང་མཚན་གནས་སྤྱད་ནས་སྒོར་མོ་བཟོ་ཕྱོགས་ཀྱི་གནད་དོན་དེ་རེད། གཉིས་པ་ནི་མི་མང་གི་མཇལ་ཁ་གོ་སྒྲིག་བྱེད་ཕྱོགས་རེད། ཡག་པོ་གཟིགས་རོགས་གནང་།
རྩོམ་འདི་གཙོ་བོ་འབབ་ས་རྒྱལ་བའི་སྐུ་ཕྱྭ་ལ་བསམ་ནས་བྲིས་པ་འདྲ་བ་འདུག་པས་རྒྱབ་སྐྱོར་ཡོད། སྒོར་མོ་བསྡུ་སྟངས་དེ་ཚོ་ཕྱི་ཕྱོགས་སུ་འགྲོ་སྟངས་ལྟ་བུ་ཆགས་ཡོད་པས་ལབ་རྒྱུ་མང་པོ་མི་འདུག འོན་ཀྱང་སྐུ་ཕྱྭ་དང་། ཆིབས་སྒྱུར། སྟ་གོན་སོགས་འཐུས་ཤོར་ཕྱིན་པ་འདི་ཚོ་ཡག་པོ་མ་རེད། རྗེས་མ་ཐུགས་གཟབ་དང་གནས་ཚུལ་འདི་རིགས་མ་ལྷག་པ་གཏན་འགོག་བྱེད་དགོས།
དགེ་འདུན་རབ་གསལ་གྱིས་བྲིས་བ་འདི་ས་གནས་ས་ཐོག་གི་མིས་བྲིས་བའི་གསར་འགྱུར་གསོན་པོ་ཞིག་རེད་འདོད།
འོན་ཀྱང་། བོད་རིགས་གསར་འགོད་པ་ཚོའི་ཁ་ན་གནས་ཚུལ་འདི་ཚོ་མེད་གི་ གསར་འགོད་པ་ཚོའི་ཁ་ལ་སུས་སྒོ་ལྕགས་བརྒྱབ་པ་རེད་དམ།
དེ་ནས། ༧གོང་ས་མཆོག་གི་སྐུ་ཕྱྭ་ལ་ཨ་རིའི་བོད་ཀྱི་དོན་གཅོད་དང་གདན་འདྲེན་ཞུ་མཁན་གཉིས་ལ་འོས་འགན་ཡོད་རེད་དྲན། འོས་འགན་ཡོད་མཁན་དེས་འོས་འགན་མ་འགྲུབ་ན་དེ་ནི་ཐབས་སྐྱོ་བོ་རེད་།
གནད་དོན་གཞན་ཞིག་ག་རེད་རེད་ལབ་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་བོད་པའི་བླ་མ་ཚོ་དང་འབྲེལ་བའི་ཆོས་ཚོགས་ཁག་གིས་༧གོང་ས་མཆོག་ཚོང་རྗས་བཞིན་བེད་སྤྱོད་གཏོང་རྒྱུ་དེ་མཚམས་འཇོག་རེད་དྲན། ངེས་པར་དུ་མཚམས་འཇོག་དགོས་རེད། དེ་ཙམ་ཡིན།
༧གོང་ས་མཆོག་ཚོང་རྫས་ནང་བཞིན་བེད་སྤྱོད་གཏོང་བཞིན་པ་འདི་ན་ཚ་ཞིག་རེད། ན་ཚ་ཧ་ཅང་སྡུག་ཅག་ཅིག་རེད། ན་ཚ་འདི་ལ་བཅོས་ཐབས་ཡོད་དམ་ཞེ་ན། ཕལ་ཆེར་ཡོད་ཁག་པོ་རེད།
རྒྱུ་མཚན། ན་ཚ་འདི་ཡོད་མཁན་དེས་རང་ལ་ཡོད་པའི་སྨན་དེ་ན་ཚ་དེ་བཅོས་ཐབས་སུ་བེད་སྤྱོད་གཏོང་གི་མེད།
ན་ཚ་འདི་ལ་བསམ་བློ་བཏང་ན། ཆོས་ཚོགས་དེ་ཚོང་དཔོན་རེད། ༧གོང་ས་མཆོག་ཚོང་རྗས་རེད། མཇལ་ཁ་ཞུ་མཁན་ཚོ་བལྟ་མཁན་དང་ཉོ་མཁན་གཉིས་ཀ་རེད།
ཚོང་དཔོན་ལ་ཚོང་རྫས་གཅིག་མ་གཏོགས་མེད་པ་དང་ཚོང་རྗས་དེ་ཡང་འཇིག་རྟེན་ན་དཀོན་པའི་རིན་ཆེན་ནོར་ཞིག་ཡིན་པའི་དབང་གིས། ཚོང་དཔོན་དེས་དཔལ་འབྱོར་རིག་པའི་ཁོངས་ཀྱི(Monopoly) ཟེར་བའི་རིན་གོང་སྒེར་གཅོད་ཀྱི་རིག་པ་འདི་བེད་སྤྱོད་བཞིན་ཡོད། (Monopoly) ཟེར་བའི་རིག་ཐབས་འདིའི་བྱེད་ལས་གཙོ་བོ་གཉིས་ནི། ཉོ་མཁན་ལ་དབྱེ་འབྱེད་གཏོང་བ་དང་ཚོང་རྫས་ཀྱི་རིན་གོང་སྤར་བ་གཉིས་རེད། གོང་གི། རོགས་འདེགས་སྦྱིན་བདག་(Benefactor)དང་གསེར་གྱི་སྦྱིན་བདག(Gold Sponsor( དངུལ་གྱི་སྦྱིན་བདག (Silver Sponsor) ཟེར་བ་འདི་ཚོ་ཡང་རིག་པ་འདི་ལ་བརྟེན་ནས་བྱུང་བ་རེད།
འོ་ན། ན་ཚ་འདི་ལ་འགོག་ཐབས་ཡོད་དམ་ཞེ་ན། སྲིད་གཞུང་ཡོད་པའི་རྒྱལ་ཁབ་ཁག་ལ་ན་ཚ་འདི་འགོག་ཐབས་ཤིག་ཡོད། དེ་ལ་( Antitrust Law) ཟེར། འོན་ཀྱང་། བོད་པའི་སྤྱི་ཚོགས་སུ་ན་ཚ་འདི་འགོག་ཐབས་ཡོད་དམ། ན་ཚ་འདི་ཇི་ལྟར་འགོག་དགོས་སམ། འདི་ལ་བསམ་བློ་ཐོངས།
དུས་ངན་སྙིགས་མ་ཡིན་ན་ངོ་རྫོགས་འདིའི་རིང་། །
སློབ་མ་ཉོ་མཁན་ཡོད་དུས་སློབ་མ་བཙོང་གི །
བླ་མ་ཉོ་མཁན་ཡོད་དུས་བླ་མ་བཙོང་གི །
བཙོང་མཁན་ཉོ་མཁན་གཉིས་ཀའི་སེམས་པ་སྐྱིད་ཀི །
སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ། མཁྱེན་ནམ། ཞེས་པའི་ཚིག་གྲུབ་ལ་དཔྱད་ན། གལ་ཆེན་པོ། གལ་ཆེ་བ། གལ་ཆེ་ཤོས། ཞེས་ཚང་མས་ཤེས་བགྱིན་ཡོད་པར་བརྟེན། སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ། ཙམ་གྱིས་མི་ཆོག་པར། སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ་བ། ཞེས་འབྲི་དགོས་ཏེ། བོད་རིགས་སྤྱི་སྐད་དུ།
སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ་བ་ཡིན་པ་མཁྱེན་བགྱིད་ཡོད་པེ། ཟེར་བ་ལྟ་བུའོ། རྗོད་བྱེད་འདི་དགེ་རབ་ལགས་ལ་ཡིན།
བརྗོད་བྱའི་ནང་གི་ཨ་ཀྱྰ་རིན་པོ་ཆེ་ཞེས་པའི་སྐྱེས་ཆེན་དམ་འདིས། བོད་ནང་གི་པཎ་རྫུན་རྒྱལ་ནོར་གྱི་དགེ་རྒན་གནང་འདོད་མེད་པ་དང་། དེ་འབྲེལ་༧གོང་ས་མཆོག་ལ་མཚན་དམོད་ཞུ་མི་དགོས་པ་སོགས་ཀྱི་ཆེད་དུ་བོད་ལ་ལ་རྒྱ་ཡོད་པར་སྟོན་པ་བཀའ་དྲིན་ཤིན་ཏུ་ཆེ་ན་ཡང་། རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོར་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མ་གནང་བར་ཨ་རིར་ཨིན་སྐད་སྦྱོང་ནས་བཞུགས་པ་འདི། ངས་མཐོང་སྣང་ལ་བླ་མ་སྡོང་པོ་ཁོག་རུལ་ལྟ་བུར་མཐོང་བགྱིད་འདུག་པས། སྡིག་ཆེན་ང་ལ་སྐྱོན་བརྗོད་དང་ལམ་སྟོན་ཕྲལ་དུ་མ་གནང་ན། ང་ཡང་སྐྱེས་ཆེན་དམ་པའི་གྲལ་དུ་ཚུད་ཉེན་འདུག་གོ
དགོས་པ་ནི། ༧གོང་ས་མཆོག་གི་༧སྐུ་ཕྱྭ་ནི་ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ཀྱི་སྲོག་རྩ་ཉག་གཅིག་ཡིན་པས་ཀུན་གྱིས་འདི་ལ་ཐུགས་སྣང་གཟབ་ནན་གནང་རྒྱུ་ནི། ཤིན་ཏུ་ནས་གལ་ཆེན་པོ་རེད་དོ།
འབྲེལ་བ་ནི་ཞོར་ལ་ཐོན་ཡོང་། ཉིང་དགོས་ནི་ས་ག་ཟླ་བ་འདིའི་རིང་ལ་སྡིག་པ་སྣ་རེ་སྤངས་གང་ཐུབ་དང་། དགེ་བ་སྣ་རེ་བསྒྲུབ་གང་ཐུབ་ཀྱིས་མཐར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དགོས་པས་སོ། །
མཇལ་ཁ་བཅར་དུས་གཟུགས་པོར་བསྔོག་བཤེར་མི་བྱེད་པ་འདི་དངོས་ནས་ཧང་སངས་ཡག་རེད། དེའི་ཁར་ད་དུང་སྐུ་མདུན་གྱི་སྐུ་དྲུང་དུ་འཚང་ཁ་རྒྱག་པ་འདི་དེ་ལས་ཀྱང་ཡ་མཚར་རེད།
བོད་མི་འདི་ཚོ་གང་དུ་སོང་ཡང་གཤིས་སྤྱོད་ལ་འགྱུར་བ་ཆེར་མེད་པ་འདྲ། ཨ་རིའི་གྲོང་ཁྱེར་ན་ཡང་རྒྱ་གར་གྲོང་གསེབ་གི་འགྲོ་སྟངས་རྒྱུན་འཛིན་བྱེད་བཞིན་ཡོད་པ་འདྲ། ཨ་རི་དང་ཨ་རི་ཞེས་ཆ་རྐྱེན་བཟང་གི་བཟང་རབས། མཐུན་རྐྱེན་མཛོམས་གི་བཛོམས་རབས་འདུག གསར་ལམ་ཁག་ན་ཡང་གང་ཡག་ཡག་ཤོད་བཞིན་འདུག ད་ཡིན་ན་ཁྱེད་ཚོ་ཨ་རིའི་བོད་པ་དེ་ཚོར་༧རྒྱལ་བའི་སྐུ་བྱ་གསུང་སྲུང་སྐྱོབ་ཀྱི་གོ་སྒྲིག་དང་ཆ་རྐྱེན་མེད་པ་དངོས་ནས་རེད་དམ། ཡང་ན་༧གོང་ས་མཆོག་ལ་གུས་མེད་དང་བོད་མི་རིགས་ལ་མཐོང་ཆུང་ཡིན་ནམ། ག་རེ་རེད། ངོ་མ་ཐབས་སྐྱོ་བོ་རེད། གནད་ཡོད་མི་སྣས་ཐུགས་བསམ་བཞེས་དགོས་པར་འདུག
ཅིག་ཅིག་ཅིག་ལྟེ་གནས་ཁང་ཡིན་ནའང་འདྲ། མིག་མིག་མིག་ཆོས་འཚོང་ཁང་ཡིན་ནའང་འདྲ། ༧རྒྱལ་བ་གདན་འདྲེན་ཞུ་ན་༧རྒྱལ་བའི་སྐུ་གསུང་འཐུས་ཤོར་མེད་གནང་དགོས། གནད་དོན་དེར་བོད་མི་ཚང་མས་དོ་སྣང་གནང་དགོས། ཁྱད་པར་དུ་སྐུ་སྒེར་ཡིག་ཚང་ནས་ཐག་གཅོད་ནན་ཏན་གནང་དགོས།
རབ་གསལ་ལགས་ཀྱིསགལ་ཆེ་བའི་གནས་ཚུལ་ངོ་མ་འདི་འདྲ་དྲ་ཐོག་བཀོད་པ་བཀའ་དྲིན་ཞུ།
རབ་གསལ་ལགས་ཀྱིས་སྒོར་མོ་དང་སྐུ་ཕྱྭའི་སྐོར་གྱི་དཔྱད་རྩོམ་གནད་དུ་འཁེལ་བ་ཞིག་སྤེལ་འདུག དེ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད། གོང་དུ་དྲ་གྲོགས་རེ་ཟུང་གིས་རྨོངས་འཐོམ་གྱིས་བརྗོད་བྱ་དང་རྗོད་བྱའི་ཚིག་ལ་མ་བལྟས་བར་སྨྱོན་རྒྱུགས་དང་ཚིག་རྩོད། ཞེན་ཁོག་དང་འགྲན་སེམས་གྱིས་ལམ་སྣེ་འཁྲིད་བཞིན་འདུག དེ་ཡག་པོ་མི་འདུག་སྙམ། རབ་གསལ་ལགས་གྱིས་ས་གནས་ས་ཐོག་རང་ནས་ཉམས་མྱོང་དང་མིག་མཐོང་ལག་ཟིན་གྱིས་དོན་གནད་གཞི་ལ་བཞག་ནས་གསུངས་བ་མ་གཏོགས། དེ་ལ་སྒྲོ་འདོགས་དང་ཧམ་བཤད། ཕྲག་དོག་དང་ང་རྒྱལ་གྱིས་གསུངས་བ་མ་རེད་ཞུས་བ་ཡིན། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་ཡང་ན་ཆོས་ཚོགས་ཁག་ཕལ་ཆེ་བས་གོང་ས་༧མཆོག་ཚོང་རྫས་བཞིན་བེད་སྤྱོད་གཏོང་གི་ཡོད་པ་མ་གཏོགས། སྐུའི་བདེ་ཐང་དང་སྐུ་ཕྱྭ་བསྐོར་ལ་དུས་ནམ་ཡང་བསམ་བློ་སྤུ་ཙམ་ཡང་གཏོང་གི་མེད། ད་རེས་ལྟོས་དང། ཨ་སྒོར་ཁྲི་ཡན་འབུལ་མཁན་ལBenefactorདང་ཨ་སྒོར་ལྔ་སྟོང་འབུལ་མཁན་ལGold Sponsorཨ་སྒོར་སུམ་བརྒྱ་ཡན་འབུལ་མཁན་ལ Silver Sponsor བཅས་འགོད་མཁན་འདི་དག་རིགས་ལ་ངོ་ཚ་ཏིལ་འབྲུ་ཙམ་ཡང་མེད་པར་མགོ་བསྐོར་བསླུ་བྲིད། འདོད་རྔམས་དང་ཧམ་བཤད་ཁོ་ན་མ་གཏོགས་དད་པ་དག་སྣང་གིས་གོང་ས༧མཆོག་གདན་འདྲེན་ཞུས་ཡོད་པ་མ་རེད་ཞུས་བ་ཡིན། ཚང་མའི་ཐུགས་བསམ་གནད་དུ་འཁེལ་བ་བཞེས་ནས་ཚིག་རྩུབ་པོ་འབྲེལ་ནས་གང་ཟག་སྒེར་གྱིས་སྒང་ལ་མ་སོང་བར་དོན་དག་དངོས་ཀྱིས་སྒང་ནས་བགྲོ་གླེང་ལྷུག་པོར་ཡོང་བའི་རེ་བ་ཡོད། དེ་ཙམ་གྱིས།
ལྷག་བསམ་དང་ཤེས་ཡོན་གྱིས་ཕྱུག་པའི་དགེ་འདུན་རབ་གསལ་མཆོག་གིས་གསུང་བ་ལྟར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ནི། འཛམ་གླིང་མི་རིགས་ཡོངས་ཀྱི་ཞི་བདེའི་དེད་དཔོན་ཡིན་པ་དང་། ཁྱད་པར་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་སྲོག་རྩ་ཡིན་པས། ངེས་པར་དུ་སྐུ་སྲུང་འགན་ཁུར་བ་ཚོས་༧གོང་ས་མཆོག་གི་༧སྐུ་ཕྱྭ་ལ་སྔར་ལས་ལྷག་པའི་སྲུང་སྐྱོབ་དང་གཟབ་ནན་གནང་དགོས་ཞིང་།
ད་ལན་ཨ་རིའི་བོད་སོག་ཆོས་རིག་བསྟི་གནས་ཁང་གིས་འོས་འགན་ཚུལ་བཞིན་མ་ཁུར་པར། མཇལ་བཅར་བ་ཚོའི་ལུས་པོར་བརྟག་དཔྱད་གཏོང་བ་དང་། མིང་ཐོ་ཞིབ་བཤེར་བྱེད་པ། མིང་དང་ངོ་སྤྲོད་ལག་འཁྱེར་བལྟ་བསྡུར་བྱེད་པ་སོགས་སྣེ་གཅིག་བྱས་མེད་ན་འབྲེལ་ཡོད་འགན་ཁུར་བ་ཚོས། གནས་ཚུལ་འདི་ལ་བརྟགས་དཔྱད་གཟབ་ནན་གནང་ནས་འགྱོད་བཤགས་དང་གསལ་བཤད་བྱེད་བཅུག་དགོས་པ་ལས་རང་གར་བཞག་མི་རུང་ཞེས།
སྐད་ཆེན་པོས་འབོད་བསྐུལ་བྱེད་ཀྱིན་ཡོད།
ཚང་མས་གསུངས་པ་ལ་རྗེས་སུ་ཡི་རང་གིས་མངོན་པར་བསྟོད། གོང་ས་མཆོག་ཉི་མ་འདྲ། །བོད་མི་རིགས་པད་མ་འདྲ། །རྒྱ་དམར་དང་དོལ་ཚོགས་སྤྲིན་པ་འདྲ།
དགེ་རབ་ལགས། ཁྱེད་ཀྱིས་བྲིས་པའི་གནས་ཚུལ་གྱི་སྙིང་ལ་འཕར་ལྡིང་དང་མིག་ལ་མིག་ཆུས་ཁེངས་སོང་། ཨ་མ་བོད་མིའི་ལས་དབང་ཅི་འདྲའི་སྐྱོ་་བ་ལ་ཨང་། ཁྱེད་ཀྱིས་གནས་ཚུལ་སྤེལ་བའི་དོན་ནི་༧རྒྱལ་བའི་སྐུ་འཕྱྭར་དམིགས་པ་གཅིག་རེད་འདུག དྲ་གྲོགས་ཚང་མས་དེ་ཕྱོགས་ནས་བགྲོ་གླེང་དང་བསམ་འཆར་གནང་རོགས།
དངོས་གནས་བདེན་པ་ཚད་ཐུབ་ཀྱི་བཀའ་མོལ་རེད། ཕྱིའི་ཡུལ་གྲུ་ཁག་ཏུ་གནད་དོན་འདི་འདྲ་གཅིག་མིན་དུ་མ་ཡོད་རབ་ཟེར་ལ། བདེ་སྲུང་ལས་ཁུངས་དང་སྐུ་སྒེར་ཡིག་ཚང་གི་སྐུ་སྲུང་སྡེ་ཚན་ནས་མ་མཁྱེན་པ་ཕལ་ཆེར་ཡོད་པ་མ་རེད། ཡིན་ནའང་དབྱེ་བ་བགར་དགོས་པ་ཞིག་ལ་མཚན་གནས་རྗེས་འབྲེལ་གྱི་མི་སྣ་མང་པོས་ཐད་ཀར་༸ཎནསྣྲཀགོང་ས་མཆོག་ལ་སྟབས་བདེའི་མཇལ་ཁ་དང་འབྲེལ་རེ་འདུན་སྣ་ཚོགས་ཞུ་བ་སོགས་ལ་མཚམས་རེར་འགན་ཡོད་ཚོར་བྱེད་ཕྱོགས་མ་ཤེས་པ་ཡོང་གི་ཡོད་པས། མཛད་འཆར་ནང་མ་བཀོད་པའི་ལས་དོན་ལྷག་མ་གློ་བུར་བྱུང་སྐབས་བྲེལ་འཚུབ་ངང་བརྟག་དཔྱད་བྱེད་ཁོམས་མ་བྱུང་བ་སོགས་ཡོང་གི་ཡོད་པ་རེད། ངོས་ནས་ལྡི་ལི་ནས་རྡ་ས་བར་གྱི་རླངས་འཁོར་ནང་སྐུ་སྲུང་ཞིག་དང་གླེང་མོལ་བྱས་མྱོང་། ངོས་སྐུ་སྲུང་ཚོའི་འདོག་ཆ་ནས་ཕྱིའི་རྣམ་འགྱུར་ཐད་ཨོ་པ་མ་མཇལ་དུས་ཀྱི་ཨ་རིའི་གཞུང་གིས་བཙུགས་པའི་སྐུ་སྲུང་ཚོ་དང་སྦྲགས་ནས་སྐད་ཆ་བཤད་པ་ཡིན། ཡིན་ནའང་འདི་དག་ཚང་མ་༸ཎནསྣྲཀསྐུ་མདུན་རང་གིས་ཐད་ཀར་བཀའ་གནང་བཞིན་པ་དང་། ཐ་ན་༸ཎནསྣྲཀསྐུ་འཁྲིས་སུ་བཅར་དགོས་པའི་སྐུ་སྲུང་ཚོའི་རྣམ་འགྱུར་ཕྲ་མོ་ཚུན་ཆད་ལ་ཧ་ཅང་མཁྱེན་རྟོགས་གནང་དབང་གིས། རྫིགས་ཉམས་ཆེ་བ་ཁ་ཤས་ལ་ཐད་ཀར་བཀའ་བཀྱོན་དང་གཞན་བྱུང་ཞེས་གསུངས་སོང་། དེ་མིན་ངོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཟུར་ཉན་ཞིག་ནས་ཟམ་གདོང་རིན་པོ་ཆེས་༸ཎནསྣྲཀསྐུ་ཕྱྭ་དང་འབྲེལ་བའི་བཀའ་སློབ་ཅིག་ཡིད་ངོར་ཅུང་ཙམ་འདུག དེ་ནི་རྡོག་རྡོག་ཞུས་ན་༸ཎནསྣྲཀགོང་ས་མཆོག་གིས་མར་བཀའ་གནང་བསྡད་པ་ཞིག་ལ་ཡར་མང་པོ་ཞུ་བློ་བཟོད་བྲལ་ཡིན་པ་ཞིག་ཡིན་བསམ་སོང་།
གང་ལྟར་ངོས་ཞུ་དོན་གཙོ་བོ། ཆིབས་བསྒྱུར་ཉུང་དུ་གཏོང་དགོས་ཤིང་། ཆིབས་བསྒྱུར་སྐབས་ཀྱི་སྐུའི་སྲུང་སྐྱོབ་དོ་དམ་བྱེད་ཕྱོགས་རང་གཞུང་བདེ་སྲུང་ལས་ཁུངས་གི་དབང་ཚད་འོག་རང་དབང་གིས་ལག་བསྟར་བྱེད་ཐུབ་པ་ཞིག་བྱུང་ན། གནད་དོན་འདི་དག་ལྷག་གི་མ་རེད་བསམ་སོང་། གང་ལྟར་བོད་མི་ཚང་མས་གསལ་བོར་མཁྱེན་དགོས་པ་ཞིག་ལ། ༸ཎནསྣྲཀགོང་ས་མཆོག་གི་མཇལ་བཅར་ཚང་མ་བདེ་སྲུང་ལས་ཁུངས་ནས་ཞིབ་འཇུག་བྱས་པ། བྱེད་ཐུབ་པ་ཞིག་བྱུང་ན་ད་གཟོད་རྒྱལ་ཁབ་ཞིག་གི་དབུ་ཁྲིད་ལ་སྒྲིག་གཞི་གཞིར་བཟུང་གིས་མཇལ་འཕྲད་ཀྱི་རིམ་པ་ཞིག་ཆགས་ཀྱི་རེད། དེ་མིན་སྟག་ལྷ་གཅིག་པུས་བྱེད་ཆོག་པ་ཞིག བྱས་ན་ནུས་པ་ཐོན་པ་ཞིག་གཏན་ནས་མིན་སྟབས་གནས་ཚུལ་མཁྱེན་པ་གནང་ནས་བཀའ་མོལ་གནང་རྒྱུ་གལ་ཆེན་རེད།
ཨོ། གོང་ནས་སྐུ་ཕྱྭའི་བསམ་ཚུལ་དེ་དྲང་དོན་འབྱེད་གྲབས་འདུག ཚུར་ལ་བསྙོད་བསྐོ་ན་ཁ་བཙུམ་ནས་འདུག་དགོས་དོན་ཡོད་པ་མ་རེད། སྐུ་འབུམ་བྱམས་བརྩེ་གླིང་ནས་བོད་སོག་རིག་གཞུང་ཁང་། སྟག་འཚེར་རིན་པོ་ཆེ་ནས་ཨ་ཀྱ་རིན་པོ་ཆེ་བར་གླེང་ཆོག གསུངས་རོགས་གནོང་།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
ལྷག་པར་དུ་དོན་མེད་ྐླན་ཁ་འཚོལ་བའི་རིགས་ལ་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་དགའ་བསུ་ཞུ་གི་མེད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
༸གོང་ས་མཆོག་གི་སྐུ་པར་ཚགས་པར་དང་སྦྱར་ཡིག་སོགས་སུ་བཀོད་པའི་ཐད་ལ་ང་ཚོས་བསམ་བློ་ཅིག་གཏོང་དགོས་པ་མིན་འགྲོ་བསམ་སོང་། སྔ་མོ་ཨ་ལགས་ཚེ་ཏན་ཞབས་དྲུང་གིས་གུང་བྲན་ཏང་གི་གསལ་བསྒྲགས་བོད་ཡིག་ཐོག་ཡོད་པ་སྐྱབས་འགྲོའི་བསླབ་བྱར་ཡི་གེ་ན་གཅིག་ཅེས་པའི་དགོངས་དོན་དང་འབྲེལ་མེད་ཡིན་པ་ཚིག་ཐག་ཆོད་པོས་གསུངས་སྐད་ཐོས། དེ་ཡང་གཙོ་བོ་དོན་མ་གཏོགས་གཟིགས་མ་རེད། ང་ཚོས་སྡིག་ཅན་དུ་འདོད་པའི་མའོ་ཙེ་ཏུང་གི་སྐུ་པར་ད་དུང་མི་མང་ཤོག་སྒོར་གྱི་ནང་སྙིང་རེད། དེས་རྒྱ་མི་རིགས་ལ་ལ་རྒྱ་ཞིག་དང་དྲན་གསོ་ཞིག་བྱེད་ཀྱིན་པ་རེད། དེ་བཞིན་གན་རྡིའི་སྐུ་པར་ཧིན་སྒོར་སྟེང་ཡོད་པ་རེད། ངོས་སྒེར་གྱི་བསམ་ཕྱོགས་སུ་བྱས་ཀྱང་དངུལ་ཁུག་རྐུབ་འོག་ཏུ་འཇུག་འདོད་མི་འདུག ཡིན་ནའང་འདི་དག་གསང་སྤྱོད་ནས་བཤང་ཁང་ཚུན་ཆད་ན་གནས་ཤིང་འཁོར་བཞིན་པ་ཡིན་སྟབས། རང་ངོར་བཟང་ངན་རང་ཁེ་ལྟར་བྱས་དབང་གིས་ཆོས་ཉིད་ཅིག་རེད་ཞེས་ན་མི་ཆོག་པ་མི་འདུག གལ་སྲིད་ནམ་ཞིག་ཀྲུང་གོ་ཆེན་མོའི་ཤོག་སྒོར་སྟེང་༸གོང་ས་མཆོག་གི་སྐུ་པར་གྱིས་ཁྱབ་ཚེ། མི་མང་ཤོག་སྒོར་ལྔ་བཅུའི་སྟེང་གི་ཕོ་བྲང་པོ་ཏ྄ྭ་ལ་དང་། སྐྲ་སྣུམ་སྟེང་གི་ཇོའུ་བོ་རིན་པོ་ཆེ་ནང་བཞིན་བོད་ཀྱིས་བཙོག་པར་བརྩི་བའི་བཤང་བཙོང་ཁང་ཚུན་ཆད་དུ་འགྲིམས་རྒྱུ་རེད། དེ་དུས་ང་ཚོས་ཅི་ཞིག་བྱེད་དམ། གཞན་ཡི་གེའི་འགོད་སྤེལ་གྱི་ཆ་ནས་བཤད་ན། ང་ཚོའི་མི་མིང་ཚུན་ཆད་དུ་ནང་དོན་རིག་པའི་སེམས་ཁམས་དང་དེའི་ནང་གི་ཕུགས་བསམ་རང་བཞིན་གྱི་ཐ་སྙད་ཀྱིས་ཁྱབ་ཡོད། དཔེར་ན། དགེ་འདུན་རབ་གསལ་གྱིས་ལྷམ་གྱི་བཟོ་གྲྭ་ཞིག་བཙུགས། ལྷམ་རེའི་སྟེང་དགེ་འདུན་རྟགས་ཅན་ཞེས་རི་མོའི་མཚོན་དོན་ཞིག་གི་མཉམ་དགེ་འདུན་ཞེས་པའི་ཡི་གེ་གཉིས་བཀོད། མི་མང་པོས་གྱོན་པ་ཡིན་ན། གོང་གི་ཨ་ལགས་ཚེ་ཏན་ཞབས་དྲུང་གི་སྐབས་དེའི་དགོངས་གཞི་དེའང་འགྱུར་མཚམས་ཞིག་ལ་སླེབས་བསྡད་པ་ལྟ་བུ་རེད། དེའི་ཕྱིར་ཁ་མང་ཚོགས་ལ་འཁོར་ནས་སྨྲ་བོ་འབྲི་བོ་ཚང་མས་དོན་དག་འདི་རིག་གནས་ཤིག་ལ་ངོས་བཟུང་སྟེ། སྐབས་མཚམས་བསམ་བློའི་ནང་ཐོལ་བྱུང་གི་ཚོར་བ་མི་སླེབས་པ་ཞིག་བྱས་ཏེ་མི་མང་ལའང་དེ་བཞིན་ནོ།
དངོས་ནས་སེམས་པ་སྐྱོ་ནི་ཞིག་རེད། རྒྱ་གར་ན་ཡང་འདི་འདྲའི་འཐུས་ཤོར་མེད་ན་ཡང། སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་ཐད་ལ་འཐུས་ཤོར་ཆུང་ངུ་རེ་འགྲོ་བཞིན་ཡོད་པ་རེད། གང་ལྟར་འབྲེལ་ཡོད་རྣམས་ཀྱིས་དོ་སྣང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
སྐུ་ཕྱྭའི་སྐོར་དེ་གཙོ་བོ་ཡུལ་དེའི་དོན་གཅོད་དང་། གནས་སྐབས་གདན་ཞུ་བྱེད་མཁན་དེ་དག་གིས་གོང་ས་མཆོག་ལ་སྣང་མེད་དུ་གཏོང་བ་རེད། ཨ་ཀྱ་ཁོ་རྟོག་གེ་མགོ་འཁྲེག་ཤིག་ཡིན་པས་ཁོ་དང་གོང་ས་མཆོག་མཉམ་པ་ལྟ་བུའི་སྣང་མེད་དུ་གཏོང་བ་རེད། དམིགས་བསལ་སྐུ་ཚབས་དང་། དོན་གཅོད་སོགས་ལ་ཁ་རྡུང་ནན་མོ་ཞིག་གཏོང་ནས་གནས་དབྱུང་གཏོང་དགོས་ནི་རེད།
སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ་བ་ལོས་བདེན།
ཨོ་རེད་ད་ངས་ཤེས་སོང་།
གང་ལྟར་རང་སྲིད་རང་སྐྱོང་གི་ཐབས་ལམ་གསར་པ་འདི་རྙེད་ནས་བཟུང་འཛམ་གླིང་རྒྱལ་སྤྱི་ཚོས་བོད་འདི་མི་འདོད་བཞིན་དུ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་གྱིན་ཡོད་པ་དང་། དུས་དེ་ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་མཁན་ཇེ་ཉུང་དུ་སོང་ཞིང་། བོད་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་ཞིག་ཏུ་འགྱུར་བཞིན་པ་དེ་རེད། གནས་སྟངས་དེའི་རྐྱེན་གྱིས་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་ལ་ཡང་ཞིབ་ཚགས་བྱེད་ཀྱིན་མེད་པ་དང་། འཐུར་ཤོར་དང་སྣང་མེད་དུ་འཇོག་བཞིན་པའི་གནས་ཚུལ་དེ་དང་དེ་འདྲ་བར་༧གོང་ས་མཆོག་དེ་སྔོན་སོག་པོར་ཕེབས་སྐབས་ཀྱང་བྱུང་ཡོད།
འདི་འདྲ་གནས་ཚུལ་སྐྱོ་པོ། བསམ་པ་སྐྱོ་སོང་། དགེ་་འདུན་རབ་གསལ་ལགས་ཀྱི་ཡི་གེ་འདི་སྐུ་སྒེར་ཡིག་ཚང་ལ་བཏང་རན་འདུག
མཇལ་བ་རྣམས་ཀྱི་་ལུས་པོར་བརྟག་དཔྱད་བྱེད་རྒྱུ་ཙམ་གྱི་བྱེད་ཐབས་ཀྱང་འགྲིག་མེད་ན་༧གོང་ས་མཆོག་གདན་འདྲེན་བྱེད་རྒྱུ་བཞག་ན་འགྲིག་འདུག
༧སྐུ་མདུན་་་་ཆོས་ཚོགས་འདིའི་ནང་ལ་ལོ་འགའ་ཤས་ཤིག་གི་རིང་ལ་ཐེངས་ག་ཚད་བདེན་འདྲེན་ཞུས་ཚར་བ་རེད། ཕེབས་ཐེངས་རེར་ཡོང་འབབ་ག་ཚད་ཡོད་པ་རེད། ཡོང་འབབ་དེའི་བདག་པོ་སུ་རེད་དམ། སུས་འཁྱེར་སོང་་་་་སྐུ་མདུན་ཁོང་གིས་འཁྱེར་སོང་ངམ། བོད་སོག་འདྲེས་མ་འདྲེས་འདིས་ནམ་ཡང་༧གོང་ས་མཆོག་གི་སྐུ་དྲིན་དང་སྐུ་ངལ་ལ་བསམ་ཤེས་གནང་རྒྱུ་མ་རེད་་་་་གྲོགས་པོ་ཚོ།
རྩམ་དགས་དྲི་བར་ལན་དགོས་འདུག
གྲོགས་པོ་དག་གིས་མུ་མཐུད་ནས་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ། ང་ཚོའི་བགྲོ་གླེང་གི་ཤུགས་དེ་རིམ་གྱིས་འབྲེལ་ཡོད་དག་གི་སྙན་ལ་སླེབས་པར་ཤོག སྙན་ལ་སླེབས་ནས་ཀྱང་འཐུས་ཤོར་ཕྱིན་པ་དེ་ཚོ་ཉམས་མྱོང་དུ་བླངས་ནས་འཐུས་ཤོར་མེད་པའི་ཕྱོགས་ལ་འགྲོ་བར་ཤོག
ད་ཡང་བསྐྱར་དོན་ཚན་གཅིག་ལ་གསལ་བཤད་བྱེད་གི་ཡིན། ངེད་ཀྱི་རྩོམ་འདི་དམིགས་ས་ནི་ནུབ་ཕྱོགས་ཀྱི་ཆིབས་བསྒྱུར་གོ་སྒྲིག་རང་ལ་འབྲེལ་བ་ཡོད་པ་ལས། གཞན་རྒྱ་གར་དུ་ཡོད་པའི་བཙན་བྱོལ་གཞུང་ལ་ཞུ་གི་མེད། བཙན་བྱོལ་གཞུང་ལ་འགན་ལོས་ཡོད། འོན་ཀྱང་། ཨ་རིའི་ས་ཐོག་ལ་བཙན་བྱོལ་གཞུང་གི་ཁྲིམས་ཀྱི་བཀའ་བཀོད་ཨེ་འགྲོ་བསམས་པ་ཡིན། ཐུགས་རྗེ་ཆེ།
རབ་གསལ་ལགས་ཐུགས་རྗེ་ཆེ་གནས་ཚུལ་དངོས་མཁོས་སྤྲོད་གནང་བ་སྟེ།
རེད་ཡ་ཆོས་ཡིན་ན་འདི་མོའི་ཁག་ཅིག་གིས་ཁ་ཆོས་དང་སེམས་ཅན་གྱི་དོན་དུ་བསྒྱུར་ནས། ཁོག་ཏུ་སྒོར་མོ་ཞིག་གིས་ཆེད་དུ་བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་བྱེད་ནི་རེད། ངོ་མ་སྐུ་ཕྱའི་སྐོར་གྱི་འགན་ཡོངས་རྫོགས་ཁུར་མི་ཐུབ་ན་གདན་འདྲེན་མ་ཞུས་ན་བཟང་གི།
༸གོང་ས་མཆོག་འཛམ་གླིང་སྤྱི་དང་ལྷག་པར་བོད་མི་རྣམས་ཀྱི་སྐྲ་བའི་མིག་དང་ཁོག་གི་སྙིང་ཡིན་པས་དེ་ཚོང་རྫས་ཀྱི་འདུ་ཤེས་འཛིན་མཁན་དེ་ཚོད་ལྷང་ལ་བཏོན་དགོས་ནི་རེད།
སྐུ་མདུན་དུ་བཅར་མཁན་རྣམས་ལ་ཡང་འགན་ཞིག་ཡོད་པ་རེད། སྐབས་འདིར་གདན་ཞུ་མཁན་གྱིས་༸གོང་ས་མཆོག་སྣང་ཆུང་བྱས་ཡོད་པ་ཞིག་ཚོར་གྱི་འདུག་ངོ་མ་ཐབས་སྐྱོ་བོ་རེད།
དགེ་རབ་ལགས་ཀྱིས།
གཞན་རྒྱ་གར་དུ་ཡོད་པའི་བཙན་བྱོལ་གཞུང་ལ་ཞུ་གི་མེད་ཅེས་པ་འདི་ལ་རྒྱབ་སྐྱོར་མེད། སྐུ་ཕྱྭའི་སྲུང་སྐྱོབ་ཐད་ལ་བོད་གཞུང་དང་འབྲེལ་བ་ཡོད་དམ་མེད། ཡོད་ན་སྲུང་སྐྱོབ་ཐད་ལ་འཐུས་ཤོར་འགྲོ་གིན་ཡོད་པ་རང་ཉིད་ཀྱི་སེམས་ཀྱིས་མ་བཟོད་པར་བྲིས་གནང་བ་འདི་བོད་གཞུང་ལ་ཞུ་གི་མེད་ཟེར་དགོས་དོན་གང་ཡིན་ནམ། ༧སྐུ་མདུན་རྒྱལ་ཁབ་ག་བར་ཕེབས་ཀྱང་རྒྱལ་ཁབ་དེ་དང་དེའི་སྲུང་སྐྱོབ་ལ་རམ་འདེགས་ཆེད་དུ་བཀའ་བཀོད་གནང་རྒྱུའི་ཐོབ་ཐང་བོད་གཞུང་ལ་ལོས་ཡོད་འདོད་གི
ངའི་བཤད་ཚུལ་ནོར་ཡོད་ན་དགོངས་དག་ཞུ།
རྩམ་དགའ་ལགས།
ངེད་ཀྱིས་ས་གནས་ཀྱི་གནད་དོན་གཞི་ལ་བཞག་ནས་ཞུས་པ་ཡིན། དཔེ་མཚོན་གཞན་ཞིག་འཇོག ས་གནས་འདིར་གསུང་ཆོས་གནང་ས་སློབ་གྲྭ་ཆེན་མོའི་ཚོགས་ཁང་དེ་དང་། དེ་བཞིན་ མི་མང་ལ་བཀའ་སློབ་གནང་སའི་རྩེད་རྭ་ཆེན་པོ་༼འདིར་མི་གྲངས་བརྒྱད་སྟོང་ལྷག་འཛོམས་འདུག༽དེ་གཉིས་ཀར་ལུས་པོར་བརྟག་དཔྱད་སོགས་དམ་པོ་བྱས་བྱུང་། ད་ངས་སྐུ་ཕྱྭའི་སྐོར་ལ་བཤད་པ་དེ་ཚོ་ཆོས་ཚོགས་རང་དུ་བྱུང་བའི་གནས་ཚུལ་རེད། ཆོས་ཚོགས་ཀྱི་ས་ཐོག་ལ་བྱུང་བའི་གནས་ཚུལ་རེད། འདི་གསལ་བཤད་ཡིན། དགོངས་ཚུལ་གང་གནང་ཡང་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཁ་བརྡ་དང་དུས་བབ་ཀྱི་ཐག་ཉེ་ཐག་ཉེ་ས་ནས་ཐག་རིང་ཐག་རིང་དུ་འགྲོ་ཞོར་ལ་ཡང་ཡང་ཕྱིར་མིག་ལྟ་གི་ཡོད། ཁ་འདྲེས་གཏོང་འདྲེས་དུ་སོང་བའི་ཁ་བརྡ་དང་དུས་བབ་ཚང་ནས་ཐོན་སྟེ་ཆ་མེད་ཀྱི་ཁ་ཕྱོགས་ཤིག་ཞིག་སྙེགས་བཞིན་ཕྱིར་མིག་ལྟ་གི་ཡོད། ཤ་ཁྲག་གི་རྒྱུད་པ་གཅིག་ཡིན་ནའང་སྒོ་གསུམ་གྱི་བྱེད་སྒོ་སོ་སོ་ཡིན་པའི་བོད་རིགས་སྤུན་ཟླ་ཚོ་ལ་རྩོད་མཚམས་བཞག་ནས། ཐེ་ཚོམ་གྱི་རྟ་རྒོད་ཅིག་ཞོན་ནས་ཕ་རོལ་དུ་འགྲོ་ལ་ཕྱིར་མིག་ལྟ་གི་ཡོད། སྙིང་ལ་ན་ཟུག་དང་ཁ་ལ་ཟ་འཕྲུག་སློངས་པའི་བརྗོད་གཞི་ཚོར་ཁ་སྣོན་མ་བརྒྱབ་པར་འགྲོ་ཞོར་ལ་ཕྱིར་མིག་ལྟ་གི་ཡོད།
ད་རེས་ཨ་རིར་བྱུང་བའི་བོད་སོག་ཆོས་ཚོགས་ཁང་གིས་འཐུས་ཤོར་བཏང་བའི་༧གོང་ས་མཆོག་གི་སྐུ་ཕྱའི་གནད་དོན་འདི་ཡིན་གཅིག་མིན་གཉིས་ཐག་གཅོད་ཏན་ཏན་བྱེད་དགོས་པ་རེད། དེའི་འགན་བརྒྱ་ཆ་དགུ་བཅུ་སྐུ་སྒེར་ཡིག་ཚང་གི་གནད་ཡོད་ལས་བྱེད་ཚོར་ཡོད། དེར་སྣོན་ཤུགས་མི་མང་གིས་སྤྲད་དགོས། ༧སྐུའི་ཆིབས་བསྒྱུར་ལ་སྲུང་སྐྱོབ་དམ་པོ་མེད་པ་འདི་༧གོང་ས་མཆོག་གཅིག་བུར་སྣང་ཆུང་བྱེད་པ་ཙམ་མ་ཡིན་པར་བོད་མི་ཡོངས་ལ་་མཐོང་ཆུང་བྱས་པ་ཞིག་རེད།་
ད་རེས་གི་འཐུས་ཤོར་ཚབས་ཆེན་འདིའི་ཉེར་ལེན་ནས་ཉམས་མྱོང་བླངས་སྟེ་རྗེས་ཕྱོགས་འདི་རིགས་སླར་ཡང་མི་འབྱུང་བ་བྱ་དགོས།
སྐུ་སྒེར་ཡིག་ཚང་དང་བོད་གཞུང་བདེ་སྲུང་ལས་ཁུངས་གཉིས་ནས་རང་འགན་འཁུར་ལེན་གྱིས་ངེས་པར་དུ་གདན་འདྲེན་ཞུ་མཁན་གྱི་ཚོགས་སྡེ་ཁག་གང་དང་གང་ལའངལ་བརྟག་དཔྱད་ནན་པོ་གནང་དགོས།
གལ་སྲིད་རྗེས་ཕྱོགས་འདི་འདྲའི་རིགས་བྱུང་བ་ཡིན་ན་ཉེན་ཁ་དེའི་འགན་ཡོངས་རྫོགས་བོད་གཞུང་བདེ་སྲུང་ལས་ཁུངས་དང་༧སྐུ་སྒེར་ཡིག་ཚང་གི་འགན་ཡོད་ལས་བྱེད་ནས་འཁུར་དགོས། གཏམ་འདི་ངེས་པར་དུ་བརྡ་འཕྲོད་དགོས།
དཔྱོད་ལྡན་སྟག་སྨྱོན་ལགས་ཐག་རིང་དུ་མ་ཕེབས། ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་སྐྱོ་བོ་འདི་ལ་སྙིང་རྗེས་གཟིགས་རོགས་ཞུ།
སླར་ཡང་གསལ་བཤད་ཅིག་བྱེད་དགོས་བྱུང་། “བཙན་པོ་”མཚན་ཅན་གྱིས་ཕྲན་ལ་ཉེས་འགེལ་དང་སྦྲགས་གནས་ཚུལ་འགའ་གསུངས་འདུག དོན་ཚན་དང་པོ་དེ་ལ། རྩོམ་ཨ་མའི་ནང་འདི་ལྟར་བྲིས་ཡོད། “ད་དུང་སྐད་ཆ་འདི་དག་འབྲི་ བའི་ཀུན་སློང་ནང་། ཕྲག་དོག་དང་ཡིད་མ་རངས་པ་སོགས་སྒེར་གྱི་གནད་དོན་སྣེ་གཅིག་ཀྱང་འདྲེས་མེད་ཅེས་ གསལ་བཤད་བྱེད་རྒྱུ་ཡིན།”ཞེས་རྩོམ་གྱི་མཇུག་ཏུ་གསལ་པོར་བཀོད་ཡོད། ད་དུང་སྒེར་གྱི་ན་ཚ་ལ་བརྟེན་ནས་བྲིས་པ་རེད་ཅེས་གསུངས་ན། ང་ལ་ཁྱེད་ཀྱི་བློ་དྭོགས་བསངས་ཐུབ་པའི་ནུས་པ་ཡོངས་སུ་རྫོགས་སོང་། དགོངས་འགལ་མེད་པ་ཞུ།
དེ་ནས་ཁྱེད་ཀྱིས་འདི་འདྲ་ཞིག་གསུངས་འདུག ཁྱེད་ཀྱི་མཆན་དེའི་ནང་། “བོད་སོག་ཆོས་ཚོགས་དེ་ལོ་ ཤས་སྔོན་བུ་ལོན་ནང་ཟགས་ནས་ཨ་རིའི་གཞུང་གིས་སྒོ་བརྒྱགས་པ་མ་རེད་དམ། དེ་ཕྱིར་ཁོ་ཚོར་བུ་ལོན་ཕྱིར་འཇལ་ཆེད་དངུལ་སྒོར་རེ་དགོས་མཁོ་ཡོད་བགྱི་རེད་ བསམ་གི།” སྐད་ཆ་འདིའི་དོན་ཚན་དང་པོ་དེ་ཨ་རིའི་གཞུང་ཟེར་བ་དེ་ཁྱོད་ཀྱིས་མཁྱེན་མི་འདུག བུ་ལོན་ཡོད་ན་དེ་དངུལ་ཁང་དང་འབྲེལ་བ་ཡོད་པ་རེད། སྒོ་བརྒྱབ་དང་མ་བརྒྱབ་ཀྱི་སྐད་ཆ་དེ་ཡང་ཁྱེད་ཀྱིས་མཁྱེན་མི་འདུག སྐབས་དེའི་གནས་ཚུལ་ཏོག་ཙམ་མཁྱེན་འདོད་ན་ཞིབ་འཇུག་ཅིག་གནོངས་དང་། ཤེས་ཆོག་ཆོག་ཡོད་པ་རེད། ཁྱེད་ཀྱི་མཁྱེན་རྟོགས་ཆེད་འབྲེལ་ཐག་ཅིག་ འདི་ན་བཞག་ཡོད།
http://www.phayul.com/news/article.aspx?id=10110&t=1&c=1
དེ་ལ་གཟིགས་རོགས། དེ་ནས་ཆོས་ཚོགས་ཀྱི་བུ་ལོན་ཡོངས་སུ་རྫོགས་པ་གསོལ་རས་གནང་གྲུབ་པ་རེད། དེའི་སྐོར་གྱི་གནས་ཚུལ་ཞིག་ཀྱང་ཁྱེད་ཀྱི་མཁྱེན་རྟོགས་ཆེད་འབྲེལ་ཐག་འདི་ན་ཡོད།
http://newsinfo.iu.edu/news/page/normal/6112.html
ད་ཁུངས་ལུང་མེད་པའི་གཏམ་འཆལ་མ་སྨྲ་རོགས། ཐུགས་རྗེ་ཆེ།
དགེ་རབ་ལགས་ནས་་་་་གསལ་བྱེད་གནང་བར་ཐུགས་རྗེ་ཆེ།
དགེ་རབ་ལགས་ཀྱི་ས་གནས་གསར་འགྱུར་ལྟ་བུའི་རྩོམ་ཐུང་འདི་ལ་མོས་མཐུན་ཡོད། ང་ཚོས་རང་ས་ནས་རང་གིས་གང་མཐོང་བ་དང་རང་གིས་གང་གོ་བ་ཚང་མ་འདིར་ལྟར་ལྷག་བསམ་རྨ་མེད་ཀྱིས་སྤྱི་ཚོགས་ལ་གོ་བརྡ་འཕྲོད་ཐབས་བྱེད་དགོས་རྒྱུ་འདི་གལ་ཆེན་པོ་རེད།
རྩོམ་ཡིག་འདི་ཀློག་ཀིན་ཀློག་ཀིན་མིག་མཐའ་ལ་ངང་གིས་བརླན་བཤེར་ཞིག་འཁོར་ཡོང་གི་འདུག་ལ། བྲང་ཁོག་ཡང་རང་བཞིན་གྱིས་ཚ་སོབ་སེ་བུད་འགྲོ་གི། དངོས་གནས་དགེ་རབ་ལགས་ཀྱི་ལག་པ་གསེར་རེད་འདུག་ཡ།
སྔོན་ཆད་དགུ་བཅུ་གོ་གྲངས་ནང་ང་རང་རྒྱ་གར་ལ་ཡོད་དུས་ཀྱང་གནས་ཚུལ་འདི་འདྲ་དངོས་སུ་མཐོང་མྱོང་ལ་དངོས་སུ་གོ་ཡང་མྱོང་། སྐབས་དེ་ཤེད་དུ་དུས་བབ་ཚགས་པར་སྟེང་དུ་རང་གི་བསམ་ཚུལ་ཐུང་ཐུང་རེ་བྲིས་པ་ཡིན། ཡིན་ནའང་། འདི་ཚོ་རྒྱ་གར་ནང་གི་གནས་ཚུལ་ལ་སོང་འདིར་འབྲི་གི་མིན།
སྤྱིར་བཏང་༧གོང་ས་མཆོག་ཚོར་བསྒྱུར་བྱེད་པ་འདི་ནི་བོད་པ་རང་གི་ཆེས་མ་རུང་བའི་བྱ་སྤྱོད་ནག་ཉེས་ཅན་ཞིག་རེད། ཕྱི་རྒྱལ་གྱི་ཆོས་ཚོགས་ཡིན་ནའང་འདྲ། ཁྱིམ་རྒྱུད་ཆེ་གྲས་ཚོ་ཡིན་ནའང་འདྲ། ཚང་མས་གོང་ས་མཆོག་ལ་བརྟེན་ནས་རང་གི་ཡོང་སྒོ་བསམ་བློ་གཏོང་བ་འདི་རང་གི་རྩ་བའི་བླ་མར་དད་པ་དག་སྣང་འཛིན་སྟངས་ཤིག་དངོས་གནས་རེད་མི་འདུག།
རེ་བ་ཞིག་ལ། རྗེས་ཕྱོགས་༧གོང་ས་མཆོག་གང་དུ་ཕཻབས་ཀྱང་ས་གནས་རང་ན་ཡོད་མཁན་གྱི་རིགས་ཞེན་ཅན་ཚོས་ས་གནས་ས་ཐོག་གི་གནས་ཚུལ་གསལ་རྗེན་དུ་འབྲི་མཁན་རབ་གསལ་དང་རབ་གསལ་ལྟ་བུ་མང་དུ་བྱོན་རྒྱུའི་རེ་བ་དང་བཅས། ཐུགས་རྗེ་ཆེ།
གཞན། རབ་གསལ་ལགས་ལ་རེ་བ་ཞིག་ཡོད།
དྲ་འབུའི་མིང་ཐོག་ནས་ཡོང་ཞིང་རྩོམ་པ་པོ་ཚོར་མཚང་འབྲུ་མཁན་ཚོར་ཡ་མ་བྱས་ན་བཟང་བར་འདུག མི་འདི་ཚོ་ཁ་ཚོད་མེད་རྐྱང་རྐྱང་ལ་སོང་། བདག་མེད་ཀྱི་ཚིག་ལ་ཐོག་པ་མེད་རེད་དོ།
1༽ སྐྱ་ཕྱྭ་གལ་ཆེ་བདེ་སྲུང་མང་པོ་དགོས། ༢༽བདེ་སྲུང་གལ་ཆེ་ཞིབ་གཤེར་ནན་མོ་དགོས། ༣༽ཞིབ་གཞེར་གལ་ཆེ་ལས་བྱེད་བློས་ཐུབ་དགོས། ༤༽ལས་བྱེད་གལ་ཆེ་སློབ་གསོ་བཟང་པོ་དགོས། ༥༽སློབ་གསོ་གལ་ཆེ་དགེ་རྒན་ཡག་མོ་དགོས། ༦༽དགེ་རྒན་གལ་ཆེ་བློ་འདོན་མཁས་པ་དགོས། ༧༽མཁས་པའི་མ་ཚད་ལྷག་བསམ་ལྡན་པ་དགོས།༨༽ལྷག་བསམ་མ་ཟད་བརྩོན་འགྲུས་ཆེ་བ་དགོས། མདོར་ན་སྣེ་ལེན་སྐུ་སྲུང་མཇལ་གཅར་སོགས། །ཐམས་ཅད་རྒྱལ་ཁབ་དབུ་འཛིན་ཆེ་བ་དང་། །འཛམ་གླིང་བསམ་བློའི་དབུ་ཀྲིད་ཆེ་བ་དང་། །ཆོས་ལུགས་མི་སྣ་ཆེན་པོའི་ཆེ་བ་སོགས། །སྲིད་འདིར་གྲགས་པའི་ལུགས་དང་མཐུན་པ་དགོས། །དེ་ལས་ལོགས་ན་ཡུལ་དེའི་ཞབས་འདྲེན་ཡིན། །
བཀྲིས་བདེ་ལེགས་ཡོད།
རྒྱལ་བའི་སྐུ་ཕྱཱའི་འགན་སྲུང་ལས་ལྷག་པའི་ང་ཚོ་ལ་བྱ་བ་རླབས་ཆེ་གང་ཡང་མེད།
དངོས་གནས་ཡིད་གཟབ་བྱེད་དགོས་མཐོང།
དགེ་རབ་ལགས།
ཁྱེད་ཀྱི་རྕོ༹མ་ཡིག་འདི་མགོ་ནས་མཇུག་བར་ཀློག་དུས།
ང་ལ་དགའ་སྐྱོ་གཉིས་ལྡན་གྱི་སེམས་ཆོ༹ར་ཞིག་བྱུང་སོང་།
དང་པོ། དགའ་དགོས་པའི་དོན་ཁྱེད་ཀྱིས་ང་ཆོ༹ས་ངེས་པར་ཏུ་དོ་སྣང་བྱེད་དགོས་པའི་༦གོང་མཆོག་གི་སྐུ་ཕྱའི་སྐོར་གླེང་བ་དང་།
གཉིས་པ། སྐྱོ་དགོས་པའི་དོན་རྕོ༹མ་ཡིག་འདིའི་དོན་གྱི་ཁ་ཕྱོགས་༦གོང་ས་མཆོག་གི་སྐུ་ཕྱའི་སྐོར་རྐྱང་ལ་དམིགས་མེད་པ་ལྟ་བུའི་ཆོ༹ར་སྣང་ཞིག་འདུག
གང་ལྟར་ནོར་འཕྲུལ་ཡིན་ན་དགོངས་དག
བཀུར་འོས་མཁྱེན་ལྡན་པ་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་ཁོང་གི་མྱོང་བ་དངོས་ཀྱིས་བསླངས་པའི་ཆེད་རྩོམ་རིན་ཐང་ལྡན་པ་ཞིག་སྤེལ་གནང་བར་ཡི་རངས་ཡོད།
འཛམ་བུ་གླིང་གི་ཞི་བདེའི་དེད་དཔོན་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
ནང་པ་ཡོངས་ཀྱི་སྐྱབས་མགོན་གཅིག་པུ་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱ་གལ་ཆེ།
བོད་མི་རིགས་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
འཛམ་གླིང་ཆོས་ལུགས་ཚང་མའི་འབྲེལ་ཟམ་ཁོ་ན་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
བྱམས་དང་བརྩེ་བའི་འབྱུང་ཁུངས་ཉག་ཅིག་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
བོད་རྒྱ་གཉིས་ཀྱི་དཀའ་རྙོག་གི་ལྡེ་མིག་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
ཉམ་ཐག་སྐྱེ་འགྲོ་ཡོངས་ཀྱི་མགོན་མཆོག་དམ་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
བོད་ཀྱི་རིག་གཞུང་གི་ཕན་ནུས་མཚོན་རྟགས་སུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
ཡང་དག་པའི་མང་གཙོའི་སྣེ་ཁྲིད་དུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
ཀུན་སྤྱོད་ཕུལ་བྱུང་གི་དཔེར་མཚོན་དུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
མཁྱེན་དཔྱོད་ཟབ་མོའི་ཤིང་རྟར་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
བོད་མི་ཡོངས་ཀྱི་བསམ་བློའི་བརྟེན་གཞི་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
ས་སྒང་ཧྲིལ་བོའི་ཁྱད་ནོར་དུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
རྨོངས་མུན་སྟུག་པོའི་སྒྲོན་མེ་རུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
རིགས་མཐུན་དྲ་གྲོགས་རྣམ་པ་ལགས། ཕྲན་གྱིས་༸སྤྱི་ནོར་ཡིད་བཞིན་རིན་པོ་ཆེའི་སྐུ་ཕྱྭའི་གལ་ཆེའི་རང་བཞིན་སྐོར་ཡིད་ལ་གང་འཆར་གོ་རིམ་མེད་པར་ཤར་མ་བྲིས་ཡོད་མོད། འོན་ཀྱང་། སྐུ་ཕྱྭ་དང་སྐུའི་བདེ་འཇགས་སྐོར་ལ་བྱ་ཐབས་ཅི་ཡང་འདོན་རྒྱུ་མ་བརྙེད་པས་ན། བློ་དང་རིག་པ་བསྡུར་ནས། གྲོས་དང་སྦྱང་བཤད་བྱས་ནས། ཉམས་དང་དོ་སྣང་བྱས་ནས། སྔར་ལས་ཡར་རྒྱས་འཐུས་ཚང་དུ་གཏོང་ཐབས་སུ་འབད་དགོས་པ་ནི། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་འཁྲི་བའི་ལས་འགན་དེ་ལས་ལྕི་བ་ཞིག་ཅི་ཡང་མེད་དུས། གཟབ་གཟབ། ཉམས་འཇོག གོ་སྒྲིག གལ་འགངས་སུ་གཙིགས་ཆེན་འཛིན་དགོས་པ་ཞེ་སེམས་གཏིང་ནས་སྐུལ་མ་བྱས་པ་ཡིན་ལགས།
༡ སྐུ་ཕྱྭ་ནི་ཆེས་གལ་ཆེ་ཤོས་དེ་རེད།
རྒྱལ་དབང་རིན་པོ་ཆེ་ནི། བོད་གཞིས་བྱེས་གཉིས་ཀྱི་སྲོག་རྩ་དང་ས་སྒང་རིལ་བོ་འདིའི་ཞི་བདེའི་མཚོན་བྱེད་དམ་པ་ཞིག་ཡིན་པས་སྐུ་ཕྱ་གལ་ཆེན་པོ་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད། དེའི་འགན་དེ་ཡང་། སྐུ་ཚབ་དོན་གཅོད། གདན་འདྲེན་ཞུ་མཁན་གྱི་དགོན་པ། ས་གནས་བོད་དོན་ཚོགས་པ་དང་དགོན་པ་གཞན་དག་ཚང་མས་མཉམ་རུབ་ཀྱིས་འགན་འཁྱེར་དགོས་པ་ཞིག་རེད་འདོད། འགན་འཁྱེར་སྟངས་ཐད་བསམ་ཚུལ་ཡོད་ནའང་སྔོན་ཚུད་ནས་བཤད་དེ་མ་ལན་མ་འགྱོད་པ་ཞིག་བྱེད་དགོས་པ་རེད།
ཁོ་ཚོའི་དགོན་པས་གདན་འདྲེན་ཞུ་གི་ཡོད་པ་རེད་ཟེར་ནས། དགོན་པ་དང་ཚོགས་སྡེ་གཞན་པ་ཚོས་ཕྲག་དོག་གི་མིག་མདངས་སྐྱོ་བོ་ཞིག་སྟོན་བཞིན། གྲ་སྒྲིག་ཡག་པོ་ཡོང་མིན་ལ་ཟུར་ནས་ལྟད་མོ་ཁོ་ན་བལྟས། འགན་མཉམ་ལེན་མ་བྱས་པར་བསྡད་དེ། དོན་དག་ཚང་མ་ཚར་ཚར་བའི་རྗེས་ཤིག་ལ་ཅིག་འགྲིག་མ་སོང་། ཉིག་འགྲིགས་མ་སོང་ཟེར་ནས་སྐྱོན་ཞིག་འཚོལ་མ་ཐུབ་པར་བསྡད་པ་ཡིན་ན། ཀུན་སློང་གཙང་མ་ཡིན་ནའང་དེ་ནི་ས་གནས་བོད་མི་མང་དང་བོད་ནང་ཁུལ་གྱི་མཐུན་སྒྲིལ་ལའང་གནོད་པ་ཡོད་པ་ཞིག་རེད། འདིའི་སྐོར་འདི་ལ་ངོ་མ་གཟབ་ནན་བྱེད་འོས་སུ་མཐོང་།
༢ དཔལ་འབྱོར་ཡང་གལ་ཆེན་པོ་རེད།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་མཚོན་ན། ཁ་ཅིག་གདངས་ན་སྒོར་མོ་རེད་ལ། ལག་ཅིག་འགུལ་ནའང་སྒོར་མོ་རེད།
༧རྒྱལ་དབང་རིན་པོ་ཆེའི་གསེར་ལྟ་བུའི་ལེགས་བཤད་དེ་ཚོར་ས་རྡོ་ནང་བཞིན་རིན་ཐང་མེད་པ་ཡིན་ན་མ་འགྲིགས་པར་མཐོང་། གང་ཟག་གི་ཆེ་བ་དང་། ཆོས་ཀྱི་ཆེ་བ་ལ་བསམ་ནའང་དེ་ལ་རིན་ཐང་ཞིག་དགོས་པར་མཐོང་།
དེ་མིན་ནའང་། རྒྱལ་དབང་རིན་པོ་ཆེའི་ཆིབས་སྒྱུར་ལ་བརྟེན་ནས་ནུབ་ཕྱོགས་ཁག་ཏུ་ཡོད་པའི་བོད་ཀྱི་ཚོགས་སྡེ་དུ་མ་ཞིག་གིས། སྔོན་ཚོགས་པའི་ལྟེ་གནས་མེད་སར་ལྟེ་གནས་འཛུགས་ཐུབ་པ་དང་། སྔོན་ས་ཁང་མེད་སར་ས་ཁང་ཉོ་ཐུབ་པ། ཚོགས་པ་དང་ཚོགས་པའི་ལས་འགུལ་ཁག་སྔར་ལས་ཡར་རྒྱས་དང་ཚགས་ཚུད་ལ་གཏོང་ཐུབ་ཡོད་པ་དེ་འདྲ་ཡོད་པ་ལྟར་རེད། དེས་ན་དཔལ་འབྱོར་དེའང་གལ་ཆེན་པོར་མཐོང་། དགོན་པ་དང་ཚོགས་སྡེ་བྱེ་བྲག་གང་ཞིག་ཡིན་ཡང་དེ་ཡར་རྒྱས་ཕྱིན་པ་ཡིན་ན་ང་ཚོ་དགའ་དགོས་པའི་དོན་ཞིག་རེད།
༣ དགོན་པའི་འཛིན་སྐྱོང་ལ་རིག་མ་དང་བུ་ཕྲུག་གིས་བྱུས་གཏོགས་བྱེད་པ་དེ་བཀྲ་མི་ཤིས་པ་ཐམས་ཅད་ཀྱི་སྒོ་མོ་རེད། པཎ་ཆེན་རིན་པོ་ཆེ་གྲོངས་པའི་རྗེས་སུའང་། རིག་མ་དང་བཀྲས་ལྷུན་དགོན་པའི་བར་རྙོག་དྲ་བྱུང་ཡོད་སྐད་དང་། སྟག་འཚེར་རིན་པོ་ཆེ་གྲོངས་པའི་རྗེས་སུའང་། དེ་དང་ཆ་འདྲ་བ་ཞིག་འབྱུང་གི་ཡོད་པ་ལྟ་བུའི་འཁྱར་སྐད་རེ་གོ་རྒྱུ་འདུག་ག དེ་དེ་བཞིན་དུ་མིན་པའི་སྨོན་ལམ། དགོན་པ་དང་ཁྱིམ་ཚང་ཤ་དང་གྲི་ཁ་ཁ་བྱས་ན་རྗེས་སུ་བཤད་གཏམ་ཉུང་།
ཕྱག་གཉིས་ཡོད་ཅེས་རང་གིས་བྲིས་འདུག ཞལ་ག་ཚོད་ཡོད་སུས་ཀྱང་ཤེས་དཀའ་བ་ཞིག་འདུག ཁུངས་མེད་ཀྱི་གཏམ་འདི་འདྲ། རྒྱུས་མེད་ཀྱི་གཏམ་འདི་འདྲ་ཞལ་གང་ནས་ཡོང་བ་རེད། “ཁོ་ཚོའི་དགོན་པས་གདན་འདྲེན་ཞུ་གི་ཡོད་པ་རེད་ཟེར་ནས། དགོན་པ་དང་ཚོགས་སྡེ་གཞན་པ་ཚོས་ཕྲག་དོག་གི་མིག་མདངས་སྐྱོ་བོ་ཞིག་སྟོན་བཞིན། གྲ་སྒྲིག་ཡག་པོ་ཡོང་མིན་ལ་ཟུར་ནས་ལྟད་མོ་ཁོ་ན་བལྟས། འགན་མཉམ་ལེན་མ་བྱས་པར་བསྡད་དེ། དོན་དག་ཚང་མ་ཚར་ཚར་བའི་རྗེས་ཤིག་ལ་ཅིག་འགྲིག་མ་སོང་། ཉིག་འགྲིགས་མ་སོང་ཟེར་ནས་སྐྱོན་ཞིག་འཚོལ་མ་ཐུབ་པར་བསྡད་པ་ཡིན་ན། ཀུན་སློང་གཙང་མ་ཡིན་ནའང་དེ་ནི་ས་གནས་བོད་མི་མང་དང་བོད་ནང་ཁུལ་གྱི་མཐུན་སྒྲིལ་ལའང་གནོད་པ་ཡོད་པ་ཞིག་རེད། འདིའི་སྐོར་འདི་ལ་ངོ་མ་གཟབ་ནན་བྱེད་འོས་སུ་མཐོང་།” ཡག་པོ་མ་རེད། ཁུངས་རེ་རེ་བྱས་ནས་འཁྱེར་ཤོག ནམ་རྒྱུན་མི་ལ་ཁུངས་འཁྱེར་ཤོག་ཟེར་ཡག་ལ་དགའ་པོ་ཡོད། ད་ལན་ཁྱེད་རང་གིས་འདིའི་ཁུངས་འཁྱེར་ཤོག ཕྲག་དོག་གི་མིག་མདངས་སྐྱོ་བོའི་ཁུངས་འཁྱེར་ཤོག ཟུར་ནས་ལྟད་མོ་བལྟས་པའི་ཁུངས་འཁྱེར་ཤོག འགན་མཉམ་ལེན་མ་བྱས་པའི་ཁུངས་འཁྱེར་ཤོག
༼རྒྱལ་དབང་རིན་པོ་ཆེ་ནི། བོད་གཞིས་བྱེས་གཉིས་ཀྱི་སྲོག་རྩ་དང་ས་སྒང་རིལ་བོ་འདིའི་ཞི་བདེའི་མཚོན་བྱེད་དམ་པ་ཞིག་ཡིན་པས་སྐུ་ཕྱ་གལ་ཆེན་པོ་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད། དེའི་འགན་དེ་ཡང་། སྐུ་ཚབ་དོན་གཅོད། གདན་འདྲེན་ཞུ་མཁན་གྱི་དགོན་པ། ས་གནས་བོད་དོན་ཚོགས་པ་དང་དགོན་པ་གཞན་དག་ཚང་མས་མཉམ་རུབ་ཀྱིས་འགན་འཁྱེར་དགོས་པ་ཞིག་རེད་འདོད། འགན་འཁྱེར་སྟངས་ཐད་བསམ་ཚུལ་ཡོད་ནའང་སྔོན་ཚུད་ནས་བཤད་དེ་མ་ལན་མ་འགྱོད་པ་ཞིག་བྱེད་དགོས་པ་རེད།༽འདི་ནི་མགོིན་པོ་ཕྱག་གཉིས་པས་བཏབས་པའི་མཆན་གྱི་དུམ་བུ་དང་པོ་དེ་རེད། བདེན་པ་རེད། མི་ཚང་མས་འདོད་པ་དེ་དེ་རེད། ཡིན་ནའང་། ད་རེས་ཆོས་ཚོགས་འདིས། དང་པོ་ནས་གྲ་སྒྲིག་འདི་འདྲའི་འཐུས་མ་ཚང་བ་ཞིག་བྱེད་ཀྱི་ཡོད་སྣང་ཚོགས་པའི་མི་སྣ་ཚོ་ལས་གཞན་གང་གིས་ཀྱང་ཤེས་ཐུབ་པ་ཞིག་མ་རེད། གང་ལ་ཟེར་ན། ད་ལྟ་བར་དུ་འདི་འདྲའི་གོ་སྒྲིག་བྱེད་སྟངས་འདི་འདྲ་ཕལ་ཆེར་བྱུང་ཡོད་པ་མ་རེད། ཅི་སྟེ་བྱུང་ཡོད་དུ་ཆུག་ཀྱང་། གསར་འགྱུར་བརྒྱུད་ལམ་ནས་ཐོན་པ་ད་རེས་ཀྱི་འདི་ཚབས་ཆེ་ཤོས་འདྲ་པོ་རེད། སྔོན་མར་དོན་གཅོད་ཅིག་གིས་གོ་སྒྲིག་འཐུས་ཚང་མ་བྱུང་ནས་རྒྱལ་བ་རིན་པོ་ཆེ་གནམ་ཐང་ནས་དུས་ཚོད་གང་འཚམ་སྡོད་དགོས་པ་བཟོས་པའི་སྐབས་དེར། ཚགས་ཤོག་སྟེང་ནས་སྡིག་སྡིག་བྱེད་མཁན་མང་པོ་བྱུང་སོང་ངཱ་། དེའི་རྗེས་ནས་ད་རེས་ཀྱི་འདི་རེད། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་གལ་ཆེ་ཤོས་ཆགས་ཡོད་པའི་སྐོར་དང་། འཐུས་ཚང་མ་བྱུང་བའི་གོ་སྒྲིག་བྱེད་སྟངས་སྐོར་བྲིས་པ་འདི་ལ་མི་དགའ་བ་སྙིང་ནས་བྱེད་པ་ལྟ་བུ་འདི་འདྲ་ག་རེ་ཡིན་ནམ། ས་གནས་བོད་མི་མང་གི་འབྲེལ་ལམ་དང་མཐུན་སྒྲིལ་ལ་གནོད་ཀྱི་རེད་ཟེར་ནས། འཐུས་ཚང་མ་བྱུང་བའི་སྐོར་འདི་སྦེད་དགོས་པ་རེད་དམ། འདི་སྦེད་པ་ཡིན་ན། མ་འོངས་པར་ས་གནས་དེའི་བོད་མི་ཚོའི་མཐུན་ལམ་དེ་གང་མིན་ཚད་ཅིག་ཆགས་པ་ལ་ཕན་གྱི་རེད་དམ། འོ་ན། ས་གནས་མི་མང་གི་མཐུན་ལམ་དེ་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་ནས་གླེང་བ་ཡིན་ན་ཐོར་ཤིག་འགྲོ་ངེས་ཅན་ཞིག་རེད་དམ། ངས་འདི་ཚོ་རྩ་བ་ནས་མགོ་ཚོས་མ་སོང་། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐད་ནས་གླེང་བ་ཡིན་ན། བོད་མི་བསམ་ཡོད་ཚང་མ་རྒྱག་གཅིག་མཆོང་གཅིག་ཡིན་བསམ་ནས་བསྡད་ཡོད། ཆོས་ཚོགས་འདིས་འགྲིག་གི་མེད་ན་དེ་བཤད་དགོས་པ་རེད་ལ། དེ་ང་ཚོས་གླེང་དགོས་པ་ཞིག་རེད། ཁ གསལ་པོ་བྱས་ནས་བཤད་ན། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལས་དཔལ་འབྱོིར་འདུ་འགོད་གཙོ་བོར་བཞག་པའི་གནང་སྟངས་འདི་སུས་བྱས་ཡོད་ནའང་མ་འགྲིག་པ་ཞིག་རེད། དེ་གླེང་བས་ས་གནས་མི་མང་གི་མཐུན་ལམ་ལ་གནོད་ཀྱི་ཡོད་ནའང་འཛེམ་ཟོན་མེད་པར་བཤད་དགོས་པ་ཞིག་རེད། བཤད་ཕོད་དགོས་པ་ཞིག་རེད། མ་བཤད་ན་མི་འགྲིག་པ་ཞིག་རེད། དེར་བསམ་བློ་གཏོང་དགོས་པ་རེད་མ་གཏོགས། གཡས་འཐེན་གཡོན་འཐེན་ལྟ་བུའི་བཤད་སྟངས་ལབ་སྟངས་འདི་འདྲ་ངས་ངོས་ལེན་རྩ་བ་ནས་བྱེད་མི་ཐུབ། ང་ནང་བཞིན་གྱི་མི་ཚང་མས་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། འདི་བསམ་ཚུལ་གྱི་ཕྱོགས་ཙམ་ཞུས་པ་ཡིན། རིམ་པས་བསམ་ཚུལ་རྒྱ་ཆེ་རུ་བཏང་། ཞིབ་ཚགས་སུ་བཏང་ནས་ཡོང་གི་ཡིན་ད།
ཧུར་བརྩོན་ཅན་དགེ་འདུན་རབ་གསལ་ལགས།
ཁྱེད་ཀྱིས་ད་རེས་གོ་སྐབས་བཟུང་ནས་༸རྒྱལ་བའི་སྐུ་ཕྱཱའི་ཉེན་སྲུང་སྐོར་གླེང་སློང་ཐེར་འདོན་གནང་བར་སྙིང་ནས་དགའ་བསུ་ཡོད།
དེ་དང་ཆབས་ཅིག་༸རྒྱལ་བའི་སྐུ་ཕྱཱའི་གནད་དོན་ལ་ཁ་གཡར་ནས་སངས་རྒྱས་ཀྱི་དཔའ་རྟུལ་ཞེས་པའི་དེབ་ཆེ་གེ་མོ་དེའི་སྒྱུར་བ་པོ་ཁྱེད་ཉིད་ཡིན་པ་དང།དེ་འབྲེལ་གྱིས་ད་ལམ་༸གོང་ས་མཆོག་ལ་ཟུར་མཇལ་བྱུང་སྐོར་ཕྱི་བསྒྲགས་སྦིར་བསྒྲགས་བྱེད་འདོད་ཁོ་ན་ཙམ་རེད་ཟེར་བ་བདེན་ན་ནི་ངས་ཁྱེད་ལ་ནམ་ཡང་དགའ་བསུ་མི་ཞུ།
དྲ་གྲོགས་རྣམས། གནས་ཚུལ་འདི་ངས་ཀྱང་མི་དམངས་ལ་གོ་བརྡ་འཕྲོད་ཙམ་ཞིག་འབྲི་དགོས་བསམ་ཡོད་ཀྱང།དགེ་འདུན་རབ་གསལ་ནས་དོན་ཚང་ལ་གནད་ལ་འཁེལ་པ་ཞིག་བཤད་འདུག་པས།
ང་གཉིས་ས་གནས་དེར་དངོས་སུ་ཡོད་པས་མིག་མཐོང་ལགས་ཟིན་གྱི་གནས་ཚུལ་རེད།
ཧེ་བག་ཅི་ཡང་མི་འདུག། ངས་ཧང་སང་བ་གཉིས་ཞུ་འདོད་ཅུང། བོད་མིའི་བཀའ་སློབ་དང་དགོན་པའི་རབས་གནས་གཉིས་ལའང་ང་དངོས་སུ་སོང་ཡིན་སྐབས་དུས་གནས་ཚུལ་ནི་དངོས་གནས་ཧ་སང་དགོས་པ་ཞིག་རེད།བདག་ས་མཐར་ཉུལ་ནས་མི་ལོ་ཉིཤུའི་རང་༸གོང་ས་མཆོག་ཕེབས་སར་ཧ་ཅིང་མང་པོ་གཅར་མྱོང་ཡང་ད་ཐང་ལས་བློ་ཕམ་པ་ཞིག་ཅུང་མ་མྱོང།བོད་མིའི་བཀའ་སློབ་སྐབས་དང་པོ་ས་ཆ་གཏན་མ་ཁེལ་བར་
༸གོང་ས་མཆོག་ཆར་བའི་ནང་ནས་མི་དམངས་མཉམ་དུ་དབུ་ལ་ཆར་གདུགས་ཆུང་ཆུང་ཞིག་ཕུབ་ནས་སྐར་ཆ༥ཙམ་ལ་བཞུག་སོང།དེ་ནས་བཀའ་སློབ་གནང་སྐབས་བོད་མི་ནི་བཞེས་གཏོང་མཁན་བུ་ཕྲུག་ཆུང་ཆུང་བཅུ་གཉིས་དང་གཞན་གསར་འགྱུར་གཏོང་མཁན་ཁ་ཤས་དང་སྐུ་ངོ་དོན་གཅོད་སྐུ་འཁོར་ལས་གཞན་འདུ་ཁང་ནང་གི་མི་རྒྱ་ཆའི་གོ་དགུ་སོག་པོ་རེད། སྒོ་སྲུང་མང་ཆེ་བ་སོག་པོ་ཡིན་པས་བོད་པ་ཚང་མ་སྤྱི་ནས་མ་བཏང་བ་དངོས་སུ་མཐོང། སྐབས་དེར༸གོང་ས་མཆོག་བོད་པའི་ཕྲུག་གི་རྣམས་གྱིས་མདུན་དུ་མར་ཕེབས་ནས་བཀའ་འདྲི་འགའ་གནང་སོང།ངའི་ཁྲིས་ནས་སྐྱེ་དམན་རྒས་སོང་ཞིག་གིས་ཁྱོད་རང་མོན་གྷོ་ལེ་ཡིན་ནམ་ཟེར།
ངས་ང་བོད་པ་ཡིན་ཞེས་བཤད་སྐབས་གསུངས་སྐད་ཅུང་མཐོ་ཙམ་བྱས་ཏེ་ག་རེ་དེ་རིང་བོད་པར་བཀའ་སློབ་
གནང་ཡ་མ་རེད་པས།འདི་ཚང་མ་སོག་པོ་རེད་འདུག་ག་རེ་བྱས་རེད་ཞེས་དྲིས་སོང་།
ཕྱིས་སུ་སྐྱེ་དམན་དེ་ཞིང་གཤེགས་དམ་པ་༸སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེས་ཡུམ་རེད་འདུག།
ངའི་བསམ་པར་ཆོས་ཚོགས་འདི་སྐུ་འབུམ་བྱམས་བརྩེ་གླིང་ཡིན་པ་དང་ཁོ་མོ་ནི་ཆོས་ཚོགས་འདིས་དོན་གྱིས་
བདག་པོ༸སྐུའི་གཅེན་པོ་མཆོག་གི་ཤུལ་ལྷག་ནང་མི་ཡིན་པའི་ཆ་ནས་ཁོང་ལ་བཞུགས་ས་དམིགས་བསལ་བ་
ཞིག་ཡོད་དགོས་ངེས་ཡིན་ཀྱང་།དྲིན་ལན་དང་སྒོར་མོ་ལས་སྒོར་མོ་གལ་ཆེན་དུ་རྩི་བའི་སྐྱེས་ཆེན་ཁོང་ནི་
གསེར་དང་དངུལ་གྱིས་སྤྱིན་བདག་གིས་བསྐོར་ནས་བྲེལ་པའི་ངང་དོན་སྣང་ཙམ་ཡང་མི་འདུག།
སྲས་ཀུན་དགའ་དང་ཡུམ་གཉིས་ནི་ང་ཚོ་དང་མཉམ་དུ་སོག་རྒན་རྣམས་ཀྱི་གསེབ་དྲི་ལ་སྣུམ་བཞིན་མི་ཚོགས་
གི་འཚང་གའི་དཀྱིལ་ནས་འདུག་དགོས་བྱུང་སོང།ཧང་སང་དགོས་བ་གཞན་ཞིག་ནི་༸གོང་མཆོག་ཆིབ་སྒྱུར་གནང་པའི་ཉིན་གཉིས་བ་རེད།ཞོག་ག་དེར་འདུ་ཁང་ནང་དུ་རབས་གནས་བྱེད་རྒྱུ་རེད་ཞེས་ཐོས་སོང་པའི་འགོག་མཁན་དང་བལྟ་མཁན་ནི་མེད་པས་ང་སྔ་པོ་ནས་འགྲོ་ཡིན་༸གོང་ས་མཆོག་གིས་ཆོས་ཚོགས་གི་དམིགས་ཡུལ་དང་མ་འོངས་པའི་ལམ་སྟོན་ད་དུང་སྐུའི་གཅེན་པོའི་ཡང་སྲིད་བསྐོར་བཀའ་སློབ་འགའ་གནང་ནས་ཨ་ཀྱྭ་ལ་༸སྟག་མཚེར་རིན་པོ་ཆེ་སྐུ་ཕྲེང་ག་ཚོད་རེད་ཞེས་གསུངས་སྐབས་ཡར་ཚིག་གཅིག་ཀྱང་ཞུ་ཡ་མི་འདུག། ང་དངོས་གནས་ཧང་སང་སོང་།ཨ་ཀྱྭ་ནི་རྗེ་སྐུ་འབུམ་དགོན་པའི་དགོན་བདག་ལྟ་བུའི་བླ་ཆེན་ཞིག་ཡིན་པར་དུས་ཀུན་བསྒྲགས་བཞིན་ཡོད་ལ་ད་དུང་༸སྐུའི་གཅེན་པོ་མཆོག་གིས་བཀའ་བ་བརྒྱ་ཕྲག་གི་འབད་པ་ལས་བྱུང་པའི་ཆོས་ཚོགས་འདིས་ཤུལ་འཛིན་ཡིན་ལ།༸སྟག་མཚེར་རིན་པོ་ཆེ་ནི་སྐུ་འབུམ་དགོན་པའི་ཁྲི་ཟུར་དང་ཆོས་ཚོགས་འདིས་དོན་གྱི་བདག་པོ་ཡིན་པས།ཁོང་གི་ཡང་སྲིད་བསྐོར་ལ་ཐུགས་བསམ་འདི་འདྲ་ཞིག་ཀྱང་ཨ་ཀྱྭའི་གཏོང་མ་མྱོང་བ་ཡ་མཚན་རེད། རབ་གནས་གྲོལ་ནས་༸གོང་ས་མཆོག་ཕེབས་སྐབས་གྲལ་བཞུགས་ན་རྒྱ་དང་སོག་པོ་གང་ཡིན་མ་ངེས་པའི་གཟའ་ཚང་གཉིས་ལག་ལ་ཁ་བཏགས་བཟུང་ནས་སྡད་འདུག་༸གོང་ས་མཆོག་དེ་གཉིས་གྱི་ཁྲིས་ལ་ཕེབས་ཚེ་ཨ་ཀྱྭའི་ཁོ་གཉིས་ཁོ་ལ་དྲིན་ཅན་ཡིན་པའི་འགྲེལ་བཤད་རྒྱབ་སོང། ༸གོང་ས་མཆོག་གིས་ཡག་པོ་རེད་གསུངས་བཞིན་ཕྱག་གིས་འཇལ་ཁ་བཞག་ཏེ་ཁ་བཏགས་སྐེར་གཡོག་སོང་སྐབས་དེར་ཡང་ཨ་ཀྱྭའི་མཉམ་དུ་སྐུ་པར་ལེན་དགོས་པའི་རེ་བ་ཞུས་སོང་དེ་ལ་༸གོང་ས་མཆོག་གིས་ཞལ་ནས་སུན་སྣང་ཞིག་མངོན་བཞིན་ད་འགྲིག་གི་མ་རེད་པས་གསུང་སོང་ཡང། སྐབས་དེར་ཨ་ཀྱྭའི་སྐྱེ་དམན་དེས་ལག་གི་པར་ཆས་བླང་ཏེ་འུ་ཚུག་མཐའ་སྐྱེལ་གི་ཁོ་རང་རང་གི་པར་ཁ་ཤས་རྒྱབ་ནས་འགྲོ་སོང།
གནས་ཚུལ་དངོས་བྱུང་དེ་དག་མཐོང་སྐབས་ངའི་བསམ་པར་ཆོས་འབྲེལ་ཅི་ཡང་མེད་པའི་ཕྱི་གླང་བ་རྣམས་
ཀྱིས་ཀྱང་༸གོང་ས་མཆོག་ལ་འདི་འདྲའི་གུས་མེད་དང་སྐུ་ཕྱྭ་ལ་སྣང་མེད་མི་བྱེད་པས། ཨ་ཀྱྭ་ནི་བཟང་ན་ངན་
ནའང་བོད་པའི་བླ་མ་ཞིག་ཡིན་ཀྱང་དེ་ལྟར་སྣང་མེད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ།
དེ་ལྟར་བསམ་བཞིན་བསམ་བཞིན་ཨ་ཀྱྭ་དང་བོད་གཞུང་སྐུ་ཚབས་སོགས་ཀྱིས་ཐོག་ཁོང་ཁྲོ་གཏང་ནས་ལང་བཞིན་མིག་ནས་ཞེ་སྡང་གི་མཆི་མ་བཞུར་ཏེ་མཚན་མོ་གཉིད་ཀྱང་ཁུག་མ་སོང།
མཐའ་དོན་གཞུང་དམངས་སུ་ཡིན་ཀྱང་ཐུགས་རྗེ་གཟིགས་༸གོང་ས་མཆོག་ལ་ཁ་ཙམ་མ་ཡིན་པར་དོན་གྱིས་
གཅེས་སྤྲེས་བྱེད་རོགས་ཞུ་ཞེས་ལག་གཉིས་སྙིང་གར་ཟིམ་ཏེ་གསོལ་བ་འདེབས་ཀྱི་ཡིན།
རྨ་ཆུའི་རླབས་སྒྲ་ལགས།
ཁྱེད་ཀྱིས་དུས་ཚེས་དང་གནས་ཚུལ་ཁ་བསངས་ནས་གསུང་འདུག་སྟབས། འདི་ཐད་ཞིབ་འཇུག་དང་བསྐྱར་ཞིབ་བྱེད་མཁན་ཚོས་རེ་རེ་བཞིན་བརྩད་གཅོད་གཏོང་ཐུབ་གི་རེད། སླར་ཡང་ཐུགས་རྗེ་ཆེ།
ཨོ། ད་གོ་སོང་། ངུ་དགོས་སམ་དགོད་དགོས། གསུངས་དང་། ཡ་གསུངས་དང་།
ཁ་སང་གོང་ས་མཆོག་ལ་ཉེ་ཆར་ཨེ་ཕིས་གསར་ཁང་གིས་བཀའ་འདྲི་ཞུས་པ་ཞིག་མཇལ་སོང་ལ། མཚམས་ཤིག་ནས་གསར་འགོད་པས་བསམ་བཞིན་དུ་ཁོང་གི་ཕྱག་རིས་བསྟན་སོང་། ལོ་མང་སྔོན་གྱི་ཕྱག་གཞོན་ཤ་ཆགས་པ་དེ་ད་ཆ་བགྲེས་ཉམས་ཆེན་པོས་ཁེངས་བསྡད་ཡོད་པ་ཞིག་མཇལ་ནས་མིག་ཆུ་ཡང་རང་དབང་མེད་པར་ཤོར་སོང་། ཁོ་བོ་རང་ཉིད་ད་ལྟ་ལོ་ན་བཞི་ཅུ་ཟིན་ཙམ་ཞིག་ཡིན་ཡང་རང་ཉིད་རྒས་སོང་བསམས་ནས་བསྡད་ཡོད་ཀྱང་། ཨ་ཤུ་རེ་ཁོ། གོང་ས་མཆོག་ད་ལྟ་དགུང་ལོ་བཞི་ཅུའི་ནང་ན་ཡོད་ཚེ་བོད་མི་དམངས་འདི་ཇི་འདྲའི་སྐྱིད་པ་ཨང་བསམས་ནས་སྐྱོ་བ་འཕར་མ་ཞིག་ཀྱང་སྐྱེས་སོང་།
ནམ་མཁའི་བླ་མ་དཀོན་མཆོག་མཁྱེན་་་
ད་ཅི་དྲག
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
ལྷག་པར་དུ་དོན་མེད་ྐླན་ཀ་འཚོལ་བའི་མཆན་བུའི་རིགས་གཏན་འགོག་བྱེད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཡ་ཡ་གདང་དགོང་གི་མཆན་བུ་དེ་ཚིག་རྩུབ་དྲག་པ་འདྲ། ཡིན་ནའང་༧གོང་ས་མཆོག་དང་འདྲ་འདྲ་བྱེད་སྟངས་འདིར་ཡི་གར་མི་འོངས་བ་ཞིག་རེད།
ཁ་བརྡ་ལགས། མཆན་བུ་འགའ་ཤས་ནང་།
དགེ་ཆོས་གྲྭ་ལོག
ཞོགས་དུང་ལྟ་ལོག
དོན་གྲུབ་རྒྱལ་སྤྱོད་ལོག
ཅེས་བྲིས་འདུག་པས་འདི་སྐྱེ་བོ་སྒེར་པ་ལ་དམོད་ཚིག་མ་ཡིན་ནམ།
རྨ་ཆུའི་རླབས་ཀྱིས་ས་རྡོ་དབྱེ་འབྱེད་བྱས་པ་ལྟར། གནད་དོན་འདི་རང་དགར་འཇོག་མིན་རྒྱ་ཆེའི་མི་མང་གིས་ལྟ་དགོས་པ་ཞིག་རེད། འདིའི་འགན་ཡོངས་རྫོགས་ས་གནས་དོན་གཅོད་ཀྱིས་གསལ་བཤད་མ་བྱས་ཚེ། ཐད་ཀར་བདེ་སྲུང་ལས་ཁུངས་དང་སྐུ་སྒེར་ཡིག་ཚང་ལ་དྲི་བ་ཞུ་དགོས་བར་འདོད། ང་ཚོ་ཚང་མས་མཁྱེན་གསལ་ལྟར།
༡ ཨ་ཀྱ་འདིའི་ངོ་བོ་བོད་མི་སྐྱབས་བཅོལ་བ་སྤྱི་མཚུངས་དང་གཅིག་པ་མིན། ཨ་ཀྱ་རང་གིས་ཁོ་རང་ཆོས་ལུགས་སྲིད་བྱུས་ཁོ་ན་མ་འགྲིག་པས་སྐྱབས་བཅོལ་ཏུ་ཕེབས་པ་ཡིན་ཟེར། བཙན་བྱོལ་གཞུང་དང་མི་མང་གིས་རྒྱ་ནག་ཐོག་འཛིན་པའི་གཞི་རྩའི་ལྟ་སྟངས་ཡོངས་ལ་རྒྱུས་མེད་དུ་སྡོད་ཁུལ་དང་། ཁོང་གི་ཆབ་སྲིད་ཐད་ཀྱི་སྐད་ཆ་མང་ཆེ་བ་ད་དུང་རྐང་བ་ཉིས་འཛུགས་རང་གི་ཐོག་ཏུ་བསྡད་ཡོད་ན། བཀའ་ཤག་གིས་ཞི་མོལ་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་བྱས་པའི་རྒྱུ་མཚན་གང་ཡིན་ནམ།
༢ ཁོ་རང་སྐུ་འབུམ་བྱམས་བརྩེ་གླིང་གི་བདག་པོར་བསྐོ་སྟངས་ནི་བཙན་བྱོལ་གཞུང་གི་སོག་པོ་ཕྱི་ནང་དང་ཧི་མ་ལ་ཡའི་རི་བརྒྱུད་བཅས་སུ་བོད་ཀྱི་རིག་གཞུང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་སྲིད་བྱུས་འོག ཁྲིམས་མཐུན་བསྐོ་བཞག་བྱས་པ་རེད་དམ། སྐུ་སྒེར་ཡིག་ཚང་གིས་ཐད་བསྐོས་རེད་ཟེར་བ་དེ་བདེན་ནམ། བདེན་ན་རྒྱུ་མཚན་ཅི་ཞིག་ཡིན་ནམ། རྒྱ་ནག་གིས་གསུངས་བའི་དཔོན་ཉམས་ངོ་སོ་རང་ལུགས་ཀྱིས་བསྐོ་བཞག་མི་བྱེད་པ་སྐུ་སྒེར་ཡིག་ཚང་གི་ལོ་རྒྱུས་དང་འབྲེལ་ཡོད་པ་ཞིག་རེད།
༣ ད་རེས་གནས་ཚུལ་ལ་རིམ་ཉན་ཞུས་འབྲས། ས་གནས་བོད་རིགས་མི་མང་རྣམས་ཧ་ཅང་བློ་ཕམ་ཆེན་པོ་བྱུང་སྐད་ཐོས་ལ། རྒྱུ་མཚན་མེད་པར་རྒན་རབས་པ་འདི་དག་སྐད་འཆོར་གྱི་མ་རེད་བསམ་སོང་། དེའི་རྐྱེན་ད་རེས་སྐུ་ཕྱའི་སྐོར་གྱི་གནད་དོན་འདི་ས་གནས་ནས་གསལ་བཤད་ངེས་འདྲོངས་མཐོང་བ་བྱུང་ན་ལས། དེ་མིན་ཨ་རིའི་སྤྱི་འཐུས་མཆོག་གིས་ཚོགས་དུས་རྗེས་མར་བསྣམས་ཕེབས་རྒྱུར། བཀུར་འོས་དགེ་རབ་དང་རྨ་རླབས་ཁྱེད་རྣམ་པ་ཚོས་འགན་ཁུར་དགོས་རྒྱུ་རེད།
༤ ངོས་ནས་ཀྱང་གནད་དོན་འདི་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་ཁ་བརྡ་དྲ་བར་གཟིགས་རོགས་གནང་ཞེས་སྐྱབས་འཇུག་ཞུ་རྒྱུ་ཡིན།
ས་ཡ་དྲུག་གི་སེམས་པ་གཏོད་སའི་སེམས་ཅན་སྐྱབས་མགོན་བླ་མ་ཁོང་།།
ཞི་བདེའི་དོན་དུ་ཞི་དུལ་ངང་ནས་ཞིང་མཆོག་རྡ་སར་བཞུགས་མཛད་ནས།།
སྐུ་ཕྱ་དང་འབྲེལ་སྐུ་ལུས་འཕྲོད་བསྟེན་འཐུས་ཤོར་མེད་ན་སྐུ་གཟུགས་བདེ།།
ཧམ་པ་ཆེན་པོས་ཧ་ལམ་བྲེལ་བའི་ཧ་ཅང་གདན་འདྲེན་ཞུས་དྲག་སོང་།།
i dont hve Himalaya
འདི་ཟླའི་ཚེས་༢༠ ཉིན་ཉེའུ་ཡོག་ནས་གསར་འགོད་ ༡༠༠ འཛོམས་སར ༸ཎནསྣྲཀགོང་ས་མཆོག་ལ་གསུང་ཆོས་ཕྱག་འཁྱེར་རིན་གོང་ཆེ་བའི་རྒྱུ་མཚན་ཇི་ཡིན་གྱི་དྲི་བ་ཕུལ་བར། མགོན་པོ་གང་ཉིད་མཆོག་གིས་གནད་དོན་འདི་རིགས་གསུང་ཆོས་གོ་སྒྲིག་གནང་མཁན་ཚོར་འདྲི་དགོས་པའི་དགོངས་ཚུལ་སྟོན་པ་དང་སྦྲགས་བཀའ་ལན་སྩལ་དོན། ངོས་ཀྱིས་དུས་རྒྱུན་གོ་སྒྲིག་གནང་མཁན་ཚོར་གསུང་ཆོས་ལག་འཁྱེར་གྱི་རིན་གོང་གང་ཆུང་ཆུང་འཇོག་དགོས་པ་ཞུས་ཀྱི་ཡོད། ངོས་ནས་གསུང་ཆོས་ཀྱི་དངུལ་ནམ་ཡང་ལེན་མྱོང་མེད། ཉེ་ཆར་ཨིན་ཌིི་ཡཱ་ནའི་གསུང་ཆོས་ནས་བྱུང་བའི་དངུལ་དེ་དག་བཀྲེས་ལྟོགས་ངལ་སེལ་ལས་གཞི་དང་སྐྱེ་རྒུ་མདོའི་ས་ཡོམ་གདུང་སེལ་ཚོགས་པ་ཁག་ལ་ཕུལ་ཡོད་སྐོར་བཀའ་སྩལ། བོད་གཞུང་དྲ་བ་གང་བཀོད་བཤུས་འགོད་ཞུས་ཡོད།
གོང་གསལ་གྱི་རབ་གསལ་གྱི་མཆན་༤༡ པ་དེར་ངས་སྐབས་ཐོག་དེ་རང་ལ། ཁོང་གི་རྩོམ་རང་ལས་ལུང་དྲངས་ཏེ། སྐུ་མདུན་གྱི་སྐུ་ཕྱྰའི་ཆེད་དུ་དེ་གའི་ཚོགས་པ་ཁག་ཚང་མས་མཉམ་རུབ་བྱས་མེད་པའི་རྒྱུ་མཚན་དོན་ཚན་ཁ་ཤས་བྲིས་པ་ཡིན། དེ་མ་བྲིས་སྔོན། དུས་བབ་ནང་གི་ཁོང་གི་རྩོམ་དེ་སྒོ་རྒྱག་རོགས་ཟེར་ནས་འབོད་སྐུལ་བྱས་འདུག་པ་མཐོང་། ཡིན་ནའང་། ངས་མཆན་འབྲི་སྐབས། ཁ་བརྡའི་ཁོང་གི་རྩོམ་དེ་སྒོ་རྒྱབ་ཡོད་པ་མཐོང་མ་སོང་། ངས་ལན་ཞིག་བྲིས་ནས་ཕར་བཏང་བ་དང་འགྲོ་མ་སོང་།
དེ་ནས་ངའི་མིག་ངོར་ཤར་བ་ནི། ད་ཆོ་མི་འདུག་གཡུག་ཞོག སྒོ་རྒྱབ་པ་ཡིན་ཟེར་བའི་ཡིག་འབྲུ་དེ་དག་ཤར་སོང་། ངས་ཀྱང་དེ་མུར་བཏང་སྙོམས་སུ་བཞག་པ་ཡིན། དོན་དག་ཆེན་པོ་གེ་མ་རེད།
ཡིན་ནའང་། རྗེས་སུ། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེག་པ་ཡིན་ནམ་སྒོ་ཡང་སྐྱར་ཕྱེས་འདུག མུ་མཐུད་ངས་བཏང་སྙོམས་སུ་བཞག་པ་ཡིན།
ད་ངས་སྔོན་མའི་ལན་ཡང་སྐྱར་འབྲི་འདོད་མེད། གསལ་བཤད་ཙམ་ཡིན། འགའ་རེས་ངའི་མཆན་ནང་གཤེ་གཤེ་བཏང་མེད་ཀྱང་རབ་གསལ་གྱིས་བསུབས་སོང་ཟེར་བ་འགའ་རེ་མཐོང་ཡང་ངས་ཡིད་ཆེས་བྱས་མེད། ད་བསམ་ན། གཅིག་བྱས་ན་དེ་ཡང་བདེན་པ་མིན་འགྲོ་བསམ་བསམ་ཞིག་འདུག གཤེ་གཤེ་མིན་པར་རྒྱུ་མཚན་ཡོད་ན་མ་བསུབས་རོགས་ཞུ་ཡ་ཡིན། སྤྱིར་བཏང་རབ་གསལ་ལགས་ཀྱི་རྩོམ་དང་མཆན་གང་ཡིན་རུང་རྒྱུ་མཚན་གྱིས་ཕོངས་པ་དེ་འདྲ་མ་རེད། ཁོང་གི་རྩོམ་མཆན་ཚང་མ་གལ་ཆེན་པོར་བརྩིས་ནས་ཀློག་གི་ཡོད།
དེ་རིང་པར་ཨུ་ཚུགས་རྒྱབ་ནས་མ་ཤེས་མདོག་མདོག་བྱས་པ་ཡིན་ཡང་། དེ་རིང་ང་ར་ཅུང་ཟད་བཟི་སོང་བས་སེམས་ནང་གི་སྐད་ཆ་དེ་མ་བཤད་པར་འཇོག་ཐུབ་མ་སོང་། དགོངས་འགལ་མེད་པ་གནང་། མ་བུ་མོའི་ཁོག་ལ་བུ་ཆུད་ན། སྟག་ཤ་རའི་ཁོག་ལ་ཚིག་ལོས་ཆུད།
མགོན་པོའི་ཐུགས་ལ་ཕོག་ན་མཐོལ་ལོ་བཤགས།
མགོན་པོའི་ཕྱག་ལ་ཕོག་ན་མཐོལ་ལོ་བཤགས།
དོན་མེད་ཉོག་གཏམ་སྤེལ་བའི་མཆན་བུ་ལ༎
མཚམས་རེར་མཚམས་དང་ཚོད་ཅིག་དགོས་པར་སྣང་༎