སྐལ་བཟང་རྒྱ་མཚོ།
“བློ་བཟང་སེང་གེ་ཨ་རི་ཧར་ཝཊ་ནས་ཐོན། དེང་དུས་ཀྱི་སློབ་སྦྱོང་བྱས། དང་པོ་འཇམ་པོ་དང་ཡག་པོ་བྱས་སོང་། ངས་དང་ཐོག་ཡག་པོ་ཡོང་གི་རེད་བསམ་རེ་བ་ཆེན་པོ་བྱས་པ་ཡིན། ད་ཆ་ཧམ་པ་ཚ་རུ་ཚ་རུ། ཧམ་པའི་མཉམ་དུ་སྐྱག་རྫུན་ཡང་ཡོང་གི་རེད། ངས་རྒྱུན་དུ་ཡ་རབས་བྱེད་དགོས་པ་དང་དམན་ས་བཟུང་དགོས་པ་ཤོད་ཀྱི་ཡོད་རེད། ད་ངས་རྩིས་སྤྲོད་བྱེད་སའི་བོད་མིའི་འགོ་འཁྲིད་དེ་ཚོའི་བྱེད་སྟངས་གང་འདྲ་ཞིག་འདུག བར་ལམ་འོས་བསྡུའི་ཐད་ལའང་ཤོག་འཐེན་བྱས། ངའི་འཁྲིས་དེར་ཡོད་མཁན་ཚོས་བྱེད་སྟངས་འདི་འདྲ་བྱས་ཡོང་དུས་བློ་ཕམ་ཡོང་གི་འདུག ད་བསྡད་དང་མ་བསྡད་མི་འདུག་དྲན་གྱི་འདུག ཨ་རི་དོན་གཅོད་ཡིན་མུས་ཆབ་མདོ་བ་དེས་ཀྱང་ངའི་མིང་བེད་སྤྱོད་བཏང་ནས་བློ་བཟང་སེང་གེའི་རྒྱབ་སྐྱོར་བྱས་འོས་བསྡུའི་དྲིལ་བསྒྲགས་བྱས་འདུག གང་ལྟར་དཔུང་སྒྲིག་བྱས་ནས་གང་འདྲ་བྱས་སོང་།” གསུང་ཚིག་དུམ་བུ་འདི། ༢༠༡༦ ཟླ་ ༤ ཚེས་ ༢༥ ཉིན་རྡ་སར་གནས་བཞུགས་བཀའ་ཟུར་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཚོ་༸གོང་ས་མཆོག་ལ་གསོལ་འདེབས་སྙན་ཞུར་བཅར་སྐབས་གནངས་པའི་བཀའ་སློབ་ཀྱི་དུམ་བུ་ཞིག་རེད།
༢༠༡༦ ལོའི་འོས་བསྡུའི་མཇུག་འབྲས་ནི། ༸གོང་ས་མཆོག་ཐུགས་ཕམ་དང་། བོད་མི་མང་བློ་ཕམ། སྤྱི་ཚོགས་ཀྱི་ཆིག་སྒྲིལ་ནུས་པ་དུམ་བུར་བཏང་བ་སོགས་ཆགས་ཡོད་པ་རེད། དེ་ཚང་མ་བློ་བཟང་སེང་གེ་གཅིག་པོས་བྱས་པ་ཨེ་རེད་ཟེར་ན། དེ་ཡང་མ་རེད། འོས་མི་ཚང་མས་སྐྱོན་ཆ་དེ་འདྲ་བཟོས་ཡོད་པ་རེད། དེ་ཚོའི་ནང་ནས་། གཙོ་བོ་བློ་བཟང་སེང་གེས་སྲིད་སྐྱོང་ལས་ཐོག་ཡིན་པའི་གོ་སྐབས་བེད་སྤྱད་ནས་གཞུང་གི་སྡིངས་ཆ་སྒེར་གྱི་འོས་ཤོག་གི་ཆེད་དུ་བེད་སྤྱོད་ལོག་པར་བཏང་བ་དེ་ཚབས་ཆེ་བ་བྱུང་ཡོད། རྩོམ་པ་པོ་ཚོས། འོས་མི་ཚོའི་བྱ་སྤྱོད་མ་འགྲིག་པའི་རིགས་ཐེར་འདོན་བྱེད་པའི་བྱ་སྤྱོད་ཁག་ཅིག་ཐེར་འདོན་གྱི་རྩོམ་ཡིག་མང་པོ་བྲིས་ནས་ལོ་རྒྱུས་ཀྱི་ཡི་གེར་བརྐོས་པ་བྱུང་ཡོད། འོས་ཤོག་གི་ཐོབ་ཤོར་དང་རྒྱལ་ཕམ་དབྱེ་བ་ཕྱེས་ཚར་བའི་རྗེས་ལ། བློ་བཟང་སེང་གེས་རྩོམ་པ་པོ་ཚོས་ཡི་གེར་བཀོད་པའི་ ༢༠༡༦ ལོ་ནི་རང་ཉིད་ཀྱི་བྱས་ཉེས་ཡི་གེར་བཀོད་པའི་ཡིག་ཚགས་ཤིག་ཡིན་ངོ་ཆ་འཕྲོད་པ་ལྟ་བུ་ཆགས་ཡོད་པ་རེད། དེར་བརྟེན། ཁོས་སྤྱི་ཚོགས་ཀྱི་ངོས་འཛིན་འདི་མུ་མཐུད་ལོ་རྒྱུས་སུ་གནས་པ་ཡིན་ན། རང་ཉིད་ནག་པོ་ཆགས་ཀྱི་ཡོད་པ་དེ་ཤེས་རྟོགས་དང་ངོས་འཛིན་བྱེད་ཐུབ་ཡོད་པ་རེད། འོས་མི་གཞན་པ་ཚོས་སྣང་མེད་དང་ཡ་མེད་དུ་སྐྱུར་ཡོད། སྟབས་ཉེས་པ་ཞིག་ལ། རྩོམ་པ་པོ་ཚོས་ཡི་གེར་བྲིས་པའི་ ༢༠༡༦ ལོ་དེ་དེབ་གཟུགས་སུ་བསྐྲུན་རྒྱུ་ཡིན་འདུག ཉེ་ལམ་སྐད་འཕྲིན་ཞིག་ན་དེ་ཡི་སྐོར་གྱི་གསལ་བསྒྲགས་ཡི་གེ་ཞིག་ཀྱང་སྤེལ་འདུག རྩོམ་པ་པོ་ཚོས་བྲིས་པའི་ ༢༠༡༦ ཟེར་བ་ཞིག་ཐོན་པ་ཡིན་ན། དེ་ནི་བློ་བཟང་སེང་གེས་བསྐལ་པ་མ་སྟོང་བར་དུ་དཀར་པོ་བཟོ་མི་ཐུབ་པ་རེད། ཅི་རེད་ཟེར་ན། ཤེས་ཡོན་པའི་མིག་གིས་་ ༢༠༡༦ ལོ་མཐོང་སྣང་དེ་སུས་ཀྱང་བསུབ་ས་མི་འགྲོ་བ་ཞིག་ཆགས་ཚར་བ་རེད།
བློ་བཟང་སེང་གེས་ད་ཆ་ཨུ་ཚུགས་བརྒྱབ་ནས་ “འོས་ཐེངས་གཅིག་བླུགས་ན་རྦད་དེ་ཕན་ཐོགས་ཀྱི་ཡོད་པ་དང་། ཐེངས་གཉིས་བླུགས་ན་འགྲིག་གི་མི་འདུག་ཅེས་ཞུས་བ་གཙོ་བོ་དེ་རེད། ཚང་མས་མཁྱེན་གྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་འོས་བསྡུའི་སྐབས་རྙོག་གླེང་ཆེན་པོ་ཞེ་དྲགས་བྱུང་བ་རེད། ༧གོང་ས་མཆོག་གི་ཐུགས་ཕམ་པ་རེད། སྤྱི་ཚོགས་ནང་བརྡབ་གསིག་ཉེ་བའི་ལོ་རྒྱུས་ནང་དེ་ལས་ཆེ་བ་བྱུང་མྱོང་ཡོད་པ་མ་རེད། ” ཞེས་བཤད་ཀྱི་ཡོད་པ་རེད། ཁོའི་ཐབས་ཤེས་འདི་རེད། ཡིན་ནའང་། དེ་བདེན་པ་མ་རེད། ༢༠༡༦ ལོའི་འོས་བསྡུའི་སྐབས་ཀྱི་རྙོག་གླེང་ནི་འོས་མི་ཚོས་རང་ཚུགས་མ་ཐུབ་པ་དེས་བསླངས་པ་རེད། དེའོ་ནང་ནས་ཁ་ཤས་ཀྱི་རང་ཚུགས་ལྷང་ལ་བུད་པ་རེད། བོད་མི་མང་བློ་ཕམ་དང་། གོང་ས་མཆོག་ཐུགས་ཕམ་དེ་ཡང་གཙོ་བོ་དེ་འོས་བསྡུའི་སྒྲིག་གཞིས་མ་འགྲིག་ནས་བྱུང་བ་མ་རེད།
༢༠༡༦ ལོའི་འོས་བསྡུའི་ཟང་ཟིང་ལ་སྐྱོན་བརྗོད་དང་ལམ་སྟོན། ཐག་གཅོད་བྱེད་པའི་སྐུ་དབང་ཡོད་བཞིན་དུ་ལྟད་མོ་བལྟས་ནས་བསྡད་པ་ལ་བརྟེན་ནས། ཁྲིམས་ཞིབ་པའང་སྲིད་སྐྱོང་དང་ཚོགས་གཙོ། ཁྲིམས་ཞིབ་པ་བཅས་ལ་གནས་སྐབས་མཇལ་ཁ་གནང་ཡོད་པ་མ་རེད། དེས་ག་རེ་སྟོན་གྱི་ཡོད་པ་རེད། ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར། འོས་བསྡུའི་སྒྲིག་གཞི་ལ་བསྐྱེ་བཅོས་དགོས་པ་དེ་འདྲ་ཡོད་ཀྱི་རེད། ཡིན་ནའང་། ༢༠༡༦ ལོའི་ཟིང་ཆ་དེ་སྒྲིག་གཞི་མ་འགྲིག་ནས་བྱུང་བ་མ་རེད། འོས་མིར་ལངས་མཁན་ཚོས་མ་འགྲིག་པ་རེད། དེའི་ནང་ནས་ཀྱང་བློ་བཟང་སེང་གེས་འོས་ཤོག་ཐོབ་པ་ཁོ་ལ་ན་སེམས་གཏད་ནས། ཐ་ན་གཞུང་གི་སྡིངས་ཆའང་་སྒེར་སྤྱོད་བྱས་ནས་རང་ཁེ་གཉེར་ཡོད་པ་རེད།
དངོས་ཡོད་གནས་སྟངས་འདི་ལྟར་རེད། བློ་བཟང་སེང་གེས་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་བཏང་ནས། སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པ་དང་། དེ་གཉིས་ཀྱི་བར་ཐག་རིང་པོ་ཡོད་པ་ལ་བརྟེན་ནས་བྱུང་བའི་ ༢༠༡༦ ལོའི་འོས་བསྡུ་ཚར་བའི་རྗེས་ཀྱི་སྤྱི་ཚོགས་ཀྱི་བློ་ཕམ་དང་། ༸གོང་ས་མཆོག་ཐུགས་ཕམ་དེ་འདྲ་རྗེས་ཕྱོགས་མི་འབྱུང་ཆེད་ཨུ་ཚུགས་རྒྱག་གི་ཡོད་ཟེར་གི་ཡོད་པ་རེད། ཡིན་ནའང་། དངོས་ཡོད་གནས་སྟངས་དེ་འདྲ་མ་རེད། དེ་བདེན་པ་མ་རེད། ད་ལྟ་འོས་བསྡུའི་སྒྲིག་གཞི་ལ་ཨུ་ཚུགས་རྒྱག་དོན་རང་ཉིད་ཀྱི་ཉེས་པ་དེ་འོས་བསྡུའི་སྒྲིག་གཞིའི་སྟེང་ལ་གཡུགས་རྩིས་བྱེད་ཀྱི་ཡོད་པ་རེད།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གཙོས་པའི་མཁས་པ་དང་ཤེས་ཡོན་པ་མང་པོས། འོས་བསྡུའི་སྒྲིག་གཞི་ལ་བསྐྱར་ཞིབ་དང་བཅོ་བཅོས་རྒྱག་དགོས་པ་དེ་འདྲ་ཏན་ཏན་ཡོད་པ་རེད། ཡིན་ནའང་། ༢༠༡༦ ལོའི་ཟིང་ཆ་དང་འཐེན་འཁྱེར་དེ་ཚོ་འོས་མིར་ལངས་མཁན་ཚོས་མ་འགྲིག་པ་རེད། དེ་འོས་བསྡུའི་སྒྲིག་གཞིས་མ་འགྲིག་པ་མ་རེད་ཟེར་གྱི་ཡོད་པ་རེད།
༄༅། སྐལ་བཟང་རྒྱ་མཚོ་ལགས།
གཡག་ཞར་རའི་རྩ་ཟ་བ་ནང་ལྟར་ཕྱོགས་གཅིག་ཁོ་ན་བཤད་ན་་མི་དེ་ལ་ཤེས་ཡོན་ཡོད་པར་མི་བརྩི།
ཕྱོགས་གཉིས་ཀའི་ཐོག་ལ་བསམ་ཚུལ་བཤད་ན་དངོས་བདེན་རེད་ཅེས་མང་ཚོགས་ཤེས་ལྡན་པ་
ཚོས་དགོངས་པའི་དཔྱད་གཞིར་བཞག་གནང་གི་རེད་། དེ་མིན་གད་རྙིགས་སུ་བརྩི་བ་ལས་ཚད་
མར་མི་འཛིན་ནོ།
ཨ་ཚི་ཚི་ང་དེ་འདྲིའི་སུན་པ་ལ་་་་་་་་ངས་བསམ་ན་ད་ལྟ་ཡོད་བཞིན་པའི་སྤྱི་འཐུས་དང་བཀའ་བློན་ནང་བློ་བཟང་སེང་གེ་ལས་ཁྲིམས་ལུགས་ཐོག་མཁས་པ་ཞིག་ཨེ་ཡོད་ན་་་་སྤྱི་འཐུས་ནང་གཟིགས་དང་ཚང་མ་ཞུ་ཡི་མེད་རི་ལ་བསྡོད་ན་ཆོས་མི་ནུས།་་རླུང་ལ་བསྡོད་ན་ལས་མི་ནུས།་་་་་དགོས་པའི་གནའ་དེང་གི་ཤེས་ཡོན་མེད་པ།་་་་་མི་དགོས་ཧམ་དང་ཕྱོགས་གཞེན་ཆེ་བ།་་་་་གྲ་མིན་སྐྱ་མིན་དེ་ཚོར་ཚང་མས་གཟབ་དགོས་་་་་་
སྐལ་བཟང་ལགས་རེ་བ་ཞུ་རྒྱུ་ཞིག་ལ་སྤྱི་འཐུས་ངོ་ཚ་མེད་མཁན་བསྟན་པ་ཡར་འཕེལ་དང་སྨོན་ལམ་མཐར་ཕྱིན་་འཇུ་ཆེན་དཀོན་མཆོག་ཟེར་མཁན་དང་་་་་སྟོ་ནང་ལ་ཟས་སྒོ་ང་ཕྱི་ལ་གཏོང་མཁན་xxཀླུ་བྱམས་གཙོས་པའི་མི་ངན་དེ་རིགས་ལ་གང་གསུངས་རྒྱུ་ཡོད་དམ་་་་་་་་་
མི་ངན་དེས་བྱུར་ངན་པའི་སྐད་ཆ་ཞིག་བཤད་ཞག སྐབས་འཚོལ་བ་ལབ་ན་མི་འདི་ཚོའི་གྲས་རེད། གཟབ་རྒྱུ།
༄༅། མི་ལ་སྐྱོན་འཛུགས་བྱེད་པ་ལ་སོ་སོར་སྐྱོན་གྱི་མ་འགོས་པ་ཞིག་ངེས་པར་དགོས་པ་ཡིན།
གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བར་ཤེལ་སྒོ་དགོས་པ་ཡིན་ལགས།