སྐད་ཡིག་གཉིས་པའི་ཚུལ་དུ་བོད་ཡིག་སློབ་ཐབས། Posted on 2017-03-022017-03-02 By ཁ་བརྡ་ 10 Comments on སྐད་ཡིག་གཉིས་པའི་ཚུལ་དུ་བོད་ཡིག་སློབ་ཐབས། བགྲོ་གླེང་།
རང་ཡུལ་ཤོར་ནས་མི་ཡུལ་གདོང་ལ་བསྐོས་། རང་སྐད་དཀྱུར་ནས་ཕྱི་སྐད་དངསདུ་བླང་། རང་ཡིག་བཞག་ནས་ཕྱི་ཡིག་དངས་་དུ་བླང་། རང་ལུགས་དཀྱུར་ནས་ཕྱི་ལུགས་རྗེས་སུ་འབྲངས་། རང་གི་སྐད་ཡིག་གྲལ་གྱི་མཐའ་རུ་ལྷག་། བོད་མིའི་བསོད་ནམས་ལ་ཁའི་ཉི་མ་འདྲ་།
ཡབ་མེས་སྐད་ཡིག་བོད་མིའི་ངོ་བོ་སྲུང་། ཡབ་མེས་སྐད་ཡིག་བོད་མིའི་རིག་གཞུང་སྲུང་། ཡབ་མེས་སྐད་ཡིག་ནང་བསྟན་ངོ་སྤྲོད་གནང་། ཡབ་མེས་སྐད་ཡིག་བོད་མིའི་སྲོག་རྩ་རེད་།
མདང་ ང་ ཕྱིན་པ་ ཡིན། དེ་རིང་ ང་ འགྲོ་བགྱིད་ ཡོད། སང་ཉིན་ ང་ འགྲོ་བགྱི་ ཡིན། མདང་ ཁྱོད་ ཕྱིན་པ་ རེད། དེ་རིང་ ཁྱོད་ འགྲོ་བགྱིད་ འདུག སང་ཉིན་ ཁྱོད་རང་ འགྲོ་བགྱི་ རེད། མདང་ ཁོ་ ཕྱིན་པ་ རེད། དེ་རིང་ ཁོ་ འགྲོ་བགྱིད་ འདུག སང་ཉིན་ ཁོ་ འགྲོ་བགྱི་ རེད། ང་ཡིན། ཁྱོད་རེད། ཁོ་རེད། འདི་རེད། དེ་རེད། ང་ལ་ཡོད། ཁྱོད་ལ་འདུག ཁོ་ལ་འདུག འདི་ལ་འདུག དེ་ལ་འདུག ཅེས་གཅིག་མཚུངས་ཤིག་བྱུང་ན་སྙམ་མོ།
གཞི་རྩའི་བཀའ་མོལ་ཡག་པོ་གནང་སོང་། ཡིན་ནས་གང་ཙམ་ཞིག་ནས་གནད་དོན་ལས་རྒྱ་ཡན་དུ་ཕྱིན་པས་སྣང་བ་བྱུང་། ང་རའི་མྱོང་ཚོར་འགའ་ཤས་ཞིག་འདི་ན་ཞུ་རྒྱུ་ཡིན། ༡) འཕྲུལ་རིག་གི་སྐྱོན་ཆད་པས་ལས་འཕྲུལ་རིག་གི་ཐོག་ནས་བོད་སྐད་ཡིག་གོང་ཐོར་གཏོང་སྟངས་སྐོར་དྲི་བ་བཀོས་མ་བཟུང་ལ་ལན་མཁན་ནས་ཀྱང་གང་ཡང་གསུངས་མ་སོང་། ནུབ་ཕྱོགས་ནང་འཕྲུལ་རིག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན་པ་ཚང་མས་མཁྱེན་གསལ་རེད། གལ་སྲིད་བོད་ཕྲུག་ཚོས་འཕྲུལ་རིག་གི་འཇིག་རྟེན་ནང་བོད་ཡིག་དེ་བེད་སྤྱོད་མ་མཐོང་པ་ཡིན་ན། དེ་མཚུངས་ཀྱི་བོད་ཡིག་གི་ཕན་ནུས་མེད་པས་སྣང་བ་བྱུང་སྲིད་པས། འཕྲུལ་རིག་བཀོལ་ནས་བོད་སྐད་ཡིག་བྲིས་ཀློག་ཡར་རྒྱས་བཏོང་ཐབས་ལ་ང་ཚོས་འབད་དགོས་མཉམ། ༢) སྔོན་འགྲོ་ལོ་གསུམ་ལ་བོད་སྐད་ཉན་བཤད་དང་། དེ་ནས་ལོ་གསུམ་ཇོ་ཀློག། དེ་ནས་གཞི་ནས་བྲིས་རྩོམ་ལ་འཇུག་པ་ཟེར་བའི་ད་ལྟའི་འཆར་གཞི་དེར་ངོས་ལེན་ཞུ་ཐབས་མིན་འདུག གང་ལ་ཞུས་ན་ཕྲུ་གུ་རྣམས་ནི་སྐད་ཡིག་དང་སློབ་ཚན་སོགས་ཇི་འདྲ་ཞིག་ལ་སྦྱང་ང་རུང་སྒོ་ལྔའི་ཐབས་ལམ་འདྲ་མིན་གྱི་ཐོག་ནས་འཇུག་ཐུབ་པ་ཞིག་དགོས། ད་ལྟའི་འཆར་གཞི་ལྟར་ན་ཐོག་མ་ལོ་གསུམ་དེ་ནི་ཞ་བོར་བོད་སྐད་བསླབ་པ་འདྲ་པོ་འདུག ཁ་རྣ་གཉིས་ལས་བེད་སྤྱོད་མེད་པ་འདྲ། སོང་ཙང་གཞི་རྒྱ་ཆེ་ལོས་ལ་མ་ལྟོས་པར་སྐད་ཡིག་བཤད་ཉན་བྲིས་ཀློག་མཉམ་དུ་འགྲོ་དགོས་པ་ལས་རང་འགར་འཇོག་མིན་ཉན་བསམ། ༣) ཁྱིམ་ཚང་གི་འགན་ལེན་སྐོར་ཡག་པོ་གསུངས་སོང་། སྐད་ཡིག་སློབ་པ་ལ་ཁྱིམ་ཚང་གི་འཆར་གཞི་གལ་ཆེན་ཡིན་སྐོར་མང་པོ་གསུངས་སོང་། ཡིན་ནས་ད་བར་བོད་དགེ་ཟབ་སྦྱོང་ལས་ཁྱིམ་ཚང་གི་ལག་ལེན་སྐོར་ལ་ཟབ་སྦྱོང་འཆར་གཞི་ཡོད་སྐོར་གོ་ཐོས་མ་བྱུང་། དེ་འདྲ་སོང་ཙང་། སླད་ནས་གལ་ཏེ་གཟའ་འཇུག་བོད་སྐད་ཡིག་ཀྱི་འཛིན་གྲྭ་དེ་དག་ལབ་ལྷོང་ཡོང་ཆེད། ཕ་མ་ཚོར་བོད་སྐད་ཡིག་སློབ་འཁྲིད་སྐོར་ཟབ་སྦྱོང་ངེས་པར་དུ་གནང་དགོས་འདུག ༤) དེ་ནས་རྒྱ་གར་དང་བོད་སོགས་ནང་བོད་ཕྲུག་གཏོང་དགོས་སྐོར་གསུངས་པ་དེ་བདེན་མོད་ཀྱང། ཁྱིམ་ཚང་སོ་སོའི་གནས་སྟངས་མི་འདྲ་བའི་སྤྱི་ཡོངས་ནས་དེ་འདྲ་ཁག་པོ་རེད་མཉམ། དེ་ནས་བདུན་གཉིས་གསུམ་རིང་བོད་སྐད་ཡིག་གི་བསྙེན་མཚམས་སམ་retreat སོགས་འགོ་ཁྲིད་ཐུབ་ན་བཟང་མོད་སྙམ།
མི་རིགས་ག་འདྲ་ཞིག་གི་སྐད་ཡིག་ཡིན་ཀྱང་མི་རིགས་དེ་ཟུར་དུ་འཚོ་མ་ཐུབ་པར་འཛམ་གླིང་གི་མི་རིགས་ནང་བྱ་སྤུ་རི་ལ་འཐོར་བ་ནང་བཞིན་དུ་གནས་ནས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་ནམ་ཡང་སྲུང་སྐྱོབས་མི་ཐུབ་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་དང་ང་ཚོ་བོད་མིའི་སྐད་ཡིག་ལ་སྲུང་སྐྱོབས་དགོས་ན་བོད་མི་རིགས་ལ་སྲུང་བྱ་རྒྱུ་དེ་ག་དུས་ཡིན་ཡང་སྔོན་འཐོན་བྱ་དགོས་པ་ལས་ནམ་ཡང་རྗེས་ལུས་ཐེབས་མི་ཉན་ལ་བོད་མི་རིགས་འཛམ་གླིང་གི་ལུང་པ་མང་པོའི་ནང་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་སྒེར་གྱི་འཚོ་བ་བསྐྱལ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་དང་རྒྱུན་གནས་ཐུབ་པའི་རེ་བ་ཡོད་པ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་།
དང་པོ་འཆར་གཞི་རབ་རིབ། གཉིས་པ་ཐབས་ལམ་ཐེབས་ཆག གསུམ་པ་སློབ་དེབ་སྐྱོན་ཅན། ད་གང་ལྟར་ཕན་ཐོགས་ཡོང་རེ་མི་འདུག དེ་ལས་བོད་ཡིག་མ་བསླབས་པ་དགའ་བ་མེད་འགྲོ ཁ་བདེ་པོ་བཤད་ནས་ཕན་ཐོགས་ཀི་མ་རེད།
བསྟན་འཛིན་ནོར་བུ་མཆོག་ཀུན་གླེང་དུ་ཕེབས་ནས བོད་ཀྱི་སློབ་ཕྲུག་རྣམས་བོད་སྐད་ཤེས་པར་བཀའ་མོལ་གནང་བ་ཡིད་ལ་འབབས། ལ་དྭགས་པ་ཁ་ཆེ་མུ་སུལ་མན་ཡིན་པ་ཞིག ༡༩༤༨རྗེས་རྒྱ་གར་ནས། པཱ་ཀི་སྟཱན་དུ་སོང་། པཱ་ཀི་སྟཱན་གྱི་གཞུང་ཚབ་ཏུ་བལ་ཡུལ་དང་། ཨ་རི་སོགས་སུ་ཡོད་དུས། ནང་དུ་ལ་དྭགས་ཀྱི་སྐད་རྒྱབ་པས། ནང་མི་ཚང་མས་ལ་དྭགས་སྐད་དེ། བོད་སྐད་ལེགས་པར་རྒྱབ་ཐུབ་པ་མཐོང་ངོ་། ་ བོད་ཕྲུག་ཆུང་ངུ་ཚོར། དུས་རྣམ་རྒྱུན་གྱི་་སྦྱོར་ཀློག་སྦྱོང་སྟངས་པ་ལྟ་བུ་མ་ཡིན་པར། ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་ལྟར་སློབ་ཐུབ་ན། བོད་ཡིག་དག་ཆ་ལེགས་པར་འབྱུང་བ་ཐག་བཅད་ཆོག དེ་ཡང་། སྒྲ་ལྟ་བུ་ལ་སྦྱོར་ཀློབ་རྒྱབ་ན། ས་ག་བཏགས་སྒ། སྒ་ར་བཏགས་སྒྲ། ཞེས་པ་ལྟ་བུ་མིན་པར། སགརཨ། ཞེས་མགྱོགས་པར་ཡི་གེ་ཚང་མ་འབོད་དགོས་པར་གསུངས། གཅིག ཅེས་པར་སྔོན་འཇུག་ག་སྲོག་མེད་ཡིན་པས། གཅཨིག་ཅེས་ཀི་གུ་དེ་ཉིད་སྔོན་འཇུག་དང་མིང་གཞི་ཅ་གཉིས་ཀར་ཐོབ་པ་བྱས་ཏེ། སྦྱོར་ཀློག་ཡུན་རིང་རྒྱབ་ཐུབ་ན། ངེས་པར་བོད་མིང་ཚིག་དག་ཆ་ལ་ཕན་པར་སེམས་སོ།
རང་ཡུལ་ཤོར་ནས་མི་ཡུལ་གདོང་ལ་བསྐོས་།
རང་སྐད་དཀྱུར་ནས་ཕྱི་སྐད་དངསདུ་བླང་།
རང་ཡིག་བཞག་ནས་ཕྱི་ཡིག་དངས་་དུ་བླང་།
རང་ལུགས་དཀྱུར་ནས་ཕྱི་ལུགས་རྗེས་སུ་འབྲངས་།
རང་གི་སྐད་ཡིག་གྲལ་གྱི་མཐའ་རུ་ལྷག་།
བོད་མིའི་བསོད་ནམས་ལ་ཁའི་ཉི་མ་འདྲ་།
དྲིས་ལན་ཆུ་ཚོད་འཕྲོ་བརླག
ཐབས་ལམ་ཆུ་ཚོད་འཕྲོ་བརླག
ཉན་ན་ཆུ་ཚོད་འཕྲོ་བརླག
ཡབ་མེས་སྐད་ཡིག་བོད་མིའི་ངོ་བོ་སྲུང་།
ཡབ་མེས་སྐད་ཡིག་བོད་མིའི་རིག་གཞུང་སྲུང་།
ཡབ་མེས་སྐད་ཡིག་ནང་བསྟན་ངོ་སྤྲོད་གནང་།
ཡབ་མེས་སྐད་ཡིག་བོད་མིའི་སྲོག་རྩ་རེད་།
མདང་ ང་ ཕྱིན་པ་ ཡིན།
དེ་རིང་ ང་ འགྲོ་བགྱིད་ ཡོད།
སང་ཉིན་ ང་ འགྲོ་བགྱི་ ཡིན།
མདང་ ཁྱོད་ ཕྱིན་པ་ རེད།
དེ་རིང་ ཁྱོད་ འགྲོ་བགྱིད་ འདུག
སང་ཉིན་ ཁྱོད་རང་ འགྲོ་བགྱི་ རེད།
མདང་ ཁོ་ ཕྱིན་པ་ རེད།
དེ་རིང་ ཁོ་ འགྲོ་བགྱིད་ འདུག
སང་ཉིན་ ཁོ་ འགྲོ་བགྱི་ རེད།
ང་ཡིན། ཁྱོད་རེད། ཁོ་རེད། འདི་རེད། དེ་རེད། ང་ལ་ཡོད། ཁྱོད་ལ་འདུག ཁོ་ལ་འདུག འདི་ལ་འདུག དེ་ལ་འདུག ཅེས་གཅིག་མཚུངས་ཤིག་བྱུང་ན་སྙམ་མོ།
གཞི་རྩའི་བཀའ་མོལ་ཡག་པོ་གནང་སོང་། ཡིན་ནས་གང་ཙམ་ཞིག་ནས་གནད་དོན་ལས་རྒྱ་ཡན་དུ་ཕྱིན་པས་སྣང་བ་བྱུང་། ང་རའི་མྱོང་ཚོར་འགའ་ཤས་ཞིག་འདི་ན་ཞུ་རྒྱུ་ཡིན།
༡) འཕྲུལ་རིག་གི་སྐྱོན་ཆད་པས་ལས་འཕྲུལ་རིག་གི་ཐོག་ནས་བོད་སྐད་ཡིག་གོང་ཐོར་གཏོང་སྟངས་སྐོར་དྲི་བ་བཀོས་མ་བཟུང་ལ་ལན་མཁན་ནས་ཀྱང་གང་ཡང་གསུངས་མ་སོང་། ནུབ་ཕྱོགས་ནང་འཕྲུལ་རིག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན་པ་ཚང་མས་མཁྱེན་གསལ་རེད། གལ་སྲིད་བོད་ཕྲུག་ཚོས་འཕྲུལ་རིག་གི་འཇིག་རྟེན་ནང་བོད་ཡིག་དེ་བེད་སྤྱོད་མ་མཐོང་པ་ཡིན་ན། དེ་མཚུངས་ཀྱི་བོད་ཡིག་གི་ཕན་ནུས་མེད་པས་སྣང་བ་བྱུང་སྲིད་པས། འཕྲུལ་རིག་བཀོལ་ནས་བོད་སྐད་ཡིག་བྲིས་ཀློག་ཡར་རྒྱས་བཏོང་ཐབས་ལ་ང་ཚོས་འབད་དགོས་མཉམ།
༢) སྔོན་འགྲོ་ལོ་གསུམ་ལ་བོད་སྐད་ཉན་བཤད་དང་། དེ་ནས་ལོ་གསུམ་ཇོ་ཀློག། དེ་ནས་གཞི་ནས་བྲིས་རྩོམ་ལ་འཇུག་པ་ཟེར་བའི་ད་ལྟའི་འཆར་གཞི་དེར་ངོས་ལེན་ཞུ་ཐབས་མིན་འདུག གང་ལ་ཞུས་ན་ཕྲུ་གུ་རྣམས་ནི་སྐད་ཡིག་དང་སློབ་ཚན་སོགས་ཇི་འདྲ་ཞིག་ལ་སྦྱང་ང་རུང་སྒོ་ལྔའི་ཐབས་ལམ་འདྲ་མིན་གྱི་ཐོག་ནས་འཇུག་ཐུབ་པ་ཞིག་དགོས། ད་ལྟའི་འཆར་གཞི་ལྟར་ན་ཐོག་མ་ལོ་གསུམ་དེ་ནི་ཞ་བོར་བོད་སྐད་བསླབ་པ་འདྲ་པོ་འདུག ཁ་རྣ་གཉིས་ལས་བེད་སྤྱོད་མེད་པ་འདྲ། སོང་ཙང་གཞི་རྒྱ་ཆེ་ལོས་ལ་མ་ལྟོས་པར་སྐད་ཡིག་བཤད་ཉན་བྲིས་ཀློག་མཉམ་དུ་འགྲོ་དགོས་པ་ལས་རང་འགར་འཇོག་མིན་ཉན་བསམ།
༣) ཁྱིམ་ཚང་གི་འགན་ལེན་སྐོར་ཡག་པོ་གསུངས་སོང་། སྐད་ཡིག་སློབ་པ་ལ་ཁྱིམ་ཚང་གི་འཆར་གཞི་གལ་ཆེན་ཡིན་སྐོར་མང་པོ་གསུངས་སོང་། ཡིན་ནས་ད་བར་བོད་དགེ་ཟབ་སྦྱོང་ལས་ཁྱིམ་ཚང་གི་ལག་ལེན་སྐོར་ལ་ཟབ་སྦྱོང་འཆར་གཞི་ཡོད་སྐོར་གོ་ཐོས་མ་བྱུང་། དེ་འདྲ་སོང་ཙང་། སླད་ནས་གལ་ཏེ་གཟའ་འཇུག་བོད་སྐད་ཡིག་ཀྱི་འཛིན་གྲྭ་དེ་དག་ལབ་ལྷོང་ཡོང་ཆེད། ཕ་མ་ཚོར་བོད་སྐད་ཡིག་སློབ་འཁྲིད་སྐོར་ཟབ་སྦྱོང་ངེས་པར་དུ་གནང་དགོས་འདུག
༤) དེ་ནས་རྒྱ་གར་དང་བོད་སོགས་ནང་བོད་ཕྲུག་གཏོང་དགོས་སྐོར་གསུངས་པ་དེ་བདེན་མོད་ཀྱང། ཁྱིམ་ཚང་སོ་སོའི་གནས་སྟངས་མི་འདྲ་བའི་སྤྱི་ཡོངས་ནས་དེ་འདྲ་ཁག་པོ་རེད་མཉམ། དེ་ནས་བདུན་གཉིས་གསུམ་རིང་བོད་སྐད་ཡིག་གི་བསྙེན་མཚམས་སམ་retreat སོགས་འགོ་ཁྲིད་ཐུབ་ན་བཟང་མོད་སྙམ།
མི་རིགས་ག་འདྲ་ཞིག་གི་སྐད་ཡིག་ཡིན་ཀྱང་མི་རིགས་དེ་ཟུར་དུ་འཚོ་མ་ཐུབ་པར་འཛམ་གླིང་གི་མི་རིགས་ནང་བྱ་སྤུ་རི་ལ་འཐོར་བ་ནང་བཞིན་དུ་གནས་ནས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་ནམ་ཡང་སྲུང་སྐྱོབས་མི་ཐུབ་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་དང་ང་ཚོ་བོད་མིའི་སྐད་ཡིག་ལ་སྲུང་སྐྱོབས་དགོས་ན་བོད་མི་རིགས་ལ་སྲུང་བྱ་རྒྱུ་དེ་ག་དུས་ཡིན་ཡང་སྔོན་འཐོན་བྱ་དགོས་པ་ལས་ནམ་ཡང་རྗེས་ལུས་ཐེབས་མི་ཉན་ལ་བོད་མི་རིགས་འཛམ་གླིང་གི་ལུང་པ་མང་པོའི་ནང་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་སྒེར་གྱི་འཚོ་བ་བསྐྱལ་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་དང་རྒྱུན་གནས་ཐུབ་པའི་རེ་བ་ཡོད་པ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་།
དང་པོ་འཆར་གཞི་རབ་རིབ། གཉིས་པ་ཐབས་ལམ་ཐེབས་ཆག གསུམ་པ་སློབ་དེབ་སྐྱོན་ཅན། ད་གང་ལྟར་ཕན་ཐོགས་ཡོང་རེ་མི་འདུག དེ་ལས་བོད་ཡིག་མ་བསླབས་པ་དགའ་བ་མེད་འགྲོ ཁ་བདེ་པོ་བཤད་ནས་ཕན་ཐོགས་ཀི་མ་རེད།
འོ། བྱང་ཨ་རིའི་གཟའ་མཇུག་སློབ་དེབ་སྐད་གྲགས་ཅན་དེ་སྒྲིག་མཁན་ཁོང་རེད་དམ།
ད་བྱས་དུས་ཞབས་འདྲེན་ཞུ་མཁན་ཁོང་ཡིན་པ་རེད།
བསྟན་འཛིན་ནོར་བུ་མཆོག་ཀུན་གླེང་དུ་ཕེབས་ནས བོད་ཀྱི་སློབ་ཕྲུག་རྣམས་བོད་སྐད་ཤེས་པར་བཀའ་མོལ་གནང་བ་ཡིད་ལ་འབབས།
ལ་དྭགས་པ་ཁ་ཆེ་མུ་སུལ་མན་ཡིན་པ་ཞིག ༡༩༤༨རྗེས་རྒྱ་གར་ནས། པཱ་ཀི་སྟཱན་དུ་སོང་། པཱ་ཀི་སྟཱན་གྱི་གཞུང་ཚབ་ཏུ་བལ་ཡུལ་དང་། ཨ་རི་སོགས་སུ་ཡོད་དུས། ནང་དུ་ལ་དྭགས་ཀྱི་སྐད་རྒྱབ་པས། ནང་མི་ཚང་མས་ལ་དྭགས་སྐད་དེ། བོད་སྐད་ལེགས་པར་རྒྱབ་ཐུབ་པ་མཐོང་ངོ་།
་
བོད་ཕྲུག་ཆུང་ངུ་ཚོར། དུས་རྣམ་རྒྱུན་གྱི་་སྦྱོར་ཀློག་སྦྱོང་སྟངས་པ་ལྟ་བུ་མ་ཡིན་པར། ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་ལྟར་སློབ་ཐུབ་ན། བོད་ཡིག་དག་ཆ་ལེགས་པར་འབྱུང་བ་ཐག་བཅད་ཆོག དེ་ཡང་། སྒྲ་ལྟ་བུ་ལ་སྦྱོར་ཀློབ་རྒྱབ་ན། ས་ག་བཏགས་སྒ། སྒ་ར་བཏགས་སྒྲ། ཞེས་པ་ལྟ་བུ་མིན་པར། སགརཨ། ཞེས་མགྱོགས་པར་ཡི་གེ་ཚང་མ་འབོད་དགོས་པར་གསུངས། གཅིག ཅེས་པར་སྔོན་འཇུག་ག་སྲོག་མེད་ཡིན་པས། གཅཨིག་ཅེས་ཀི་གུ་དེ་ཉིད་སྔོན་འཇུག་དང་མིང་གཞི་ཅ་གཉིས་ཀར་ཐོབ་པ་བྱས་ཏེ། སྦྱོར་ཀློག་ཡུན་རིང་རྒྱབ་ཐུབ་ན། ངེས་པར་བོད་མིང་ཚིག་དག་ཆ་ལ་ཕན་པར་སེམས་སོ།