—བློ་གྲོས་རབ་བརྟན།
—-(འདྲ་པར་ཞིག་ལ་བལྟས་ཏེ་བྲིས་པའི་ཚོར་བའི་སྙན་ངག་ཅིག)
ཕོ་བྲང་པོ་ཏ་ལ།
ཁྱོད་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་ལ།
དཔལ་ཡོན་ཞིག་གི་མཚོན་རྟགས་ཡིན།
ལོ་རྒྱུས་ཤིག་གི་དཔང་པོ་ཡིན།
ཁྱོད་ལ་ཅི་ཉེས།
ཁྱོད་ཀྱི་དབུ་རྩེ་ན་འགྱངས་པའི་མི་བུ་དེ་སུ་རེད།
མེས་པོ་སྲོང་བཙན་སྒམ་པོ་རེད་དམ།
ཡང་ན་རྒྱལ་དབང་ལྔ་པ་ཆེན་མོ་རེད།
ཕོ་བྲང་པོ་ཏ་ལ།
ཁྱོད་ལ་རྒྱ་དམར་གྱི་དར་ཆས་དབུ་རྩེར་གཡོགས་ནའང་།
ཁྱོད་ཀྱི་རྒྱ་ཕིབསཀྱི་གསེར་འོད་ཉམས་མ་མྱོང་ལ།
དཔའ་མཛངས་གཤིས་སྤྱོད་དེ་བས་འགྱུར་མ་མྱོང་།
ཁྱོད་ལ་ཅི་ཉེས།
ཁྱོད་ཀྱི་དབུ་རྩེ་ན་འགྱངས་པའི་མི་བུ་དེ་སུ་རེད།
ང་ཚོའི་ཡབ་མེས་གོང་མ་ཚོའི་ཤུལ་འཛིན་པ་ཞིག་རེད་དམ།
ཡང་ན་རྒྱ་དམར་གྱི་བཙན་གནོད་ལ་སྡོང་གྲོགས་མཁན་ཞིག་རེད།
ཕོ་བྲང་པོ་ཏ་ལ།
ཁྱོད་ནི་བསྟན་འཛིན་རྒྱ་མཚོའི་ཕོ་བྲང་རེད་ལ།
འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རེད།
བོད་མི་རིགས་ཀྱི་དད་པའི་བསྟི་གནས་རེད།
ཁྱོད་ལ་ཅི་ཉེས།
ཁྱོད་ཀྱི་དབུ་རྩེ་ན་འགྱངས་པའི་མི་བུ་དེ་ངས་ཤེས་སོང་།
ཁྱོད་ཁོ་ལ་མོས་མཐུན་མེད་པ་འང་ངས་རྟོགས་ཡོད།
ཧམ་སེམས་ཀྱིས་ཁྱོད་ཀྱི་དབུ་རྩེར་འགྱངས་པ་དེ་རེད།
ཕོ་བྲང་པོ་ཏ་ལ།
སེམས་ཁྲལ་མ་གནང་།
ནམ་ཞིག་ཁྱེད་ཀྱི་གཅེས་ཕྲུག་སྟེ།
ཤེས་རབ་དང་བྱམས་བརྩེའི་མངའ་བདག་གང་།
ཉིད་ཀྱི་པང་ལ་བདེ་པར་ཕེབས་ངེས།
2017/3/15
ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་གི་རྒྱལ་པོའི་ཕོ་བྲང་མཛེས་བཀོད་ལེགས་ཤོས་ཨང་གཉིས་པར་བགྲངས་ཀྱི་ཡོད་པ་རེད། འོན་ཀྱང་བོད་པ་ཚོ་ནི་འཛམ་གླིང་གི་དབུལ་བོ་ཆེ་སྐྱོ་བོའི་གྲལ་དུ་ཚུད་ཀྱི་ཡོད་པ་རེད། དེས་ན་ཅི་ཕྱིར་ལུང་བ་སྐྱོ་བོ་ཞིག་ན་ཕོ་བྲང་རྫིག་པོ་ཞིག་ཡོད་པ་རེད། འདི་ནི་ཤིན་ཏུ་ཡ་ང་ཞིང་ངོ་ཚ་བའི་གནས་ཚུལ་ཞིག་རེད། ཅི་ཕྱིར་ན་དམངས་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་སུ་མ་བཏང་ནས་ཕོ་བྲང་རྫིག་པོ་ཞིག་བརྩིགས་པ་རེད། རུལ་སུང་ཟེར་བ་ངོ་མ་དེ་འདི་འདྲ་ལ་ཟེར་གྱི་ཡོད་པ་རེད། ཕོ་བྲང་འདི་སྲོང་བཙན་སྒམ་པོའམ་རྒྱལ་དབང་ལྔ་བ་སུ་ཡིས་བརྩིགས་པ་ཡིན་ན་དེ་ནི་རུལ་སུང་ངོ་མ་དེ་རེད། མི་མང་གི་རྒྱུ་ལོག་སྤྱོད་པ་ཁོ་ན་དེ་རེད། ད་དུང་སྲོང་བཙན་སྒམ་པོ་དང་རྒྱལ་དབང་ལྔ་བ་གཉིས་ཞལ་བཞུགས་ཡོད་ན་ཁོང་གཉིས་ཁ་སྐྱེངས་ཀྱི་ཡོད་པར་ངེས་སོ། རང་བཙན་ཤོར་བའི་རྒྱུ་རྐྱེན་ཀྱང་རྒྱལ་དབང་ལྔ་བ་ལ་ཐུག་པ་རེད། འོན་ཀྱང་བོད་པ་ཚོས་འདི་རྟོགས་ག་ལ་ཐུབ། །
དེང་སང་རང་བྱུང་རིག་པའི་རྡོ་རྗེ་སོགས་ལ་ཅི་བཤད་འདི་བཤད་ཅིག་མི་འདུག དངོས་གནས་མི་འདི་རྣམས་ལ་བག་ཚ་རྒྱུ་ཡང་མེད་པ་ག་རེའི་ལས་ངན་པ་བྱས་པ་ཡིན་ན།
༼ཆོལ་གསུམ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན༽
ཁོང་གི་ལྷག་བསམ་ལ་སྡང་ཞེན་མ་ཞུགས།
ཁོང་གི་དཔྱོད་རིག་ལ་མུན་པས་མ་གོས།
ཁོང་གི་གཤིས་རྒྱུད་ལ་ཀྱ་ཀྱུ་མ་ཤོར།
ཁོང་ནི་བོད་མི་རིགས་ཀྱི།
ཀླད་སྙིང་འགམ་པའི་སེང་གེ
ཁྲག་སྙིགས་འཇིབ་པའི་པད་པ།
ཁུར་ཆེན་འདེགས་པའི་གླང་པོ།
སྣག་ལྒང་རྟོལ་བའི་སྙུང་པུ།
མདོར་དྲིལ་ན།
སྲོག་དབང་སྩོལ་བའི་ལྷ་རྗེ་རེད།
ཡང་གཅིག་བཤད་ན།
ཁོང་ནི་བོད་མི་རིགས་ཀྱི
རྣ་བའི་པི་ཝང།
མིག་གི་མེ་ཏོག
སྣ་ཡི་དྲི་བཟང།
ལུས་ཀྱི་དར་ཟབ།
ལྕེ་ཡི་རོ་མཆོག
སེམས་ཀྱི་ནོར་བུ་ལགས་སོ།།
རེད་ལགས།
པོ་ཏ་ལའི་བཞུགས་ཁྲི་མཐོན་པོས།
ཁྱོད་ལ་སྒུག་ཡོད།
༧གོང་ས་ཆེན་པོའི་ཐུགས་རེ།
ཁྱོད་ཀྱིས་བསྐང་ངེས།
དེ་དུས་ང་ཚོས་ཁྱོད་ལ་ཁ་བཏགས་འཐེན་ནོ།།
རང་བྱུང་རིག་པའི་རྡོ་རྗེ་ལགས།
ཕོ་བྲང་པོ་ཏ་ལ་འདི་ཇོ་ནང་བའི་ལྷ་ཁང་ཞིག་ཏུ་བསྒྱུར་བཏང་ན་ག་འདྲ་འདུག
ལོ་ཡག་གིས་སྙན་ངག་འབྲི་གི་ཡ། མི་འབྲི་གི་ན་རྡོར་ཚེ་དང་ཀླུ་བྱམས། ཡུམ་དུམ་པ་12
བློ་གྲོས་རབ་བརྟན་ལགས། ང་ནི་ཇོ་ནང་དང་འབྲེལ་བ་གཏན་ནས་མེད། སྐད་ཆ་དྲང་མོ་ཞིག་བཤད་པ་ཙམ་ཡིན། ནམ་རྒྱུན་གླེན་པ་ཚོ་ཁ་ན་ཁོང་ཚོས་སྣང་བ་མ་སོང་ན་དོལ་རྒྱལ་ཚོགས་པའམ་ཡང་ན་གཞན་ཞིག་བཤད་ཀྱི་རེད། ཁྱོད་ཀྱིས་ངའི་མཆན་ཐུང་དེའི་ནང་དོན་རྟོགས་དགོས་ན་ད་དུང་ལོ་ཤས་ལ་སློབ་སྦྱོང་དགོས་ས་རེད། དེ་ཙམ་ཡིན། །
ཤར་ཕྱོགས་ཁུག་རྟས། ཁ་སང་གྲོས་ཚོགས་ནང་། ཀླད་པ་དབྱིན་ཇི་། ཁ་ནས་བོད་སྐད་གྲགས་མཁན་གསུངས་སོང་བ། མི་འདི་དེའི་རིགས་རེད། ཧཧཧཧཧ
ངས་འདིར་སྒྲུང་ཐུང་ཞིག་བཤད། ཉེ་ཆར་འདས་ཟིན་པའི་ཐེ་ལན་ཊི་རྒྱལ་པོ་ནི་སྤྱོད་ལམ་ལེགས་ཤིང་གཏམ་བཤད་ལ་མཁས་པ་ཞིག་ཡོད་ས་རེད། དེའི་སྟོབས་ཀྱིས་ཐེ་ལན་མི་མང་ཕལ་ཆེར་བརྒྱ་ཆ་དགུ་བཅུ་ལྷག་གིས་ཁོང་ནི་ལྷ་བཞིན་བརྩི་བཀུར་བྱས་དང་བྱེད་བཞིན་པ་རེད། དོན་ལ་ཁོང་ནི་འཛམ་གླིང་གི་ནང་ནས་རྒྱལ་པོ་ཕྱུག་ཤོས་ཨང་དང་པོ་དེ་རེད། ཁ་ཆེ་ལུང་པའི་རྒྱལ་པོ་ཚོས་ཀྱང་ཐེ་ལན་ཊི་རྒྱལ་པོའི་སྟོབས་འབྱོར་ལ་འགྲན་ཐུབ་མེད་པ་རེད། འོན་ཀྱང་ཐེ་ལན་ནི་རྒྱལ་ཁབ་སྐྱོ་བོ་ཞིག་རེད། གལ་ཏེ་ཕྱི་རྒྱལ་བ་ཞིག་གིས་ཁྱོད་ཀྱི་རྒྱལ་པོ་རུལ་སུང་རེད་ཅེས་བརྗོད་ན་མི་སུ་ཞིག་གིས་ཀྱང་ཡིད་ཆེ་བྱེད་ཀྱི་མ་རེད། རྒྱུ་མཚན་ནི་མི་མང་ལ་བློ་གྲོས་ཀྱི་འདང་གི་མེད་པས་རེད། །
རང་བྱུང་རིག་རྡོར་ལགས།
ངས་ག་རེ་སྦྱང་དགོས་རེད། ཅིག་གསུང་དང་།
སྤྱི་ཚོགས་ནང་གོ་ཐོས་ལྟར་ན། མི་འདིས་བོད་རང་དབང་སློབ་ཕྲུག་ཚོགས་པའི་དབང་ཆ་མི་གཞན་སུ་གང་ལའང་སྤྲོད་ཀྱི་མེད་པར་སྒེར་འཛིན་བྱས་བསྡད་ཡོད་པ་མ་ཟད། ཚོགས་པ་དེའི་རྩིས་ཁྲའང་ད་བར་གཙང་མ་བཟོས་མྱོང་མེད་ཡོད་མ་རེད་ཟེར་བ་བདེན་པ་རེད་དམ།
ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཁག་གཅིག་གི་པོ་ཏ་ལ་ནི་ཆེད་འཇིག་སུ་རུང་བའི་དུར་ཁྲོད་ཅིག་རེད་འདུག་ཟེར།
སྤྱང་ཤོག
པོ་ཏ་ལ་ནི་ཕྱི་རྒྱལ་ཉམས་པ་མང་པོ་ཡིད་དུ་མེ་ཏོག་ལྡུམ་ར་ཞིག་རེད་ཟེར།
གོང་གི་བསྟོད་ཚིག་ལ་ཡིག་ནོར་ཞིག་ཤོར་འདུག་པ་དེ་ “ཀླད་རྙིང་འགེམ་པའི་སེང་གེ” ཞེས་སུ་བཅོ་བར་ཞུ།
འདི་ན་བློ་གྲོས་མ་སྨིན་པ་འགས། གཟུར་པོར་གནས་ཤིང་ཤེས་རབ་ཆེ་བ། ལྷག་བསམ་ཤིན་ཏུ་གཙང་བའི་གཞོན་ནུ་ཀུན་གྱི་མིག་དཔེར་འོས་པ་འདི་ལ། དབྱིན་ཇིའི་བསམ་བློ་ཅན་ཞེས་དམོད་ཀྱང་། དོན་དུ། ཁོ་བ་ནི་སྐྱེ་བོ་སྒེར་གྱི་སྐྱིད་སྡུག་ལ་སེམས་ཚོར་ཟབ་པ། སྐྱེ་བོ་སྒེར་གྱི་བདེ་འཇགས་ལ་ཐུགས་ཁུར་ཆེ་བ། སྐྱེ་བོ་ཐམས་ཅད་ལ་བསམ་ཤེས་དང་བརྩེ་སེམས་ལྡན་པ་སོགས། རང་རེ་ནེ་ཙོ་མ་ཎི་བ་རྣམས་དང་བསྡུར་ན། སྔ་མོ་ནས་གཙུག་ཏུ་འཛེགས་ཚར་འདུག དེས་ན་ཁོང་ཚོ་ནི། ས་པཎ་གྱིས། ཡོན་ཏན་ལོག་པར་སྦྱངས་པ་འགའ། །ལེགས་པར་སྦྱངས་པ་ཁྱད་དུ་གསོད། །ཅེས་གསུང་བའི་འབེན་རེད། ཁོང་ཚོས་ནང་ཆོས་སྤྱངས་ཀྱང་མྱོང་ལ་ཤེས་པའི་ཁུལ་ཡང་བྱེད་མོད། འོན་ཀྱང་། སྤྱོད་པ་ཕྱིན་ཅི་ལོག་ཤ་སྟག་སྟེ། གང་ཟག་དགྲ་རུ་ལྟ། དབང་ཆ་གཅིག་སྡུད་བྱེད། མི་ཉན་ན། འཇིགས་སྐུལ་བྱེད། ཐ་ན་ཐོབ་ཐང་སྟེ། ཁ་ནང་གི་ཟས་ཀྱང་འཕྲོག་ཐབས་བྱེད། དེ་ལས་ཀྱང་བསམ་མི་བཟོད་པ་ཞིག་ལ། མི་བྲལ་ནས་ཀྱང་ཕུད་ཐབས་བྱེད།
ཁ་སང་གྲོས་ཚོགས་སུ་དེའི་གྲས་ཀྱི་སྤྱི་འཐུས་གཅིག་གིས། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་སྐྱོར་བཞིན་རང་ཉེས་འགེབ་ཐབས་བྱས་སོང་། དོན་ལ་ནི་ཁོང་ཚོས། ཉམ་ཆུང་གང་ཟག་དགྲར་གཟིགས་ཀྱི། །གང་ཟག་དང་འབྲེལ་ཉོན་མོངས་མིན། །
ཐེངས་འདིའི་གྲོས་ཚོགས་ཀྱི་བགྲོ་གླེང་གང་གནང་ཁག་ལ་ཉན་དུས། ཡིད་དབང་སུས་འཕྲོག་སོང་ཟེར་ན། སྲིད་སྐྱོང་མཆོག་དང་མདོ་སྟོད་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་རྣམ་གཉིས་ཀྱིས་ཏེ། ཁོང་རྣམ་གཉིས་ནི་ཀླད་རྙིང་གི་སྒྲོག་གིས་མ་བཅིངས་པ། ཕྱོགས་ཞེན་གྱི་དྲི་མས་སྦགས་པ། གཡོ་སྒྱུ་ཡི་མགོ་གཉིས་མ་འབུར་བ། སྤྱི་སྒེར་ཡོངས་ཀྱི་མདུན་ལམ་ལ་ཁྱབ་མཉམ་གྱི་དགོངས་པ་ཟབ་མོར་བཞེས་ཐུབ་མཁན། རྨད་དུ་བྱུང་བའི་བསམ་སྤྱོད་ཅན་དུ་མཐོང་སོང་ན། དགའ་གུས་དང་ཤིས་ཚིག་གི་རི་མོ་སུས་མི་འབྲི། རྟག་ཏུ་བྲི་སྟེ། རྟག་ཏུ་དེ་ལྟར་ཡིན་པས་སོ། །
ང་ཚོས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་རང་གི་བླ་མ་ཆེན་པོ་འདི་ལ་ཁ་གཏོང་མཁན་དག་ལ། རྒྱབ་སྐྱོར་གཞར་ཡང་བྱེད་མི་རིགས་མོད། རང་རེའི་སྤྱི་ཚོགས་ཀྱི་གུ་དོག་པ་དང་། ཐལ་ཆེ་བའི་བྱེད་སྤྱོད་དག་ངེས་པར་དུ་གསར་བརྗེ་བྱེད་དགོས། གཞན་དུ་ན། ཀྲུང་ཀོ་གཅིག་སྡུད་རིང་ལུགས་ལྟར་ཆགས་ཏེ། བཙན་དབང་གི་ཆིག་བསྒྲིལ་ཞིག་མ་གཏོགས་དོན་དམ་གྱི་ཆིག་བསྒྲིལ་ཞིག་གང་ནས་ཡོང།།
རྡོ་རྗེ་ཚེ་བརྟན་པོ་ཏཱ་ལའི་སྟེང་གི་པར་དེ་ཧམ་པ་ཆེ་དྲག་རེད། ལྟས་ངན་གསར་འཐོམ་པ་རང་རེད།
ནུབ་ཕྱོགས་གངས་ཕྲུག་བདེན།
དེ་ཙམ་ནི་ཧམ་པ་ཆེ་དྲགས་པའི་ཚོད་དུ་འདུག
དཔའ་ཆེན་དོན་འགྲུབ་ལགས། ཁྱིམ་ཚང་ཞིག་གི་བཟའ་དཔོན་གྱིས་ལུས་ལ་གོས་གང་ལེགས་གྱོན་ཞིང་ཁ་ལ་ཟས་གང་ཞིམ་ཟོས་ནས་སྟོབས་འབྱོར་ལྷ་དང་མཉམ་པའི་མི་ཚེ་བསྐྱལ། ཁོང་གི་ཆུང་མ་དང་ཕྲུག་གུ་ཚོར་ལུས་ལ་གོས་མེད་ཀྱང་ཁ་ལ་ཟས་མེད་པར་སྲང་ལམ་ཉུལ་ནས་སློང་མོས་མི་ཚེ་ན་བསྐྱལ་ན། མི་གཞན་གྱིས་ཁོང་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་རམ་ཡང་ན་ངོ་རྒོལ་བྱེད། རྣམ་དཔྱོད་ཀྱི་མིག་མེད་པ་དག་གིས་ཡིད་སྨོན་ཀྱང་ཤོར་སྲིད། །
པོ་ཏ་ལ་ནི་མཐོ་སྙེག་པ་ཚོའི་རྐང་འོག་ཏུ་བརྫི་ཡག་རེད།
པོ་ཏ་ལ་ནི་ཆབ་སྲིད་ཀྱི་ཚོང་དཔོན་ཚོའི་ཚོང་རྫས་རེད།
པོ་ཏ་ལ་ནི་ཆབ་སྲིད་ལོག་སྤྱོད་པའི་མ་རྩ་རེད།
པོ་ཏ་ལས་གཞིས་ལུས་བོད་མི་མཚོན།
རྡོ་རྗེ་ཚེ་བརྟན་གྱིས་མཚན་བྱོལ་བོད་མི་མཚོན།
འདི་ནི་ད་ལྟའི་བོད་མིའི་རྩ་དོན་གྱི་འདྲ་པར་རེད།
རྡོ་རྗེ་ཚེ་བརྟན་གྱི་ཁ་འགྲམ་དུ་པོ་ཏ་ལ་དེ་འདྲའི་ཉམ་ཆུང་ཞིག་ཨང་།