རང་འཚོལ་གྱིས་བསྒྱུར།
ངས་བལྟས་ན་བུད་མེད་ཚོས་རང་ཉིད་སྐྱེས་པ་ཚོ་དང་འདྲ་མཉམ་ཡིན་མདོག་བྱེད་པ་དེ་ནི་ལྐུགས་རྟགས་རེད། ཁོང་ཚོ་ནི་སྐྱེས་པ་ལས་ཆེས་ལྷག་པ་ཡིན་ལ། ནམ་ཡང་ཡིན་མྱོང་ཡོད། ཁྱེད་ཀྱིས་བུད་མེད་ཅིག་ལ་ཅི་ཞིག་སྤྲོད་ཀྱང་མོས་དེ་བས་རླབས་ཆེ་བ་བཟོ་གི་རེད། གལ་ཏེ་ཁྱེད་ཀྱིས་མོ་ལ་ཁམས་དཀར་པོ་སྤྲད་ན། མོས་ཁྱེད་ལ་ཕྲུ་གུ་ཞིག་སྤྲོད་ཀྱི་རེད། གལ་ཏེ་ཁྱེད་ཀྱིས་མོ་ལ་ཁང་པ་ཞིག་སྤྲད་ན། མོས་ཁྱེད་ལ་ཁྱིམ་གཞིས་ཤིག་སྤྲོད་ཀྱི་རེད་ལ། གལ་ཏེ་ཁྱེད་ཀྱིས་མོ་ལ་སྐམ་ཟས་ཚོང་ཁང་ཞིག་སྤྲད་ན། མོས་ཁྱེད་ལ་ཞལ་ལག་སྤྲོད་ཀྱི་རེད། གལ་ཏེ་ཁྱེད་ཀྱིས་མོ་ལ་མཛུམ་ཞིག་སྤྲད་ན། མོས་ཁྱེད་ལ་མོ་རང་གི་སྙིང་སྤྲོད་ཀྱི་རེད། མོས་མོ་ལ་གང་སྤྲད་པ་དེ་ཇེ་མང་དང་ཇེ་ཆེར་གཏོང་གི་རེད། དེས་ན། གལ་ཏེ་ཁྱེད་ཀྱིས་མོ་ལ་བཙོག་པ་ཞིག་སྤྲོད་པ་ཡིན་ན། དེའི་ལན་པར་བཙོག་པ་སྤྱི་རྒྱ་སྟོང་ཕྲག་རག་རྒྱུའི་གྲ་སྒྲིག་གྱིས་ལོ།
<དབྱིན་ཇིའི་སྙན་ངག་པ་བིལིམ་གྷོལ་ཌིང་གིས་གསུངས།>
རང་འཚོལ་གྱིས་ ༢༠༡༧།༣།༨ ཉིན་བསྒྱུར་སྤེལ་ཞུས།
སྐམ་ཟས་ཚོང་ཁང་། ཞེས་པར། ཚོང་ཁང་ནས་འོངས་སྐམ་ཟས། ཞེས་ན། གང་འདྲ་འདུག་གམ།
གྲ་སྒྲིག ཅེས་པར་ངའི་ཁ་སྐད་དུ། གྲལ་སྒྲིག ཟེར།
སི་ཏུ་པཎ་ཆེན་རྟགས་འཇུག་ དེབ་ཤོག་གྲངས་ ༡༦༩ན། གྲལ་བསྒྲིགས། ཅེས་དང་། ༡༧༤ན། བསྒྲིག་བྱའི་གྲལ། གྲལ། ཞེས་པའི་སྒྲ་གདངས་ཉམས་ནས། གྲ ཞེས་ཆགས་པའི་དོགས་པ་མཆིས་སོ།