རྣམ་གྲོལ་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་ཐོག་གི་དགེ་བཤེས་མ་དང་པོ། Posted on 2017-02-252017-02-25 By བྱ་སྒྲོ་དཀར་པོ་ 15 Comments on རྣམ་གྲོལ་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་ཐོག་གི་དགེ་བཤེས་མ་དང་པོ། བཅར་འདྲི།
ལོ་འདིའི་ནང་ལ་གཏམ་བཟང་ཡག་ཤོས་ཤིག་འདི་ཡིན། དགེ་བཤེས་མ་མང་ཐག་ཆོད་ཕེབས་ནས་བོད་ཀྱི་ནང་བསྟན་བཤད་པའི་བསྟན་པ་འདི་རྒྱས་དགོས་འདུག དེ་མིན་མགོ་སེར་དང་རྒྱ་བླ་དེ་ཚོས་གང་བྱུང་བཤད་ནས་ནང་ཆོས་འདི་རྨོངས་དད་བླུན་པོ་གཏི་མུག་ཅན་གྱིས་མ་གཏོགས་ཁས་ལེན་མ་ཐུབ་པའི་ཆོས་ཤིག་ལ་འགྱུར་ལ་ཉེ།
༄༅། །བོད་ཀྱི་དགེ་བཤེས་མ་བཙུན་མ་རྣམ་གྲོལ་ཕུན་ཚོགས་ལགས་སུ་དགེ་བཤེས་མའི་ཕྱག་འཁྱེར་དང་པོ་ཐོབ་པར་བཀྲིས་བདེ་ལེགས་ཞུ། ནོར་ལྦེའི་རླུང་འཕྲིན་ཁང་གིས་བཅའ་དྲི་ཞུས་པའི་དགེ་བཤེ་མ་ཞིག་གི་སློབ་གཉེར་གྱི་བརྒྱུད་རིམ། བོད་ཀྱི་བོད་མེད་ནུས་སྟོབས་གོང་འཕེལ་དང་དེ་ཐོབ་ཐང་། བཙན་བྱོལ་བོད་མིའི་བཙུན་མའི་ལས་འཆར་མ་འོངས་དགེ་བཤེས་མའི་སློབ་གཉེར་མུ་མཐུད་གནང་ཕྱོགས་དང་སྒེར་གྱི་དམིགས་ཡུལ་དང་ལས་དོན་གནང་ཕྱོགས་བཅས་ལ་རང་གི་མྱོང་བ་དང་འབྲེལ་ནས་བཀའ་ལན་ཡག་པོ་གནང་འདུག ད་དུང་མུ་མཐུད་འཇིག་རྟེན་ཞི་བདེ་དང་ཡང་སྒོས་བོད་ཀྱི་བསྟན་རྒྱས་འགྲོ་བདེ་ཆེད་ལེགས་སྐྱེད་འབུལ་ཐུབ་པའི་རེ་སྨོན་ཞུ།།
རྗེས་སུ་ཡི་རང་གི་གནས་རེད། དགེ་བཤེས་ཁོང་གི་མཛད་འཕྲིན་རྒྱས་པར་སྨོན། འོན་ཀྱང་བོད་ཀྱི་ལོ་རྒྱུས་ཐོག་གི་དགེ་བཤེས་མ་དང་པོ་ལབ་ན་དག་དག་ཅིག་བསྡད་ཡོད་མེད་མི་ཤེས། སྔོན་ཆད་ནས་རྙིང་མ་དང་། ཇོ་ནང་སོགས་ལ་མཁན་མོ་དང་བུད་མེད་སློབ་དཔོན་མང་པོ་ཡོད། དེ་དག་ཀྱང་དགེ་བའི་བཤེས་གཉེན་རེད། དེ་བས་རི་བོ་དགེ་ལུགས་པའི་ལོ་རྒྱུས་ཐོག་དགེ་བཤེས་མ་བྱུང་བ་དང་པོ་རེད་ལབ་ན་འགྲིག་པར་མངོན། གཞན་ཞིག་བཤད་ན། དགེ་བཤེས་ལབ་ན་འགྲིག་པ་ལས་དམིགས་བསལ་དགེ་བཤེས་མ་ཞེས་ལབ་དགོས་པར་ཡང་མ་མཐོང་ངོ་།།
༄༅། ༧རྒྱལ་བ་སྐུ་ཕྲེང་་་ ༡༤ པ་འདིའི་སྐབས་སུ་བོད་ཀྱི་ལོ་རྒྱུས་ནང་སྔར་མ་བྱུང་བ་དགེ་བཤེས་ མ་ལེགས་པར་ཐོན་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་པར་རོགས་ཕན་ཞིག་ཡོང་རྒྱུ་ངེས་པ་རེད། དེ་མིན་བསྟན་པའི་བདག་པོ་རྣམས་ཕར་ཡས་ཚུར་ཡས་་་་ནང་ཆོས་རིག་གནས་དེ་བོད་མིན་ དབྱིན་མིན། རྒྱ་མིན་སོག་མིན་། རོང་མིན་རྒྱ་གར་མིན་པ་ར་མ་ལུག་ཞིག་ཆགས་ངེས་པ་ཞིག་རེད། དེང་སྐབས་དངུལ་ལ་སེམས་ཆགས་ནས་རིག་པའི་གནས་ལ་སྦྱང་མ་གང་ཙམ་བྱུང་ནས་དགེ་བཤེས་ ཐོན་ཡང་ཕྱི་རྒྱལལ་ཁག་ལ་ཕེབས་ནས་རང་ལུགས་མེད་།་ཕྱི་ལུགས་ཀྱང་མེད་པར་བརྟེན་ལས་ཀ་ དཀྱུས་མ་འདྲ་ཞིག་བྱས་ནས་བསྡད་ཀྱི་ཡོད་པ་རེད། ཕ་རིའི་ལྕི་བ་མེད། ཚུར་རིའི་སླེལ་པོ་ཡང་མེད་ པ་འདི་ཐམས་ཅད་དཔལ་འབྱོར་ལ་ཐུག་པ་རེད། ལྟོ་བྲང་ཉི་མས་དྲོས་དུས་ཆོས་པའི་གཟུགས། དཀའ་ངལ་ཐོག་ཏུ་འབབ་དུས་འཇིག་རྟེན་པ་ ཞེས་གསུངས་པ་བདེན་ཡང་བདེན།
ནང་ཆོས་རིག་པ་ཐོས་བསམ་སྒོམས་ཀྱི་བཅུད་། ངལ་བས་འབད་ནས་གནས་ལུགས་བླང་དོར་མིག་། དགེ་བའི་ཤེས་གཉེན་དགེ་སློང་ཕ་དང་མ་། མུན་པ་གསལ་བའི་ཉི་ཟླ་གཉིས་ལ་བསྟོད་། ནང་ཆོས་སྙིང་བཅུད་སྡེ་སྣོད་གསུམ་གྱི་རྒྱན་། སླབས་གསུམ་ནོར་བུའི་ཆོས་ཀྱི་ལམ་སྣ་ཟིན་། གཞི་གནས་ལྷང་མཐོང་བཟུང་དུ་འབྲེལ་བའི་ལམ་། ཕར་ཕྱིན་དྲུག་གི་ས་ལམ་བསྟན་པ་ཤོག་།
དགེ་བཤེས་མའི་གྲུབ་འབྲས་འདི་ཡང་སྲིད་སྐྱོང་གི་བྱས་རྗེས་རེད། སྲིད་སྐྱོང་ལ་་སྐྱབས་སུ་མཆི། སྲིད་སྐྱོང་ལགས་བཀའ་དྲིན་ཆེ། ཧ་ཧ་ཧ་ཧ
༄༅། །ངེས་པར་དཔྱད་དགོས་པའི་ནང་པའི་གནད་དོན་འགའ་ཞིག་སྙན་གསལ་ཞུ་བ། རང་རེ་བོད་པ་ཚོས་ཤེས་དགོས་པ་ཞིག་ནི་གཞུང་བཀའ་པོད་ལྔ་ལ་སྦྱང་རྒྱུ་ལས་ནང་ཆོས་དར་སྤེལ་ཀྱི་ལམ་ཁ་མེད་པ་ལྟ་བུ་དང་། ཚན་རིག་དང་ནང་ཆོས་ཁ་སྦྱོར་མ་ཤེས་ན་དུས་རབས་ཉི་ཤུ་བའི་རྗེས་མི་ཆོད་པའི་ལྟ་བ་གཉིས་ཀ་ལས་ལམ་ཁ་གཞན་པའང་ཡོད་ཆོག ལྷོ་བརྒྱུད་དང་རྒྱ་རྒྱུད་གཉིས་ཀས་དེའི་ལམ་སྲོལ་གཙོ་བོར་བྱས་མེད་ལ། འཛམ་གླིང་གི་ཆོས་ལུགས་གཉིས་པ་ཁ་ཆེའི་ཆོས་ལུགས་ལའང་དེའི་ཆ་རྐྱེན་མེད། ཆོས་ལུགས་གཞན་དག་ལ་འང་དེ་བཞིན་ནོ། །ངས་ཚན་རིག་གི་ལམ་ནས་བོད་བརྒྱུད་ནང་བསྟན་གྱི་ནོར་ཕྱེད་བརླག་འགྲོ་བའི་ཉེན་ཁ་ཞིག་ཀྱང་མཐོང་། །མ་ཤེས་ཡིན་སྲིད་པས། འདི་ནི་རྣམ་རྟོག་དང་ནང་བསྟན་ལ་ཤ་ཞེན་གྱི་གླེང་བསླང་པ་ཙམ་ལས་མི་སྒེར་བ་སུ་ལང་སྐྱོན་བརྗོད་མིན། ། ༡༽སྤྱིར་ནང་བསྟན་གྱི་ལོ་རྒྱུས་ལ་སྟོང་ཆ་དང་རྟོག་བཟོ་ཤིན་ཏུ་མང་པས། དོན་གྱི་ནང་པ་སངས་རྒྱས་པ་དེ་ཅི་འདྲ་ཞེས་བཤད་ན་ལོ་རྒྱུས་ཀྱི་ངོས་ནས་རྡོ་རྗེའི་ལྟ་བུའི་བདེན་དཔང་ཞིག་ད་ལྟ་བར་ཏུ་རྙེད་མེད་པ་ནང་པ་སྤྱིའི་ཞན་ཆ་ཆེ་ཤོས་རེད། ༢༽ནང་པ་དུང་ཕྱུར་བཞི་ལྔའི་ནང་དུ་ཆེས་མང་པ་རྒྱ་ནག་བསམ་གཏན་པ་དུང་ཕྱུར་གསུམ་ཟིན། དེའི་འཕྲོར་ལྷོ་བརྒྱུད་ཐེག་དམན། བོད་བརྒྱུད་ཆོས་ལུགས་བྱེ་བ་གཅིག་དང་ཕྱེད་མ་ཟིན་ཙམ་ལས་མེད་པས་གྲངས་ཉུང་ཆོས་ལུགས་ཡིན། ག་ཚོ་བོད་བརྒྱུད་ནང་པའི་གྲས་སུ་སླེབས་དོན་ནང་པ་སྤྱིའི་ཞེན་པ་དང་། ལ་རྒྱས་སྒོ་ནས་བོད་བརྒྱུད་ནང་ཆོས་སུ་བཙུད་པ་ཙམ་ལས་དགའ་དྲག་པ་དང་། ཡིད་ཆེས་དྲག་པ། ་ནང་ཆོས་གཙང་མ་ཡིན་པའི་ངོས་ལེན་སུ་ལའང་མེད། བོད་ཀྱི་གསང་སྔགས་ཧིན་དྷུའི་ལྷ་སྒྲུང་ཆོས་ལུགས་ལས་བྱུང་བ་དང་། རྩོད་པའི་རིགས་ལམ་ཚད་མ་སོགས་རྒྱ་གར་གྱི་རིགས་གཞུང་། དབུ་མ་སོགས་རིག་བྱེད་པའི་ལྟ་བ་ལས་ནང་པ་གཙང་མ་ཡིན་པར་རྒྱ་བརྒྱུད་དང་ལྷོ་བརྒྱུད་གཉིས་ཀས་མི་འདོད། བོད་བརྒྱུད་ནང་བསྟན་ནི་རྣམ་པ་བརྒྱུད་པའི་རྒྱ་གར་ཆོས་ལུགས་རེད་ཆེས་ཧི་ཧོང་དག་རྒྱ་ནག་གི་མཁས་པ་མང་པོས་བཤད་མྱོང་། དིས་རབས་འདིར་ནང་ཁུལ་ནས་ང་མཁས་ཁོ་མཁས་ཟེར་ནས་རྩོད་པའི་ཐལ་སྒྲ་ཇི་ལྟར་བསྒྲགས་ཀྱང་རུང་། བོད་བརྒྱུད་ནང་བསྟན་ལ་དགག་པ་བྱེད་མཁན་ས་སྟེང་གང་ཡོད་པར་ལན་ཕྲན་ཙམ་སྟེར་བའི་སྤོབས་པ་དང་ཤེས་རབ་ཅན་མི་གསུམ་ལས་བྱུང་མེད། དོར་ཞི། བསོད་དར་རྒྱས། ཚུལ་ཁྲིམས་བློ་གྲོས་གསུམ་མོ། འདི་དག་གི་ལན་ཡང་ཞིབ་ཏུ་བརྟགས་ན་རང་གི་ཆོས་དང་རིག་གཞུང་གི་ཕྱོགས་ཁོ་ན་བཟུང་བའི་ཤ་ཞེན་ཙམ་ལས་ལན་གནད་དུ་འགྲོ་བ་རེད་ཟེར་དཀའ། ༣༽རང་རེའི་བསྟན་པ་སྤེལ་བར་དགེ་བཤེས་བརྒྱ་ཆའི་༩༠་ཙམ་གྱིས་ངེས་པར་ཕན། བརྒྱད་ཆའི་༥་ཙམ་ཕན་མི་ཐོགས་མཁན་དང་། བརྒྱ་ཆའི་༥་ཙམ་གནོད་སྐྱེལ་མཁན་རེད། ཕན་མ་ཐོགས་པར་རག་གི་ལྟོ་གོས་ཙམ་ཡང་འཚོལ་མ་ཐུབ་པར་ཡོད་མཁན་དུ་མ་དང་། གནོད་སྐྱེལ་མཁན་ཆོས་ལུགས་ལ་ཀུར་འདེབས་མཁན་མང་པོ་ཞིག་གྲྭ་སའི་དཔེ་ཆ་པ་དང་ས་རྙིང་མཁན་ལོག་ཚོ་རེད། དེ་བཞིན་གྲྭ་ས་ནས་དཔེ་བལྟས་ཅུང་ཟད་བྱས་ཟིན་པའི་རྒྱ་རིགས་ཀྱང་གསུམ་བཞི་ཞིག་ཡོད། བོད་བརྒྱུད་ལ་དགག་པ་ནན་པོ་བྱེད་མཁན་གཏེ་བོ་ཤོ་ཕུན་ཧྲི་ཟེར་བའང་སོག་པའི་དགེ་བཤེས་བོད་ནས་དཔེ་བལྟ་མྱོང་མཁན་ཞིག་གི་རྩར་དབུ་ཚད་སྦྱང་ནས་ལོ་༥་ཙམ་བསྡད་ཡོད། ༤༽ནང་པ་ཚན་རིག་དང་མཐུན་མ་ཐུབ་ན་ལམ་ཁ་མེད་པར་འདོད་པ་མང་མོད། ནང་ཆོས་ཀྱི་ལུས་ཀྱི་གྲུབ་ཚུལ་སེམས་ཀྱི་ནུས་པ་གཉིས་ཙམ་ལས་མིག་སྔར་ཚན་རིག་གི་སྒོ་ནས་ར་འཕྲོད་ཐུབ་པ་ཞིག་གཏན་ནས་མེད། ལུས་ཀྱི་གྲུབ་ཚུལ་རྒྱ་གར་གྱི་རིག་གཞུང་ལས་ནང་པའི་དམིགས་བསལ་གྱི་ཅང་མ་རེད། སེམས་ཀྱི་ནུས་པ་ཆོས་ལུགས་ཀུན་ལ་ཐུན་མོང་དུ་གྱུར་པས་ནང་ཆོས་ཀྱི་ཁྱད་ཆོས་འབུར་ཏུ་ཐོན་ཐུབ་མེད། ཚན་རིག་གི་སྒོ་ནས་བལྟས་ན་ཐེག་དམན་གྱི་འདུལ་ཁྲིམས་སྐོར་བརྒྱ་ཆའི་༩༠་ཚན་རིག་དང་མི་མཐུན། ཐེག་ཆེན་གྱི་ས་བཅུ་ལམ་ལྔ་ཚན་རིག་གིས་དཔྱོད་མི་ཐུབ། ལྟ་བའི་རྨིང་གཞི་རྟེན་གི་ལྟོས་གྲུབ་ཀྱི་རིག་པ་ལེགས་ལྡན་ནག་པོའི་མགུར་ཏུ་བསྟན་ལ་ལྟར་རྒྱ་གར་ཆོས་ལུགས་ལ་གདོད་ནས་ཡོད། རྒྱུ་འབྲས་དང་རྟེན་འབྲེལ་ཕྲ་བའི་གནད་མང་པོ་ཞིག་ནི་ཚན་རིག་པས་ངོ་སྤྲོད་མི་ཐུབ། རག་རེའི་གསོལ་བ་འདེབས་སའི་ལྷ་རྣམས་ནི་ཚན་རིག་སྟོན་མི་ཐུབ། ད་ཅི་བྱས་ན་དྲག དཔྱོད་ལྡན་རྣམས་ཀྱིས་གཟིགས། འདི་ལ་ཁུངས་ལྡན་གྱི་གསལ་བཤད་གནང་མཁན་ཡོད་ན་ཤིན་ཏུ་ལེགས། ༥༽ རང་གི་འདོད་པ། ང་ནི་བོད་བརྒྱུད་ནང་བསྟན་ལ་ཡིད་ཆེས་གཙང་མ་ཡོད། བོད་ཀྱི་ལྷ་འདྲེ་རྣམས་ཡོད་པའི་ཡིད་ཆེས་ཡོད། བོད་ཀྱི་ཆོས་རྒྱུན་སུ་ཡིན་ཀྱང་སོ་སོའི་ས་ནས་བསྟན་པ་བཟུང་ནས་ཡོད་པར་འདོད། ནང་ཆོས་ཡིན་ན་གཞན་རྗེས་འབྲངས་དགོས་པའང་མ་མཐོང་། གཞན་ལ་མཐུན་འཇུག་དང་། གཞན་ཡིད་ཆེས་པའི་ཆེད་དང་། ཚན་རིག་དང་མ་མཐུན་ན་རང་ལུགས་འདོར་དགོས་པའང་མི་འདོད། སོ་སོའི་བླ་རབས་བརྒྱུད་པའི་རང་ལུགས་བསྐྱང་ན་དེ་ཀས་འཐུས། གཞན་ཀྱི་ལེགས་ཆ་ལེན་མི་རུང་པའང་མིན། གཞན་གྱི་ལེགས་ཆ་ཁོ་ན་མཆོག་འཛིན་གྱིས་རང་གི་ཁྱད་ཆོས་ལ་བརྙས་པ་ཡང་གཏན་ནས་མི་བྱེད། གང་ཡིན་ཀྱང་ཐལ་མ་དྲག་པ་ཞིག་དགོས་པར་མཐོང་། འཆད་རྩོད་རྩོམ་གསུམ་གང་གི་ཕྱོགས་ན་ཡོད་ཀྱང་ཆོག ཐོས་བསམ་སྒོམ་གསུམ་གང་ལ་བཟང་ཡང་རུང་། ཐམས་ཅད་འཛོམས་ན་ཨ་མའི་བུ་ཡིན། སྣ་རེ་ཡོད་ཀྱང་གུས་བཀུར་ཞུ་རྒྱུ། དྲི་མེད་ལྷག་བསམ་གྱིས་མྱོགས་བྲིས་བྱས་པས་ཡིག་ནོར་དང་དོན་ནོར་ཅི་མཆིས་བཟོད་པར་གསོལ། །
དངོས་གནས་ཡག་པོ་གསུངས་འདུག ད་དུང་བཅར་དྲི་གནང་མཁན་ཚོས་སྦྱོང་བརྡར་ཏོག་ཙམ་གནང་དགོས་པ་འདྲ། དྲི་བ་འདྲི་རྒྱུའི་ཚབ་ཏུ། རྒྱས་བཤད་མང་པོ་ཞིག་བྱས་ནས། རྩ་བའི་བརྗོད་གཞི་དང་བྲལ་བའི་གནད་དོན་མང་པོ་ཞིག་རང་རེའི་གསར་འགོད་པ་དེ་དག་གི་ཁྲོད་དུ་མང་སེ་མཐོན་ཡོང་གི་འདུག གཅིག་བྱས་ན།་རང་ཉིད་ཀྱི་གནད་དོན་མང་པོ་ཞིག་ཤེས་པར་རློམ་པའི་རྣམ་འགྱུར་ཞིག་ཀྱང་ཡིན་སྲིད། གང་ལྟར། དྲི་དགོས་པའི་དྲ་བི་དེ་མ་དྲིས་པར། རྒྱས་བཤད་མང་པོ་བྱས་ནས་དུས་ཚོད་སྐྱེལ་ན། ཕན་ཐོགས་དེ་ཙམ་མི་འདུག་ཀོ
བོད་ཀྱི་ལོ་རྒྱུས་ཀྱི་ཐོག་དགེ་བཤེས་མ་ཐོག་མར་བྱུང་བ་དེར་དགའ་ཚོར་ཆེན་པོ་བྱུང་། ང་རང་སྒེར་ངོས་ནས་བྱས་ན་དགེ་བཤེས་ལྷ་རམས་པ་མ་ཟེར་བ་དེ་འདྲ་དགོས་ཡག་མི་འདུག གང་ཡིན་ཟེར་ན། དགེ་བཤེས་ལྷ་རམས་པ་མ་ཟེར་བ་ཞིག་བཟོས་ན་རིང་མིན་དཔེ་ཆ་ཡག་མེད་མི་ཤེས་མཁན་གྱི་དགེ་བཤེས་མ་དེ་འདྲ་ཡོང་ཉེན་ཡོད། ད་ལྟའི་དགེ་བཤེས་མ་དེའི་མཚན་གནས་དེ་ཡོན་ཏན་ཁོ་ནར་བསྟེན་ཡོད་པ་དེ་ག་བདག་སྲུང་གནང་གལ་ཆེ།
ལོ་འདིའི་ནང་ལ་གཏམ་བཟང་ཡག་ཤོས་ཤིག་འདི་ཡིན། དགེ་བཤེས་མ་མང་ཐག་ཆོད་ཕེབས་ནས་བོད་ཀྱི་ནང་བསྟན་བཤད་པའི་བསྟན་པ་འདི་རྒྱས་དགོས་འདུག དེ་མིན་མགོ་སེར་དང་རྒྱ་བླ་དེ་ཚོས་གང་བྱུང་བཤད་ནས་ནང་ཆོས་འདི་རྨོངས་དད་བླུན་པོ་གཏི་མུག་ཅན་གྱིས་མ་གཏོགས་ཁས་ལེན་མ་ཐུབ་པའི་ཆོས་ཤིག་ལ་འགྱུར་ལ་ཉེ།
༄༅། །བཀའ་མོལ་གསུང་སྟངས་ཚུན་ནས་དཔེ་མི་སྲིད་པའི་ཡག་པོ་ཞིག་འདུག དགའ་སྤོབས་སྐྱེའོ། །
དགེ་བཤེས་མ་རང་རེད།ཧ་ཅང་དགའ་གསུང་སྟངས་སྙན་པ་མཁས་པ་དགའ་བསུ་ཞུ།
རྟེན་འབྲེལ་ཞུ།
༄༅། །བོད་ཀྱི་དགེ་བཤེས་མ་བཙུན་མ་རྣམ་གྲོལ་ཕུན་ཚོགས་ལགས་སུ་དགེ་བཤེས་མའི་ཕྱག་འཁྱེར་དང་པོ་ཐོབ་པར་བཀྲིས་བདེ་ལེགས་ཞུ། ནོར་ལྦེའི་རླུང་འཕྲིན་ཁང་གིས་བཅའ་དྲི་ཞུས་པའི་དགེ་བཤེ་མ་ཞིག་གི་སློབ་གཉེར་གྱི་བརྒྱུད་རིམ། བོད་ཀྱི་བོད་མེད་ནུས་སྟོབས་གོང་འཕེལ་དང་དེ་ཐོབ་ཐང་། བཙན་བྱོལ་བོད་མིའི་བཙུན་མའི་ལས་འཆར་མ་འོངས་དགེ་བཤེས་མའི་སློབ་གཉེར་མུ་མཐུད་གནང་ཕྱོགས་དང་སྒེར་གྱི་དམིགས་ཡུལ་དང་ལས་དོན་གནང་ཕྱོགས་བཅས་ལ་རང་གི་མྱོང་བ་དང་འབྲེལ་ནས་བཀའ་ལན་ཡག་པོ་གནང་འདུག ད་དུང་མུ་མཐུད་འཇིག་རྟེན་ཞི་བདེ་དང་ཡང་སྒོས་བོད་ཀྱི་བསྟན་རྒྱས་འགྲོ་བདེ་ཆེད་ལེགས་སྐྱེད་འབུལ་ཐུབ་པའི་རེ་སྨོན་ཞུ།།
རྗེས་སུ་ཡི་རང་གི་གནས་རེད། དགེ་བཤེས་ཁོང་གི་མཛད་འཕྲིན་རྒྱས་པར་སྨོན། འོན་ཀྱང་བོད་ཀྱི་ལོ་རྒྱུས་ཐོག་གི་དགེ་བཤེས་མ་དང་པོ་ལབ་ན་དག་དག་ཅིག་བསྡད་ཡོད་མེད་མི་ཤེས། སྔོན་ཆད་ནས་རྙིང་མ་དང་། ཇོ་ནང་སོགས་ལ་མཁན་མོ་དང་བུད་མེད་སློབ་དཔོན་མང་པོ་ཡོད། དེ་དག་ཀྱང་དགེ་བའི་བཤེས་གཉེན་རེད། དེ་བས་རི་བོ་དགེ་ལུགས་པའི་ལོ་རྒྱུས་ཐོག་དགེ་བཤེས་མ་བྱུང་བ་དང་པོ་རེད་ལབ་ན་འགྲིག་པར་མངོན།
གཞན་ཞིག་བཤད་ན། དགེ་བཤེས་ལབ་ན་འགྲིག་པ་ལས་དམིགས་བསལ་དགེ་བཤེས་མ་ཞེས་ལབ་དགོས་པར་ཡང་མ་མཐོང་ངོ་།།
༄༅། ༧རྒྱལ་བ་སྐུ་ཕྲེང་་་ ༡༤ པ་འདིའི་སྐབས་སུ་བོད་ཀྱི་ལོ་རྒྱུས་ནང་སྔར་མ་བྱུང་བ་དགེ་བཤེས་
མ་ལེགས་པར་ཐོན་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་པར་རོགས་ཕན་ཞིག་ཡོང་རྒྱུ་ངེས་པ་རེད།
དེ་མིན་བསྟན་པའི་བདག་པོ་རྣམས་ཕར་ཡས་ཚུར་ཡས་་་་ནང་ཆོས་རིག་གནས་དེ་བོད་མིན་
དབྱིན་མིན། རྒྱ་མིན་སོག་མིན་། རོང་མིན་རྒྱ་གར་མིན་པ་ར་མ་ལུག་ཞིག་ཆགས་ངེས་པ་ཞིག་རེད།
དེང་སྐབས་དངུལ་ལ་སེམས་ཆགས་ནས་རིག་པའི་གནས་ལ་སྦྱང་མ་གང་ཙམ་བྱུང་ནས་དགེ་བཤེས་
ཐོན་ཡང་ཕྱི་རྒྱལལ་ཁག་ལ་ཕེབས་ནས་རང་ལུགས་མེད་།་ཕྱི་ལུགས་ཀྱང་མེད་པར་བརྟེན་ལས་ཀ་
དཀྱུས་མ་འདྲ་ཞིག་བྱས་ནས་བསྡད་ཀྱི་ཡོད་པ་རེད། ཕ་རིའི་ལྕི་བ་མེད། ཚུར་རིའི་སླེལ་པོ་ཡང་མེད་
པ་འདི་ཐམས་ཅད་དཔལ་འབྱོར་ལ་ཐུག་པ་རེད།
ལྟོ་བྲང་ཉི་མས་དྲོས་དུས་ཆོས་པའི་གཟུགས། དཀའ་ངལ་ཐོག་ཏུ་འབབ་དུས་འཇིག་རྟེན་པ་
ཞེས་གསུངས་པ་བདེན་ཡང་བདེན།
བཀའ་མོལ་ཞི་འཇམ་ལ་དྲང་པོ་ཞེ་དྲགས་གསུངས་སོང་། དོན་དམ་གྱི་ཤེས་ལྡན་པ་ཟེར་བ་དེ་འདྲ་ས་མི་འདུག
ནང་ཆོས་རིག་པ་ཐོས་བསམ་སྒོམས་ཀྱི་བཅུད་།
ངལ་བས་འབད་ནས་གནས་ལུགས་བླང་དོར་མིག་།
དགེ་བའི་ཤེས་གཉེན་དགེ་སློང་ཕ་དང་མ་།
མུན་པ་གསལ་བའི་ཉི་ཟླ་གཉིས་ལ་བསྟོད་།
ནང་ཆོས་སྙིང་བཅུད་སྡེ་སྣོད་གསུམ་གྱི་རྒྱན་།
སླབས་གསུམ་ནོར་བུའི་ཆོས་ཀྱི་ལམ་སྣ་ཟིན་།
གཞི་གནས་ལྷང་མཐོང་བཟུང་དུ་འབྲེལ་བའི་ལམ་།
ཕར་ཕྱིན་དྲུག་གི་ས་ལམ་བསྟན་པ་ཤོག་།
ཡག་པོ་གསུངས་འདུག ཡི་རང་ཞུ།
དགེ་བཤེས་མའི་གྲུབ་འབྲས་འདི་ཡང་སྲིད་སྐྱོང་གི་བྱས་རྗེས་རེད། སྲིད་སྐྱོང་ལ་་སྐྱབས་སུ་མཆི། སྲིད་སྐྱོང་ལགས་བཀའ་དྲིན་ཆེ། ཧ་ཧ་ཧ་ཧ
དགེ་བཤེས་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། བརྩོན་འགྲུས། ཤེས་བར་རྨད་དུ་བྱུང་། དགའ་འོས་པ་ཞིག་རེད།
༄༅། །ངེས་པར་དཔྱད་དགོས་པའི་ནང་པའི་གནད་དོན་འགའ་ཞིག་སྙན་གསལ་ཞུ་བ།
རང་རེ་བོད་པ་ཚོས་ཤེས་དགོས་པ་ཞིག་ནི་གཞུང་བཀའ་པོད་ལྔ་ལ་སྦྱང་རྒྱུ་ལས་ནང་ཆོས་དར་སྤེལ་ཀྱི་ལམ་ཁ་མེད་པ་ལྟ་བུ་དང་། ཚན་རིག་དང་ནང་ཆོས་ཁ་སྦྱོར་མ་ཤེས་ན་དུས་རབས་ཉི་ཤུ་བའི་རྗེས་མི་ཆོད་པའི་ལྟ་བ་གཉིས་ཀ་ལས་ལམ་ཁ་གཞན་པའང་ཡོད་ཆོག ལྷོ་བརྒྱུད་དང་རྒྱ་རྒྱུད་གཉིས་ཀས་དེའི་ལམ་སྲོལ་གཙོ་བོར་བྱས་མེད་ལ། འཛམ་གླིང་གི་ཆོས་ལུགས་གཉིས་པ་ཁ་ཆེའི་ཆོས་ལུགས་ལའང་དེའི་ཆ་རྐྱེན་མེད། ཆོས་ལུགས་གཞན་དག་ལ་འང་དེ་བཞིན་ནོ། །ངས་ཚན་རིག་གི་ལམ་ནས་བོད་བརྒྱུད་ནང་བསྟན་གྱི་ནོར་ཕྱེད་བརླག་འགྲོ་བའི་ཉེན་ཁ་ཞིག་ཀྱང་མཐོང་། །མ་ཤེས་ཡིན་སྲིད་པས། འདི་ནི་རྣམ་རྟོག་དང་ནང་བསྟན་ལ་ཤ་ཞེན་གྱི་གླེང་བསླང་པ་ཙམ་ལས་མི་སྒེར་བ་སུ་ལང་སྐྱོན་བརྗོད་མིན། །
༡༽སྤྱིར་ནང་བསྟན་གྱི་ལོ་རྒྱུས་ལ་སྟོང་ཆ་དང་རྟོག་བཟོ་ཤིན་ཏུ་མང་པས། དོན་གྱི་ནང་པ་སངས་རྒྱས་པ་དེ་ཅི་འདྲ་ཞེས་བཤད་ན་ལོ་རྒྱུས་ཀྱི་ངོས་ནས་རྡོ་རྗེའི་ལྟ་བུའི་བདེན་དཔང་ཞིག་ད་ལྟ་བར་ཏུ་རྙེད་མེད་པ་ནང་པ་སྤྱིའི་ཞན་ཆ་ཆེ་ཤོས་རེད། ༢༽ནང་པ་དུང་ཕྱུར་བཞི་ལྔའི་ནང་དུ་ཆེས་མང་པ་རྒྱ་ནག་བསམ་གཏན་པ་དུང་ཕྱུར་གསུམ་ཟིན། དེའི་འཕྲོར་ལྷོ་བརྒྱུད་ཐེག་དམན། བོད་བརྒྱུད་ཆོས་ལུགས་བྱེ་བ་གཅིག་དང་ཕྱེད་མ་ཟིན་ཙམ་ལས་མེད་པས་གྲངས་ཉུང་ཆོས་ལུགས་ཡིན། ག་ཚོ་བོད་བརྒྱུད་ནང་པའི་གྲས་སུ་སླེབས་དོན་ནང་པ་སྤྱིའི་ཞེན་པ་དང་། ལ་རྒྱས་སྒོ་ནས་བོད་བརྒྱུད་ནང་ཆོས་སུ་བཙུད་པ་ཙམ་ལས་དགའ་དྲག་པ་དང་། ཡིད་ཆེས་དྲག་པ། ་ནང་ཆོས་གཙང་མ་ཡིན་པའི་ངོས་ལེན་སུ་ལའང་མེད། བོད་ཀྱི་གསང་སྔགས་ཧིན་དྷུའི་ལྷ་སྒྲུང་ཆོས་ལུགས་ལས་བྱུང་བ་དང་། རྩོད་པའི་རིགས་ལམ་ཚད་མ་སོགས་རྒྱ་གར་གྱི་རིགས་གཞུང་། དབུ་མ་སོགས་རིག་བྱེད་པའི་ལྟ་བ་ལས་ནང་པ་གཙང་མ་ཡིན་པར་རྒྱ་བརྒྱུད་དང་ལྷོ་བརྒྱུད་གཉིས་ཀས་མི་འདོད། བོད་བརྒྱུད་ནང་བསྟན་ནི་རྣམ་པ་བརྒྱུད་པའི་རྒྱ་གར་ཆོས་ལུགས་རེད་ཆེས་ཧི་ཧོང་དག་རྒྱ་ནག་གི་མཁས་པ་མང་པོས་བཤད་མྱོང་། དིས་རབས་འདིར་ནང་ཁུལ་ནས་ང་མཁས་ཁོ་མཁས་ཟེར་ནས་རྩོད་པའི་ཐལ་སྒྲ་ཇི་ལྟར་བསྒྲགས་ཀྱང་རུང་། བོད་བརྒྱུད་ནང་བསྟན་ལ་དགག་པ་བྱེད་མཁན་ས་སྟེང་གང་ཡོད་པར་ལན་ཕྲན་ཙམ་སྟེར་བའི་སྤོབས་པ་དང་ཤེས་རབ་ཅན་མི་གསུམ་ལས་བྱུང་མེད། དོར་ཞི། བསོད་དར་རྒྱས། ཚུལ་ཁྲིམས་བློ་གྲོས་གསུམ་མོ། འདི་དག་གི་ལན་ཡང་ཞིབ་ཏུ་བརྟགས་ན་རང་གི་ཆོས་དང་རིག་གཞུང་གི་ཕྱོགས་ཁོ་ན་བཟུང་བའི་ཤ་ཞེན་ཙམ་ལས་ལན་གནད་དུ་འགྲོ་བ་རེད་ཟེར་དཀའ། ༣༽རང་རེའི་བསྟན་པ་སྤེལ་བར་དགེ་བཤེས་བརྒྱ་ཆའི་༩༠་ཙམ་གྱིས་ངེས་པར་ཕན། བརྒྱད་ཆའི་༥་ཙམ་ཕན་མི་ཐོགས་མཁན་དང་། བརྒྱ་ཆའི་༥་ཙམ་གནོད་སྐྱེལ་མཁན་རེད། ཕན་མ་ཐོགས་པར་རག་གི་ལྟོ་གོས་ཙམ་ཡང་འཚོལ་མ་ཐུབ་པར་ཡོད་མཁན་དུ་མ་དང་། གནོད་སྐྱེལ་མཁན་ཆོས་ལུགས་ལ་ཀུར་འདེབས་མཁན་མང་པོ་ཞིག་གྲྭ་སའི་དཔེ་ཆ་པ་དང་ས་རྙིང་མཁན་ལོག་ཚོ་རེད། དེ་བཞིན་གྲྭ་ས་ནས་དཔེ་བལྟས་ཅུང་ཟད་བྱས་ཟིན་པའི་རྒྱ་རིགས་ཀྱང་གསུམ་བཞི་ཞིག་ཡོད། བོད་བརྒྱུད་ལ་དགག་པ་ནན་པོ་བྱེད་མཁན་གཏེ་བོ་ཤོ་ཕུན་ཧྲི་ཟེར་བའང་སོག་པའི་དགེ་བཤེས་བོད་ནས་དཔེ་བལྟ་མྱོང་མཁན་ཞིག་གི་རྩར་དབུ་ཚད་སྦྱང་ནས་ལོ་༥་ཙམ་བསྡད་ཡོད། ༤༽ནང་པ་ཚན་རིག་དང་མཐུན་མ་ཐུབ་ན་ལམ་ཁ་མེད་པར་འདོད་པ་མང་མོད། ནང་ཆོས་ཀྱི་ལུས་ཀྱི་གྲུབ་ཚུལ་སེམས་ཀྱི་ནུས་པ་གཉིས་ཙམ་ལས་མིག་སྔར་ཚན་རིག་གི་སྒོ་ནས་ར་འཕྲོད་ཐུབ་པ་ཞིག་གཏན་ནས་མེད། ལུས་ཀྱི་གྲུབ་ཚུལ་རྒྱ་གར་གྱི་རིག་གཞུང་ལས་ནང་པའི་དམིགས་བསལ་གྱི་ཅང་མ་རེད། སེམས་ཀྱི་ནུས་པ་ཆོས་ལུགས་ཀུན་ལ་ཐུན་མོང་དུ་གྱུར་པས་ནང་ཆོས་ཀྱི་ཁྱད་ཆོས་འབུར་ཏུ་ཐོན་ཐུབ་མེད། ཚན་རིག་གི་སྒོ་ནས་བལྟས་ན་ཐེག་དམན་གྱི་འདུལ་ཁྲིམས་སྐོར་བརྒྱ་ཆའི་༩༠་ཚན་རིག་དང་མི་མཐུན། ཐེག་ཆེན་གྱི་ས་བཅུ་ལམ་ལྔ་ཚན་རིག་གིས་དཔྱོད་མི་ཐུབ། ལྟ་བའི་རྨིང་གཞི་རྟེན་གི་ལྟོས་གྲུབ་ཀྱི་རིག་པ་ལེགས་ལྡན་ནག་པོའི་མགུར་ཏུ་བསྟན་ལ་ལྟར་རྒྱ་གར་ཆོས་ལུགས་ལ་གདོད་ནས་ཡོད། རྒྱུ་འབྲས་དང་རྟེན་འབྲེལ་ཕྲ་བའི་གནད་མང་པོ་ཞིག་ནི་ཚན་རིག་པས་ངོ་སྤྲོད་མི་ཐུབ། རག་རེའི་གསོལ་བ་འདེབས་སའི་ལྷ་རྣམས་ནི་ཚན་རིག་སྟོན་མི་ཐུབ། ད་ཅི་བྱས་ན་དྲག དཔྱོད་ལྡན་རྣམས་ཀྱིས་གཟིགས། འདི་ལ་ཁུངས་ལྡན་གྱི་གསལ་བཤད་གནང་མཁན་ཡོད་ན་ཤིན་ཏུ་ལེགས།
༥༽ རང་གི་འདོད་པ། ང་ནི་བོད་བརྒྱུད་ནང་བསྟན་ལ་ཡིད་ཆེས་གཙང་མ་ཡོད། བོད་ཀྱི་ལྷ་འདྲེ་རྣམས་ཡོད་པའི་ཡིད་ཆེས་ཡོད། བོད་ཀྱི་ཆོས་རྒྱུན་སུ་ཡིན་ཀྱང་སོ་སོའི་ས་ནས་བསྟན་པ་བཟུང་ནས་ཡོད་པར་འདོད། ནང་ཆོས་ཡིན་ན་གཞན་རྗེས་འབྲངས་དགོས་པའང་མ་མཐོང་། གཞན་ལ་མཐུན་འཇུག་དང་། གཞན་ཡིད་ཆེས་པའི་ཆེད་དང་། ཚན་རིག་དང་མ་མཐུན་ན་རང་ལུགས་འདོར་དགོས་པའང་མི་འདོད། སོ་སོའི་བླ་རབས་བརྒྱུད་པའི་རང་ལུགས་བསྐྱང་ན་དེ་ཀས་འཐུས། གཞན་ཀྱི་ལེགས་ཆ་ལེན་མི་རུང་པའང་མིན། གཞན་གྱི་ལེགས་ཆ་ཁོ་ན་མཆོག་འཛིན་གྱིས་རང་གི་ཁྱད་ཆོས་ལ་བརྙས་པ་ཡང་གཏན་ནས་མི་བྱེད། གང་ཡིན་ཀྱང་ཐལ་མ་དྲག་པ་ཞིག་དགོས་པར་མཐོང་། འཆད་རྩོད་རྩོམ་གསུམ་གང་གི་ཕྱོགས་ན་ཡོད་ཀྱང་ཆོག ཐོས་བསམ་སྒོམ་གསུམ་གང་ལ་བཟང་ཡང་རུང་། ཐམས་ཅད་འཛོམས་ན་ཨ་མའི་བུ་ཡིན། སྣ་རེ་ཡོད་ཀྱང་གུས་བཀུར་ཞུ་རྒྱུ། དྲི་མེད་ལྷག་བསམ་གྱིས་མྱོགས་བྲིས་བྱས་པས་ཡིག་ནོར་དང་དོན་ནོར་ཅི་མཆིས་བཟོད་པར་གསོལ། །
དངོས་གནས་ཡག་པོ་གསུངས་འདུག ད་དུང་བཅར་དྲི་གནང་མཁན་ཚོས་སྦྱོང་བརྡར་ཏོག་ཙམ་གནང་དགོས་པ་འདྲ། དྲི་བ་འདྲི་རྒྱུའི་ཚབ་ཏུ། རྒྱས་བཤད་མང་པོ་ཞིག་བྱས་ནས། རྩ་བའི་བརྗོད་གཞི་དང་བྲལ་བའི་གནད་དོན་མང་པོ་ཞིག་རང་རེའི་གསར་འགོད་པ་དེ་དག་གི་ཁྲོད་དུ་མང་སེ་མཐོན་ཡོང་གི་འདུག གཅིག་བྱས་ན།་རང་ཉིད་ཀྱི་གནད་དོན་མང་པོ་ཞིག་ཤེས་པར་རློམ་པའི་རྣམ་འགྱུར་ཞིག་ཀྱང་ཡིན་སྲིད། གང་ལྟར། དྲི་དགོས་པའི་དྲ་བི་དེ་མ་དྲིས་པར། རྒྱས་བཤད་མང་པོ་བྱས་ནས་དུས་ཚོད་སྐྱེལ་ན། ཕན་ཐོགས་དེ་ཙམ་མི་འདུག་ཀོ
བོད་ཀྱི་ལོ་རྒྱུས་ཀྱི་ཐོག་དགེ་བཤེས་མ་ཐོག་མར་བྱུང་བ་དེར་དགའ་ཚོར་ཆེན་པོ་བྱུང་། ང་རང་སྒེར་ངོས་ནས་བྱས་ན་དགེ་བཤེས་ལྷ་རམས་པ་མ་ཟེར་བ་དེ་འདྲ་དགོས་ཡག་མི་འདུག གང་ཡིན་ཟེར་ན། དགེ་བཤེས་ལྷ་རམས་པ་མ་ཟེར་བ་ཞིག་བཟོས་ན་རིང་མིན་དཔེ་ཆ་ཡག་མེད་མི་ཤེས་མཁན་གྱི་དགེ་བཤེས་མ་དེ་འདྲ་ཡོང་ཉེན་ཡོད། ད་ལྟའི་དགེ་བཤེས་མ་དེའི་མཚན་གནས་དེ་ཡོན་ཏན་ཁོ་ནར་བསྟེན་ཡོད་པ་དེ་ག་བདག་སྲུང་གནང་གལ་ཆེ།