ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་གི་གསར་འགོད་པ་དང་། རྩོམ་སྒྲིག་པ། བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༣༠༠ ཙམ་ལ་གསུང་བཤད་གནང་འདུག
དེ་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གཞུང་ལ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་དང་སྦྲགས་གསུང་དོན། ང་ཚོས་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་ནང་རང་སྲིད་རང་སྐྱོང་ཐོབ་ཐབས་བྱེད་བཞིན་ཡོད།
དེ་སྔ་ཨ་རིའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མ་Barack Obama མཆོག་༧གོང་ས་མཆོག་དང་ལྷན་མཇལ་འཕྲད་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་ཟླ་ཆགས་ཀྱི་མེད་སྟབས་རྒྱབ་སྐྱོར་མུ་མཐུད་ཤུགས་ཆེ་གནང་ཡོད། ཁྱེད་ཚོའི་རྒྱབ་སྐྱོར་ནི་བོད་མི་ས་ཡ་དྲུག་ལ་རྒྱབ་སྐྱོར་ཙམ་མ་ཡིན་པར་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་བོད་ཀྱི་ཁོར་ཡུག་བཅས་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་ཀྱོ་ཌོ་གསར་འགྱུར་སྡེ་ཚན་གྱི་བཅར་དྲིར་ལན་འདེབས་གནང་དོན། ཨ་རིའི་སྲིད་འཛིན་ Trump མཆོག་གིས་ཀྱང་དེ་སྔའི་ཨ་རིའི་སྲིད་འཛིན་ལྟར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་དང་། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བའི་རེ་བ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ Rex Tillerson མཆོག་གིས་པེ་ཅིང་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་བམ་བོད་མིའི་སྒྲིག་འཛུགས་དབར་གྲོས་མོལ་ཡོང་ཐབས་མུ་མཐུད་འབད་བརྩོན་ཡོང་སྐོར་དང་། དེ་བཞིན་བོད་ནི་ཨེ་ཤི་ཡའི་ནང་རྒྱུག་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཆགས་ཡོད་པ་དང་། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཆུའི་འབྱུང་ཁུངས་བོད་དེ་རྒྱ་ནག་གི་དཀའ་ངལ་ཞིག་ཆགས་མེད་ཅིང་། སེང་གེ་ཁ་འབབ་ཀྱི་གཙང་ཆུ་བརྒྱ་ཆ་ ༤༠ བོད་ཀྱི་འཁྱགས་རོམ་ནས་འབྱུང་བཞིན་ཡོད་པ་མ་ཟད། རྒྱ་ནག་ནང་རྒྱུག་པའི་འབྲི་ཆུ་དང་རྨ་ཆུ། དེ་བཞིན་ཝེ་ཐི་ནམ་ནང་རྫ་ཆུ། རྒྱ་གར་དང་བངྒ་ལ་དེཤ་ནང་ཡར་ཀླུངས་གཙང་པོ་སོགས་ཀྱི་འབྱུང་ཁུངས་དེ་ཡང་བོད་ཆགས་ཡོད་སྐོར་གསུངས་འདུག
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཊོག་ཡོར་བོད་རིགས་ཚོ་ཟུར་དུ་ཐུགས་འཕྲད་ཡང་གནང་སྟེ། བཀའ་ཤག་སྐབས་ ༡༥ པའི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་མིའི་ངོ་བོ་སྲུང་སྐྱོབ་ཆེད་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དེ་དག་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་གསུང་བཤད་གནང་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་ཆབ་སྲིད་གཉའ་གནོན་དང་། རིག་གཞུང་རྩ་གཏོར། དཔལ་འབྱོར་ཟུར་ཕུད། མི་རིགས་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་སོགས་ཀྱི་དཀའ་ངལ་དེ་དག་སེལ་རྒྱུར་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་མོལ་བསྐྱར་གསོ་ཐུབ་རྒྱུར་བཀའ་ཤག་ནས་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་ཅེས་སོགས་གསུངས་འདུག །
ཆོ་མེད་པའི་འབོད་བསྐུལ། ཉི་ཧོང་ལ་དགོས་རྒྱུ་དེ་བོད་རང་བཙན་རེད། དབུས་མའི་ལམ་ཟེར་ན་ཁོང་ཚོ་སྐྱུག་བྲོ་བ་ལས་རྒྱབ་སྐྱོར་མི་བྱེད།
“དབུས་མའི་ལམ་ཟེར་ན་ཁོང་ཚོ་སྐྱུག་བྲོ་བ་ལས་རྒྱབ་སྐྱོར་མི་བྱེད།” འདི་ལ་རྒྱུ་མཚན་བཤད་དགོས། རྒྱུ་མཚན་མེད་པར་་ཇི་ལྟར་རྟོགས་ཐུབ།
རྒྱུ་མཚན་ནི་ཉི་ཧོང་ལ་དགོས་པ་དེ་རྒྱ་ནག་ཁ་བྲལ་རེད། དབུས་མའི་ལམ་ལ་ཁ་བྲལ་མེད། ཉི་ཧོང་བའི་འདོད་པར་རྒྱ་ནག་འདི་དུམ་པོ་མང་ཙམ་འགྲོ་ན་བསམ་ནས་ཡོད།
ཉི་ཧོང་བའི་འདོད་པར་རྒྱ་ནག་འདི་དུམ་པོ་མང་ཙམ་འགྲོ་ན་བསམ་ནས་ཡོད། དེ་འདྲ་ཡིན་ཡང། བོད་ལ་བདེ་སྐྱིད་འབྱུང་ན། རྒྱ་ནག་ཁ་བྲལ་མ་ཁྲལ་ཁྱད་ཨེ་ཡོད།
དེང་དུས་ཉི་རྒྱ་བདག་མེད་མཚོ་གླིང་རྩོད་།
ཉི་རྒྱའི་ཆམ་སྲིད་རྩོད་གླེང་འགལ་ཟླའི་འོག་།
བོད་ཕན་ཆབ་སྲིད་བོད་མིའི་རེ་བ་ཙམ་།
རེ་བའི་དུས་ཚོད་ནམ་ཡང་རྫོགས་ལ་དཀའ་།
མཛུབ་མོ་ལྔ་ཆིག་སྒྲིལ་བྱེད་མ་ཐུབ་ན། མི་ལ་མུར་མཛོག་གང་འདྲ་བྱེད་ནས་གཞུ།
བོད་དོན་བདེན་མཐའ་སེལ་བ་དང་། གཞིས་བྱེས་མཉམ་འཛོམ་ཡོང་སླད་ཞི་མོལ་གནང་མཁན་སྐུ་ཚབ་འདི་ཡིན་མེད་པ་ལ་དཔྱད་ཚེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དགོས་གལ་གཟིགས་ཀྱི་མེད་པ་འདྲ།
རྒྱལ་འབྲེལ་ཆབ་སྲིད་རྩ་བ་བརྟན་དང་གཅིག་།
བོད་རྒྱའི་འབྲེལ་ལམ་དབུ་ལམ་བརྒྱུད་དང་གཉིས་།
ཕར་བཤད་ཚུར་ཉན་ཚུར་བཤད་ཕར་ཉན་དང་གསུམ་།
བོད་རྒྱ་བདེ་བའི་ཆབ་སྲིད་བསྐྲུན་དང་བཞི་།
འཛམ་གླིང་ཆབ་སྲིད་རི་མགོའི་དར་ལྕོག་ལ་།
ནམ་ཡང་ཡིད་ཆེས་ཐུབ་པའི་རེ་བ་དཀོན་།
བོད་རྒྱ་ས་སྦྲེལ་ཁྱིམ་མཚེས་རྒྱལ་ཁབ་གཉིས་།
ཁ་དམག་འགན་འཁུར་དུས་ཚོད་སྐྱེལ་བ་ལས་།
མི་དང་མི་ཐུག་ནང་གྲོས་ཐབས་ལམ་འཚོལ་།
ཧྲག་གི
༄༅། ང་ཚོའི་རྒྱ་ལ་དབུས་ལམ་སྲིད་བྱུས་འཛིན། རྒྱ་ནས་བོད་ལ་ཁ་བྲལ་ཁོ་ན་བརྗོད།
དབུ་དང་ཁ་བྲལ་ནམ་ཞིག་མཐུན་ནམ་མཁྱེན། ལྷ་སྲུང་མ་མཆོག་གསུམ་དམ་པས་གཟིགས།
རྒྱ་ནི་ཆོས་མེད་ལས་དང་རྒྱུ་འབྲས་མེད། བོད་ནི་ཆོས་ཡོད་ལས་དང་རྒྱུ་འབྲས་བརྕི།
ཡིན་ཡང་གཉིས་ཀ་འགྲོ་བ་མི་ཞིག་ཡིན་ཆ་ནས། མི་ཡི་མི་ལ་སྐད་ཅ་བཤད་པ་འོས།
ཆབ་སྲིད་རིག་པས་ཆབ་སྲིད་ནོར་མི་ཉན་།
ཆབ་སྲིད་རིག་པས་ཆབ་སྲིད་བརྟན་ན་དགའ་།
ཆབ་སྲིད་ཐམས་བཅས་རང་རྒྱལ་གཞན་ཕམ་ལ་།
ངེེས་པ་རྙེད་ནས་རང་ཚུགས་བརྟན་ལ་རེམས་།
འཛམ་གླིང་ཆབ་སྲིད་རི་མགོའི་དར་ལྕོག་ལ་།
མིག་ཙུམ་ཡིད་ཆེས་ནམ་ཡང་གནང་མི་ཉན་།
ཆབ་སྲིད་ཟློས་གར་རྒྱུ་མའི་བཤིས་ལུགས་ལ་།
ཚོད་འཛིན་ཐུབ་ནས་རང་མཁེ་ལོན་ལ་བརྩོན་།
བོད་རྒྱའི་འབྲེལ་ལམ་བོད་རྒྱ་གཉིས་ཀྱི་འགན་།
འགན་འཁུར་མ་ཐུབ་པའི་ཆབ་སྲིད་བརྟན་ན་བཟང་།
རྒྱལ་གཞན་བོད་རྒྱའི་ཆབ་སྲིད་འབྲེལ་ལམ་།
ཇུ་གཏོགས་འགན་འཁུར་རེ་བའི་མཐའ་རུ་ཟད་།
ནོར་བཅོས་ རྒྱལ་གཞན་བོད་རྒྱའི་ཆབ་སྲིད་འབྲེལ་ལམ་ལ་།