གཞུང་ཞབས་རྩེ་དྲུང་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་སྙུང་གཞིའི་རྐྱེན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཟིམ་ཁང་དུ་སྐུ་གྲོངས་ཡོད་འདུག
ཕྱི་ལོ་ ༡༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩།༠༥ ཙམ་གྱི་ཐོག གཞུང་ཞབས་རྩེ་དྲུང་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་རྒྱ་གར་གྱི་རྒྱལ་ ས་ལྡི་ལིར་ཡོད་པའི་གཟིམ་ཁང་དུ་དབུགས་འཚང་གི་སྙུང་གཞིའི་རྐྱེན་པས་སྐུ་གྲོངས་ཡོད་པ་དང་། མཆོག་དང་འབྲེལ་འདྲིས་ཆེ་བའི་ལྡི་ལིར་གནས་སྡོད་སྐལ་བཟང་འཇིགས་མེད་ལགས་ཀྱིས་འདི་གའི་གསར་འགོད་པར། སྐུ་ངོ་དུས་དབང་ཞུ་རུ་ཕེབས་ཏེ་ཕྱིར་ལྡི་ལིར་འབྱོར་ནས་ཉིན་གྲངས་ ༢ ཙམ་གྱི་མཚམས་སུ་གློ་བུར་དུ་དབུགས་གཏོང་ཁག་པོ་ཆགས་ཡོད་པ་དང་། དེ་ནས་ལྡི་ལིའི་(Holy Family Hospital)སྨན་ཁང་དུ་བདུན་ཕྲག་གཅིག་ཙམ་རིང་བཞུགས་རྗེས། སྨན་ཁང་གི་ལམ་སྟོན་ལྟར་ཕྱིར་གཟིམ་ཁང་དུ་གདན་འདྲེན་ཞུས་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོར་གཟིམ་ཤག་ཏུ་སྐུ་གྲོངས་ཡོད་སྐོར་བརྗོད་བྱུང་།
གཞུང་ཞབས་ཟུར་པ་སྐུ་ངོ་སྣར་སྐྱིད་ངག་དབང་དོན་སྒྲུབ་མཆོག་སྐུ་བཤེགས་པར་བློ་ཕམ་དང་བཅས་བསྔོ་སྨོན་ཞུ་གི་ཡོད་ལ་གོང་གི་ཕྱི་ལོ་13ཉིན་ཟེར་བ་དེ་གང་ལ་གོ་དགོས་པ་རེད་གསལ་བཤད་གནང་རོགས་།
ལྷག་བསམ་ཤེས་འཇོན་གཞུང་ཞབས་ངག་དོན་ལགས་།
སྐུ་ཚེ་ཧྲིལ་པོ་གཞུང་མང་དོན་དུ་རྫོགས་།
འཆི་ལམ་བགྲོད་པ་འཇིག་རྟེན་བཤིས་ལུགས་རེད་།
བདེ་ལམ་བགྲོད་པའི་བསྔོ་བ་སྨོན་ལམ་ཞུ་།
བོད་ཀྱི་རིག་གནས་སྨྲ་བའི་མཁས་དབང་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་པས་འདི་ནས་མྱ་ངན་གུས་འདུད་སྙིང་ནས་ཞུ་བཞིན་ཤུལ་ལ྄ུས་ནང་མི་ཁྱིམ་ཚང་དང་གཉན་ཉེ་ཡོངས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་སེམས་གཏིང་ནས་ཞུ། །
ལར་དམ་པ་ཁོང་ནི་བོད་ཀྱི་བོན་གྱི་ལོ་རྒྱུས་དང་རིག་གནས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་བོད་ཀྱི་རྒྱལ་དར་བཟོ་བཀོད་སྐབས་བོན་གྱི་ལོ་རྒྱུས་བཀོད་པ་དང་འགོད་ཐབས་གནང་མཁན་གྱི་དབུས་གཙང་བའི་མི་སྣ་རྩ་ཚང་མཁན་གཅིག་པུ་དེ་ཡིན་ས་རེད།
དེ་འདྲ་ཡིན་དུས་དྲང་བདེན་ལ་དགའ་མཁན་ཚོས་ལྷག་བསམ་ཅན་གྱི་སྐྱེས་བུ་ཁོང་ལྟ་བུ་ལ་རྗེས་དྲན་བསྔོ་སྨོན་དང་ཤུལ་ལུས་ནང་མི་ཡོངས་ལ་སེམས་གསོ་ངེས་པར་དུ་ཞུ་དགོས་པ་གལ་ཆེན་རེད་སྙམ་མོ། །
མི་གཅིག་གྲོངས་ན་མི་གཞན་ཞིག་ལ་ཟུར་ཟ་བྱེད་པ་འདི་རྩ་མ་ཐང་བའི་མིའི་བྱ་སྤྱོད་རེད།
མྱ་ངན་གུས་དུད་ཞུ།།
ད་ཡང་ཁ་ཤས་ལ་ཕོག་ཡོད་ས་རེད། ཨ་ཁ་ཁ་ཁ།
༅༅། ཚེ་ནི་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས།
སྐྱེ་འགྲོའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ་
ཞེས་གསུངས་པ་ལྟར་རོ།
༅༅། ཡོང་མཁན་ཡོང་མཁན་འགྲོ་མཁན་འགྲོ་མཁན་རེད།
རྗེས་སུ་ཡོང་མཁན་ཐམས་ཅད་འགྲོ་མཁན་རེད།
མི་རྟག་པ་འདི་སུར་ཡང་སྒུག་མིན་སྟེ།
སོ་སོའི་ལམ་ཁ་སོ་སོའི་འཚོལ་ནས་འགྲོ།